མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་རིག་པ་གསར་པ་ཞིག

བོད་ཀྱི་དུས་བབ།
༢༠༡༠/༠༥/༠༦
Share on FacebookShare on TwitterShare on EmailShare on Whatsapp

ཁེ་ཝན་རུ་ཌེ། ཨོ་སི་ཊོ་ལི་ཡའི་སྲིད་བློན།

མི་ནག་ཚང་ལུང་རིགས་རྒྱལ་གྱིས་བསྒྱུར།

རྒྱ་ནག་གི་སྟོབས་འབྱོར་དང་ཤུགས་རྐྱེན་ནི་འཕེལ་བཞིན་ཡོད། ཡིན་ཡང་། ཁོའི་མ་འོངས་པ་ནི་མུ་མཐུད་ནས་ངེས་གཏན་མེད་པ་ཞིག་ཡིན། འཛམ་གླིང་གི་གོ་རིམ་བཟོ་བར་རྒྱ་ནག་གིས་ནུས་པ་གང་འདྲ་ཞིག་འདོན་རྒྱུ་ཤེས་དགོས་ན། ང་ཚོས་རྒྱ་ནག་འདི་སྔར་ལས་གཏིང་ཟབ་མོའི་སྒོ་ནས་ཤེས་དགོས་ལ། ཁ་ཞེ་གཉིས་མེད་ཀྱི་སྒོ་ནས་རྒྱ་ནག་དང་མཉམ་དུ་གཤིབ་དགོས་པར་འདུག

ཨོ་སི་ཊོ་ལི་ཡ་ལ་སྔ་མོ་ནས་རྒྱ་ནག་ལྟ་མཁན་གྱི་རྩོམ་པ་པོ་དང་བསམ་བློ་བའི་སྲོལ་རྒྱུན་ཞིག་ཡོད། ཊེམ་དུས་དེབ་ཀྱི་རྒྱ་ནག་གསར་འགོད་པ་ཐོག་མ་ རྗོར་རྗི་ ཨེ་ མོ་རེ་སོན་ ལྟ་བུ་རེད། བསམ་བློ་བ་འདི་དག་གིས་ག་དུས་ཡིན་ཡང་རྒྱ་ནག་ཤེས་དགོས་ན་ཁོའི་འདས་ཟིན་པའི་ལོ་རྒྱུས་དང་རྩོམ་རིག ལྟ་གྲུབ་སོགས་གཞི་ལ་བཞག་པའི་གོ་རྟོགས་ཤིག་དགོས་པ་ཤེས་ཡོད་པ་རེད། འདི་ནི་སྲོལ་རྒྱུན་གྱི་གཙིགས་འཛིན་དང་འདོད་ཕྱོགས་ཙམ་དུ་མ་ཟད། མིག་རྒྱ་ཕྱེ་བའི་དབྱེ་ཞིབ་ཅིག་ཀྱང་ཡིན།

རྒྱ་ནག་གི་མ་འོངས་པར་དབྱེ་ཞིབ་བྱེད་ན། ང་ཚོས་རྒྱ་ནག་གི་ཕྱི་འབྲེལ་དང་ཁོའི་བཅོས་སྒྱུར་གྱི་འཕེལ་འགྱུར་རིང་པོ་སོགས་ཚུད་པའི་རྒྱ་ནག་གི་རྒྱུན་ལྡན་མིན་པའི་ལོ་རྒྱུས་ཀྱི་བྱུང་བ་དག་ལ་སྔར་ལྷག་གི་གོ་རྟོགས་རྙེད་དགོས། དེ་ནི་རྙོག་འཛིང་གི་ལས་དོན་ཞིག་ཡིན། རྒྱ་ནག་རང་གི་ནང་དུའང་རྒྱ་ནག་གི་ལོ་རྒྱུས་དང་། ཁོའི་ད་ལྟ་དང་མ་འོངས་པ་སོགས་ཀྱི་ཐད་ལ་འགྲན་རྩོད་རང་བཞིན་གྱི་ལྟ་སྟངས་ཧ་ཅང་མང་པོ་ཡོད།

ང་ཚོས་ཨོ་སི་ཊོ་ལི་ཡའི་མི་རིགས་གཙུག་ལག་སློབ་གླིང་དུ་ཨོ་སི་ཊོ་ལི་ཡའི་འཛམ་གླིང་རྒྱ་ནག་བསྟི་གནས་ཞེས་པ་གསར་འཛུགས་བྱེད་བཞིན་པའི་དོན་ཡང་དེ་ཡིན། བསྟི་གནས་འདི་ནི་རྒྱ་ནག་ལ་གོ་རྟོགས་མཐོར་འདེགས་བྱེད་མཁན་དང་རྒྱ་ནག་མཉམ་དུ་འབྲེལ་མོལ་གོང་འཕེལ་གཏོང་མཁན་གྱི་རྒྱལ་སྤྱིའི་བསྟི་གནས་ཤིག་ཏུ་བསྒྱུར་རྒྱུ་ཡིན། དེས་ལྷག་པར་དུ་འཛམ་གླིང་ནང་རྒྱ་ནག་གིས་ནུས་པ་ཅི་ཞིག་འདོན་པའི་ཐད་ལྟ་རྒྱུ་ཡིན།

ང་ཚོས་བསྟི་གནས་ཁང་འདི་རྒྱ་ནག་ལ་མངོན་གསལ་གྱི་འགྱུར་བ་འགྲོ་བཞིན་པའི་དུས་སྐབས་ཤིག་ལ་ཕྱེ་སྟེ། མ་འོངས་པར་རྒྱ་ནག་གིས་བྱེད་ལས་གང་འདྲ་ཞིག་མཐོང་བར་སྤྲོ་སེམས་སྐྱེད་དུ་འཇུག་རྒྱུ་ཡིན། རྒྱ་ནག་ལ་ལྟ་སྟངས་ཀྱི་ཕྱོགས་ནས་ད་ཡོད་ཀྱི་འཛམ་གླིང་གི་གོ་རིམ་ལ་ཉེན་ཁ་སྤྲོད་སྲིད་པའི་མཁྲེགས་འཛིན་གྱི་ལྟ་ཚུལ་འཛིན་མཁན་དང་། དེ་ལས་ལྡོག་སྟེ། ༼ཝ་ཤིན་ཊོན་གྱི་ཐག་གཅོད་༽ཀྱི་ཚབ་ཏུ། ༼པེ་ཅིན་གྱི་ཐག་གཅོད་༽འཇོག་དགོས་པའི་ལྟ་ཚུལ་འཛིན་མཁན་ཡོད་ལ། འདི་གཉིས་ཀྱི་བར་ནས་བཤད་མཁན་ཡང་ཤིན་ཏུ་མང་། དོན་དངོས་ཐོག་བཤད་ན། རྒྱ་ནག་དང་དེའི་མ་འོངས་པའི་ཐད་ལ་རྩོད་རྙོག་གི་ལྟ་ཚུལ་མང་པོ་ཡོད། ལྟ་ཚུལ་མི་འདྲ་བ་འདི་དག་ནི་གཞན་གྱིས་བཟུང་ཡོད་པ་དེ་བཞིན་དུ་རྒྱ་རིགས་ཚོས་ཀྱང་བཟུང་ཡོད་པ་རེད།

རྒྱ་ནག་ལ་མཚོན་ན་ཁོས་རྒྱལ་ནང་གི་དཔལ་འབྱོར་བཅོས་སྒྱུར་དང་གོ་ལ་རང་བཞིན་གྱི་དཔལ་འབྱོར་མཉམ་ཞུགས་ཀྱི་སྲིད་བྱུས་སྟེང་ནས་ཁེ་བཟང་ཆེན་པོ་བྱུང་ཡོད་པ་རེད། ཡིན་ཡང་། དཔལ་འབྱོར་བཅོས་སྒྱུར་གྱི་ཐད་ལ་རྒྱ་ནག་རང་དུ་ད་དུང་ཡང་རྩོད་གླེང་ཞིག་འགྲོ་བསྡད་ཡོད་པ་རེད། དེ་བཞིན་རྒྱ་ནག་གི་མ་འོངས་པའི་ཐད་ལའང་རྒྱལ་སྤྱི་རང་བཞིན་གྱི་བགྲོ་གླེང་ཡོད་པ་རེད། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ལག་བསྟར་བྱ་ཕྱོགས་དང་། དོན་དངོས་ཀྱི་ཕྱི་གསལ་ནང་གསལ་གྱི་གཞུང་འཛིན་དང་རང་དབང་ལྡན་པའི་ཁྲིམས་བཤེར་ལམ་ལུགས་ཤིག་ལ་ཡར་རྒྱས་གཏོང་རྒྱུའི་སྐོར་ལ་གནད་དོན་ཆེན་པོ་ཡོད་པ་རེད། རྒྱ་ནག་གི་གྲོགས་པོ་ཚོས་ཀྱང་རྒྱ་ནག་གི་དཔལ་འབྱོར་ལམ་ལུགས་ཡར་རྒྱས་དེ་ནི་རྒྱ་ནག་དང་ཁོའི་མི་དམངས་དེ་གོ་ལ་རང་བཞིན་གྱི་འཛམ་གླིང་དཔལ་འབྱོར་གྱི་ནང་དུ་འཁྲིད་ཐུབ་པ་ཞིག་ལ་མཐོང་འདོད་ཡོད་པ་རེད།

ཡར་རྒྱས་འགྲོ་བཞིན་པའི་རྒྱ་ནག་ལ་མཚོན་ན་གོ་ལ་རང་བཞིན་གྱི་སྟེང་ནས་སོ་སོའི་འདོད་འདུན་དེ་འཚོལ་གི་རེད། དེ་ནི་རང་བཞིན་གྱི་གནས་ཚུལ་རེད། ངས་ནི་རྒྱ་ནག་གིས་ཉེ་བའི་ལོ་རབས་འགའི་ནང་དུ་རྒྱ་ནག་ལ་ཕན་ཐོགས་གང་ལེགས་བྱུང་བའི་རྒྱལ་སྤྱིའི་ལམ་ལུགས་དེར་ངོ་རྒོལ་བྱེད་རྒྱུ་མིན་པར། དེ་དང་མཉམ་དུ་ལས་ཀ་བྱེད་སྐབས་ཀྱི་སོ་སོའི་གཞི་རྩའི་ཁེ་ཕན་དེ་ངོས་ཟིན་པའི་ཡིད་ཆེས་བྱེད་ཀྱི་ཡོད། ང་ཚོས་འདི་དག་ནི་རྒྱ་ནག་གིས་སྟོབས་ཆེན་ཉི་ཤུ་ (G20) ནང་དུ་ནུས་པ་འདོན་སྟངས་ལས་མཐོང་ཐུབ་ལ། དེའི་ནང་དུ་རྒྱ་ནག་གིས་སྟོབས་ཆེན་རྒྱལ་ཁབ་གཞན་རྣམས་དང་མཉམ་རོགས་ཀྱིས་གོ་ལ་རང་བཞིན་གྱི་དཔལ་འབྱོར་ཉམས་རྒུད་ལ་རྩོད་ལེན་བྱས་ཡོད། དེས་མི་ཚད་རྒྱ་ནག་གིས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་རུབ་ཀྱིས་ནམ་ཟླའི་འགྱུར་ལྡོག་གི་གདོང་ལེན་ལ་ལག་པ་འཆིང་ཡོད། ཡིན་ཡང་དཀའ་རྙོག་འདིའི་ཁྲོད་དུ་རྒྱ་ནག་གིས་སྔར་ལས་ལྷག་པའི་དབུ་ཁྲིད་ཆེན་པོ་ཞིག་གི་ནུས་པ་འདོན་དགོས་པར་འདུག

རྒྱ་ནག་གིས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་རྒྱལ་ཁབ་རྣམས་དང་མཉམ་དུའང་འབྲེལ་བ་གཏིང་ཟབ་མོ་འཛིན་གི་ཡོད། ཨོ་སི་ཊོ་ལི་ཡའི་དམིགས་ཡུལ་ནི་མ་འོངས་པའི་དཀའ་ངལ་ལ་བསམ་སྟེ་མངའ་ཁུལ་འཛུགས་སྐྲུན་དང་པོ་ཆགས་རྒྱུ་དེ་ཡིན་ལ། རྒྱ་ནག་གིས་འདིའི་ཐད་དུའང་སེམས་སྐུལ་རང་བཞིན་གྱི་མཉམ་ལས་བྱས་ཡོད།

རྒྱ་ནག་གིས་འཛམ་གླིང་གི་གོ་རིམ་ཐད་ཕུལ་བའི་ལེགས་སྐྱེས་ནི་ངོས་ལེན་མི་བྱེད་ཐབས་མེད་ཅིག་ཡིན། ཡིན་ཡང་། ད་དུང་སྒྲུབ་དགོས་པའི་ལས་དོན་དེ་ལས་མང་བ་ཡོད།  རྒྱ་ནག་གིས་ཨབ་གྷན་དང་ཨི་རན་ལྟ་བུ་གོ་ལ་རང་བཞིན་གྱི་བདེ་འཇགས་ཀྱི་ཕྱོགས་ལ་རྒྱལ་སྤྱིའི་འབད་བརྩོན་ལ་སྔར་ལྷག་གི་རྒྱབ་སྐྱོར་བྱ་ཐུབ་གི་རེད་ལ། བྱེད་ཀྱང་དགོས་པ་ཞིག་རེད།

རྒྱ་ནག་གིས་འཛམ་གླིང་གི་གོ་རིམ་འདི་ཁྲིམས་ལ་གཞི་བཅོལ་ཞིང་། རྒྱུན་གནས་དང་ནུས་ཤུགས་ཀྱི་སྒོ་ནས་བརྟན་ལྷིང་ཡོང་བའི་ཐད་རྒྱལ་སྤྱིའི་སྟོབས་ཤུགས་ཀྱི་གྲལ་དུ་ནུས་པ་བཏོན་པ་ཡིན་ན་རྒྱ་ནག་ལ་ཕན་ཆེ་ལ། འཛམ་གླིང་ལའང་ཕན་ཆེ་བ་ཡོད།

རྒྱ་ནག་གིས་འཛམ་གླིང་གོ་རིམ་གྱི་འགྱུར་རིམ་ཁྲོད་ནུས་པ་ཅི་ཞིག་འདོན་ངེས་པ་དང་། འདོན་ཐུབ་པ། འདོན་དགོས་པ་བཅས་ཤེས་དགོས་ན་ང་ཚོས་རྒྱ་ནག་འདི་གཏིང་ཟབ་མོའི་སྒོ་ནས་ཤེས་དགོས་ལ། རིམ་པ་མཐའ་དག་ནས་རྒྱ་ནག་མཉམ་དུ་དྲང་པོ་དྲང་བཞག་གིས་མཉམ་འབྲེལ་བྱེད་དགོས། ང་རང་གིས་ད་ནི་རྒྱ་ནག་རིག་པ་གསར་པ་ཞིག་གི་དུས་སྐབས་ཡིན་པར་ཡིད་ཆེས་བྱེད་ཀྱིན་ཡོད།

འདི་ནི་ངེས་པར་གྲང་དམག་རྙིང་བའི་སྐབས་ཀྱི་རྒྱ་རྒོལ་དང་རྒྱ་ཕྱོགས་ཞེས་པའི་འདུ་ཤེས་དེའི་ཕ་རོལ་ཏུ་བརྒལ་དགོས་པ་རེད། ད་ལྟའི་དངོས་ཡོད་ནི་སྔོན་མའི་ཕྱོགས་གཉིས་འགལ་བའི་རྣམ་པ་ཅན་གྱི་བསམ་ཚུལ་དེ་ལས་མགོ་རྙོག་ཆེ་བ་ཡོད། ང་ཚོས་རྒྱ་ནག་མཉམ་དུ་བསམ་ཚུལ་བཤད་དུས་ང་ཚོས་རྒྱ་ནག་ལ་བཅིངས་པའི་གྲོགས་འབྲེལ་དང་རྒྱ་ནག་གིས་ཨོ་སི་ཊོ་ལི་ཡར་བཟུང་བའི་གྲོགས་འབྲེལ་ལ་གཞི་མི་འཇོག་པར། ང་ཚོའི་ཡིད་ཆེས་དང་རིན་ཐང་ལྟ་ཚུལ་གྱི་ཐད་ནས་གླེང་སྟེ་གནད་དོན་གྱི་སྟེང་ལ་འབོད་དགོས་པ་རེད། ང་ཚོས་སྔར་ལས་ཀྱང་གསལ་བཤད་དམ་གསེད་བཀྲོལ་རང་བཞིན་གྱི་འབྲེལ་མོལ་སྟེ། སྟོབས་ཤུགས་རྒྱས་བཞིན་པའི་ཕྱོགས་སུ་ལམ་ཁ་གསར་པ་ཞིག་ནས་སྐྱོད་དགོས་པར་འདུག

ངས་འབྲེལ་མོལ་འདི་ནི་མཆེད་གྲོགས་ (zhengyou) ཞིག་གི་རྩ་དོན་སྟེང་ནས་འབྱུང་དགོས་པར་མཐོང་གི་ཡོད། མཆེད་གྲོགས་ནི་བློས་ཐུབ་ཀྱི་གྲོགས་པོ་ཡིན་ལ། དེ་ལྟའི་གྲོགས་པོ་ཞིག་གིས་སྐབས་ཐོག་གི་ཁེ་བཟང་གི་ཕ་རོལ་མཐོང་ཐུབ་ལ། ཁ་ཞེ་གཉིས་མེད་དང་གཏིང་ཟབ་པའི་གྲོགས་འབྲེལ་གྱི་རྨང་གཞིའི་ཐོག་ནས་བདེན་པ་བཤད་གི་རེད།

ཨོ་སི་ཊོ་ལི་ཡའི་ངོས་ནས་བཤད་ན། འདིའི་གོ་དོན་ནི་རང་གི་མངོན་འདོད་བཤད་དུས་དྲང་པོ་དྲང་བཞག་གི་སྒོ་ནས་རྒྱ་ནག་ལ་སྐད་ཆ་བཤད་ཐུབ་པ་དང་། རྒྱ་ནག་གི་ཕྱོགས་ནས་ཀྱང་དེ་ལྟར་བཤད་ཡོང་བར་རེ་བ་བྱེད་པ་སྟེ།  བརྩི་བཀུར་དང་། གོ་རྟོགས། རིན་ཐང་བཅས་ལ་གཉིས་མོས་ཀྱི་ངོས་འཛིན་ཡོད་པའི་ཐོག་ནས་འབྲེལ་མོལ་བྱ་རྒྱུ་དེ་ཡིན། འབྲེལ་ལམ་དང་གོ་རྟོགས་ཀྱི་རྩ་དོན་གསར་པ་འདི་ནི་རྒྱ་ནག་ལ་གལ་ཆེ་བ་ཇི་བཞིན་དུ་ཨོ་སི་ཊོ་ལི་ཡར་གལ་ཆེ་ལ། དེ་བཞིན་དུ་ཕྱོགས་བསྡུས་རང་བཞིན་གྱི་ནུབ་ཕྱོགས་པར་ཡང་གལ་ཆེན་པོ་ཆགས་ཡོད།

གསལ་བཤད། སྐུ་ཞབས་ རུ་ཌི་ ནི་ཨོ་སི་ཊོ་ལི་ཡའི་སྲིད་བློན་ཡིན་ལ། འདི་ནི་ཉེ་སྔོན་ཁོང་གིས་ཨོ་སི་ཊོ་ལི་ཡའི་འཛམ་གླིང་རྒྱ་ནག་བསྟི་གནས་ཞེས་པ་དབུ་འབྱེད་སྐབས་ཀྱི་གཏམ་བཤད་ནས་བསྡུས་ཤིང་རྩོམ་སྒྲིག་དང་བཅས་ Wall Street Journal གསར་ཤོག་གིས་བཏོན་པ་བོད་བསྒྱུར་བྱས་པ་ཡིན།

འབྲེལ་ཡོད་གསར་འགྱུར།

Xi Jinping, left, and Kim Jong Un, right, pictured shaking hands in this photo released by Xinhua. Xie Huanchi/Xinhua/AP
Mobile App

ཞི་ཅིན་ཕིན་མི་ལོ་བདུན་གྱི་རྗེས་བྱང་ཀོ་རི་ཡར་ཕྱིན། 

ཆུ་ཚོད་ ༡༥ སྔོན་ལ།
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

༢༠༢༦/༠༦/༠༩
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥

མཆན། 10

  1. ནད་པ says:
    ལོ་ 16 སྔོན།

    གུས་པར་བཀུར་བའི་སྟག་སྨྱོན་ལགས། གོང་གི་རྩོམ་ཡིག་འདིས་གནད་དོན་གལ་ཆེ་གང་འདྲ་ཞིག་ཡིན་མིན་དུས་རབས་ཀྱིས་སྤྲད་པའི་ཁ་ཕྱོགས་དང་ཕན་ནུས་ཤིག་བསྟན་མི་འདུག་གམ།

    ང་ཚོས་མི་འབོར་དུང་ཕྱུར་ ༡༣ ལྷག་ཡོད་པའི་རྒྱ་ནག་གི་མི་དམངས་དང་རྒྱ་ནག་གཞུང་ལ་བཙན་གནོད་ཀྱི་ལས་འགུལ་སྤེལ་མི་རུང་བ་ཞིག་རེད། ང་ཚོ་སྟེ་བོད་རིགས་ས་ཡ་དྲུག་ཡར་ལངས་འདོད་ན་སྟོབས་ཆེན་གྱི་རྒྱལ་ཁབ་རྒྱ་དཀར་ནག་གཉིས་དང་ཁ་ཞེ་སྙིང་མེད་ཀྱིས་སྒོ་ནས་མཐུན་སྒྲིལ་དམ་གང་ལེགས་བྱེད་དགོས།

    ལྷག་ཏུ་རྒྱ་ནག་དང་མཉམ་དུ་མཐུན་སྒྲིལ་ཆེན་པོ་ཞིག་སྐྲུན་ཏེ་རྒྱ་ནག་ཡར་ཟིན་པ་དང་མཉམ་དུ་ང་ཚོ་མཉམ་དུ་ཡར་འཛམ་གླིང་སྟེང་དུ་ལངས་ཐུབ་པར་བྱེད་དགོས།
    ཇི་སྲིད་རྒྱ་ནག་དང་ལྷན་དུ་མཉམ་འབྲེལ་ཡག་པོ་ཞིག་མ་བྱུང་ན་དེ་སྲིད་དུ་ང་ཚོ་ཡར་ལངས་ཐུབ་རྒྱུར་རེ་བ་ཇི་ཙམ་བརྒྱབ་ཀྱང་དོན་མེད་ཀྱི་ངལ་བ་ལས་རེ་འབྲས་མངོན་གྱུར་ཡོང་རྒྱུ་ལྟ་ཞོག་ཐ་ན་རང་ཉིད་ཐ་མ་ཕམ་ཉེས་སུ་འགྲོ་རྒྱུར་དོན་མི་ཟ།

    དེ་ན་ང་ཚོས་རྒྱ་ནག་དགྲ་རུ་མ་བཟུང་བར་གཉེན་དུ་འཛིན་ནས་གྲོགས་འབྲེལ་གྱི་འབྲེལ་ལམ་གཏིང་འཛུགས་ཐུབ་པར་འབད་དགོས།

    Reply
  2. སྤོབས་པ་མཐའ་ཡས། says:
    ལོ་ 16 སྔོན།

    འགྱུར་ཡག་པོ་བྱུང་ཡོད་མེད་མི་ཤེས་མོད་སྲིད་བློན་མཆོག་གི་མཚན་ལ་རུ་སྒྲི་ཟེར་བ་མ་རེད། ར་སྒྲི་ཟེར་བ་རེད། དབྱིན་ཡིག་ཀློག་སྟངས་ཟེར་བ་དེར་དམིགས་བསལ་མང་པོ་ཡོད་རེད། དཔེར་ན། Ruth ཟེར་བ་ཞིག་ཡོད་ན་རུ་ཐི་ཟེར་ནས་ཀློག་དགོས་པ་རེད། ཡིན་ན་ཡང་Rudd ཟེར་བ་ཞིག་ཡོད་ན་ར་སྒྲི་ཟེར་ནས་ཀློག་དགོས་པ་རེད།

    Reply
  3. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    རྣམ་པ་ཚོས་རྒྱབ་སྐྱོར་གྱི་སྐད་ཆ་བཤད་པར་ཐུགས་རྗེ་ཆེ། ཡིན་ཡང་། ལས་བྲེལ་གྱི་དབང་གིས་རྩོམ་འདི་མ་རྩོམ་དང་བསྡུར་ནས་བསྐྱར་དུ་ཞུ་དག་བྱས་མེད་པས། འགྱུར་ཡག་པོ་བྱུང་མེད་པ་རྣམ་པ་ཚོས་མ་བཤད་ཀྱང་ང་རང་གིས་ངོས་ལེན་བྱ་རྒྱུ་ཡིན། དུས་ཚོད་བྱུང་ན་ཞུ་དག་དང་གཤིབ་བསྡུར་རེ་བྱ་དགོས་བསམ་བསྡད་ཡོད། རྩོམ་འདིའི་ཁ་བྱང་ལ། A New sinology ཟེར་གི་རེད། རྣམ་པ་ཚོས་མ་རྩོམ་ལ་གཟིགས་འདོད་ན་རྩོམ་བྱང་འདི་ཐད་ཀར་གྷོ་གྷལ་ནང་ལ་འཚོལ་དང་རྙེད་གི་རེད། དེ་ནས་གཤིབ་བསྡུར་དང་མཉམ་དུ་ནོར་འཁྲུལ་གྱི་རིགས་འདིར་འགོད་རོགས་ཞུ།

    Reply
  4. བློ་དཔལ། says:
    ལོ་ 16 སྔོན།

    ལུང་རིགས་ལགས་ལ་བཀྲ་ཤིས་བདེ་ལེགས།

    Reply
  5. བློ་བཟང་། says:
    ལོ་ 16 སྔོན།

    ཡག་པོ་བསྒྱུར་འདུག་པར། རྩོམ་སྒྲིག་པ་ལུང་རིགས་རྒྱལ་ལགས་སུ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ། ད་དུང་འདི་འདྲ་གང་མང་བསྒྱུར་ཏེ་དུས་བབ་ཏུ་བཀོད་ཐུབ་ན། ང་དང་། ང་འདྲ་བར་ཕན་ཐུབ་ཆེན་པོ་འདུག་པར་སྙམ། བོད་ཀྱི་དུས་བབ་ནི་བཙན་བྱོལ་ཁྲོད་དུ་དྲྭ་རྒྱ་དང་། ཚགས་ཤོག་གཉིས་ཀ་དར་ཁྱབ་ཆེ་ཤོས་ཡིན་པར་ངོས་འཛིན་བྱེད་ཆོག

    Reply
  6. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    རྩོམ་སྒྲིག་པ་ལུང་རིག་ལགས་ཁྱེད་ཀྱིས་དུས་བབ་དྲ་ཐོག་ཏུ་ཁྱི་ཞེས་པའི་ཐ་སྙད་བཀོད་མི་ཆོག་གསུངས་འདུག་ཀྱང་ངས་ང་ཡི་ཟིན་བྲིས་ནང་དུ་ཁྱི་དང་ཁྱི་བདག་གཉིས་ཀྱི་ཆེད་དུ་རྩོམ་ཐུབ་བཞག་ཡོད།

    འགྲིག་གི་མེད་ན་མར་གཟུབ་ན་ཆོད་འགྲིག་གི་ཡོད་ན་བསམ་ཚུལ་ནང་དུ་བཀོད་ན་ཆོག

    Reply
  7. བཟོད་པ་ལྷ་རྩེ། says:
    ལོ་ 16 སྔོན།

    ལུང་རིགས་ལགས་ཀྱི་རྩོམ་ཡིག་ཡག་པོ་ཞིག་བོད་བསྒྱུར་གནང་སྟེ་མིག་གི་ལོངས་སྤྱོད་དུ་གཤམ་གནང་བ་ཐུགས་རྗེ་ཆེ་ཞུ་རྒྱུ་དང༌། དྲྭ་གྲོགས་སྟག་སྨྱོན་ལགས་ནས་གནད་ལ་འབིགས་པའི་དགོང་ཚུལ་ཡག་པོ་གསུང་འདུག་རྒྱབ་བསྐྱོར་ཞུ།
    ཨོ་སི་ཊི་ལི་ཡའི་སྲིད་འཛིན་གྱི་འཛམ་གླིང་རྒྱ་ནག་བསྟི་གནས་ཞེས་པ་དབུ་འབྱེད་སྐབས་ཀྱི་གཏམ་བཤད་ནང་ཨོ་སི་ཊོ་ལི་ཡ་དང་རྒྱ་ནག་གཉིས་བར་ཚོང་དོན་དང་ཆབ་སྲིད་སོགས་གྲོལ་མོས་ཡོངས་རེའི་མདུན་པ་ཞིག་སྟོན་པའི་རྩོམ་ཡིག་ཀློག་པས་ངའི་སེམས་ནང་བོད་རྒྱ་གྲོལ་མོས་ཟེར་བ་དེ་རྡོ་ཆག་བཙན་འགྲིག་བྱས་པ་ལྟ་བུ་ཞིག་ཏུ་མཐོང༌།
    རྒྱལ་ཁབ་ཚད་ལྡན་སྟོབས་ཤུགས་ཡོད་པའི་ཨོ་སི་ཊོ་ལི་ཡའི་ཀྱང་གྲོས་མོས་ཀྱི་རེ་བ་འདོན་བཞིན་པའི་དྲང་བདེན་མེད་པའི་རྒྱལ་ཁབ་དེ་ལ་ང་ཚོས་གྲོས་མོས་རེ་བ་འདི་བསམ་གྱིས་བསམ་གྱིས་རེ་བ་རྩ་བ་ནས་མེད་པ་ཞིག་ཏུ་མཐོང༌།
    སྤྱིར་གྲོས་མོས་ཟེར་རྒྱལ་ཁབ་ཕན་ཚུན་འདྲ་མཉམ་གྱི་འདུལ་ཤེས་ཀྱི་ལམ་ནས་བྱས་པ་ཡིན་ན་དོན་དང་ལྡན་པའི་གྲོས་མོས་ཞིག་ཡོང་ཐུབ་པ་ཡིན་ཀྱང་ད་ལྟའི་ཆར་འདྲ་མཉམ་མིན་པའི་སྟེང་ནས་གྲོས་མོས་ཚད་དང་ལྡན་པ་ཞིག་མི་ཡོང་བར་འདས་པའི་གནས་ཚུལ་དག་ལས་ཀྱང་སྤོགས་ཐུབ་ཡིན།
    ད་བར་གྱི་གྲོས་མོས་ཟེར་བ་ཞིག་རྩ་བ་ནས་བྱུང་མེད། གྲོས་མོས་ཆེད་ཕེབས་མཁན་རྣམས་ཀྱི་ཞལ་ནས་ད་རེས་རྣམ་འགྱུར་ཡག་པོ་འདུག་ད་རེས་རྣམ་འགྱུར་ཡག་པོ་མིན་འདུག་ཟེར་དུས་ཚོད་སྐྱལ་བཞག་སོང་། གྲོས་མོས་ལ་ཕེབས་མཁན་རྣམས་ནས་ལོ་རྒྱུས་ལ་འགན་ལེན་དགོས་གྲོལ་མོས་ཡོང་རེ་མེད་ན་ཤོག་ཟེར་ཚད་ལ་རྩ་བ་ནས་མ་ཕེབས་རོགས།
    རྒྱ་གཞུང་ནས་གྲོས་མོས་ཀྱི་ཆ་རྐྱེན་སྟོན་པ་ལས། ང་ཚོའི་ངོས་ནས་ཆ་རྐྱེན་འདོན་མྱོང་མེད་། ང་ཚོའི་ག་རེ་བྱས་ནས་ཆ་རྐྱེན་མ་སྟོན་པ་ཡིན་ནམ། ཆབ་སྲིད་དང་ཚོང་ལས་ཐོག་འདྲ་བའི་ཆ་མང་ཞིང་མི་འདྲ་བ་ཡང་ཡོད་པ་དངོས་བདེན་ཡིན། སྤྱིར་ན་ང་ཚོ་དང་རྒྱ་ནག་བར་གྱི་རྩོད་རྙོག་དེ་གྲོས་མོས་ཐེང་གཅིག་གཉིས་རྒྱུད་ཐག་མི་ཆོད་པ་ཞིག་ཡིན་ཚང་མས་ཤེས་གསལ་ལྟར་ད་བར་ཐེངས་དགུ་ཙམ་སོང་ཀྱང་རེ་བ་ཇེ་ཆུང་ཇེ་ཆུང་ལས་ད་ཕན་གྲུབ་འབྲས་འདི་རེད་ཟེར་བ་ཞིག་ངས་མ་མཐོང༌།

    Reply
  8. སྟག་སྨྱོན། says:
    ལོ་ 16 སྔོན།

    ཚོང་གིས་ཡོ་རོབ་དང་དང་ཨ་རི་སོགས་ལ་གད་སྙིགས་མང་པོ་བཟོ་གི་འདུག་ལབ་ནས་དཔང་རྟགས་མིག་སྟོན་བྱས་ན་ཚོང་སྡེ་དང་ཆབ་སྲིད་པ་ཚོས་ཉན་མི་སྲིད་ཀྱང་། མང་ཚོགས་ཀྱིས་རྒྱ་ནག་གི་དངོས་ཟོག་ཉོ་སྤྱོད་བྱེད་རྒྱུར་དགའ་བོ་མེད་པ་བཟོ་ཐུབ་ན་ནུས་པ་ཆེན་པོ་ཐོན་གྱི་རེད་མོད། ང་ཚོས་གནས་ཚུལ་དེ་གཏིང་ཟབ་པོ་དང་རྒྱ་ཆེན་དེ་ཙམ་བཟོ་ཐུབ་རྒྱུའི་ནུས་པ་དང་འཆར་གཞི་བཏོང་དགོས་པ་རེད་འདོད། ང་ཚོར་གཉའ་གནོད་བྱེད་གཅིག་རྒྱ་ནག་ཚོང་རེད། ང་ཚོས་རྒྱ་ནག་གི་ཚོང་གིས་རྒྱལ་ཁབ་གཞན་པོ་ནང་ལ་ལོ་བཞིན་གད་སྙིགས་ག་ཚོད་མང་དུ་དང་མགྱོགས་ཏུ་གཏོང་གི་ཡོད་པ་སོགས་བཤད་ནས་ནུས་འདོན་རྒྱུ་འདུག་དྲན།

    Reply
  9. སྟག་སྨྱོན། says:
    ལོ་ 16 སྔོན།

    དུས་ཚོད་སོགས་ཀྱི་དབང་གིས་འབྲི་འདོད་པ་མང་པོ་ཞིག་འབྲི་མ་ཐུབ། ཆ་རྐྱེན་དང་ནུས་པའི་དབང་གིས་མཉམ་ཞིབ་བྱེད་འདོད་པ་མང་པོ་ཞིག་བྱེད་མ་ཐུབ་པར་ལྷག་སོང་། འདི་རྩོམ་སྒྲིག་པ་དང་རྩོམ་པ་པོ་དང་བོད་དོན་འཐབ་རྩོད་སྤྱི་སྒེར་ནུས་པ་དང་ཆ་རྐྱེན་ཡོད་མཁན་ཚོར་དྲན་སྐུལ་དྲན་བྱེད་ན་འདོད་སོང་། ང་ཚོའི་ཕྱོགས་ནས་ཆེད་དུ་རྒྱ་ནག་དང་རྒྱལ་སྤྱིའི་ཚོང་འབྲེལ་སྐོར་ཧ་ཅང་ཞིབ་ཚགས་པོ་མཉམ་ཞིབ་བྱེད་མཁན་གྱི་སྡེ་ཚན་ནམ་རྒྱ་ནག་མཉམ་ཞིབ་ཁང་ནུས་པ་ལྡན་པ་ཞིག་དགོས་འདུག་སྙམ། དཔེར་ན་དེང་སྐབས་ནུབ་ཕྱོགས་ཁག་ཏུ་འཁོར་ཡུག་ཉམས་ཆགས་དང་གད་སྙིགས་ཀྱི་དཀའ་ངལ་ཚབས་ཆེན་པོ་ཆགས་ཡོང་གི་ཡོད་རེད། རྒྱ་ནག་རྒྱལ་སྤྱིའི་ཚོང་འབྲེལ་གྱི་གལ་ཆེའི་ཚོགས་མི་ཞིག་ཆགས་པ་ནས། ཡོ་རོབས་དང་ཨ་རུ་སོགས་ལ་གད་སྙིགས་ཀྱི་དཀའ་ངལ་ལོ་རེ་ཚབས་ཆེ་རུ་དང་མགྱོགས་ཏུ་འགྲོ་གི་ཡོད་པའི་དོ་སྣང་བྱུང་། དེ་ལ་མཉམ་ཞིབ་བྱེད་ཐུབ་ན་ང་ཚོར་བེད་སྤྱོད་ཅན་གྱི་གནད་དོན་མང་པོ་རྙེད་ཐུབ་སྲིད་། རྒྱ་ནག་གི་དངོས་ཟོག་གོང་ཁེ་ཡོད་པ་ནའང་འཕྲོ་བརླག་ཏུ་འགྲོ་འགྱོགས་པ་དང་རྙིངས་པ་ཆགས་སླ་བོ་ཡོད་པ་རེད། རྒྱལ་ཁབ་ཚོས་རྒྱུས་སྤུས་ཞན་པའི་རྒྱ་ནག་གི་དངོས་ཟོག་ནང་འདྲེན་བྱེད་བཞིན་པ་ནི་རྒྱ་ནག་གི་གད་སྙིགས་སོ་སོའི་ས་ཐོག་ལ་འོར་གི་ཡོད་པ་འདྲ་བོ་འདུག རྒྱ་ནག་ལ་སྒྲོ་ལོ་སྤྲད་གད་སྙིགས་ཐུམ་བརྒྱབ་ཡོད་པ་མང་པོ་ཡོ་རོབས་དང་ཨ་རི་སོགས་ལ་འོར་གི་ཡོད་འདྲ་་བོ་འདུག གང་ལྟར་ང་ཚོར་རྒྱལ་ནག་དང་རྒྱལ་སྤྱིའི་ཚོང་འབྲེལ་དང་ཁོར་ཡུག་དང་གད་སྙིགས་བར་གྱི་འབྲེལ་བར་མཉམ་ཞིབ་བྱས་ནས་གནད་དོན་རྣམས་མི་མང་ལ་ཁྱབ་བསྒྲགས་བྱེད་ཐུབ་ན་ཡག་པོ་འདུག་དྲན་གི་འདུག རྒྱ་མིས་བོད་ཀྱི་ཁོར་ཡུག་བཙོག་པ་བཟོས་ནས་འཕྲོ་བརླག་གཏོང་གི་འདུག་ལབ་ན་ང་ཚོར་སེམས་ཁུར་བྱེད་མཁན་ཉུང་ཉུང་རེད། འོན་ཀྱང་རྒྱ་ནག་དངོས་ཟོག་རྒྱུ་སྤུས་ཞན་པོ་དང་གད་སྙིགས་མགྱོགས་པོ་ཆགས་འགྲོ་བ་མང་པོ་ནང་འདྲེན་བྱས་ཏེ་ཡོ་རོབ་དང་ཨ་རི་ཁོ་རང་ཚོའི་ལུང་བ་གད་སྙིགས་ཀྱིས་གང་ཡོང་གི་ཡོད་པའི་རྣམ་པ་དེ་གསལ་བོ་བཟོ་ཐུབ་ན་མི་མང་ལ་སེམས་ཁྲལ་དང་གོ་རྟོག་སད་དེ་རྒྱ་ཕྱོགས་ལ་གནོད་ཤུགས་སྐྲུབ་ཐུབ་ས་རེད་འདོད།

    Reply
  10. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    རྩོམ་ཡིག་ཡག་པོ་ཞིག་བསྒྱུར་འདུག ལུང་རིགས་ལགས་ལ་ཐུགས་རྗེ་ཆེ་ཟེར་བ་ཡིན་ནོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese