མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བདུན་ཚིགས་བདུན་འཚོགས་སྟངས།

བོད་ཀྱི་དུས་བབ།
༢༠༡༠/༠༥/༠༣
Share on FacebookShare on TwitterShare on EmailShare on Whatsapp

ཀཾ་ཚང་གི་དགོན་པ་ཆེ་ཁག་ ༣༡ གིས་ས་ཡོམ་ཁྲོད་རྐྱེན་འདས་སོང་བ་རྣམས་ཀྱི་བདུན་ཚིགས་འཚོགས་སྟངས་གསལ་བསྒྲགས་གནང་ཡོད་པ་རེད།

ཀརྨ་པའི་སྤྱི་ལས་ཁང་གིས་དེ་རིང་གསལ་བསྒྲགས་སྤེལ་དོན། འདི་ལོའི་བཞི་བཅུ་བཞིའི་ཉིན་མོར་ཁམས་སྐྱེ་རྒུ་མདོར་ས་ཡོམ་རྒྱུག་སྟེ་བོད་ཀྱི་གྲོང་ཁྱེར་མི་ཆུང་བ་ཞིག་རྗེས་ཤུལ་ཙམ་དུ་གྱུར་པ་དེར་ཕྱི་ནང་གི་མི་རིགས་མང་པོས་གདུང་སེམས་མཉམ་བསྐྱེད་གནང་བའི་ཆ་ཤས་ཤིག་ལ། དཔལ་རྒྱལ་དབང་ཀརྨ་པ་མཆོག་གིས་གསོན་པོ་རྣམས་ལ་ཉེན་སྐྱོབ་ཀྱི་རོགས་རམ་དང་སྐྱབས་དམིགས། གཤིན་པོ་རྣམས་ལ་བསྔོ་སྨོན་གང་ཟབ་བགྱིས་ཤིང་། ལྷག་པར་གདན་ས་རུམ་བཏེག་བཤད་སྒྲུབ་ཆོས་འཁོར་གླིང་སོགས་ཀཾ་ཚང་གི་དགོན་པ་ཆེ་ཁག་ ༣༡ ལ་བདུན་ཚིགས་དང་པོ་སྟེ། ༢༠༡༠ ལོའི་ཕྱི་ཟླ་ ༤ ཚེས་ ༢༤ ཉིན་མི་འཁྲུགས་པའི་ཆོ་ག བདུན་ཚིགས་གཉིས་པ་སྟེ་ ༢༠༡༠ ལོའི་ཕྱི་ཟླ་ ༥ ཚེས་ ༡ ཉིན་འོད་ཆོག བདུན་ཚིགས་གསུམ་པ་སྟེ་ ༢༠༡༠ ལོའི་ཕྱི་ཟླ་ ༥ ཚེས་ ༨ ཉིན་རྡོར་སེམས། བདུན་ཚིགས་བཞི་པ་སྟེ། ༢༠༡༠ ལོའི་ཕྱི་ཟླ་ ༥ ཚེས་ ༡༥ ཉིན་ཀུན་རིག བདུན་ཚིགས་ལྔ་པ་སྟེ་ ༢༠༡༠ ལོའི་ཕྱི་ཟླ་ ༥ ཚེས་ ༢༢ ཉིན་ཞི་ཁྲོ། བདུན་ཚིགས་དྲུག་པ་སྟེ། ༢༠༡༠ ལོའི་ཕྱི་ཟླ་ ༥ ཚེས་ ༢༩ ཉིན་པདྨ་བཛྲ། བདུན་ཚིགས་བདུན་པ་སྟེ། ༢༠༡༠ ལོའི་ཕྱི་ཟླ་ ༦ ཚེས་ ༥ ཉིན་རྒྱལ་བ་རྒྱ་མཚོ་འཚོགས་དགོས་པའི་བཀའ་ངག་གནང་སྟེ་རོགས་སྐྱོར་ཞབས་འདེགས་ཀྱང་ཕུལ་ཡོད། སྤྱིར་བདུན་ཚིགས་ལ་ངན་སོང་སྦྱོང་རྒྱུད་ལས། ལྷ་ཡི་བུ་ནོར་བུ་དྲི་མ་མེད་པ་ཤི་ནས་ཞག་བདུན་ནས་ངན་སོང་དུ་སྐྱེ་བར་གསུངས་པ་ཁུངས་སུ་དྲངས་ཏེ་ཤི་ནས་ཞག་བདུན་གྱི་ཚེ་བདུན་དང་པོ་སོགས་རིམ་པར་འཛིན་པའི་ལུགས་ཤིག་དང་། གཞན་དག་ཤི་ནས་ཞག་གསུམ་བར་རྣམ་ཤེས་ཕུང་པོར་གནས་པས་བདུན་ཚིགས་ཀྱི་མགོ་ཞག་བཞི་པ་ནས་འཛིན་པའི་ལུགས་ཤིག་སྟེ་གཉིས་སུ་ཡོད་པ་ལས་འདི་ནི་ལུགས་ཕྱི་མ་ལྟར་དུ་བྱས་པ་ཞིག་ཡིན། བདུན་ཚིགས་བཟུང་སྟེ་ལམ་བསྟན་ན་རྡོ་རྗེ་སློབ་དཔོན་རབ་ཀྱིས་གྲོལ་བར་ནུས་པ་དང་། འབྲིང་གིས་ངན་སོང་གི་སྐྱེ་བ་ལས་ལྡོག་པར་འགྱུར་བ་དང་། ཐ་མས་ཀྱང་ཆོ་ག་ཚུལ་བཞིན་དུ་བྱས་པས་ཅི་རིགས་པའི་སྨན་ཡོན་དུ་འགྱུར་བས་ན་ཧ་ཅང་གལ་འགངས་ཆེ་བ་ཡིན་ཟེར།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

ཆུ་ཚོད་ ༡༡ སྔོན་ལ།
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 5

  1. འབའ་པ་སྐལ་བཟང་འཕྲིན་ལས། says:
    ལོ་ 16 སྔོན།

    བདག་མེད་རྣམ་ཤེས་རྣམས་ཀྱི་ཆེད་དུ་འདི་ལྟར་གནང་པར་བཀའ་དྲིན་ཆེ།

    Reply
  2. ཉི་ཟླའི་མགྲོན་བདག says:
    ལོ་ 16 སྔོན།

    གཉིས་སྟོང་བརྒྱད་ལོར་བོད་མི་བརྒྱ་ཕྲག་མང་པོ་བོད་དོན་ཁོ་ནས་ཆེད་ཚེ་སྲོག་ཤོར་ཀྱང་ཀརྨ་མ་པ་མཆོག་གི་འདི་འདྲའི་བདུན་མཆོད་མི་ཚོགས་པ་ཅི་ཡིན་ནམ།ད་ཐེངས་དམིགས་གསལ་བ་ཞིག་བྱེད་གི་ཡོད་ཀྱང་ལོ་སྔོན་མ་དམར་གསོད་ཁྲག་བསྒྱུར་སྐབས་གྲགས་རྒྱུ་མེད་པ་ཡ་མཚན་ཞིག་མ་ཡིན་ནམ།ད་ལོ་ཚོགས་པ་ལ་རྗེས་སུ་ཡི་རེང་ཡོད།

    Reply
  3. སྨར་དྷཱིཿཟེར། says:
    ལོ་ 16 སྔོན།

    སྐྱབས་སུ་མཆི་དེ་ལྟར་གཟིགས་སྐྱོངས་དང་དགོན་ཁག་རྣམས་ལ་ལམ་སྟོན་དང་བཀོད་སྒྲིག་གནང་བར་སྙིང་ནས་ཐུགས་རྗེ་ཆེ་ཞུ།

    Reply
  4. ཆོས་འཕེལ། says:
    ལོ་ 16 སྔོན།

    རྗེ་བཙུན་རྣལ་འབྱོར་གྱི་དབང་ཕྱུག་མི་ལ་རས་པ་བསམ་བཞིན་དུ་སྲིད་པར་སྐྱེ་བ་་བཟུང་པའི་དྲུང་རམ་རྒྱལ་སྤྲུལ་རིན་པོ་ཆེ་ཞེས་མདོ་ཁམས་སྨད་ཕྱོགས་སུ་གྲགས་ཆེ་བ། དུས་འགྱུར་སྔོན་དུ་ཀཾ་ཚང་བཀའ་བརྒྱུད་ཀྱི་བླ་མ་ཉམས་རྟོགས་གྲུབ་པའི་དབང་ཕྱུག་ཏུ་བཞུགས་པ་དེའི་ཡང་སྲིད། བལ་ཡུལ་ཤར་བའི་ཁྱིམ་ཚང་ཞིག་ཏུ་སྐུ་བལྟམས་ནས། དཔལ་རྒྱལ་བ་ཀརྨ་པ་རང་བྱུང་རིག་པའི་རྡོ་རྗེས་ངོས་འཛིན་གནང་པ་ཙམ་མ་ཟད་བདག་རྐྱེན་ཚད་མེད་ཀྱིས་སྐྱོངས་ཤིང་། དཔལ་ན་ལེནྜ་ནས་སློབ་ཐོན་ཟིན་པའི་རྗེས། ཨ་རིས་སུ་ཡོད་པའི་འཛམ་གླིང་གི་གཙུག་ལག་སློབ་གྲྭ་རྣམས་ཀྱི་རྩེ་ཕུད་དུ་གྱུར་པའི་ཧར་ཝ་གཙུག་ལག་སློབ་གྲྭ་ནས་Doctor degree བཅད་པའི་བོད་ཀྱི་སྤྲུལ་སྐུ་དང་པོ་དེ་ཆགས་ཡོད་ལ། ཁོང་གིས་ད་ལམ་སྐྱེ་རྒུ་རུ་ས་ཡོམ་གྱིས་འདས་གྲོངས་སུ་སོངས་བ་རྣམས་ལ་ཐུགས་སྨོན་ཟབ་རྒྱས་དང་། གསོན་པོར་གནས་པ་རྣམས་ལ། རྒྱ་སྒོར་ཁྲི༨༠ ཙམ་ཞལ་འདེབས་ཕུལ་བ་ཙམ་མ་ཟད། དྲུང་རམ་དགོན་པའི་བླ་གྲྭ་ཡོངས་སྐྱེ་རྒུར་འདས་པ་ལ་གཤིན་བསྔོ་དང་། གསོན་པོར་རོགས་གང་ཐུབ་བྱེད་དུ་ཁྲིད་མཛད་པ་སོགས། བརླབ་ཆེན་གྱི་མཛད་རྗེས་སྐྱོངས་འདུག གཏམ་འདི་ཐོས་པས། ཀུན་གྱི་ཤེས་ན་ཡག་པོ་ཡོང་ས་རེད་བསམ་ནས་འདིར་མཆན་དུ་བཀོད་པ་ཡིན

    Reply
  5. སྨྲ་བརྗོད་རང་དབང། says:
    ལོ་ 16 སྔོན།

    ཉིས་སྟོང་བཅུ་པའི་ལོ་ལ། འཇ༹མ་གླིང་ས་ཕྱོགས་གང་སར།
    ཁྱད་པར་གངས་ཅན་ལྗོངས་སུ། ས་ཡོམ་གོད་ཆག་བྱུང་རྐྱེན།
    ཤ་ཁྲག་གཅིག་པའི་སྤུན་ཟླ། རྐྱེན་ངན་ལམ་དུ་ཕྱིན་སོང།
    སྡུག་བསྔལ་གནས་ལ་ལྷུང་ལ་ཆེ༹། དབང་མེད་སྨྲེ་ངག་ཤོར་ཐལ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese