མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ས་ཡོམ་ཁྲོད་ཀྱི་གྲྭ་བཙུན། སྐྱོ་བྲག་དགའ་དབང་།

བོད་ཀྱི་དུས་བབ།
༢༠༡༠/༠༥/༠༣
Share on FacebookShare on TwitterShare on EmailShare on Whatsapp

ང་ཚོའི་སྤྱོད་ཡུལ་དུ་གྱུར་པའི་དངོས་པོ་མཐའ་དག་ཚད་ཅན་གྱི་རང་བཞིན་ཡིན་ཕྱིར་བྱ་ལས་གང་ཞིག་ཡིན་ནའང་ཚོད་ཟིན་པ་ཞིག་དགོས་ཀྱི་ཡོད།

འོན་ཏེ་ང་ཚོའི་འདོད་རྔམ་ལ་འཚེངས་དུས་མེད་པ་དེས་དཔལ་འབྱོར་ཡར་རྒྱས་སུ་བསྙད་པའི་ལས་རིགས་མང་པོ་ཞིག་གིས་ཁོར་ཡུག་ཉེན་ཚབས་ཅན་དུ་བསྒྱུར་བས་འཛམ་གླིང་སྤྱི་ཡོངས་འཐོར་མི་ཡོང་ངམ་སྙམ་པའི་དངངས་སྐྲག་ནང་ང་ཚོ་སྐྱལ་ཡོད་ལ།

ལྷག་པར་བོད་ཀྱི་ས་ཞབས་སུ་ཆགས་པའི་འཁྱག་རོམ་ཞུ་ཚད་ཧ་ཅང་མྱུར་བས་རིང་མིན་སྟོད་སྨད་ཀྱི་ས་ཆ་མང་པོ་ཞིག་འཁོར་རྡིབ་ཀྱིས་སྣོད་བཅུད་གཉིས་ཀ་ཉམས་ཆག་ཏུ་འགྲོ་རྒྱུ་ཡིན་པ་ས་གཤིས་རིག་པ་བ་རྣམས་ཀྱིས་བཤད་པ་ལྟར། འདི་ལོའི་བཞི་བཅུ་བཞིའི་ཉིན་མོར་ཁམས་སྐྱེ་དགུ་མདོར་ས་ཡོམ་ཐེངས་མང་བརྒྱབས་ཏེ་མི་རྒྱུ་ཟོག་གསུམ་ལ་ཚབས་ཆེའི་ཉེན་ཁ་བྱུང་བ་ན་ཉེན་སྐྱོབ་ཀྱི་རོགས་པ་དང་པོར་སླེབས་པ་ནི་གྲྭ་བཙུན་ཚོ་ཡིན་པ་རེད།
གྲྭ་བཙུན་ཚོའི་མི་ཚེའི་སློབ་སྦྱོང་ནི་ནང་ཆོས་ལས་བྱུང་བའི་གཞན་ཕན་དང་དྲང་བདེན་གྱི་སློབ་གསོ་ཡིན་པ་དེས་སོ་སོའི་ལུས་སྲོག་ཐེད་ལ་བོར་བའི་བསམ་སྦྱོར་གྱིས་ཉིན་མཚན་ལྟོས་མེད་ངང་ཉེན་སྐྱོབ་ཀྱི་ལས་ཀར་ཧུར་བརྩོན་བྱས་པ་སྟེ། གྲྭ་བཙུན་ཚོས་ཕྱོགས་གཅིག་ནས་ས་ཞབས་སུ་ལུས་པའི་ཤི་གསོན་རྣམས་ལོན་ཐབས་བྱས་ཤིང་། ཕྱོགས་གཅིག་ནས་འཐོར་ཞིག་ཏུ་སོང་བའི་རྒྱུ་ནོར་རྣམས་དོ་བདག་སོ་སོར་འཕྲོད་ཐབས་བྱས་ཡོད་ལ། ཕྱོགས་གཅིག་ནས་གཤིན་པོ་རྣམས་བདེ་འགྲོ་འཐོབ་ཆེད་འཕོ་ལུང་དང་བསྔོ་སྨོན། རོ་སྲེག་གི་ཆོ་ག་བྱས་པ་མ་ཚད་རྨས་མ་རྣམས་མྱུར་དྲག་ཡོང་བའི་རིམ་གྲོ་དག་ཀྱང་བྱས་ཡོད། གྲྭ་བཙུན་ཚོས་འཁོར་བའི་གནས་ལུགས་ལ་ཐོས་བསམ་ཡུན་རིང་བྱས་པ་དེས་ཡ་ང་བའི་འཇིགས་སྣང་གིས་སོ་སོའི་ལུས་སེམས་ཚབ་ཚུབ་ཏུ་གྱུར་མེད་ལ།
ཤུལ་ལུས་མི་མང་རྣམས་ལ་གནད་དུ་ཁེལ་བའི་སློབ་སྟོན་བྱས་ཏེ་སེམས་ཤུགས་སྤར་ཡོད།

དགོན་སྡེ་སོ་སོར་ཡོད་པའི་ཟ་ཆའི་རིགས་རྣམས་རླངས་འཁོར་ནང་དབོར་འདྲེན་གྱིས་ཤུལ་ལུས་མཉམ་འདུས་བྱས་པ་དང་བདག་མེད་རྩིག་ཁུག་ཏུ་ལུས་པ་ཚུན་ཆད་རྩད་འཚོལ་གྱིས་སྦྱིན་གཏོང་བྱས་པ་མ་ཚད་དཔེ་ཤག་ཡོད་དོ་ཅོག་ཀྱང་བཏང་བ་སྟེ། དཔེར་ན། གནས་ནང་དཔའ་བོ་རིན་པོ་ཆེས་དགོན་པ་ཞིག་གསོའི་ཆེད་ཞབས་འདེགས་བསྡུ་རུག་བྱས་པའི་སྒོར་མོ་ཡོངས་རྫོགས་སྐྱེ་རྒུ་མདོའི་ས་ཡོམ་གྱི་ཉེན་སྐྱོབ་ཆེད་གནང་ནས་དགོན་པ་ཞིག་གསོ་ཕྱིར་འཐེན་མཛད་པ་དང་། སྐྱོ་བྲག་དགོན་པས་རྒྱ་མིའི་སྒོར་མོ་ཁྲི་དྲུག་ཅུ་ཡས་མས་ཤིག་གི་འགྲོ་སོང་བཏངས་པ་དེས་མཚོན་ཐུབ་ཀྱི་ཡོད།

ནམ་རྒྱུན་བོད་པའི་སྤྱི་ཚོགས་ཀྱིས་གྲྭ་བཙུན་ཚོར་དམིགས་བསལ་མཐོང་ཆེན་བྱེད་པའི་རྒྱུ་མཚན་གང་ཡིན་གསལ་སྟོན་བྱུང་བ་དེས་རྒྱ་ནག་གཞུང་གི་སྙིང་ལ་ན་ཟུག་བྱིན་ཏེ་ཉེན་སྐྱོབ་ཀྱི་ལས་ཀ་མཐའ་མ་ཞོག་གོང་ནས་གཞུང་འབྲེལ་དཔོན་རིགས་ཚོས། ད་ནི་ང་ཚོའི་ཉེན་སྐྱོབ་ཀྱི་དཔུང་དམག་ཕོན་ཆེ་འབྱོར་ཟིན་པས་གྲྭ་བཙུན་ཁྱོད་རང་ཚོ་གང་མགྱོགས་སོ་སོའི་ས་གནས་སུ་རྒྱུགས་ཤིག་ཅེས་བཀའ་བཏངས་པ་དེས་ས་གནས་མི་མང་གི་སེམས་པ་ཤིན་ཏུ་སྐྱོ་ནའང་རང་དབང་མེད་པ་ཡིན།

ཉེན་སྐྱོབ་དམག་མིས་མཚོན་པའི་རྒྱ་རིགས་རོགས་སྐྱོར་བ་དེ་ཚོ་དང་ཐོག་སླེབ་མེད་ལ། བསླེབས་པ་ནའང་བོད་ཀྱི་གྲོང་ཁྱེར་ཅིག་ཤུལ་ཙམ་དུ་སོང་བའི་འཇིགས་དངངས་ཀྱིས་སེམས་ཧད་འཐོར་བ་དང་། ཁོར་ཡུག་མ་འཕྲོད་པས་གཟུགས་པོ་ཉོབ་ཏོར་གྱུར་ཅིང་། གཞུང་གི་བཀའ་མེད་པ་ལྟ་བུས་ཉི་མ་གཅིག་གཉིས་ཤིག་ལ་ཡར་མར་རོགས་རམ་བྱེད་དུ་འགྲོ་མཁན་གྱི་མི་རྣམས་བཀག་འགོག་བཟོས་པ་ཙམ་ལས་ལས་ཀ་གང་ཡང་བྱས་མེད། རྗེས་སུ་ཉེན་སྐྱོབ་ཀྱི་ལས་ཀ་གང་འཚམ་བྱས་ཡོད་ནའང་། གཞན་ཕན་དང་དྲང་བདེན་གྱིས་ཀུན་ནས་བསླངས་པའི་གྲྭ་བཙུན་ཚོ་ལྟ་བུ་མ་ཡིན་པར་སྲིད་གཞུང་གི་དགོས་དམིགས་འགྲུབ་པའི་ཁྱབ་བསྒྲགས་བྱ་རྒྱུའི་འཁྲབ་སྟོན་ལ་གཙོར་འདོན་བྱས་པ་ཞིག་ཡིན་པ་རེད།

ཐེངས་འདིའི་ཤི་གྲངས་རྒྱ་ནག་གཞུང་གིས་ཉིས་སྟོང་ལྷག་ཙམ་ཡིན་པའི་ཁྱབ་བསྒྲགས་བྱེད་ཀྱི་ཡོད་ནའང་། གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་གཤིན་པོ་ཆིག་ཁྲི་ལྷག་གི་བསྔོ་ཞུས་བསླེབས་པ་བདེན་ངེས་སུ་འདུག་སྟེ། སྐྱེ་རྒུ་ཁུལ་གྱི་འོག་ཏུ་རྫོང་ཁག་དྲུག་ཡོད་པ་ལས་ནང་ཆེན་རྫོང་ལ་ཤང་བཅུ་ཡོད་པའི་ནང་ཚན་སྐྱོ་བྲག་ཤང་གཅིག་པུ་ནས་མི་གྲངས་ཆིག་བརྒྱ་ང་བདུན་འདས་གྲོངས་སོང་ཡོད་པ་རེད།

འདི་དག་ནི་ང་རང་གི་རོགས་པ་ཚོས་ས་གནས་ས་ཐོག་ཏུ་ལས་ཀ་བྱེད་ཀྱིན་པའི་སྐབས་ན་ཁ་པར་བརྒྱུད་ནས་ར་སྤྲོད་གནང་བ་དག་ཡིག་ཐོག་ཏུ་ཕབ་པ་ཙམ་ཡིན་ཕྱིར་རྒྱ་ཆེའི་གློག་པ་པོ་རྣམས་ཀྱིས་དངོས་ཡོད་གནས་ཚུལ་དུ་བཟུང་ན་ཆོག་ས་ཡོད།

འབྲེལ་ཡོད་གསར་འགྱུར།

Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

ཆུ་ཚོད་ ༡༦ སྔོན་ལ།
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

ཆུ་ཚོད་ ༡༨ སྔོན་ལ།
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

ཆུ་ཚོད་ ༢༠ སྔོན་ལ།
Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

༢༠༢༦/༠༨/༡༡
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༨/༡༡
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

༢༠༢༦/༠༨/༡༡

མཆན། 8

  1. མགོ་རུལ། says:
    ལོ་ 16 སྔོན།

    སྐབས་འདི་དང་འབྲེལ་བ་དེ་ཙམ་མེད་པ་ཞིག་སྟེ། བོད་པའི་གཞས་པ་གྲགས་ཅན་བཀྲས་ཆུང་ལགས་ནས་གཙོ་ཁྲིད་བྱས་པའི་བོད་པའི་ལོ་རྒྱུས་སྟེང་གི་བོད་རིགས་བྱིས་པའི་གླུ་གཞས་ཆེད་བསྒྲིགས་འོད་སྡེར་སེམས་གཞས་ཞེས་པ་དེ་མི་འགྱངས་པར་བྱང་ཨ་རིའི་བོད་རིགས་འདུས་སྡོད་ས་ཁུལ་གྱིས་གཙོས་པའི་སྤྱི་ཚོགས་སྟེང་འགྲེམ་སྤེལ་དང་སྐོར་སྐྱོད་བྱེད་རྒྱུ་རེད། གནས་ཚུལ་གསལ་བོ་གཤམ་གྱི་དྲ་རྒྱ་ལས་ཤེས་ཐུབ།
    http://www.semshae.org

    Reply
  2. ལུང་རྟོགས། says:
    ལོ་ 16 སྔོན།

    རྒྱ་ནག་གི་མགྲིན་ཚབ་པ།

    Reply
  3. གྲགས་པ། says:
    ལོ་ 16 སྔོན།

    བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལས་དྲངས།

    གློ་བུར་དུ་ས་ཡོམ་ཆེན་པོ་ཞིག་བྱུང་བ་དེས་མཚོ་སྔོན་ཡུལ་ཤུལ་ཀྱི་མིའི་ཚེ་སྲོག་དང་རྒྱུ་ནོར་ལ་གྱོང་གུད་ཚབས་ཆེན་ཞིག་བཟོས་སོང་། རྒྱལ་ཡོངས་མི་དམངས་ཀྱི་སེམས་པ་གནོད་འགོག་རྒུད་སྐྱོབ་ཀྱི་བྱ་བར་ཕྱོགས་ཤིང་། ཤི་རྨས་བྱུང་བའི་གནད་འགག་གི་དུས་དེར། ནུབ་ཕྱོགས་རྒྱལ་ཁབ་ཀྱི་མཚམས་སྦྱོར་ཚན་པ་འགས་ཁོ་ཚོས་ནམ་རྒྱུན་དུ་སྒྲོག་བཞིན་པའི་མི་ཆོས་རིང་ལུགས་དང་། མི་ཆོས་རོགས་སྐྱོར་གྱི་དོ་ཁུར་མི་བྱེད་པ་མ་ཟད། ཁོ་ཚོས་ངན་སེམས་གཞན་ཞིག་བཅངས་ཏེ། ཁོ་ཚོའི་བསམ་པར་རྫི་གསང་དོད་པོའི་གནད་དོན་ཞིག་ཡིན་པར་སེམས་བཞིན་ཡོད་པའི་རྒྱ་བོད་འབྲེལ་བའི་ཐོག་ནས་དཀྲུགས་ཤིང་བཟོ་འདོད་པ་རེད།“ཤ་རུས་འབྲེལ་ཞིང་སྐྱིད་སྡུག་གཅིག”པའི་དོན་དངོས་གང་ཡིན་པ་དེ་ཡིག་འབྲུ་ཙམ་ཡང་མི་གླེང་བར། ཡོམ་འགོག་གེགས་སེལ་ཁྲོད་ཀྱི་མི་འདང་བའི་ཆ་ཞིབ་འཚོལ་གྱིས་འུད་ཤོབ་ཅི་ཐུབ་བྱས་ནས་རྒྱ་བོད་མི་རིགས་ཀྱི་འབྲེལ་བར་དཀྲུག་ཤིང་བཟོ་བར་བརྩོན་བཞིན་ཡོད་པ་རེད།

    བསམ་ཡུལ་ལས་འདས་པ་ཞིག་ནི། ཨ་རིའི《ཉུག་ཡུའེ་ཚགས་པར་》གཙོ་བྱས་པའི་ནུབ་ཕྱོགས་མཚམས་སྦྱོར་ཚན་པས་ཐེངས་འདིའི་ཡུལ་ཤུལ་ས་ཡོམ་ཐད་ཀྱི་གསར་འགྱུར་འཁྱོགས་བརྗོད་བྱས་ཡོད་དེ། མིང་དུ་གྲགས་པའི་ཚགས་པར་འདིས་ཀྱང་ཐེངས་འདིར་ཚགས་པར་ཆུང་ཤོས་དག་གི་རྗེས་དེད་དེ་ཀྲུང་གོའི་ཡུལ་ཤུལ་གྱི་ས་ཡོམ་ལ་མིག་མདངས་གཞན་ཞིག་གི་སྟེང་ནས་ལྟ་ཞིབ་བྱས་ཡོད། ཚགས་པར་དེས་ཁ་བྱང་ལ《ས་ཡོམ་གྱི་རྗེས་སུ་བོད་མིས་ཀྲུང་གོའི་རོགས་སྐྱོར་ལ་ཡིད་ཆེས་མེད》ཅེས་པའི་གསར་འགྱུར་སྤེལ་དེ། ནུབ་ཕྱོགས་སྤྱི་ཚོགས་གདོད་མ་ནས་གོམས་ལོབས་སུ་སོང་ཡོད་པའི་ཕྱོགས་རིས་ཅན་གྱི་འཁྱེར་སོ་ཡིས་བོད་ལྗོངས་དང་ཀྲུང་གོའི་བར་ལ་འགལ་ཟླ་བཟོ་འདོད་པ་རེད། གསར་འགྱུར་དེའི་ནང་བཀོད་དོན། ཀྲུང་གོའི་དམག་མི་གྲྭ་པ་རྣམས་ཀྱིས་མི་བསྐྱབས་རྗེས་སུ་ད་གཟོད་སླེབས་ཤིང་། དེ་ནས་གྲྭ་པ་རྣམས་ལོགས་ཤིག་ཏུ་དེད་དེ་ཁོ་ཚོས་སྲོག་ཉེན་ལས་ཐར་བ་རྣམས་བསྐྱབས་ཚུལ་པར་དུ་ལེན་པར་སྟབས་བདེ་བཟོས་ཞེས་བཀོད་ཡོད།

    ལོ་རྒྱུས་ཀྱིས་ཐེངས་མང་པོར་ར་སྤྲོད་བྱས་དོན། འཇིགས་ཉེན་གྱི་གནད་འགག་གི་སྐབས་སུ་ཀྲུང་གོའི་མི་དམངས་རྣམས་མཐུན་སྒྲིལ་དམ་པོ་ཡིན་ཞིང་། འདི་འདྲའི་ཕྱོགས་རིས་དང་འཁྱེར་སོ་ཅན་གྱི་གསར་འགྱུར་ཇི་ལྟར་མང་ན། མངོན་གསལ་དུ་དཀྲུག་ཤིང་འཕེན་པའི་སྐད་ཆ་དེ་དག་གིས་དེ་འདྲར་ས་འཛིན་མི་ཐུབ་པའོ།

    Reply
  4. རྨོག་རུ་བསྟན་པ། says:
    ལོ་ 16 སྔོན།

    མཁན་པོ་དགའ་དབང་དྲ་ཐོག་ཏུ་ཕེབས་པར་རྟེན་འབྲེལ་ཞུ།

    དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ན་བློ་ཁོག་ཡངས་དགོས་བ་དང་།་བཟོད་བསྒོམ་ཆེ་དགོས་པ་སྔོན་འགྲོའི་ཆ་རྐྱེན་ལྟ་བུ་ཡིན།

    མཁན་པོ་ཚང་གི་ཟིན་བྲིས་ཤིག་ཀྱང་སྒོ་ཕྱེས་བའི་རེ་བ་ཡོད།
    བཀྲིས་བདེ་ལེགས།

    Reply
  5. ཕུན་ཚོགས ། says:
    ལོ་ 16 སྔོན།

    གནམ་ལྕགས་ལགས།ལྡོག་ཕྱོགས་གཅིག་པུ་ནས་གོ་བ་བླངས་བས་ག་ལ་འགྲིག་་་་ངས་འདིར་ཟེར་དོན་ནི་གོ་བ་ལྡོག་ཕྱོགས་ནས་བླངས་བ་གཅིག་པུ་མ་ཡིན་པར་ཉམས་ཞིབ་ཚད་ལྡན་ཞིག་བྱེད་དགོས་ཀྱི་འདུག་ཟེར་གྱི་ཡོད་ལ་ཟེར་སྒྲོས་ཙམ་ཀྱིས་ག་ལ་འགྲིག་ཟེར་གྱི་ཡོད།
    ཤི་གྲངས་ཀྱི་ཐོ་གཞུང་ངོ་མ་རེག་ཐབས་དང་།ཡང་ན་ཁྱིམ་མི་རེ་རེ་རྩིས་ཞིབ་ཀྱིས་ཤི་གྲངས་ཀྱི་ཐོ་གཞུང་བཟོ་བ་སོགས་བྱས་ཏེ་ས་ས་རྡོ་རྡོ་བྱས་ན་རེད།

    Reply
  6. བློ་བཟང་ཕུན་ཚོགས། says:
    ལོ་ 16 སྔོན།

    གྲོགས་པོ་ལགས་དགྲ་ནག་གི་གསར་འགྱུར་དང་སྐད་ཆ་དག་ལ་དགྲ་མི་ཁོང་རང་
    ཚོས་ཀྱང་ཡིད་ཆེས་བྱེདཀྱི་་མེད་ནསུས་ཀྱང་ཡིད་ཆེས་དཀའོ
    ཡིད་སྐྱོ་བའི་གནས་ཚུལ་དེའི་འོག་ནས་ཆོལ་གསུམ་སྤུན་ཟླའི་བརྩེ་སེམས་ཤུགས་
    ཆེན་པོ་མངོན་ཐུབ་སོང་པས་དགྲ་ནག་འདི་བ་ཚང་ལ་གསལ་བཤད་ཅིག་ཀྱང་བྱས་
    ཡོད་པར་འཁུམས།

    Reply
  7. གནམ་ལྕགས། says:
    ལོ་ 16 སྔོན།

    ཨོ་ཕུན་ཚོགས་ལགས། དགྱ་ནག་གིས་ཡིན་གཅིག་མིན་གཉིས་ལ་གསར་འགྱུར་ངོ་མ་དེ་རྫུན་དུ་གཏོང་དགོས་པ་མ་ཤེས་སམ། དཔེར་ན་ད་རེར་མི་མང་བོ་ཤི་མེད་ན། ཡང་ཤི་འདུག་ཟེར་ངེས་ལ། མི་མང་བོ་ཤི་བས་ཡང་ཤི་མ་སོང་ཞེས་བརྗོད་པ་ལྟར་རེད། དེ་ནི་དགྱ་གི་གསར་འགྱུར་གྱི་ཁྱད་ཆོས་ཨང་དང་བོ་དེ་རེད། ང་ཚོས་ཀྱང་དགྱ་ནག་གི་གསར་འགྱུར་ལ་ལྡོག་ཕྱོགས་ནས་གོ་བ་ལེན་དགོས།

    Reply
  8. ཕུན་ཚོགས ། says:
    ལོ་ 16 སྔོན།

    ཤི་གྲངས་ཀྱི་ཆ་ནས་རྦད་དེ་མི་མཐུན་པ་འདི་ལ་ང་ཚོ་ཚང་མས་རྟོག་དཔྱོད་བྱེད་དགོས་ཀྱི་འདུག་་ངའི་ཕ་ཡུལ་ཀྱི་གྲོགས་པོ་ཞིག་གིས་ཀྱང་དེ་ལྟར་ཟེར་གྱི་འདུག་་ངོ་མ་དེ་འདྲའི་གནས་ཚུལ་བྱུང་ཡོད་ན་།རྒྱ་ནག་གིས་ཅི་ཞིག་ལ་ཤི་གྲངས་ཉུང་རུ་གཏོང་དགོས་པ་དང་།དེ་ལྟར་གཏོང་བའི་རྒྱབ་ལྗོངས་དང་གཡོ་ཇུས་འོག་གི་ངོ་གདོང་སོགས་ལ་ང་ཚོས་འཚང་འབྱིན་བྱེད་ན་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese