མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་རྒྱ་གར་མི་འབོར་ཞིབ་བཤེར་གྱི་ནང་ཞུགས་པ།

བོད་ཀྱི་དུས་བབ།
༢༠༡༠/༠༥/༠༩
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་རྒྱ་གར་གྱི་ ༢༠༡༡ ལོའི་རྒྱ་གར་གྱི་མི་འབོར་ཞིབ་བཤེར་གྱི་འགེངས་ཤོག་བཀང་ཡོད་པ་དང་། ཁོང་ཉིད་རྒྱ་གར་དུ་ལོ་ ༥༠ ལྷག་ལ་བཞུགས་སྟབས་མི་འབོར་ཞིབ་བཤེར་གྱི་ལས་རིམ་འདིའི་ནང་ཞུགས་རྒྱུར་སྤྲོ་བོ་བྱུང་ཞེས་གསུངས་ཡོད་འདུག

རྒྱ་གར་གྱི་མི་འབོར་ཞིབ་བཤེར་ལས་ཁུངས་ཀྱི་མི་སྣ་སྐུ་ཞབས་ བྷི་ ཨར་ ཆོ་ཧན་ཞུ་བ་ཞིག་གིས་ ANI གསར་ཁང་ལ་བརྗོད་དོན། ང་ཚོ་ཏཱ་ལའི་བླ་མ་མཆོག་གི་སྐུ་མདུན་དུ་བཅར་བ་ཡིན། ཁོང་གིས་ཐུགས་སྤྲོ་བོ་དང་བཅས་མི་འབོར་ཞིབ་བཤེར་གྱི་འགེངས་ཤོག་དེ་བརྒྱངས་སོང་། ཁོང་གིས་གསུངས་དོན། ཁོང་ཉིད་རྒྱ་གར་དུ་འདས་པའི་ལོ་ ༥༠ ལྷག་གི་རིང་བཞུགས་པ་ཡིན་སྟབས། ཕྱི་ལོ་ ༢༠༡༡ ལོའི་མི་འབོར་ཞིབ་བཤེར་གྱི་ནང་དུ་ཚུད་པ་དེར་ཧ་ཅང་ཐུགས་སྤྲོ་བོ་བྱུང་ཚུལ་གསུངས་སོང་ཟེར།

སྐུ་ཞབས་བྷི་ ཨར་ ཆོ་ཧན་ལགས་ཀྱིས་མུ་མཐུད་བཤད་དོན། ཏཱ་ལའི་བླ་མ་མཆོག་གིས་ད་དུང་གསུངས་རྒྱུར། བཙན་བྱོལ་སྤྱི་ཚོགས་ནང་གི་བོད་མི་ཚང་མས་འགེངས་ཤོག་འདི་བརྒྱངས་དགོས་པ་རེད། དེ་ལྟར་བྱས་ན་ཚང་མར་དམིགས་བསལ་ངོ་རྟགས་ཀྱི་འཛིན་བྱང་རག་གི་རེད་ལ། རྗེས་ཕྱོགས་མི་སྒེར་གྱི་ཡིག་ཆའི་ནང་དུ་འགོད་ཐུབ་གི་རེད་ཅེས་གསུངས་སོང་ཟེར།

འདི་ནི་བཙན་བྱོལ་བོད་མི་རྣམས་རྒྱ་གར་གྱི་མི་འབོར་ཞིབ་བཤེར་ནང་དུ་བླངས་པ་ཐེངས་དང་པོ་རེད། ༢༠༡༡ ལོའི་ཞིབ་བཤེར་འདི་ནི་མི་སེར་ཚང་མར་སོ་སོའི་དམིགས་བསལ་གྱི་ངོ་རྟགས་ལག་འཁྱེར་ལེན་རག་རྒྱུའི་ལམ་ཁ་དང་པོ་དེ་ཡིན་པའི་ངོས་འཛིན་བྱེད་ཀྱིན་ཡོད་འདུག

རྒྱ་གར་གྱི་མི་འབོར་ཞིབ་བཤེར་དེ་ཧི་མ་ཅལ་མངའ་སྡེའི་ནང་དུ་ཕྱི་ཚེས་ ༧ ཉིན་ནས་མགོ་བཙུགས་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

སྐར་མ ༡༠ སྔོན་ལ།
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

ཆུ་ཚོད་ ༢ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༣༡
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། 

ཆུ་ཚོད་ ༣ སྔོན་ལ།
Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

༢༠༢༦/༠༣/༣༠
Mobile App

ཀ་ལུ་མན་གྲོང་དུ་ཟླ་གཅིག་དང་ཕྱེད་ཀ

༢༠༢༦/༠༣/༣༠
Mobile App

རྩིས་ལོ་ ༢༠༢༦་་༢༠༢༧ ནང་དགོས་དངུལ་བཀའ་འཁྲོལ་ཧིན་སྒོར་ས་ཡ་ ༣༤༠༨ ལྷག་སྤྱི་མོས་གཏན་འབེབས་གནང་།

༢༠༢༦/༠༣/༣༠

མཆན། 7

  1. སྟག་ཕྲུག says:
    ལོ་ 16 སྔོན།

    མི་འབོར་ཞིབ་བཤེར་འདི་རྒྱལ་ཁབ་གང་དེའི་མངའ་འབངས་ཀྱི་གྲངས་ཚད་གཏན་ཁེལ་བྱ་བའི་ལས་དོན་ཞིག་རེད། ང་ཚོ་རྒྱ་གར་ལ་སྐྱབས་བཅོལ་ནས་བསྡད་ཡོད་པ་ལས་རྒྱལ་འབངས་བྱས་ནས་སྡོད་ཀྱི་མེད་པ་རེད། ང་ཚོ་རྒྱལ་འབངས་མ་ཡིན་པའི་རྒྱལ་ཁབ་ཞིག་ལ་རྒྱལ་འབངས་ཞིབ་བཤེར་གྱི་ལས་རིམ་ནང་མཉམ་ཞུགས་བྱ་རྒྱུ་དེ་རང་ཉིད་ཀྱི་ས་མཚམས་ནས་ཐལ་དྲག་པའི་བྱ་བ་ཞིག་རེད་དོ། ང་ཚོའི་མི་དྲག་ཁ་ཅིག་ས་གནས་ཡུལ་མིའི་ལག་དེབ་བླང་ཡོད་པ་དག་གིས་འགེངས་ཤོག་དེ་བཀང་ན་ཏག་ཏག་རེད། མ་གཏོགས་སྐྱབས་བཅོལ་ལག་དེབ་ལ་བརྟེན་བཞིན་རང་རྒྱལ་བཙན་འོག་ཏུ་གནས་ཡོད་པའི་ངོས་འཛིན་ཡོད་པ་ཞིག་གིས་དེ་ལྟར་བྱ་མི་རུང་ངོ།།

    Reply
  2. རྒྱང་རིང་ནས། says:
    ལོ་ 16 སྔོན།

    ༧་གོང་མཆོག་རྒྱ་གར་གྱི་མི་འབོར་ཞིབ་བཤེར་ལ་ཞུགས་པ་དེ་ཡག་པོ་འདུག།

    Reply
  3. karma dorje says:
    ལོ་ 16 སྔོན།

    བཙན་བྱོལ་བོད་མི་རྣམས་ཐེ་ཚོམ་མེད་པར་ལམ་བུ་དེ་ལ་ཤར་བསྐྱོད་བྱས་ན་བཟང་བ་དང་སྤྱི་སྒེར་གཉིས་ཀར་ཕན་པའང་སྲིད།

    Reply
  4. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    གང་ལ་གང་འདུལ་དེ་ལ་དེ་སྟོན་པ།།
    འཕགས་མཆོག་ཕྱག་ན་པདྨོར་གུས་ཕྱག་འཚལ།།

    Reply
  5. ཨ་བཀྲ་ཤིས། says:
    ལོ་ 16 སྔོན།

    ལག་འཁྱེར་མེད་ལ་དཀའ་ངལ་འཕྲད་བཞིན་པ་དག་ནི་བོད་ནས་འབྱོར་བའི་བོད་མི་དག་རེད་འདུག ངོ་མ་ཕན་ཐོགས་རེ་ཡོད་ན་ལག་འཁྱེར་བཟོ་ཚད་རེད། དཔལ་འབྱོར་ཆ་རྐྱེན་མེད་ན་རང་གི་ཐོབ་ཐང་ལག་འཁྱེར་གྱི་ཆ་རྐྱེན་མཐུན་རྐྱེན་ཙམ་སྒྲུབ་པར་བཙན་བྱོལ་བོད་གཞུང་འདིས་འབད་པ་ཅུང་ཙམ་བྱས་ན་ཅི་མ་རུང་།

    Reply
  6. མི་རབས་རྗེས་མར་བསམ་གཞིགས་ནན་ཏན་ says:
    ལོ་ 16 སྔོན།

    རྒྱ་གར་གྱི་མི་འབོར་ཞིབ་བཤེརགྱི་ནང་དུ་རྒྱ་གར་གནས་སྡོད་བོད་མི་ཡོངས་རྫོགས་མཉམ་ཞུགས་གནང་པ་ཡིན་ན་ འཇུག་འགྱུར་གྱི་ལོ་བརྒྱ་ཕྲག་ཁ་ཤས་ཀྱི་གནས་ཚུལ་འོག ་བོད་དེ་ཡང་རྒྱ་གར་གྱི་མངའ་ཁུངས་ཡིན་པའི་དཔང་རྟགས་གྱུར་ཏེ་དཀའ་ངལ་འཕྲོད་སྲིད་པ་ཞིག་མ་རེད་དམ་། ཛམ་གླིང་གི་འཕོ་འགྱུར་དེ་ནི་སུ་གཅིག་གི་ཚད་དཔག་ཐུབ་པའི་གདེང་མཁེལ་པ་སུ་གཅིག་གི་ཤོད་མིན་ཐུབ་པས་ དེར་བརྟེན་ བློ་གཟུ་བོ་གནས་པའི་དྲ་གྲོགས་དག་ནས་རྣམ་དཔྱོད་གྱི་རྩལ་སྦྱངས་ཏེ་ཐོག་ དགོངས་ཚུལ་ཅིག་གསུངས་བརྡ་ ཉེས་འགག་སུ་མ་མཆིས་སམ་། ནོར་འཁྲུག་ཤོར་ཡོད་ན་དགོངས་སེལ་ཞུ་རྒྱུ་ཡིན་

    Reply
  7. ཨརྱ། says:
    ལོ་ 16 སྔོན།

    འདི་ནི་རྒྱ་གར་གཞུང་གིས་༧གོང་ས་མཆོག་མགྲོན་པོ་ཞིག་གི་ས་ནས་མ་བཞག་པར་ཁྱིམ་མི་ངོ་མ་ཞིག་ཏུ་བླངས་པར་རྩི་ཆོག་གམ། ཡང་ན་ཨ་རི་ན་ཅལ་གྱི་དགོས་མཁོ་ཞིག་ཡིན་སྲིད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese