མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

སེམས་སྐྱོ་བའི་མིག་ཆུ། ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ།

བོད་ཀྱི་དུས་བབ།
༢༠༡༠/༠༥/༠༣
Share on FacebookShare on TwitterShare on EmailShare on Whatsapp

ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ།

༄༅། །མཐོ་མཐོ་བརྒྱ་བྱིན་བཞུགས་པའི་ཁང་བཟང་དང༌། །
དམའ་དམའ་ན་རག་དམྱལ་བའི་ལྕགས་མཁར་ཡན། །
གསལ་གསལ་སེམས་ཀྱི་མཐོང་སྣང་མི་གཅིག་ཀྱང༌། །
འཇིག་འཇིག་རང་མཚང་སྟོན་ལ་ཁྱད་པར་ཅི། །

ཤིག་ཤིག་གཡོ་བའི་ས་ཡི་སྲིན་པོ་དེས། །
ལམ་ལམ་མིག་ལ་འཆར་བའི་ཁང་ནོར་དང༌།།
དམར་དམར་སྙིང་ལ་བཅགས་པའི་སྤུན་ཟླ་བཅས། །
ཆལ་ཆལ་ཟོས་པ་འདི་ཀོ་ཤིན་ཏུ་སྐྱོ།།

ལྷང་ལྷང་སྡུག་པའི་ཆོ་ངེ་འབར་བའི་ཁྲོད། །
སྐྲག་སྐྲག་ས་སྟེང་ཐོན་པའི་དམྱལ་བ་འདི། །
ཆེ་ཆེ་ཡིད་ཀྱི་ཁྱོན་དུ་ཤོང་དཀའ་ན། །
ཆུང་ཆུང་དབང་པོའི་ཡུལ་དུ་ཇི་ལྟར་བཟོད། །

ཆིལ་ ཆིལ་ཆར་བཞིན་འབབ་པའི་བེམ་རོ་དང༌། །
ཆོམ་ཆོམ་ཐོག་བཞིན་ལྷུང་བའི་ཁང་པ་གཉིས། །
ཆེམ་ཆེམ་གློག་ལྟར་མྱུར་བའི་བང་འགྲན་ཏེ། །
འཕྱུར་འཕྱུར་ཁྲག་དང་ཐལ་བས་གནམ་ས་བཀང༌། །

སྐྱོ་སྐྱོ་བདག་པོས་བོར་བའི་སྒོ་ཁྱི་དང༌། །
བྱམས་བྱམས་ཕ་མ་བརླག་པའི་དྭ་ཕྲུག་དང༌། །
གཅེས་གཅེས་བུ་ཚ་གྲོངས་པའི་རྒན་རྒོན་དང༌། །
མཛའ་མཛའ་སྙིང་སྡུག་བྲལ་བའི་གྲོགས་མེད་མང༌། །

ཡོད་ཡོད་ཐམས་ཅད་ཤི་བའི་ནང་མི་ཞིག །
རྒྱང་རྒྱང་ས་མཐའ་འདི་ན་གཅིག་པུར་ལུས། །
དུང་དུང་ཡིད་ཀྱི་གདུང་བ་ཐལ་ དྲགས་པས། །
ཆད་ཆད་ངུ་བའི་འཕྲོ་ལ་གད་མོ་ཤོར། །

ཧུ་ཧུ་ཁྲི་ཕྲག་སྟོང་གི་ སྐྱེ་བོ་རྣམས། །
རིག་རིག་བཞིན་དུ་སྲོག་གི་རྒྱུ་བ་བཅོམ། །
མྱུར་མྱུར་ ཡུད་ཙམ་ཞིག་གི་འཇིགས་པ་དེས། །
ཡང་ཡང་བསྐལ་བརྒྱར་གདུང་བའི་རྨ་སྲོལ་གཏོད། །

ཀྱེ་ཀྱེ་གངས་ཅན་མགོན་པོ་སྤྱན་རས་གཟིགས། །
དཀར་དཀར་གངས་ཀྱི་ལྷུན་པོ་ལྟ་བུའི་སྐུ། །
བརྩེ་བརྩེ་ཡེ་ཤེས་སྤྱན་གྱིས་ཆེར་གཟིགས་ཏེ། །
དམན་དམན་བོད་འབངས་འདི་དག་བསྐྱབ་ཏུ་གསོལ། །

གསོན་གསོན་ཚེ་འདིའི་བྱ་བ་འཕྲོར་བཞག་སྟེ། །
འུར་འུར་བར་དོའི་འཕྲང་ལ་འཚང་གྱུར་ཀྱང༌། །
ཚེ་ཚེ་ཕྱི་མར་ཕན་པའི་གྲབས་མེད་པོ། །
མཁྱེན་མཁྱེན་ཐུགས་རྗེའི་ནུས་པས་བསྐྱབ་ཏུ་གསོལ། །

རིང་རིང་སྙིང་དུ་ཕངས་པའི་མཛའ་བཤེས་རྣམས། །
འཕྲལ་འཕྲལ་བདུད་ཀྱི་ཕྱགས་མས་དེད་ཤུལ་དུ༌། །
ཅེར་ཅེར་འཕྲེང་བའི་མིག་གིས་ལྟ་བཞིན་པ། །
ཤུ་ཤུ་ལྷག་ལུས་ འདི་དག་བསྐྱབ་ཏུ་གསོལ། །

ཤ་རུས་ཐ་དད་མེད་པའི་རིགས་རྒྱུད་ལས། །
ལས་དང་དམ་ཚིག་གཅིག་པའི་བོད་འབངས་རྣམས། །
གངས་ལྗོངས་ཆོས་ཀྱི་ཞིང་སར་ ལྷན་འཛོམས་ཏེ། །
གཞིས་བྱེས་རེ་བ་ཡོངས་སུ་རྫོགས་པར་སྨོན། །

སྐྱེ་རྒུ་མདོར་ས་ཡོམ་གོད་ཆག་བྱུང་བ་ན་སྨོན་པའོ།།
༢༠༡༠ ལོའི་ཕྱི་ ༥ པའི་ཚེས་ ༡ ཉིན།

མཆན། 60

  1. སྒོམ་སྡེ་ལྷ་རམས་པ། says:
    ལོ་ 13 སྔོན།

    བླ་མ་འདིའི་མཛད་སྤྱོད་ལ་རྟག་ཏུ་ཡི་རངས་དང་ཡིད་ཆེས་ཡོད། མགོན་པོ་གང་ཉིད་བསྟན་པ་དང་འགྲོ་བའི་དོན་དུ་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་སྨོན་འདུན་ཤུགས་དྲག་ཞུའོ། །

    Reply
  2. karma dorje says:
    ལོ་ 13 སྔོན།

    དཔལ་༧རྒྱལ་དབང་ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་རྟག་ཏུ་རྒྱལ་གྱུར་ཅིག །

    Reply
  3. ཆུ་ཤུར་མིག་དམར་ says:
    ལོ་ 13 སྔོན།

    དཔལ་༧རྒྱལ་དབང་ཀརྨ་པ་མཆོག་ལྟ་བུ་ཞིག་ཡོད་པ་ནི་ངེད་བོད་མི་རིགས་ཀྱི་སྤོབས་པ་དང་བསོད་ནམས་རེད
    མུ་མཐུད་༧རྒྱལ་མཆོག་༧གོང་ས་ལྷ་མིའི་རྣམ་འདྲེན་མཆོག་གི་ཕྱག་གཡས་པ་ཞིག་གནང་ནས་ངེད་གངས་ཅན་པའི་ཉམས་ཐག་རྣམས་སྐྱོབས་རོགས་གནང།
    བླ་མའི་སྐུ་ཚེ་བརྟན་པ་དང་།
    བསྟན་པ་རྒྱས་པར་བྱིན་གྱིས་བརླབས།

    Reply
  4. འཁྲུངས་སྐར། says:
    ལོ་ 13 སྔོན།

    མཁྱེན་ལྡན་དྲ་བདག་ལུང་རིགས་རྒྱལ་ལགས། ངས་དོ་དགོང་བཀའ་ལས་རྒྱབ་ནས་བྲིས་པའི་ཀ་རྩོམ་ཞིག་འདི་ན་བཞག་ཡོད། ད་ནང་ཞོགས་པ་མི་འདུག་སུབ་ཚར་འདུག དེ་ལ་ཉེས་པ་གང་འདུག་ལ། ཕྲད་སོགས་ནོར་འདུག་གམ་ཡང་ན་ཚིག་ཉུང་གྲ་འདུག ཡང་ན་ཟུར་ཟ་ཚིག་འདུག ཡང་ན་ཅི་གང་གོ་ཡག་མེད་པ་ཞིག་རེད་འདུག་གམ། ཡང་ན་འདི་འདྲ་བྲིས་སྲོལ་ཡོད་མ་རེད་དམ། གང་ཡིན་ལན་གསལ་པོ་ཞིག་སྐྱོང་ཡོང་བ་ཞུ། བདག་ནི་བོད་ཡིག་ལ་ཞེན་ཡོད་པ་ལས་ཚད་ལྡན་ཤེས་མཁན་ཞིག་མིན། མ་འོང་ཡར་རྒྱས་ཆེད་བླང་དོར་བཀའ་སློབ་ཅི་ནས་ཀྱང་གནང་སྐྱོང་ཡོང་བ་མཁྱེན་ལགས།
    གུས་འདུད་བཅས།

    Reply
  5. བདེ་ཆེན་ལྷུན་གྲུབ། says:
    ལོ་ 13 སྔོན།

    ནད་པ་ལགས་ཁྱོད་རང་དངོས་གནས་སྙིང་རྗེ་སྐྱེས་དགོས་པའི་ཅ་ཅོ་མཁན་ཞིག་རེད་འདུག སོ་སོས་བྲིས་པའི་ཚིག་སྔ་ཕྱི་རྣམས་ནང་འགལ་དུ་གྱུར་པའང་ཤེས་ཀྱི་མི་འདུག གཟིགས་དང་འདིར་དཔེར་མཚོན་ཙམ་བཀོད་ཡོད།
    ཐོག་མར་ཁྱོད་ཀྱིས་ཀ་ཁ་ཙམ་ཞིག་ཤེས་པའི་ཀརྨ་པས། ཁ་དོག་དཀར་དམར་རྩོད་པ་ཨེ་ཤེས་ལྟོས་ཞེས་དང་།
    གཉིས་པ། ཀ་དག་གནས་ལུགས་རྟོགས་པའི་ཀརྨ་མཁྱེན་ཞེས། ཀ་དག་གནས་ལུགས་རྟོགས་པའི་གང་ཟག་ཡིན་ན་ཀ་ཁ་ཙམ་མ་ཟད་ཆོས་ཉིད་བདེན་པ་མཐོང་བའི་སྐྱེས་བུ་ཡིན་མི་དགོས་སམ། དེ་
    ཡིན་ན་བླུན་པོ་ཁྱོད་འདྲ་བ་ཞིག་གི་སློབ་སྟོན་དང་། ཁ་དོག་དཀར་དམར་ཙམ་ལ་ཅི་ཕྱིར་རྨོངས། ཇི་སྙིད་མཁྱེན་པའི་ཡེ་ཤེས་ཡོད་པའི་ཕྱིར། ད་དུང་འདི་འདྲ་བ་ནང་འགལ་དུ་གྱུར་པ་དང། མ་དག སྐྱོན་ཆ་མང་པོ་འདུག་ཚང་མར་ཞུ་དག་བྱེད་པའི་དུས་ཚོད་མེད། ད་དུང་ཤེས་རིག་ལ་བརྩོན་དང་། མ་འོངས་པར་མཐོང་རྒྱ་ཆེན་པོ་ཆགས་པའི་རེ་བ་ཡོད།

    Reply
  6. ནད་པ says:
    ལོ་ 13 སྔོན།

    ཀ་དག་གནད་ལུགས་རྟོགས་པའི་ཀརྨ་མཁྱེན།།
    ཁ་ཞེ་མེད་པར་གུས་པས་ཚིག་འགའ་ཕུལ།།
    ག་ནས་བལྟས་ཀྱང་ཉིད་ལ་རེ་བ་བཅོལ།།
    ང་སོགས་བོད་འབངས་ཐུགས་བརྩེས་བཟུང་དུ་གསོལ།།

    ཅ་ལེ་ཅོ་ལེའི་ཝ་སྐྱེས་གཅམ་བུའི་ཚིག།
    ཆ་འཇོག་འཕེར་མེད་བདེ་ཆེན་ལྷུན་གྲུབ་ཀྱིས།།
    ཇ་ཆང་མཉམ་བསྲེས་ལྟར་བུའི་ངན་སྨྲས་འདི།།
    ཉ་དང་ཉུང་མ་ཀརྨ་པ་ཡིས་མཁྱེན།།

    ཏྭ་ལའི་བླ་མའི་ཐུགས་དང་མཐུན་གྱུར་ན།།
    ཐ་མ་ཀརྨ་པ་ཡི་མཚན་སྙན་གྲགས།།
    ད་ལྟ་ལས་ལྷག་རྒྱས་གྱུར་ཐེ་ཚོམ་མེད།།
    ན་ཆུང་བྱིས་པ་ཚོས་ཀྱང་ཤེས་གསལ་རེད།།

    པ་སངས་ལྟ་བུའི་གཟའ་སྐར་འཕྲོད་སྦྱོར་དེ།།
    ཕ་མ་བདག་གི་རང་གི་བུ་ལ་སྟོན།།
    བ་མཛོ་ལ་སོགས་ཕྱུགས་རིགས་མ་ཡིན་ན།།
    མ་ནོར་ལམ་བཟང་གང་དེར་ཅིས་མི་འགྲོ།

    ཙ་གི་ཙི་གུའི་བདེ་ཆེན་ལྷུན་གྲུབ་ཀྱིས།།
    ཚ་གི་ཚི་གེར་གང་བྱུང་ཆོ་མེད་བྲིས།།
    ཛ་རེ་ཛོ་རེས་ང་ལ་བཤད་ཁུལ་བྱས།།
    ཝ་མོ་བཞིན་དུ་རང་གཤིས་རང་ཚང་སྟོན།།

    ཞ་ར་ལྟ་བུར་གང་ཡང་མ་མཐོང་གཅིག།
    ཟ་རོ་བཞིན་དུ་དཔྱོད་ཤེས་མ་ཤེས་གཉིས།།
    འ་ཟི་བདག་གིས་འདི་དག་བཤད་ཐལ་གསུམ།།
    ཡ་རབས་ཅན་ཚོ་དགོངས་པ་མ་འཚོམས་རོགས།།

    ར་རོ་ལྟ་བུར་གང་བྱུང་མ་བཤད་རོགས།།
    ལ་ལུང་མང་པོ་བརྒལ་བའི་མི་ཞིག་ཡིན།།
    ཤ་ཚའི་གཏམ་གྱི་ཁ་ལ་སྙན་པོ་མེད།།
    ས་གཤིན་སྡུག་ཀྱང་ལོ་འབྲས་བསྟེར་ངེས་ཡིན།།

    ཧ་ཧ་དགོད་དང་ཧི་ཧི་དགྱེས་པའི་བཞད།།
    ཨ་ཁུ་བདེ་ཆེན་ལྷུན་གྲུབ་ཕྱོགས་སུ་མཉེར།།
    སྙན་དང་མི་སྙན་ཚིག་གི་སྒྲ་ཙམ་ལས།།
    གཟུང་འཛིན་བདེན་གྲུབ་ཡེ་ནས་རྟོགས་ཤིག་ཨང་།།

    Reply
  7. བདེ་ཆེན་ལྷུན་གྲུབ། says:
    ལོ་ 13 སྔོན།

    མཐུད་འཕྲོ།
    ཧ་ཅང་ལྷག་བསམ་བཟང་པོའི་བདུད་རྩི་འདིས། །ཨ་རོགས་ནད་པ་སྐྲན་ནད་སངས་བར་གྱིས།།
    སྡེབ་སྦྱོར་སྙན་ཚིག་གང་ཡང་མི་ལྡན་པར། །གཞན་ལ་སློབ་སྟོན་བྱེད་པ་གད་མོའི་གནས།།

    Reply
  8. བདེ་ཆེན་ལྷུན་གྲུབ། says:
    ལོ་ 13 སྔོན།

    དྲྭ་གྲོགས་ནད་པ་ལ་སྤྲིངས་བ།
    ཀ་རབས་གསེར་གྱི་ཕྲེང་བའི་མཛོད་འཛིན་པ། །ཁ་བའི་ལྗོངས་སུ་སྤྲུལ་སྲོལ་གཉིས་པ་གཏོད། །
    ག་ལེར་བོད་མིའི་བདེ་དོན་ལ་དགོངས་ཏེ། །ང་ཚོའི་དཔུང་གྲོགས་ཟླ་བ་གཞོན་ནུ་འཆར། །

    ཅ་ཅོ་མི་སྨྲ་ནད་པ་ཁོང་རུལ་ཁྱོད། །ཆ་བྱད་བྷོ་ཊའི་ལུགས་བཟང་མ་བརྗེད་པར། །
    ཇ་རོ་དང་མཚུངས་དགོས་མེད་ཕུག་དཀྲུག་དོར། །ཉ་ཆུ་མཐུན་མཚུངས་ངོ་ཚ་ཁྲེལ་ཡོད་གྱིས། །

    ཏ་གཟིག་ཨར་པ་ཇི་བཞིན་རྒྱ་དམར་གྱིས། །ཐ་ཚིག་ངན་རྫུས་བོད་འབངས་སྡུག་ཏུ་སྦྱར། །
    ད་དུང་ཡིད་ལ་བཞག་སྟེ་གཞོན་ནུ་རྣམས། །ན་ཚ་ཕྲག་དོག་མནར་བའི་ནད་པ་སྤོངས།།

    པ་སངས་ལྟར་དཀར་ལྷག་བསམ་རབ་འཕྱོ་ཞིང་། །ཕ་བཟང་བློ་གྲོས་རྒྱས་པའི་གངས་ཕྲུག་རྣམས།།
    བ་མིན་ཆོས་བརྒྱུད་རྩོད་གླེང་རབ་ཞི་ནས། །མ་རབས་དུག་གསུམ་ནད་པ་རྒྱང་ལ་དོར།།

    ཙ་ར་འོག་ཏུ་ཚུད་པའི་རྒྱལ་གཅེས་དང་། །ཚ་གྲང་མནར་བའི་ཉེས་མེད་ཆུང་སྲིད་སོགས། །
    ཛ་དྲག་ནང་དུ་སྡུག་བསྔལ་མྱོང་བའི་ཚེ། །ཝ་སྐྱེས་ཇི་བཞིན་ནང་འཐབ་ནད་ལས་གྲོལ།།

    ཞ་ལུ་ཡལ་འདབ་རྒྱས་པའི་བསྟན་འཛིན་སྡེ། །ཟ་ངེ་ཟིང་ངེ་ནད་ཀྱིས་མ་མནར་བར།།
    འ་ཅག་སྐྱབས་མགོན་ཕྱག་ན་པདྨོ་ཡི། །ཡ་རབས་ཚུལ་མཐུན་དམ་ཚིག་སྲུང་བར་གྱིས།།

    ར་བར་གངས་རིའི་ཕྱུག་པའི་ས་སྐྱོང་ཆེ། །ལ་རྒྱ་གཟེངས་རྟགས་བཞེས་པའི་ཟླ་མེད་མཆོག།
    ཤ་བོ་དག་ལ་སྙིང་རྗེའི་མཐུ་དཔུང་བསྐྱེད། །ས་གསུམ་ཀུན་ཏུ་བསྟན་འཛིན་རྒྱ་མཚོ་རྒྱལ།།

    Reply
  9. ནད་པ says:
    ལོ་ 13 སྔོན།

    ཀ་ཁ་ཙམ་ཞིག་ཤེས་པའི་ཀརྨ་པས།།
    ཁ་དོག་དཀར་དམར་རྩོད་པ་ཨེ་ཤེས་ལྟོས།།
    ག་ལེ་ག་ལེར་མཚན་ཉིད་གཞུང་ཆེན་སྦྱོངས།།
    ང་ཡི་སྙིང་གཏམ་རིན་ཆེན་གསེར་ལས་ལྷག།

    ཅ་ཆ་སུམ་རྟགས་སྙན་གཞུང་ཚད་ལྡན་སློབས།།
    ཆ་དང་ཆ་ཅན་ཚད་མའི་གཞུང་ལུགས་སྦྱོངས།།
    ཇ་ལ་ཚྭ་མར་བླུགས་པའི་བྲོ་བ་ལྟར།།
    ཉ་མོ་ཆུ་ལྟར་འབྲལ་མེད་གཞུང་ལ་ལྟོས།།

    ཏྭ་ལ་བླ་མའི་དགོངས་པ་དང་མཐུན་ན།།
    ཐ་མ་ཁྱེད་རང་མཛད་འཕྲིན་རྒྱས་ངེས་ཡིན།།
    ད་ལྟ་བཞིན་དུ་ཐུགས་མཐུན་ཁྲིམས་གཙང་སྐྱོངས།།
    ན་ཆུང་བོད་མིའི་ལས་དབང་མ་རྗེད་རོགས།།

    པ་ཕ་བཟང་པོའི་བོད་རིགས་ཡག་པོ་བྱོས།།
    ཕ་ལྟར་རྒྱལ་བ་གོང་མའི་རྣམམཐར་སྐྱོངས།།
    བ་མོ་ལྟ་བུའི་སྤྱི་མཐུན་ལས་དབང་འདིར།།
    མ་དང་འགྲོ་བ་དྲུག་ལ་བྱམས་སྐྱོང་མཛོད།།

    ཙ་རི་གནས་སྐོར་ཡིན་གཅིག་བྱེད་དགོས་མེད།།
    ཚ་གྲང་དཀའ་སྡུག་མིན་གཅིག་མྱང་དགོས་མེད།།
    ཛ་སག་སོགས་ཀྱི་གོ་མིང་འཐོབ་དགོས་མེད།།
    ཝ་མོ་བཞིན་དུ་གཡོ་སྒྱུ་འཁྲབ་དགོས་མེད།།

    ཞྭ་མོ་མཐོང་གྲོལ་རྩོད་པའི་དགོས་དོན་མེད།།
    ཟ་མ་ལྟོ་གྲོད་རྒྱག་ཆེད་སླད་དུ་མིན།།
    འ་ཟི་ཀུན་གྱིས་བརྩི་འཇོག་བྱེད་པ་ལྟར།།
    ཡ་ཀིའི་ཀརྨ་གོང་མའི་རྣམ་མཐར་སྐྱོངས་།།

    ར་ལུག་ལྟ་བུའི་བོད་པའི་སྤྱི་སྤྱི་ཚོགས་འདིར།།
    ལ་ལུང་མང་པོར་རྩ་ཆུ་བཟང་སར་སྐྱོལད།།
    ཤ་ཚའི་གཏམ་ལ་སྙན་པོ་མེད་པ་བཞིན།།
    ས་ལྟར་གཡོ་འགུལ་ཐུགས་ཁྲོས་མ་གནང་རོགས།།

    ཧ་ཧ་དྲང་མོར་བཤད་ན་དེ་ཀ་ཡིན།།
    ཨ་ཁུ་ཀརྨ་པ་ལ་ཕན་ཕྱིར་ལགས།།
    ཀ་ནས་ཨ་བར་སྙིང་གཏམ་འདི་བདེན་མིན།།
    ཉིད་ཀྱིས་ཚད་མའི་མྱོང་བའི་རྟོགས་རྒྱུར་ཅིག།

    Reply
  10. Dhamchoe @Tommy Thokme says:
    ལོ་ 13 སྔོན།

    Namo ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ།

    Reply
རྗེས་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist