མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

འབྲུག་ཡུལ་བོད་མིའི་དཀའ་ངལ་ཁག་ཅིག་གླེང་བ།

བོད་ཀྱི་དུས་བབ།
༢༠༡༠/༠༥/༠༢
Share on FacebookShare on TwitterShare on EmailShare on Whatsapp

བཞུགས་སྒར་ངྷ་རམ་ས་ལའི་རྣམ་རྒྱལ་གྲྭ་ཚང་གི་གྲྭ་བསྟན་འཛིན་རབ་བརྟན་ལགས་ཀྱིས་འབྲུག་ཡུལ་བོད་མིའི་དཀའ་ངལ་ཁག་ཅིག་ཡི་གེར་བཀོད་དེ་འདི་གའི་གསར་ཁང་ལ་ཕུལ་བའི་ནང་བཀོད་དོན། འབྲུག་ཡུལ་གྱི་བོད་མི་ཚོར་འབྲུག་པའི་མི་སེར་གྱི་ཐོབ་ཐང་ལག་འཁྱེར་མེད་ན་སོ་ནམ་ཞིང་ལས་དང་ཚོང་ལས། མ་འོངས་སོན་རྩར་གྱུར་པའི་བོད་ཕྲུག་རྣམས་ཀྱི་མི་ཚེའི་མདུན་ལམ་སོགས་ལ་དཀའ་ཚེགས་ཆེན་པོ་འཕྲད་བཞིན་ཡོད། འབྲུག་ཡུལ་ནང་བོད་མིའི་གཞིས་ཆགས་ཁག་དྲུག་བདུན་ཞིག་ཡོད་ཅིང་། སྔར་གཞིས་ཆགས་ཁག་ཏུ་རང་གཞུང་གིས་སློབ་གྲྭ་བཙུགས་ཡོད་ཀྱང་། རིམ་གྱིས་སློབ་ཕྲུག་འཛུལ་མཁན་མེད་པ་ཆགས་ཏེ་སྒོ་བརྒྱབས་ཡོད། བོད་ཕྲུག་ཁག་ཅིག་འབྲུག་གཞུང་གི་སློབ་གྲྭ་ཁག་ནང་འཛུལ་ཏེ་འཛིན་རིམ་དང་པོ་ནས་བཅུ་གཉིས་བར་འགྲིམས་ཀྱང་། འབྲུག་ཡུལ་མི་སེར་ལག་འཁྱེར་མེད་སྟབས། མུ་མཐུད་མཐོ་སློབ་ཏུ་འགྲོ་མ་ཐུབ་པར་ཕ་མ་དང་མཉམ་དུ་ཚོང་ལས་ཐེབ་ཆག་རེ་བྱས་ཏེ་འཚོ་བ་སྐྱེལ་གྱི་ཡོད། ལམ་ཁ་གཞན་ཞིག་ཡོད་པ་ནི་བོད་ཕྲུག་དེ་དག་གིས་འབྲུག་པ་དང་གཉེན་བསྒྲིག་བྱ་རྒྱུ་དེ་རེད། དེ་ལས་གཞན་པའི་མུ་མཐུད་སློབ་སྦྱོང་གི་གོ་སྐབས་མེད། གལ་སྲིད་བོད་ཕྲུག་དེ་རྣམས་རྒྱ་གར་ནང་དུ་ཡོད་པའི་བོད་པའི་སློབ་གྲྭ་ཁག་ཏུ་བསྐྱལ་ཡང་། རྒྱ་གར་ནང་གནས་སྡོད་ཆོག་པའི་ལག་འཁྱེར་ RC མེད་ན། འཛིན་རིམ་བཅུ་གཉིས་ནས་མཐོ་སློབ་ཏུ་བསྐྱོད་ཐབས་མེད། ད་བར་རང་གཞུང་ལ་སྐྱབས་འཇུག་དང་བདེ་སྡུག་ཞུ་མ་ནུས་པར་བསྡད་ཡོད། ཅེས་དང་།

སྔོན་མ་འབྲུག་ཡུལ་གྱི་བོད་མི་ཚོས་མི་སེར་ལག་འཁྱེར་ཐད། ལོ་དང་ཟླ་བ་བསྟུད་དེ་འབད་བརྩོན་བྱས་མཐར་རེ་བ་འགྲུབ་ལ་ཉེ་སྐབས། གློ་བུར་དུ་འབྲུག་ས་གནས་བོད་གཞུང་དོན་གཅོད་རྡོ་རྒྱལ་པོས་མི་དམངས་ཀྱི་རེ་བ་ཆུད་ཟོས་སུ་བཏང་ཡོད། ངའི་བསམ་ཚུལ་ལ་རྡོ་རྒྱལ་པོས་དེ་འདྲ་གནང་དགོས་དོན། བོད་གཞུང་དམངས་ལ་ཕུགས་རྒྱང་རིང་པོས་ལྷག་བསམ་རྣམ་དག་གནང་བ་ཡིན་ནམ། ཡང་ན་ད་ལྟའི་གོ་གནས་འཆོར་བར་དོགས་པ་ཡིན། སྤྱིར་བཙན་བྱོལ་བོད་གཞུང་མགོ་བཀའ་བློན་ཁྲི་པ་ནས་བཟུང་། ལོ་གཅིག་ནས་ལྔའི་ནང་ཚུན་ལ་བརྗེ་བོ་རྒྱག་སྲོལ་ཡོད་ཀྱང་། འབྲུག་ཡུལ་སྐུ་ཚབ་དོན་གཅོད་ལོ་ ༢༠ མ་ཟིན་ཙམ་ལ་བསྡད་ཡོད། རང་གཞུང་ནས་དོན་གཅོད་ཁང་དེ་ལ་དྲུང་ཡིག་གཅིག་དང་སྐུ་ངོ་། ཁ་ལོ་བ་བཅས་ལས་བྱེད་གསུམ་གྱི་ས་མིག་དང་གླ་ཕོགས་གཏན་འབེབས་བྱས་ཡོད་ཀྱང་། གང་ཟག་སྒེར་གཅིག་གིས་སྤྱོད་བཞིན་ཡོད་ཚོད་འདུག་ན། ལས་བྱེད་ཀྱི་རྐུབ་སྟེགས་བདག་མེད་འདི་རིགས། ད་ཆར་འབྲུག་ཡུལ་ནང་བོད་མི་སློབ་ཐོན་ལས་མེད་མི་ཉུང་བ་ཞིག་ཡོད་པ་ཁོང་ཚོར་ཕུལ་ན་མི་ལེགས་སམ། ཞེས་བཀོད་འདུག

ཡི་གེ་དེར་མུ་མཐུད་དུ་བསྟན་དོན། གལ་ཏེ་བོད་མི་དེ་དག་གིས་འབྲུག་པའི་མི་སེར་གྱི་ལག་འཁྱེར་བཟོས་པ་ཙམ་གྱིས་བོད་ཀྱི་རྩ་དོན་ལ་གནོད་ཀྱི་ཡོད་ན། ཨ་རི་སོགས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་བོད་མི་ཚོས་བོད་ཀྱི་རྩ་དོན་ལ་མི་གནོད་དམ། ཉེ་ལམ་བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༤༧༧ སྟེང་། བསམ་ཤོག་བསྡུས་པའི་གྲངས་འབོར་ལ་གཞིགས་ན། རྒྱལ་བལ་འབྲུག་གསུམ་ནང་གི་བོད་མི་གཞིས་ཆགས་རྣམས་ཡུལ་ལུང་དེ་དག་གི་མི་སེར་བཟོས་ན། བོད་ཀྱི་རྩ་དོན་ལ་ཕན་གནོད་གང་ཡང་མེད་པའི་བསམ་ཚུལ་བྱུང་ཡོད། འབྲུག་གི་དཀའ་ངལ་དེ་དག་ཐད། ཐུགས་ཡིད་མ་ཆེས་ན་དངོས་སུ་གཟིགས་སྐོར་ལ་ཕེབས་ན་ལེགས། ད་དུང་གཞུང་གང་གི་ཡིན་པ་གསལ་བོ་མ་ཤེས་མོད། དཔྱ་ཁྲལ་མང་པོ་ཞིག་ཀྱང་བསྡུ་བཞིན་ཡོད་པ་མཐོང་ཐོས་བྱུང་། ཅེས་བཀོད་འདུག

 

ཕྱི་ཚེས་ ༡༨ ཉིན་འདི་གའི་གསར་འགོད་པས་འབྲུག་ཡུལ་བོད་མིའི་གནས་སྟངས་ལ་རྒྱུས་མངའ་ཆེ་བ། མཁན་པོ་འཇུ་བསྟན་སྐྱོང་ལགས་བཙལ་ཏེ་བཅར་འདྲི་ཞུས་པར་ཁོང་གིས་ངོ་སྤྲོད་གནང་དོན། འབྲུག་ཡུལ་ནང་བོད་མིའི་གཞིས་ཆགས་ཁག་བདུན་དང་བོད་པའི་ཁྲོམ་ས་ཆེ་ཁག་གསུམ་ཙམ་འདུག ཁོང་ཚོའི་འཚོ་རྟེན་གཙོ་བོ་ཚོང་ལས་རེད། མི་སེར་ལག་འཁྱེར་མ་རག་པའི་དཀའ་ངལ་ཡོད་པ་དངོས་ཡོད་རེད། ལག་འཁྱེར་མེད་ན་ལས་ཀ་གང་ཡང་བྱ་ཐུབ་ཀྱི་མི་འདུག བུ་ཕྲུག་ཚོ་སློབ་གྲྭར་སྐྱེལ་ས་མི་རག་པ་དང་། རག་ཀྱང་སློབ་ཡོན་མཐོ་བ་སོགས་ཀྱི་དཀའ་ངལ་ཡོད་ས་རེད། ས་ཉོ་རྒྱུ་དང་ཁང་པ་རྒྱག་པ་སོགས་ཀྱི་ཐོབ་ཐང་ཡང་མི་འདུག ཐ་ན་ཚོང་རྒྱག་རྒྱུར་ཡང་དཀའ་ངལ་འཕྲད་ཀྱིན་འདུག བོད་གཞུང་གི་ངོས་ནས་ལྟ་རྟོག་ཐུབ་ཀྱི་མེད་པའི་ཚོར་སྣང་བྱུང་སོང་། ཁོང་ཚོས་ངྷ་རམ་ས་ལ་དང་བོད་གཞུང་། ༧གོང་ས་མཆོག་སོགས་ཀྱི་གནས་ཚུལ་ལ་རྒྱུས་མངའ་ཆེན་པོ་མི་འདུག ༧གོང་ས་མཆོག་གི་འཁྲུངས་སྐར་མ་གཏོགས། གསུམ་བཅུའི་དུས་དྲན་སོགས་ཆབ་སྲིད་དང་འབྲེལ་བའི་ལས་འགུལ་སྣ་གཅིག་ཀྱང་སྤེལ་ཐུབ་ཀྱི་མི་འདུག ཅེས་དང་། འབྲུག་ཡུལ་དུ་ས་གནས་མགོ་འཛིན་རྡོ་རྗེ་རྒྱལ་པོ་ཞུ་བ་ཞིག་དང་། ལས་རོགས་མགོན་པོ་ཞུ་བ་གཉིས་འདུག ཁོང་གཉིས་ལ་ལས་ཁུངས་ལོགས་སུ་མི་འདུག རྡོ་རྗེ་རྒྱལ་པོའི་ནང་དང་ལས་ཀ་བྱེད་ས་གཅིག་པ་རེད། ཁོང་འབྲུག་གི་ས་གནས་མགོ་འཛིན་ལ་ལོ་མང་བསྡད་ཡོད་རབས་གོ་སོང་། བོད་གཞུང་གིས་མགོ་ཁྲིད་ཅིག་མངགས་ཀྱང་། འབྲུག་གཞུང་གིས་ངོས་ལེན་བྱ་ཁག་པོ་ཡོད་ས་རེད། རྡོ་རྗེ་རྒྱལ་པོས་བཤད་ན། འབྲུག་ཡུལ་ནང་བོད་པ་འོས་ཤོག་འཕེན་མཁན་ ༣༠༠༠ ལྷག་ཡོད་ཟེར། འོན་ཀྱང་གཞིས་ཆགས་ཁག་ཏུ་མི་མང་པོ་མི་འདུག་ལ། རེ་ཟུང་ཡོད་པ་རྒན་འཁོག་རྐྱང་རྐྱང་རེད། ས་ཁུལ་དེའི་བོད་པའི་གཞིས་ཆགས་ཁག་གི་ཞིང་པ་དང་། ཁྲོམ་ས་ཁག་གི་ཚོང་པ་གཉིས་བར་ཁྱད་པར་ཆེན་པོ་འདུག གཞས་ཆགས་ཁག་ཞེ་དྲག་སྐྱོ་བོ་རེད། ཅེས་དང་།

འབྲུག་ཡུལ་གྱི་བོད་མི་ཚོར་འབྲུག་གི་མི་སེར་ལག་འཁྱེར་མ་རག་པ་དེར་བཤད་ཚུལ་གཉིས་འདུག གཅིག བོད་པའི་སྐྱེས་པ་ཞིག་དང་འབྲུག་པའི་བུད་མེད་ཅིག་གཉེན་སྒྲིག་བྱས་ན། བོད་པའི་སྐྱེས་པ་དེར་མི་སེར་ལག་འཁྱེར་མི་རག་པ་མ་ཟད། བུ་ཕྲུག་ཚོ་ལའང་ལག་འཁྱེར་སྤྲོད་ཀྱི་མི་འདུག བོད་པའི་བུད་མེད་ཅིག་དང་འབྲུག་པའི་སྐྱེས་པ་ཞིག་གཉེན་སྒྲིག་བྱས་ན། བུད་མེད་དེ་ལ་ལག་འཁྱེར་སྤྲོད་ཀྱི་འདུག དེ་ནི་འབྲུག་ཡུལ་ནང་མི་རིགས་གཞན་མང་པོ་ཆགས་སྲིད་པའི་ཆབ་སྲིད་ཀྱི་དོགས་གཞི་རེད་ཟེར། ཡང་འགའ་རེ་ཡིས། འབྲུག་གི་བོད་པ་ཚོར་མི་སེར་ལག་འཁྱེར་མ་རག་པ་དེ། འབྲུག་གཞུང་གིས་མ་སྤྲད་པ་མ་རེད། སྔོན་མ་ཞིག་ལ་འབྲུག་གཞུང་གིས་བོད་མི་ཚོར་འབྲུག་པའི་མི་སེར་ལག་འཁྱེར་བཟོ་དགོས་མིན་བཙན་བྱོལ་བོད་གཞུང་ལ་དྲིས་སྐབས། བོད་གཞུང་གིས་ལག་འཁྱེར་བཟོ་རྒྱུར་འདོད་པ་མེད་པའི་རྣམ་འགྱུར་བསྟན་པ་རེད་ཟེར། གང་ལྟར། ༢༠༠༩ ལོའི་ཟླ་ ༣ པ་ཡས་མས་ཤིག་ལ་འབྲུག་གཞུང་གི་བློན་ཆེན་འཇིགས་མེད་འཕྲིན་ལས་མཆོག་གིས་འབྲུག་ཡུལ་ནང་ལག་འཁྱེར་མེད་མཁན་ཚང་མའི་ཐོ་ཞིག་འཁྱེར་ཤོག་གསུངས་སྐབས། བོད་པའི་མི་ཚང་ལྔ་བརྒྱ་ ༥༠༠ ལྷག་འབྱོར་ཡོད་པ་རེད། སྐབས་དེར་ཁོང་གིས་ངས་བོད་པ་འདི་འདྲའི་མང་པོ་ཞིག་ཡོད་རྒྱུ་རེད་བསམ་མ་སོང་ཞེས་ཧང་སངས་པ་རེད་ཟེར། ད་ཐེངས་ཁོང་ཚོས་རེ་བ་ཆེན་པོ་རྒྱག་གིན་འདུག ཅེས་གསུངས་སོང་།

 

ཡང་གསར་འགོད་པ་བོད་གཞུང་ནང་སྲིད་ལས་ཁུངས་ཀྱི་ཟུང་དྲུང་ཚེ་རིང་སྟོབས་རྒྱལ་མཆོག་ལ་བཅར་འདྲི་ཞུས་པར་ཁོང་གིས། འབྲུག་ཡུལ་གྱི་བོད་མི་ཚོར་འབྲུག་ཡུལ་ལག་འཁྱེར་བཟོ་རྒྱུར་བོད་གཞུང་གིས་བཀག་འགོག་བྱས་ཡོད་མེད་ཐད་ང་ལ་ཞུ་རྒྱུ་གང་ཡང་མེད། གཞུང་ཕྱོགས་ནས་འབྲུག་ཡུལ་ནང་གི་བོད་མི་ཚོར་མི་སེར་ལག་འཁྱེར་བཟོ་རྒྱུར་འབད་བརྩོན་བྱས་ཡོད་པ་མ་རེད། ཁག་གཅིག་གིས་སྐྱབས་བཅོལ་བའི་ངོ་བོའི་ཐོག་ནས་འདུག་རྒྱུ་ཡིན། འབྲུག་གི་མི་སེར་ལག་འཁྱེར་བཟོ་རྒྱུ་མིན་གསུངས་མཁན་བྱུང་ཡོད་པ་རེད། ཡང་འགའ་རེ་ཡིས་འབྲུག་གཞུང་ལ་ལག་འཁྱེར་ཞུས་ཀྱང་སྤྲད་ཡོད་པ་མ་རེད། མ་གནང་བ་དེ་བོད་གཞུང་གིས་བཀག་འགོག་བྱས་པ་རེད་ཟེར་བ་དེ་བདེན་པ་ཡིན་རྒྱུ་མ་རེད་དྲན་ཡོད། ཅེས་དང་།

འབྲུག་གི་བོད་མིའི་སློབ་གྲྭ་ཁག་སྒོ་རྒྱག་དགོས་བྱུང་ཡོད་པ་དེ་བདེན་པ་རེད། འབྲུག་གི་ལྷུང་མཚོ་ཟེར་བ་དེར་ཤེས་རིག་འོག་གི་སློབ་གྲྭ་ཆེ་གྲས་ཤིག་བརྒྱབས་ཡོད། སློབ་ཕྲུག་ཉུང་དུ་ཕྱིན་མཐར་སྒོ་རྒྱག་དགོས་བྱུང་བ་རེད། སློབ་ཕྲུག་མེད་པ་དེ་ཕ་མ་ཚོས་མ་བཏང་བ་མ་རེད། གཞིས་ཆགས་རང་གི་ནང་དུ་བྱིས་པ་མེད་སོང་བ་རེད། ད་ཆར་འབྲུག་ཡུལ་ནང་བོད་མི་སུམ་སྟོང་ཡོད་པ་རེད་ཟེར་བ་དེ་བདེན་པ་མ་རེད། ང་ཚོས་ལོ་ལྟར་ལོ་འཁོར་ལས་སྡོམ་ཕུལ་སྐབས་མི་ ༡༥༨༠ ཡས་མས་རེད། སྔོན་མ་ ༣༠༠༠ ཙམ་ཡོད་ཀྱང་། ཕྱིས་སུ་ ༡༥༠༠ རྒྱ་གར་ནང་འཐེན་པ་རེད། འབྲུག་ཡུལ་གྱི་མི་སེར་ལག་འཁྱེར་མེད་ན། སློབ་གྲྭར་འཛུལ་ཐབས་ཁྱོན་ནས་མེད་པ་དེ་འདྲ་མ་རེད། སློབ་གྲྭར་འགྲོ་བའི་གོ་སྐབས་མ་རག་པ་ཚོ་བོད་གཞུང་གིས་ཚུར་བླངས་ཏེ་སློབ་གྲྭར་གཏོང་གི་ཡོད། དེ་དག་ཆུང་ངུའི་དུས་ནས་རྒྱ་གར་ནང་སླེབས་པ་ཡིན་སྟབས། རྒྱ་གར་ནང་གནས་སྡོད་ཆོག་པའི་སྐྱབས་བཅོལ་ལག་འཁྱེར་ཡང་རག་ཡོད་པ་རེད། ཅེས་གསུངས་སོང་།

ཁོང་གིས་རྡོ་རྗེ་རྒྱལ་པོའི་སྐོར་གསུངས་དོན། འབྲུག་ཡུལ་གྱི་རྡོ་རྗེ་རྒྱལ་པོ་ཞུ་བ་ཁོང་སྐུ་ཚབ་དོན་དང་ས་གནས་མགོ་འཛིན་མ་རེད། འབྲུག་སྡོད་བོད་མིའི་ལྟ་རྟོག་འགན་འཁུར་བ་རེད། ཁོང་ལོ་ ༢༠ ལྷག་ལ་བསྡད་པ་རེད་ཟེར་བ་དེའང་བདེན་པ་མ་རེད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དགོངས་དོན་ལྟར། ༡༩༩༦ ལོར་ས་གནས་མི་མང་གིས་འོས་འདེམས་བྱས་པ་རེད། ཁོས་གཞུང་འབྲེལ་ཐོག་ནས་ས་གནས་མི་མང་ལ་འབྲུག་ཡུལ་མི་སེར་ལག་འཁྱེར་བཟོ་རྒྱུར་རོགས་པ་བྱ་རྒྱུ་ཁག་པོ་ཡིན་རྒྱུ་རེད། གང་ཡིན་ཟེར་ན། གཞུང་གིས་མར་བསྐོས་ཀྱང་རུང་ལ། མང་ཚོགས་ཀྱིས་ཡར་བདམས་ཀྱང་ཆོག ལས་གནས་སུ་ཞུགས་རྗེས་གཞུང་གི་སྲི་ཞུ་བའི་ངོ་བོར་སྡོད་དགོས་པ་རེད། སྤྱིར་ ༡༩༩༩ ལོར་རྡོ་རྗེ་རྒྱལ་པོ་འཕོ་འགྱུར་འགྲོ་དགོས་ཀྱང་། ས་གནས་མང་ཚོགས་ཀྱིས་འཁུར་མ་བླངས་སྟབས། འོས་འདེམས་ཐུབ་ཡོད་མ་རེད། གཞུང་གི་ངོས་ནས་ཕྱིར་ཕུད་གཏོང་ཐབས་ཡོད་པ་མ་རེད། དེར་བརྟེན། གཞུང་གི་ལས་བྱེད་འབྲུག་གི་མི་སེར་ལག་འཁྱེར་ཡོད་པ་ཞིག་ཁོང་གི་ལས་དྲུང་ལ་བཏང་ཡོད་པ་རེད། ཞེས་གསུངས་སོང་།

 

འབྲེལ་ཡོད་གསར་འགྱུར།

བོད་རེབ་གོང་རྫོང་མི་མང་སྲིད་གཞུང་ཟེར་བས་སྡེ་བ་བརྒྱད་ཀྱི་ནང་ནས་ས་ཆ་བསྡུ་རྒྱུ་ཡིན་པའི་བཀའ་བཏང་། ༢༠༢༣།༠༥།༢༩
Mobile App

རེབ་གོང་གི་སྡེ་བ་བརྒྱད་ཀྱི་ནང་ནས་ས་ཆ་གཞུང་བཞེས་གཏོང་རྒྱུ་ཡིན་པའི་བཀའ་བཏང་།

ཆུ་ཚོད་ ༡༧ སྔོན་ལ།
༧གོང་ས་མཆོག་དང་ཏུར་ཀིའི་སྲིད་འཛིན་ཨེར་ཌོ་གྷན། པར་དུས་བབ་ཀྱིས་བསྒྲིགས།
༸གོང་ས་མཆོག གསར་འགྱུར།

ཏུར་ཀིའི་སྲིད་འཛིན་ལ་བསྐྱར་དུ་རྒྱལ་ཁ་ཐོབ་པར་འཚམས་འདྲི་མཛད་འདུག

ཆུ་ཚོད་ ༡༨ སྔོན་ལ།
Representative image. Credit: DH Photo

Read more at: https://www.deccanherald.com/national/east-and-northeast/all-meat-shops-in-sikkim-to-remain-closed-till-june-4-in-view-of-tibetan-festival-1222433.html
Mobile App

ཧི་མ་ལ་ཡའི་རི་རྒྱུད་པ་ཚོས་གཞུང་འབྲེལ་ཐོག་ནས་ས་ག་ཟླ་བའི་རིང་ཤ་ཁང་སྒོ་བརྒྱབ།

ཆུ་ཚོད་ ༢༡ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

ཕལ་ཆེར་ལོ་ཁ་ཤས་ནང་སྦྱོར་ལམ་གྱི་རྟོགས་པ་སྐྱེ་ཡོང་བསམ་པའི་རེ་བ་བྱེད་བཞིན་ཡོད་ཅེས་གསུངས།

༢༠༢༣/༠༥/༢༧
ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་ནས་སཱི་ཤེས་ཡོན་སློབ་གསོའི་སྐོར་ལ་གསུང་བཤད་གནང་། ༢༠༢༣།༠༥།༢༥ དྲ་བརྙན་གྱི་པར།
Mobile App

སཱི་ཤེས་ཡོན་སློབ་གསོ་ནི་ཧ་ཅང་གཏིང་ཟབ་པའི་རིག་པའི་གཞུང་ལུགས་ཤིག་རེད་ཅེས་གསུངས།

༢༠༢༣/༠༥/༢༦
Mobile App

རྒྱ་ནག་གཞུང་གིས་མཐའ་མཚམས་སུ་གྲོང་ཚོ་གསར་པ་ཞིག་འཛུགས་སྐྲུན་བྱེད་བཞིན་འདུག

༢༠༢༣/༠༥/༢༦

མཆན། 13

  1. གཞིས་ཆགས་བུ། says:
    ལོ་ 13 སྔོན།

    ངོ་མ་འབྲུག་ཡུལ་བོད་མིའི་དཀའ་ངལ་རྣམས་ཤེས་རྗེས་ཡིད་བློ་མི་བདེ་བ་ཞིག་ཏུ་གྱུར་སོང། ངའི་གོ་ཐོས་ལ་འབྲུག་ཡུལ་ནང་བོད་རིགས་བླ་མ་ཆེས་གྲས་མང་དག་ཤིག་ཡོད་པ་དང། ལྷག་པར་འབྲུག་རྒྱལ་པོ་རང་ཉིད་ནས་ཀྱང་ཆེས་བཀུར་བར་བྱ་བའི་བླ་མ་འགའ་ཡང་ཡོད་པ་ཐོས་བྱུང། ཅི་སྟེ་བོད་རིགས་རྣམས་ལ་དེ་འདྲའི་དཀའ་ངལ་མང་དག་ཤིག་ཡོད་ཚེ། མི་མངས་གསུང་ཆོས་གནང་བ་དང། དབང་བསྐུར་སོགས་བྱེད་པ་ལས་དངོས་ཡོད་ཀྱི་ཁ་ཡོད་ལག་ཡོད་ཀྱི་དཀའ་ངལ་རྣམས་ཐར་པ་ལ་འདྲེན་ཐུབ་པར་བྱས་ན། དེ་ནི་བླ་མ་ངོ་མ་ཡིན་ལ་སྔོན་གྱི་བླ་མ་སུ་ཡིན་ཡང་དེའི་ཡང་སྲིད་འཁྲུལ་མེད་ཡིན་པ་ཐེ་ཚོམ་མེད།

    དེར་བརྟེན་ངས་དྲ་རྒྱ་འདིའི་བརྒྱུད་ནས་འབྲུག་ཡུལ་ནང་གི་བོད་རིགས་བླ་མ་ཆེས་གྲས་རྣམས་ལ་འབྲུག་ཡུལ་ནང་གི་བོད་རིགས་རྣམས་ཀྱི་དཀའ་ངལ་མགྱོགས་མྱུར་སེལ་རྒྱུར་འབད་བརྩོན་གནང་རོགས་ཞེས་རེ་སྐུལ་ལན་བརྒྱར་ཞུ་རྒྱུ་ཡིན།

    བླ་མ་ཡིན་ན་དུས་ལ་བབ་འདུག་ ཕེབས་ཤོག་

    Reply
  2. karma dorje says:
    ལོ་ 13 སྔོན།

    ཕྱོགས་གླང་གིས། ་་་་རྒྱལ་དོན་དཔྱ་ཁྲལ་བསྡུ་རྒྱུ་བོད་མི་ཚང་མའི་ལས་འགན་རེད་་་་་ །ཟེར།

    Reply
  3. ཧོར་བུ་ཡེ་ཤེས says:
    ལོ་ 13 སྔོན།

    རྒྱ་ཁབ་ལྷིང་འཇག་ཡོང་བ་ནམ་ཡང་མེད་༽ཅེས་བཅོས་རོགས་ཞུ།

    Reply
  4. ཧོར་བུ་ཡེ་ཤེས says:
    ལོ་ 13 སྔོན།

    རྒྱ་ཁབ་ཅིག་དང་མི་རིགས་ཤིག་ཡུན་རིང་རྟེན་པོ་དང་ལྷིང་འཇག་ཡོང་དགོས་ན་མི་སེར་ཉམ་ཐག་རྣམས་དང་རྒྱ་ཁབ་ཀྱི་མཐའ་མཚམ་སུ་ཡར་རྒྱས་གཏང་ཡག་གཙོ་བོ་བཟུང་དགོས།དེ་ནི་རྒྱ་ཁབ་ཅིག་ལ་མི་སེར་ཉམ་ཐག་མང་བ་ལས་ཕྱུག་བདག་ཉུང་།དེ་ལྟར་མ་བྱེད་ན་དགྲ་བོ་མཐའ་མཚམས་ནས་འཛུལ་ཡོང་བ་ལས་གནམ་ནས་མི་ལྷུང་།མི་སེར་ཉམ་ཐག་ལ་ལྟ་སྐྱོང་ཡག་པོ་མ་བྱེད་ན་རྒྱ་ཁབ་ལྷིང་འཇག་མི་ཡོང་བ་ནམ་ཡང་མེད།

    Reply
  5. ཆུ་ཤུར་མིག་དམར་ says:
    ལོ་ 13 སྔོན།

    གོང་གི་མི་གསུམ་པོའི་སྐད་ཆར་བརྟག་དཔྱད་ཡག་པོ་བྱས་ཏེ་སུས་བཤད་པ་བདེན་མིན་ལྟ་དགོས།
    མུ་མཐུས་འགྲོས་གླེང་ཡོད་པ་ཞུ།

    Reply
  6. སྤང་མདའ་སྟོབས་རྒྱས། says:
    ལོ་ 13 སྔོན།

    སྐྱིད་གྲགས་ན་བྱེད་རྒྱུ་ཧ་ཅང་མང་། སྡུག་གྲགས་ན་བྱེད་ཡ་ཅི་གང་མེད་གསུང་པ་དེ་དངོས་ཉིད་རེད་འདུག་བོད་ནང་ལོག་གཅིག་ལྟོས་དང་དཀའ་ངལ་་་་་་་་་་་་་་་་་་་་་་་་་་།

    Reply
  7. ལྷ་མ་ཡིན། says:
    ལོ་ 13 སྔོན།

    ཚེ་རིང་སྟོབས་རྒྱལ་ཟེར་བ་འདིས་དགོས་མཁོ་ཞིག་གི་ཆེད་དུ་རྫུན་ཞིག་བཤད་ཀི་ཡོད་པ་འདྲ།

    Reply
  8. ཕྱོགས་གླང། says:
    ལོ་ 13 སྔོན།

    ཀརྨ་རྡོ་རྗེ་ལགས། འཛམ་གླིང་རྒྱལ་ཁབ་ཚང་མའི་གཞུང་གི་འགྲོ་སོང་མི་སེར་ས་ནས་དཔྱ་ཁྲལ་བསྡུས་ཏེ་གཞུང་གི་འཛིན་སྐྱོང་བྱེད་ཀྱི་་ཡོད་པ་ལས་གཞུང་གི་འགྲོ་སོང་ཞལ་འདེབས་སློང་ནས་གཞུང་གི་འཛིན་སྐྱོང་བྱེད་མཁན་གྱི་གཞུང་ཞིག་ཡོད་པ་ངས་ནི་གོ་མྱོང་མེད། བྱས་ཙང་རྒྱལ་དོན་དཔྱ་ཁྲལ་བསྡུ་རྒྱུ་བོད་མི་ཚང་མའི་ལས་འགན་རེད་བསམ་གྱི་ཡོད། རང་ཉིད་བོད་མི་ཞིག་ཡིན་པའི་ཆ་ནས་བསམ་ཚུལ་འདི་ཞུ་འདོད་བྱུང་བ་ལས་བཙན་བྱོལ་གཞུང་གི་གླ་ཕོགས་པད་ཤག་གཅིག་ཀྱང་ལེན་མྱོང་མེད་དོ། དགོངས་པ་བཞེད་ཕྱོགས་མ་ནོར་བའི་རེ་བ་ཡོད།

    Reply
  9. karma dorje says:
    ལོ་ 13 སྔོན།

    འབྲུག་ཡུལ་བོད་མིའི་དཀའ་ངལ་ཁག་གཉིས་གླེངབ།
    བོད་མི་རྣམས་འབྲུག་ཡུལ་གྱི་མི་སེར་མེད་ན། སོ་ནམ་ཞིང་ལས། ཚོང་ལས་དང་ཕྲུ་གུ་སློབ་འཇུག་གི་དཀའ་ངལ་དེ་དང་པོ་དང་། གཉིས་པ་བཅའ་དངུལ་ལག་དེབ་མེད་ན། བཙན་བྱོལ་བོད་གཞུང་གི་ལས་བྱེད་འོས་གཞིར་མ་ཟད། འོས་བླུགས་ཐོབ་ཐང་ཡང་མེད་པ་གཉིས་རེད།
    སྔ་མ་ནི་ང་ཚོར་རང་དབང་མེད་ཀྱང་། ཕྱི་མ་ནི། ང་ཚོའི་ཆབ་སྲིད་པ་བཀའ་བློན་ཁྲི་པ་དེ། བོད་མི་གང་མང་མང་གིས་བཀུར་བའི་བཀའ་བློན་གང་ཆེ་ཆེ་བཟོ་བ་ལས། བཙན་བྱོལ་བོད་གཞུང་གི་དཔལ་འབྱོར་འདུ་འགོད་གང་མང་མང་བ་དེ་ལ་གལ་ཆེ་བ་བརྩིས་ནས་བྱུང་བ་རེད།
    བཙན་བྱོལ་བོད་གཞུང་གི་དཔལ་འབྱོར་ལས་ཁུངས་ལས་ཟུར་དུ་བཙུགས་པའི་བོད་མིའི་འོས་བསྡུའི་འབྲེལ་ཡོད་ལས་བྱེད་ཚོས་འདི་ལ་དོ་སྣང་དང་གཟབ་ནན། བསྒྱུར་བཅོས་དང་ཡར་རྒྱས་དགོས་རེད་སྙམ།

    Reply
  10. འབའ་པ་སྐལ་བཟང་འཕྲིན་ལས། says:
    ལོ་ 13 སྔོན།

    བོད་ནང་དང་བསྡུར་ན་འདི་དཀའ་ངལ་ཅན་ཅི་ཡང་མ་རེད།

    Reply
  11. བཟོད་པ་ལྷ་རྩེ། says:
    ལོ་ 13 སྔོན།

    སློབ་གྲྭར་སློབ་ཕྲུག་མེད་ན་སློབ་གྲྭ་སྒོ་མ་རྒྱབ་རང་རྒྱབ་རེད། དེ་བཞིན་དགོན་པར་གྲྭ་བ་མེད་པ་དང༌། ཚོགས་པར་ཚོགས་མི་མེད་པ། རྒྱལ་ཁབ་ལ་འབངས་མི་མེད་པ་སོགས་གནས་ཚུལ་དེ་དང་དེ་འདྲ་བ་མང་པོ་ཞིག་ང་ཚོའི་སྤྱི་ཚོགས་ནང་ཐོན་དང་ཐོན་བཞིན་པ་རེད། དེ་དག་ཧ་ཅང་ཉེན་ཁ་ཆེན་པོ་རེད་སྙམ། དེ་དག་ལ་གདོང་ལེན་བྱ་དགོས། ངས་བལྟས་ན་དེ་དག་གི་རྐྱེན་རྩ་གཙོ་བོ་ནི་ང་ཚོའི་ཕ་མ་གཉིས་ལ་ཐུག་ཡོད་པ་ལས་གཞན་སུ་ལ་ཡང་ཐུག་མེད།

    Reply
  12. གླེན་པ་ལུག says:
    ལོ་ 13 སྔོན།

    མི་སེར་གྱི་རྩ་བའི་ཁེ་ཕན་དང་འབྲེལ་བའི་དོན་གནད་ཁག་གླེང་སློང་ཡོང་དུས། ཆོས་རའི་ནང་གི་སྔ་རྒོལ་ཕྱི་རྒོལ་ལྟར་འཕོང་འགེབས་ཅི་ཐབས་བྱེད་པ་ནི་བོད་གཞུང་གི་སྐུ་ངོ་ཚོའི་གོམས་སྲོལ་ཞིག་ཡིན་པ་འདྲ། ཁོང་ཚོར་འདི་ནས་རྟགས་གསལ་ལྟ་བུ་རེ་བཏང་ནས་ཉི་མ་འཁྱོལ་འགྲོ་བ་འདྲ་མོད། ས་གནས་ས་ཐོག་གི་མི་སེར་ལྟོས་བཅས་ཀྱིས་ནི་ནམ་ཡང་དཀའ་ངལ་མྱོང་གི་ཡོད། ད་ཅི་དྲག་གང་དྲག

    Reply
  13. ཅོ་རི་ཉི་མ། says:
    ལོ་ 13 སྔོན།

    གོང་གི་མི་གསུམ་པོ་སུའི་སྐད་ཆ་ལ་ཆགས་འཇོག་དགོས་སམ་་་་་་མི་རེ་རེའི་མི་འདྲ་བ་རེ་རེ་བཤད་ན་ཧཧཧཧཧཧཧཧཧཧཧ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist