མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངྷ་ཤོད་བོད་ཁྱིམ་སློབ་གྲྭའི་བོད་ལྗོངས་ང་ཚོའི་ཕ་ཡུལ།

བོད་ཀྱི་དུས་བབ།
༢༠༡༠/༠༥/༡༢
Share on FacebookShare on TwitterShare on EmailShare on Whatsapp

བོད་ལྗོངས་ང་ཚོའི་ཕ་ཡུལ་ནི་བོད་ཕྲུག་ཁྱིམ་སྡེའི་སློབ་གྲྭ་ཁག་གི་ལོ་རེའི་དམིགས་བསལ་ལས་རིམ་ཞིག་ཡིན་ལ། གཙོ་བོ་སློབ་ཕྲུག་ཚོར་བོད་རང་གི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། ཡུལ་གོམས་གཤིས་ལུགས་གཙོས་བོད་རང་གི་སྐོར་ངོ་སྤྲོད་དང་དྲན་གསོའི་ཆེད་དུ་དམིགས་པ་ཞིག་ཡིན།

བོད་ཕྲུག་ཁྱིམ་སྡེའི་སློབ་གྲྭ་ཁག་ཏུ་ལོ་ལྟར་ཟླ་གཅིག་རིང་བོད་ལྗོངས་ང་ཚོའི་ཕ་ཡུལ་ཞེས་པའི་ལས་རིམ་ཞིག་གོ་སྒྲིག་བྱེད་ཀྱིན་ཡོད་ཅིང་། དེ་ལྟར་བྱེད་དོན་བཙན་བྱོལ་དུ་སྐྱེས་ཤིང་འཚར་ལོངས་བྱུང་བ་དང་། ཡང་ཕ་ཡུལ་ནས་ཡོང་ནའང་ལོ་ན་ཆུང་སྟབས་རང་གི་ཕ་ཡུལ་གྱི་ཡུལ་སྲོལ་གོམས་གཤིས་ལ་རྒྱུས་མངའ་མེད་རིགས་ལ། ཕ་ཡུལ་གྱི་ཡུལ་སྲོལ་གོམས་གཤིས་དང་ཆོས་དང་རིག་གཞུང་སོགས་ངོ་སྤྲོད་བྱེད་ཆེད་ཡིན།

དེ་ལྟར་ངྷ་ཤོད་བོད་ཁྱིམ་སློབ་གྲྭས་ཀྱང་ཟླ་སྔོན་མའི་ཕྱི་ཚེས་ ༡༢ ཉིན་ནས་མགོ་འཛུགས་ཀྱིས་དེ་རིང་ཕྱི་ཚེས་ ༡༢ ཉིན་བར་ཟླ་གཅིག་རིང་གི་བོད་ལྗོངས་ང་ཚོའི་ཕ་ཡུལ་གྱི་ལས་རིམ་དེ་གོ་སྒྲིག་གནང་ཡོད་པ་དང་། དེ་རིང་མཇུག་སྡོམ་མཛད་སྒོ་དང་སྟབས་བསྟུན་འཛིན་གྲྭ་དྲུག་པ་ནས་བཅུ་བ་བར་གྱི་སློབ་ཕྲུག་བར་ལ། འཛིན་གྲྭའི་ནང་ཁུལ་གྱི་འདྲི་རྩལ་འགྲན་བསྡུར་ཞིག་ཀྱང་གནང་ཡོད། ཉིན་དེའི་མཛད་སྒོའི་སྟེང་བོད་ཕྲུག་ཁྱིམ་སྡེའི་སྤྱི་ཁྱབ་འགན་འཛིན་ཚེ་དབང་ཡེ་ཤེས་མཆོག་ཕེབས་ཡོད། འཛིན་གྲྭ་དྲུག་པ་ནས་བཅུ་བ་བར་གྱི་འཛིན་གྲྭ་ཁག་ཏུ་ནང་གསེས་སྡེ་ཚན་བཅུ་གཉིས་ཡོད་པའི་ཁྲོད་ནས་མཇུག་མཐར་འཛིན་གྲྭ་བདུན་པ་བུམ་པས་ཨང་དང་པོ་བླངས་ཡོད།

འདི་གའི་གསར་འགོད་པས་སློབ་སྤྱི་ཆོས་དབྱིངས་དོན་གྲུབ་ལགས་སུ་ལས་རིམ་འདིའི་སྐོར་བཀའ་འདྲི་ཞུས་པར། ཁོང་གིས་ངོ་སྤྲོད་གནང་དོན། ང་ཚོས་ལོ་ལྟར་བོད་ལྗོངས་ང་ཚོའི་ཕ་ཡུལ་ཞེས་པ་སྲུང་གཙི་བྱེད་ཀྱིན་ཡོད་པ་དང་། བོད་ཕྲུག་ཁྱིམ་སྡེར་དགོས་དམིགས་བཞི་ཡོད་པའི་དང་པོ་ནི་བོད་ཀྱི་ཆོས་དང་རིག་གཞུང་། ཡུལ་སྲོལ་གོམས་གཤིས་སོགས་ཆ་ཚང་བའི་བོད་མི་བཟང་པོ་ཞིག་སྐྲུན་ཟེར་བ་དེ་རེད། དེའི་སྒྲུབ་བྱེད་དང་པོ་ལོ་ལྟར་ཟླ་གཅིག་རིང་བོད་ལྗོངས་ང་ཚོའི་ཕ་ཡུལ་ཞེས་པའི་ལས་རིམ་འདི་ཆགས་ཡོད། ལས་རིམ་འདི་ནི་རྒྱ་གར་ནང་འཚར་ལོངས་བྱུང་བའི་བོད་ཕྲུག་རྣམས་ལ་རང་ཉིད་ཀྱི་ཕ་ཡུལ་ངོ་སྤྲོད་དང་དྲན་གསོ་གཏོང་རྒྱུ་དང་རིག་གཞུང་དང་ཡུལ་གོམས་གཤིས་ལུགས་སོགས་ངོ་སྤྲོད་བྱེད་པའི་ཆེད་དུ་རེད་ཅེས་གསུངས།

ཡང་ཁོང་གིས་དེ་རིང་འདིར་འཛིན་གྲྭ་ནང་ཁུལ་དུ་འདྲི་རྩལ་འགྲན་སྡུར་བྱེད་དོན། ༧གོང་ས་མཆོག་དགུང་གྲངས་ ༧༥ ལ་ཕེབས་པར་དགའ་སྟོན་དང་། དམིགས་བསལ་གྱིས་༧གོང་ས་སྐུ་ཕྲེང་བཅུ་བཞི་བ་མཆོག་གི་གསང་གསུམ་གྱི་མཛད་པ་འཕྲིན་ལས་ཐོག་ཏུ་སློབ་སྦྱོང་བྱ་རྒྱུ་བྱས་ཏེ། སྔོན་འགྲོའི་འཛིན་གྲྭས་༧གོང་ས་མཆོག་སྐུ་ཕྲེང་དང་པོ་ནས་བཅུ་བཞི་བར་གྱི་མཚན་བློ་འཛིན་དང་། དང་པོ་དང་གཉིས་པས་སྐུ་ཕྲེང་དང་པོ་ནས་བཅུ་བཞིའི་བར་གྱི་བསྟོད་ཚིག་བློར་འཛིན་རྒྱུ། གསུམ་པས་༧གོང་ས་སྐུ་ཕྲེང་བདུན་པའི་མཛད་རྣམ་ལ་སློབ་སྦྱོང་། བཞི་བས་༧གོང་ས་སྐུ་ཕྲེང་ལྔ་པའི་མཛད་རྣམ་སློབ་སྦྱོང་། ལྔ་པས་༧གོང་ས་སྐུ་ཕྲེང་བཅུ་གསུམ་པའི་མཛད་རྣམ་སློབ་སྦྱོང་བྱ་རྒྱུ་སོགས། སྔོན་འགྲོའི་འཛིན་གྲྭ་དང་འཛིན་གྲྭ་དང་པོ་ནས་བཅུ་བ་བར་གྱི་སློབ་མ་ཡོངས་ཀྱིས་༧གོང་ས་སྐུ་ཕྲེང་རིམ་བྱོན་དང་། དམིགས་བསལ་གྱིས་༧གོང་ས་སྐུ་ཕྲེང་བཅུ་བཞི་བ་མཆོག་གི་མཛད་རྣམ་སྐོར་ལ་སློབ་སྦྱོང་གནང་ཡོད་པ་ལྟར། དེ་རིང་༧གོང་ས་མཆོག་གི་མཛད་རྣམ་དང་འབྲེལ་བའི་འདྲི་རྩལ་འགྲན་བསྡུར་དེ་གནང་བ་རེད་ཅེས་འགྲེལ་བརྗོད་གནང་ཡོད།

མཛད་སྒོའི་སྟེང་ཕེབས་པའི་སྐུ་མགྲོན་གཙོ་བོ་བོད་ཕྲུག་ཁྱིམ་སྡེའི་འགན་འཛིན་ཚེ་དབང་ཡེ་ཤེས་ལགས་ཀྱིས་མཛད་སྒོའི་མཇུག་སྡོམ་སྐབས་གསུངས་དོན། ཐེངས་འདིའི་བོད་ལྗོངས་ང་ཚོའི་ཕ་ཡུལ་གྱི་ལས་རིམ་ནང་༧གོང་ས་མཆོག་གི་མཛད་རྣམ་སྐོར་བཞག་པར་དགའ་བོ་བྱུང་བ་དང་། དེ་ནི་༧གོང་ས་མཆོག་གི་རླབས་ཆེན་མཛད་འཕྲིན་ངོ་སྤྲོད་ཙམ་མིན་པར་ཁོང་གི་དགོངས་དོན་རྟོགས་པར་ཕན་འབྲས་འབྱུང་གི་ཡོད་སྟབས་ཡག་པོ་རེད་ཅེས་དང་། ༧གོང་ས་མཆོག་གིས་ད་ལྟའི་བོད་མི་རིགས་ཀྱི་བསྟན་པ་ཆབ་སྲིད་དང་འཛམ་གླིང་ཞི་བདེ། ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ཐད་དུ་ཕྱག་ལས་གནང་སྟབས་ང་ཚོས་དྲན་གསོ་ཞུ་དགོས་པར་མ་ཟད། ཁོང་གི་མཛད་འཕྲིན་སྐྱོང་སྟངས་དང་བཀའ་སློབ་ལམ་སྟོན་ཁག་ལ་སྦྱངས་ཏེ་ཤེས་པ་བྱ་རྒྱུ་དང་། མཐའ་མར་ལག་ལེན་དུ་བསྟར་དགོས་པ་སོགས་ཀྱི་བཀའ་སློབ་གནང་ཡོད།

མཇུག་མཐར་ཁོང་གིས། སྤྱིར་བཏང་བོད་ལྗོངས་ང་ཚོའི་ཕ་ཡུལ་ཞེས་པའི་ལས་རིམ་རང་ཉིད་ལ་དགོས་པ་དང་ཕན་ཡོན་ཡོད་ནའང་། ཐེངས་འདིའི་བོད་ལྗོངས་ང་ཚོའི་ཕ་ཡུལ་སྲུང་གཙི་ཞུ་སྟངས་དང་བརྗོད་གཞི། ངོ་བོ་དེ་མི་ལྟ་བུར་མཚོན་ན་ལོ་ཚོད་དུ་སླེབས་ནས་བསམ་བློ་ནན་ཏན་ཐོག་དགོངས་པ་བཞེས་ཏེ། ཚད་གཞི་ཞིག་ཏུ་སླེབས་ཐུབ་པའི་རྣམ་པའི་ཐོག་ནས་གནང་བ་དེ་གསལ་བོ་རེད། དེར་དམིགས་བསལ་གྱིས་དགའ་བོ་བྱུང་།

ལས་རིམ་འདི་ནི་འདྲ་ཆགས་ཆགས་དང་འགྲོ་སྟངས་ཙམ་ཁྱོན་ནས་མ་རེད། དོན་དག་སྟེང་དུ་དགོངས་པ་བཞེས་དགོས་ཀྱི་ཡོད། དེ་རིང་གི་བྱེད་སྟངས་འདིས་སློབ་ཕྲུག་ཚོར་མཚོན་ནའང་སློབ་སྦྱོང་གཏིང་ཟབ་ཏུ་འགྲོ་བ་དང་ཕྱུག་ཏུ་འགྲོ་བ། ཤེས་ཡོན་གྱི་དགོས་དམིགས་ཐོག་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་དང་ནུས་ཤུགས་ཐེབས་པ་ཞིག་ཏན་ཏན་ཡོང་གི་རེད་བསམ་གྱི་འདུག་ཅེས་གསུངས།
ཡང་། ངྷ་ཤོད་བོད་ཕྲུག་ཁྱིམ་སྡེའི་བོད་ལྗོངས་ང་ཚོའི་ཕ་ཡུལ་གྱི་ལས་རིམ་འདི་བོད་ཕྲུག་ཁྱིམ་སྡེ་ནང་ཁུལ་ལ་མཚོན་ན་དོ་ནན་པོ་དང་ནུས་ཤུགས་འཕར་མ་ཞིག་བསྐྱོན་ཏེ། ལེགས་པ་ཡོང་དགོས་པ་ཞིག་ཆགས་བསྡད་པར་མཐོང་གི་འདུག དེ་ཞུ་དོན་སློབ་ཕྲུག་ཚོའི་རྒྱབ་ལྗོངས་ངོས་ནས་ཞུ་གི་ཡོད། འདིར་ཡོད་པའི་སློབ་ཕྲུག་ཕལ་ཆེ་བར་ཕ་མ་ཡོད་པ་གང་ཞིག་ལ་རྒྱ་གར་ནང་དུ་སྐྱེས་ཤིང་འཚར་ལོངས་བྱུང་བ་ཤ་སྟག་རེད། མང་བོ་ཞིག་གི་ཕ་མ་ས་གནས་འདྲ་མིན་ནང་ཡོད་པའམ་། ཡང་ན་ཚོང་སར་ཡོད་པ་སོགས་ས་གནས་ཁག་མང་བོ་ནས་ཡོང་བའི་སློབ་ཕྲུག་ཡོད། དེར་བརྟེན་ཕ་མ་མཉམ་དུ་བསྡད་དེ་བོད་ཀྱི་གནད་དོན་ལ་ཞིབ་འཇུག་ཡོང་རྒྱུ་ཁག་པོ་ཡིན་སྟབས། ལས་རིམ་འདི་བརྒྱུད་དེ་ཤེས་བྱ་ཡོན་ཏན་དང་མི་གཤིས་ཀུན་སྤྱོད་སོགས་བོད་མི་ཚད་ལྡན་ཡོང་བ་ཞིག་ཏུ་ཤུགས་བསྐྱོན་རོགས་ཞེས་གསུངས་ཡོད།

འདི་གའི་གསར་འགོད་པས་ལས་རིམ་འདི་དང་འབྲེལ་སློབ་ཕྲུག་འགར་བཅར་འདྲི་ཞུས་པར། འཛིན་གྲྭ་ལྔ་བའི་སློབ་ཕྲུག་བསྟན་འཛིན་རྒྱལ་མཚན་གྱིས། ངས་ལས་རིམ་འདི་བརྒྱུད་དེ་ཀློག་སྟངས་དང་སྦྱང་སྟངས་ཤེས་སོང་། དེ་མིན་༧གོང་ས་སྐུ་ཕྲེང་བཅུ་གསུམ་པའི་མཛད་རྣམ་སྐོར་སྦྱངས་པ་ཡིན་ཟེར། ཡང་འཛིན་གྲྭ་བདུན་པའི་སློབ་ཕྲུག་བསྟན་འཛིན་རྡོ་རྗེས། ངས་ལས་རིམ་འདི་བརྒྱུད་ནས་སྔོན་མར་བོད་ལ་ག་རེ་བྱེད་ཀྱིན་ཡོད་མེད་སྐོར་ཚང་མ་ཤེས་སོང་། ང་ཚོའི་འཛིན་གྲྭས་ཕྱི་ལོ་ ༡༩༥༢ ནས་ ༡༩༥༨ བར་གྱི་༧གོང་ས་མཆོག་གི་མཛད་རྣམ་མདོར་བསྡུས་ཤིག་ལ་སྦྱངས་པ་ཡིན་ཟེར། འཛིན་གྲྭ་གསུམ་པའི་སློབ་ཕྲུག་བསྟན་འཛིན་བདེ་སྐྱོང་གིས་ང་ཚོས་༧གོང་ས་སྐུ་ཕྲེང་བདུན་པའི་སྐོར་སྦྱངས་ཡིན། ཡིན་ནའང་དེ་ཙམ་གྱི་ཡག་པོ་ཞིག་ཤེས་མ་སོང་ཟེར། དེ་བཞིན་ཕ་ཡུལ་དུ་ག་རེ་ཡོད་མེད་སྐོར་དྲིས་པར་ཤེས་གི་མེད་ཟེར།  འཛིན་རིམ་དགུ་བ་བུམ་པའི་བུ་མོ་བདེ་སྐྱོང་གིས་བོད་ལྗོངས་ང་ཚོའི་ཕ་ཡུལ་ཞེས་པའི་བྱ་འགུལ་འདི་ལོ་ལྟར་སྤེལ་གྱིན་ཡོད་ཀྱང་། སོ་སོས་དོ་སྣང་མ་བྱས་སྟབས། དམིགས་བསལ་ཤེས་རྒྱུ་མི་འདུག ཡིན་ནའང་།  ང་རང་ལ་མཚོན་ན་ཐེངས་འདིའི་བྱ་འགུལ་བརྒྱུད་བོད་ནང་བྱུང་ཟིན་པའི་ལོ་རྒྱུས་དང་དེའི་ཁྲོད་ཀྱི་མི་སྣ་སྙན་གྲགས་ཅན་ཁག་ཅིག་ཤེས་སོང་ཟེར། འཛིན་རིམ་བཞི་པ་བུམ་པའི་སློབ་གྲོགས་བསྟན་འཛིན་ཐབས་མཁས་ཀྱིས། ངས་ཐེངས་འདིར་༧གོང་ས་ལྔ་པ་ཆེན་པོའི་ཡབ་ཡུམ་གཉིས་ཀྱི་མཚན་དང་། ཁོང་གིས་བོད་ལ་སྔར་མེད་ཀྱི་གསར་གཏོད་གང་འདྲ་གནང་ཡོད་མེད། དེ་བཞིན་ཁོང་གིས་བོད་ཁྱོན་ཡོངས་རྡོག་རྩ་གཅིག་སྒྲིལ་དང་དགའ་ལྡན་ཕོ་བྲང་གསར་འཛུགས་གནང་བ་སོགས་ཀྱི་མཛད་འཕྲིིན་ཁག་ཤེས་རྟོགས་བྱུང་སོང་ཟེར།

འབྲེལ་ཡོད་གསར་འགྱུར།

Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༡༦ སྔོན་ལ།
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

ཆུ་ཚོད་ ༡༧ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

ཆུ་ཚོད་ ༡༧ སྔོན་ལ།
བལ་ཡུལ་གྱི་ནང་སྲིད་བློན་ཆེན་གྷུ་རུང་དང་བལ་ཡུལ་རྒྱ་ནག་གཞུང་ཚབ་ཀྲང་མོ་མིན། ༢༠༢༦།༠༤།༡༣
Mobile App

བལ་ཡུལ་གཞུང་གིས་རྒྱ་ནག་ལ་རྒོལ་བའི་ལས་འགུལ་རིགས་ལ་བཀག་སྡོམ་བྱ་རྒྱུ་ཡིན་པའི་ཁས་ལེན་གནང་།

ཆུ་ཚོད་ ༡༨ སྔོན་ལ།
China's Vice Minister of Foreign Affairs Sun Weidong in Tokyo, Japan in 2023 [File: Issei Kato/Pool via Reuters]
Mobile App

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་གནས་དབྱུང་བཏང་།

ཆུ་ཚོད་ ༡༨ སྔོན་ལ།
བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ། དྲ་ལམ་གྱི་པར།
Mobile App

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ།

༢༠༢༦/༠༤/༡༤

མཆན། 11

  1. ལུང་རྟོགས། says:
    ལོ་ 16 སྔོན།

    བསློབ་ཕྲུག་རྣམ་ལ་བོད་རང་གི་རིག་གཞུང་དང་། ཡུལ་སྲོལ་གོམ་གཤིས་སོགས་ངོ་སྤྲོད་བྱེད་རྒྱུ་ཕྱི་མེད་ན་བསྔ་མེད།

    Reply
  2. འཁྲུངས་སྐར། says:
    ལོ་ 16 སྔོན།

    བོད་ལྗོངས་ཟེར་བ་དེ་ནི་བོད་ས་བྱེ་བྲག་བ་ཞིག་གི་མིང་ཡིན་པར་མངོན་།
    དེ་ལས་གཞན་ཞིག་གསུང་ན་

    Reply
  3. karma dorje says:
    ལོ་ 16 སྔོན།

    བོད་ལྗོངས་ནི། བོད་པར་བདག་དགོས།
    བོད་ཆོས་ནི། བོད་པས་དད་དགོས།
    བོད་ཡིག་ནི། བོད་པས་འབྲི་དགོས།
    བོད་སྐད་ནི། བོད་པས་རྒྱག་དགོས།

    Reply
  4. འཇམ་མགོན། says:
    ལོ་ 16 སྔོན།

    བོད་ཁྱིམ་ཚང་མའི་ནང་བོད་ལྗོངས་ང་ཚོའི་ཕ་ཡུལ་ཞེས་ལས་འཆར་འདི་ལོ་རྒྱུན་བཞིན་སྤེལ་བཞིན་ཡོད་པས། ཉིད་ཀྱིས་གོ་པལ་བོད་ཁྱིམ་དང་སུ་ཇ་བོད་ཁྱོམ་སོགས་ལ་ཕེབས་ནས་ལྟོས་དང་ཧ་ཅང་ཞིབ་རྒྱས་དང་། སྤུས་དག་གཅིག་ཡོད་པ་རེད་འདི་དྲན་གསོ་ཙམ་ཡིན།

    Reply
  5. འབྲོག་རུ་རྡོ་རྗེ། says:
    ལོ་ 16 སྔོན།

    སློབ་མ་ཚོ བོད་ཀྱི་སྐད་ཡིག་ཡག་པོ་སྦྱོང

    Reply
  6. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    བྱིས་པ་ཚོས་པོ་ཏ་ལ་འདི་འདྲ་ཞིག་བཞེངས་ཐུབ་པ་ཡང་ལས་སླ་བོ་མ་རེད། ད་དུང་རྒྱལ་བ་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ་ལ་རང་རང་གི་བློ་ལ་དཔག་པའི་སློབ་སྦྱོང་བྱས་པ་འདི་ཡང་བོད་ཀྱི་ལོ་རྒྱུས་སྟེང་གི་མི་སྣ་གལ་ཆེ་ཤོས་དག་གི་མཛད་རྣམ་ལ་སློབ་སྦྱོང་བྱས་པ་ཡིན་སྟབས་དགའ་འོས་པ་ཞིག་རེད། བོད་ཕྱི་ནང་གི་བོད་རིགས་བྱིས་པ་ཕལ་ཆེ་བར་འདི་ལྟའི་བགོ་སྐལ་ཞིག་ཐོབ་གི་མེད།

    Reply
  7. རིག་འཛིན། says:
    ལོ་ 16 སྔོན།

    དངོས་གནས་མ་འོངས་གངས་ཕྲུག་ཚོར་ཕན་རླབས་ཆེ་བའི་ལས་རིམ་འདི་མུ་མཐུད་པ་ཙམ་དུ་མ་ཟད་་་ཡར་རྒྱས་ཡོང་བར་འབད་བརྩོན་གནང་རོགས།

    Reply
  8. འཁྲུངས་སྐར། says:
    ལོ་ 16 སྔོན།

    དེས་ལས་གལ་ཆེ་བ་ཞིག་ལ་ཆོལ་ཁ་གསུམ་དེ་གང་ནས་ཡིན་མིན་དང་དེ་དང་པོ་སུ་ཡི་སྲོལ་གཏོད་པ་ལ་སོགས་བློ་ཟུར་བོ་གནས་ནས་སློབ་གསོ་ཞིག་གནང་ན་དགའ་བ་ལ།

    Reply
  9. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 16 སྔོན།

    རོགས་་་་་་་་་་་་

    Reply
  10. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 16 སྔོན།

    ཡ་ཡ་ཡ་་བཟང་གི

    དེ་ལས་བོད་ཀྱི་སྐད་ཡིག་ཡག་པོ་རེད་སློབ་རིགས་གནང་།

    Reply
  11. མཐུ་སྟོབས། says:
    ལོ་ 16 སྔོན།

    བོད་ཁྱིམ་གྱི་སློབ་ཕྲུག་ཚོ་དངོས་གནས་སྐྱེས་པ་བཟང་པོ་རེད་འདུག དེ་ལྟ་བུའི་རིག་གཞུང་སྐོར་སྦྱང་ཤེས་བྱ་རྒྱུར་བོད་པའི་གཏན་སློབ་གཞན་ལ་ག་ནས་ཡོད། སློབ་མ་ཚོ་གོ་སྐབས་འདི་རིགས་ནམ་ཡང་ཆུད་ཟོས་སུ་མ་གཏོང་རོགས་ཞེས་སྙིང་ཐག་པ་ནས་ཞུ་རྒྱུ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese