མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཉན་ཞིབ་སྡིངས་ཆའི་གཏམ་ཚོགས། སྒོ་སྤེ་ཡོན་ཏན་རྒྱ་མཚོ།

བོད་ཀྱི་དུས་བབ།
༢༠༡༠/༠༥/༡༤
Share on FacebookShare on TwitterShare on EmailShare on Whatsapp

སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་དགུ་པར་བོད་ཀྱི་བླ་ན་མེད་པའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གསུང་འཕྲིན་ཐོག་ཉན་ཞིབ་ལས་རིམ་ཞིག་ལ་ཁྲི་ཟུར་དང་བཀའ་ཟུར། སྤྱི་འཐུས་རྣམ་པ་བཅས་ནས་ཆ་ཤས་བཞེས་ཡོད་པ་བཅས་ཀྱི་འོད་སྡེར་བརྙན་པར་ཞིག་ཆ་ཚང་མཐོང་བ་དང༌། དེའི་སྐབས་ཀྱི་སེམས་ནང་གི་འཚོར་བ་ཇི་བྱུང་གསར་གཟིགས་རྣམས་ལ་བསྟན་འདོད་བྱུང༌།

ལོ་རབས་དགུ་བཅུའི་ནང་མང་མོས་འོས་བསྡུའི་ལས་རིམ་གྱི་གྲུབ་འབྲས་ལ་གཞིགས་པའི་བོད་མི་མང་གི་སྤྱི་འཐུས་གྲོས་ཚོགས་ནས་སྤྱི་མོས་ཐོག ཕྱི་ལོ་ ༢༠༠༨ ལོར་དམིགས་བསལ་ཚོགས་ཆེན་ནས་ཆེས་མང་མོས་ཀྱིས་བོད་རྒྱའི་གནད་དོན་ཐོག་སྤྱི་ནོར་༧གོང་༧སྐྱབས་མགོན་ཆེན་པོ་མཆོག་ནས་དུས་བསྟུན་ཡེ་ཤེས་དབྱིངས་བཅད་ཡོང་བའི་སྐུ་དབང་ཆ་ཚང་གསོལ་འདེབས་ཞུས་ཡོད་པ་ཚང་མས་མཁྱེན་གསལ་ལ་བསྐྱར་ལྡབ་ཡང་ལྡབ་ཞུ་དགོས་མེད་པ་དེ་ལྟར་ཡང༌། སྤྱི་འཐུས་ཁག་ཅིག་དང༌། ཁྲི་ཟུར། བཀའ་ཟུར་རེ་ཟུང་བཅས་ཀྱིས་ཟུར་ཟ་དང་ཐེ་ཚོམ་ཡོད་པའི་བཀའ་མོལ་རིང་ཐུང་མི་ཉུང་བ་ཞིག་གནང་བབ་ལ་ང་ཚོ་མི་མང་རྣམས་བློ་འཕམ་ཚད་མེད་བྱུང༌། རྒྱ་གཞུང་ནས་ཡར་ལན་བདག་སྤྲོད་ངོས་འཛིན་ཇི་བཞིན་ཚང་བ་ཇི་ཡོད་ལ་མ་ལྟོས་པར་དབུ་མའི་ཐབས་ལམ་འདི་བོད་རྒྱ་མི་རིགས་གཉིས་ཀྱི་འཕྲལ་ཕུགས་རྒྱང་གསུམ་གྱི་ཁེ་ཕན་ཆེ་ཤོས་ཡིན་སྐོར་ལན་མང་བཀའ་ཕེབས་ཡོད་ནའང༌། ད་རེས་དབུ་མའི་ལམ་ལ་རྒྱ་གཞུང་གིས་བཟང་ལན་གཏན་ནས་མེད་སྟབས་བསྐྱར་ཞིབ་དགོངས་བཞེས་དགོས་སྐོར་ཟེར་བ་དགོས་མེད་ཐེ་ཚོམ་གྱི་གནས་ཚུལ་མ་ཡིན་ནམ།

ལར་ནས་བོད་ཀྱི་རྩ་དོན་སྒྲུབ་ཐབས་ཐད་ཐབས་ལམ་ཇི་ཡོད་བསམ་འཆར་དགོས་སྐོར་ལན་མང་བཀའ་སློབ་ཕེབས་ཡོད་ནའང་ཁྲི་ཟུར། བཀའ་ཟུར་རེ་ཟུང་ནས་སྤྱི་འཐུས་ཀྱི་འགན་དབང་ཡིན་ལུགས་དང༌། སྤྱི་འཐུས་འགའ་རེས་འགན་དབང་གཞན་ཞིག་ལ་ཡོད་པ་ལྟ་བུ་སོགས་གཅིག་ཁག་གཅིག་དཀྲི་བྱེད་པའམ་ཡང་ན་ཟུར་ཟའི་རྣམ་པ་མངོན་པ་མ་ཡིན་ནམ། ༧རྒྱལ་བ་རིན་པོ་ཆེས་སྡིངས་ཆ་སྟོང་པ་བཞག་གནང་ཡོད།  ང་ཚོའི་དགྲ་བོ་རྒྱ་དམར་ནས་༧གོང་ས་མཆོག་ལ་མཚན་སྨད་དང་མ་ཡིན་ཡིན་ཚུལ་གྱི་བརྗོད་བབ་ལ་ཧ་ལས་དགོས་པ་གང་ཡང་མེད་དེ་ནི་ཁོ་ཚོའི་ལྟ་བ་དང་དམིགས་ཡུལ་བཅས་རེད། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་བོད་མི་རིགས་ལ་མང་གཙོའི་བདག་དབང་གནང་བ་དང༌། བོད་རྒྱ་གཉིས་སྨན་གྱི་དབུ་མའི་ལམ་གྱི་ཐབས་ལམ་ཞལ་ཞེ་གཉིས་མེད་ཀྱིས་ཕྱག་ལེན་མཛད་པ་སོགས་ལ་རྒྱ་ཕྱོགས་ནས་ད་ཕན་བཟང་ལན་མེད་པར་ཐུགས་ཕམ་ཡོད་པ་གསལ་པོ་མཁྱེན་བཞིན་དུ་བསམ་ཤེས་མེད་པ་གང་ཡིན་ནམ། བོད་ཀྱི་ལོ་རྒྱུས་ལ་༧གོང་ས་སྐུ་ཕྲེང་རིམ་བྱོན་ནང་སྐུ་དབང་དང་སྐུ་ཚེས་མ་ལྡང་པ་མང་པོ་བྱུང་ཡོད་པ་ལས་མཛད་པ་འཕྲིན་ལས་འཐུས་ཤོར་བྱུང་བ་ཚིག་གཅིག་གོ་རྒྱུ་མཐོང་རྒྱུ་མེད་པ་རེད། མདོ་དོན་སྙིང་པོར། བོད་གངས་ཅན་ལྗོངས་སུ་བཀའ་དྲིན་གཞན་ཟླ་བྲལ་བ་༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་དུས་བསྟུན་བསྒྱུར་བཅོས་གནང་དང་གནང་བཞེད་ལ་གདན་ས་གསུམ་དང་ཞི་དྲག་དཔོན་རིགས་ཚོས་བཀའ་དགོངས་ཇི་བཞིན་མ་ཞུས་པར་སོང་ཆུ་སྤྲེལ་ཞལ་གདམས་གནང་ནས་དགོངས་པ་ཆོས་དབྱིངས་སུ་ཐིམས་པ་བཅས་ང་ཚོས་ནམ་ཡང་བརྗེད་ཐབས་ཡོད་མི་སྲིད།

ད་ལྟའི་སྐབས་འདིར་བཙན་བྱོལ་བོད་མིས་ཐད་ཀར་འོས་འདེམས་ཞུས་པའི་བཀའ་བློན་ཁྲི་པ་སྐྱབས་རྗེ་མཁས་དབང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ནས་༧གོང་ས་མཆོག་གི་བཀའ་དགོངས་ཇི་ཡོད་ཕྱག་ལེན་བསྟར་བཞིན་ཡོད་པ་ཟུར་བལྟས་ལེབ་མཐོང་ཉི་ཤར་སྦར་མོས་འཁེབ་ཐབས་མེད་པར་སོང་ང་ཚོས་དགའ་སྤོབས་སྐྱེད་པ་དང་བཅས་རྒྱབ་སྐྱོར་ཞུ་དགོས་པ་མ་ཟད། ཡོང་རྒྱུའི་བཀའ་ཁྲི་དང་སྤྱི་འཐུས་ཐོག་བོད་རིགས་སྤུན་ཟླ་རྣམས་ནས་སྔར་ལྷག་རང་དོན་རང་གཅེས་ཀྱིས་ཐུགས་འཁུར་བཞེས་གལ་ཆེ་བར་མངོན།

འབྲེལ་ཡོད་གསར་འགྱུར།

Xi Jinping, left, and Kim Jong Un, right, pictured shaking hands in this photo released by Xinhua. Xie Huanchi/Xinhua/AP
Mobile App

ཞི་ཅིན་ཕིན་མི་ལོ་བདུན་གྱི་རྗེས་བྱང་ཀོ་རི་ཡར་ཕྱིན། 

ཆུ་ཚོད་ ༡༥ སྔོན་ལ།
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

༢༠༢༦/༠༦/༠༩
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥

མཆན། 10

  1. ཁ་བའི་མེ་ཏོག། says:
    ལོ་ 16 སྔོན།

    ༆།། གཞུང་ལམ་གཅིག་ཏུ་བསྐྱོད་བཞིན་པའི་རང་བཙན་འཐབ་རྩོད་པ་དང་བློ་སེམས་མཐུན་པའི་དྲ་གྲོགས་རྣམས་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབ་ཅིག་དམིགས་གསར་ཞུ་འདོད་བྱུང་བ་ཁག་ཅིག་ལྷག་བསམ་རྣམ་དག་ཐོག་ནས་བཤོད་འདོད་བྱུང་། ཕྲན་སྒེར་གྱི་རྣམ་སྤྱོད་ཐོག་ནས་མཐོང་ཚུལ་ནི་བཀའ་ཟུར་བཀྲས་མཐོང་ཆོགས་ལ་བོད་སྤྱིར་པའི་རྩ་དོན་ཆེད་དུ་བྱ་བཞག་བསྒྲུབ་རྒྱུ་སེམས་ཤུག་དང་གཏོང་ཕོད་ཀྱི་ལྟར་བ་གང་ཡང་མེད་པས་རྣམ་འགྱུར་ཞིག་མཐོང་སོང་། འདིར་ཐོག་དགོངས་ཆ་ཡོད་པ་ཞུ།

    Reply
  2. འཁྲུངས་སྐར། says:
    ལོ་ 16 སྔོན།

    བོད་ཀྱི་མཛེས་མ་མིང་ཅན་ཁྱོད་ཟམ་གདོང་གླང་གོག་གིས་གསང་ཡུམ་མ་ཡིན་ནམ།
    ཕྱི་མིག་ཞིག་ལྟོས་དང་བོད་མི་ཁྱོད་འདྲ་རེ་གཉིས་གྱི་བོད་དོན་རླུང་ལ་གཏོར་བཞིན་འདུག

    Reply
  3. ཁ་བའི་མེ་ཏོག། says:
    ལོ་ 16 སྔོན།

    དུས་བབས་བྱེའུ་ཚང་ལ་ཞུ་རྒྱུ་ནི། ད་ཁྱོད་ཚོའི་བྱེའུ་ཚང་གིས་ཕྱོགས་ཞེན་དང་ལུང་མཚན་གྱི་རྫུན་གཏམ་དག་ག་དུས་མཚམས་བཞག་གོ།

    Reply
  4. བོད་ཀྱི་མཛེས་མ། says:
    ལོ་ 16 སྔོན།

    ངས་ཀྱང་ཉན་ཞིབ་ལས་རིམ་ཚོགས་འདུ་ཆ་ཚང་ཞིག་ཉན་རྒྱུ་བྱུང།

    ཚོར་སྣང་བྱུང་བ་ནི།་སྤྱི་འཐུས་དང་བཀའ་ཟུར་དབར་གྱི་འཐབ་རྩོད་འདྲ་ཞིག་མཐོང་བྱུང།ད་དུང་ཁོང་གཉིས་ཀྱི་ཁ་འཛིངས་དེའི་ཁྲོད་ནས་མཚམས་རེ་བཀའ་ཤག་དང་ཟམ་གདོང་པཎ་ཆེན་རང་ལ་ཟུར་ཟ་དང་མཚང་འབྲུ་བ་སོགས་གང་ཐུབ་ཐུབ་བྱས་སོང།

    འོན་ཏང་ཟམ་གདོང་པཎ་ཆེན་ནི་བཤད་རྩལ་ཡངས་ཤིང་མཁྱེན་རྒྱ་ཆེ་བས་ཚིག་ཉུང་ལ་དོན་ཟབ་པ།་་ལྗིད་ཆེ་ལ་གནད་ལ་འཁེལ་བའི་གསུང་ལན་རེ་རེས་སྤྱི་འཐུས་དང་བཀའ་ཟུར་ཐམས་ཅད་ཁྱུར་མིག་འདྲ་ཞིག་བཏང་སོང་བས་ང་རང་སྙིང་ཚིམས་ནས་བསྡད་ཡོད།་་་་་་་་་་་་

    Reply
  5. བཟོད་པ་ལྷ་རྩེ། says:
    ལོ་ 16 སྔོན།

    ཁྲི་ཟུར་ཟེར་བ་དེ་བཀའ་བློན་ཁྲི་བ་ལས་ཁྱུར་གནང་བ་རྣམས་བཞུ་བ་ཡིན་ན་དེ་ནི་ད་བར་གཞུང་འགྲེལ་ཡིག་ཆ་དག་ལས་ཁ་གསལ་མེད་པའི་ཐ་སྙད་གསར་པ་ཞིག་རེད། གཞུང་འབྲེལ་ཡིག་ཆ་དག་ལས་བཀའ་བློན་ཁྲི་ཟུར་ཟེར་བ་ལས་ཁྲི་ཟུར་ཟེར་བའི་ཐ་སྙད་སྤྱོད་པ་ད་བར་མ་མཐོང་དེ་ཡང་ངེད་རང་མཐོང་རྒྱ་ཆུང་བས་ལན་པ་ཞིག་ཡིན་ངེས། དེ་ལྟར་མ་ཡིན་ན་ཐ་སྙད་གསར་བཟོ་མང་གྲགས་ན་བོད་ཀྱི་རིགས་གཞུང་ལ་ཕན་ནམ་གནོད་དགོངས་པ་བཞེས་རྒྱུ་གལ་ཆེ་མཐོང༌།

    Reply
  6. karma dorje says:
    ལོ་ 16 སྔོན།

    ཉན་ཞིབ་སྡིངས་ཆའི་གཏམ་ཚོགས་ནང་ལ། སྒོ་སྤེ་ཡོན་ཏན་རྒྱ་མཚོས། ་་་དབུ་མའི་ཐབས་ལམ་འདི་བོད་རྒྱ་མི་རིགས་གཉིས་ཀྱི་འཕྲལ་ཕུགས་རྒྱང་གསུམ་གྱི་ཁེ་ཕན་ཆེ་ཤོས་ཡིན་སྐོར་ལན་མང་བཀའ་ཕེབས་ཡོད་ནའང༌། ད་རེས་དབུ་མའི་ལམ་ལ་རྒྱ་གཞུང་གིས་བཟང་ལན་གཏན་ནས་མེད་སྟབས་བསྐྱར་ཞིབ་དགོངས་བཞེས་དགོས་སྐོར་ཟེར་བ་དགོས་མེད་ཐེ་ཚོམ་གྱི་གནས་ཚུལ་མ་ཡིན་ནམ། ་་་ །འདི་ལ་རྒྱབ་སྐྱོར་ཐ་གཅིག་ཏུ་ཡོད།

    Reply
  7. ཆུ་ཤུར་མིག་དམར་ says:
    ལོ་ 16 སྔོན།

    སློབ་དཔོན་ཟམ་གདོང་རིན་པོ་ཆེ་ངེད་ཚོའི་བཀའ་ཁྲིར་འབྱུང་བ་ནི་བོད་མི་ཚོའི་བསོད་ནམས་རང་རེད།
    མ་འོང་པར་སློབ་དཔོན་ཟམ་གདོང་རིན་པོ་ལྟ་བུ་ཞིག་བཀའ་ཁྲིར་བྱུང་ན་ཅི་མ་རུང་་་་་དེ་ཡང་བུད་མེད་བཀའ་ཁྲི་ཞིག་སླེབས་ཐུབ་པ་ན་གང་མིན་ཚད་རེད

    Reply
  8. ཐོས་དགའ། says:
    ལོ་ 16 སྔོན།

    ཆོ་ལོ་འདི་དག་དགོས་མཁོ་ལོས་ཡོད། དེང་སང་མི་ཚོ་བླ་མ་དང་། སྤྲུལ་སྐུ། མཁས་དབང་སོགས་ཀྱི་མིང་ཐོབ་དང་གོ་གནས་ལ་རྩོད་ཀྱི་མི་འདུག་གམ། ཟམ་གདོང་རིན་པོ་ཆེར་ཆེ་བསྟོད་དེ་དག་སོ་སོས་འབད་དང་རྩོལ་བས་བསྐྲུན་མི་དགོས་པར་རང་ཆས་སུ་ཡོད་པ་ཡིན་ལ་མིང་དོན་མཚུངས་པ་ཡང་ཡིན་པས་”ཟམ་གདོང་”ཞེས་པའི་སྔ་གཞུག་ལ་ཆེ་བསྟོད་གང་སྦྱར་ཡང་སྐྱོན་དུ་འགྲོ་བར་མ་མཐོང་ངོ་།

    Reply
  9. འཁྲུངས་སྐར། says:
    ལོ་ 16 སྔོན།

    དེས་ལས་ལོ་རྒྱུས་རེ་བྲིས་ན་ཡག།

    Reply
  10. འཁྲུངས་སྐར། says:
    ལོ་ 16 སྔོན།

    ཡ་གྲོགས་པོ། སྐྱབས་རྗེ། མཁས་དབང་། སློབ་དཔོན། རིན་པོ་ཆེ་སོགས་ནི་དེང་དུས་དགོས་མཁོ་འདུག་གམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese