མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་སྒེའུ་ཁུང་།

བོད་ཀྱི་དུས་བབ།
༢༠༡༠/༠༥/༡༤
Share on FacebookShare on TwitterShare on EmailShare on Whatsapp
སློབ་རར་འཇིགས་སྐུལ།

ཕྱི་ཟླ་ ༤ པའི་ཚེས་ ༢༨ ཉིན་རྒྱ་ནག་ཧྥུ་ཅན་ཞིང་ཆེན་དུ་སློབ་ཕྲུག་ ༨ བསད་པའི་ཀྲིན་མེན་ཧྲིན་ཟེར་བའི་སྐྱེས་པ་དེ་སྲོག་ཐོག་ཏུ་བཏང་ཡོད། ཡིན་ནའང་། ཉིན་དེའི་ཕྱི་དྲོ་རྒྱ་ནག་ཀུང་ཏུང་ཞིང་ཆེན་ལའེ་ཀྲིག་གྲོང་ཁྱེར་གྱི་སློབ་ཆུང་དང་པོར་སློབ་མ་ ༡༦ དང་དགེ་རྒན་ ༡ ལ་དྲག་སྤྱོད་གནོད་འཚེ་ཕོག་ཡོད་པ་དང་།  ཕྱི་ཚེས་ ༢༩ ཉིན་ཅང་སུའུ་ཞིང་ཆེན་ཐེ་ཞིན་གྲོང་ཁྱེར་གྱི་བྱིས་གཉོར་ཁང་ཞིག་ཏུའང་བྱིས་པ་ ༣༢ ལ་དྲག་སྤྱོད་གནོད་འཚེ་ཕོག་ཡོད། ཕྱི་ཚེས་ ༣༠ ཉིན་ཧྲན་ཏུང་ཞིང་ཆེན་ཝེ་ཧྥང་གྲོང་ཁྱེར་གྱི་སློབ་གྲྭ་ཞིག་ཏུའང་སྔོན་འགྲོ་འཛིན་གྲྭའི་སློབ་མ་ ༥ ལ་དྲག་སྤྱོད་གནོད་འཚེ་ཕོག་ཡོད།  དུས་ཡུན་ཐུང་ངུའི་རིང་རྒྱ་ནག་ཏུ་སློབ་མ་རྣམས་ཀྱི་སྟེང་དྲག་སྤྱོད་སྤེལ་བའི་མཐོ་རླབས་ཤིག་འཕྱུར་ཡོད་པ་རེད།  དེ་དང་བསྟུན་ནས་རྒྱ་ནག་གཞུང་གིས་སློབ་གྲྭའི་ཁུལ་ཏུ་དྲག་སྤྱོད་སྤེལ་མཁན་གྱི་རིགས་ལ་དྲག་ཆས་དམག་དཔུང་དང་ཉེན་རྟོག་པས་ཐད་ཀར་མེ་མདས་བརྒྱབ་སྟེ་སྲོག་ཐོག་ལ་བཏང་ཆོག་པའི་ཁྲིམས་སྲོལ་ཞིག་ཁྱབ་བསྒྲགས་བྱས་ཡོད། གློ་བུར་བའི་ཁྲིམས་སྲོལ་དེར་གཞི་རིམ་མང་ཚོགས་ཁྲོད་གླེང་སློང་སྣ་ཚོགས་འབྱུང་བཞིན་ཡོད། ཁྲིམས་གཞི་དེ་ནི་སློབ་མ་སྲུང་སྐྱོབ་ཁོ་ནའི་ཆེད་དུ་དམིགས་པ་ཞིག་མ་ཡིན་པར། སྲིད་གཞུང་གི་སྡེ་ཁག་ཏུ་གཏུགས་བཤེར་དང་ངོ་རྒོལ་རྔམ་སྟོན་བྱེད་མཁན་མང་ཚོགས་རྣམས་ལ་དྲག་ཆས་དམག་མིས་ཐད་ཀར་མེ་མདའ་བརྒྱབ་སྟེ་དྲག་གནོན་གཏོང་རྒྱུར་སྟབས་བདེ་བཟོས་པ་ཞིག་ཡིན་པའི་དོགས་སློང་བྱེད་བཞིན་ཡོད་པ་རེད།

སྨྲ་བརྗོད་དམ་དྲག་གི་ཁྲིམས་གཞི།

རྒྱ་ནག་རྒྱལ་ཡོངས་དམངས་འཐུས་རྒྱུན་ལས་ཀྱིས་ཕྱི་ཟླ་ ༤ པའི་ཚེས་ ༢༩ ཉིན་<<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གྱི་རྒྱལ་ཁབ་གསང་བ་དམ་སྲུང་ཁྲིམས་གཞི>>ཞེས་པ་དངོས་འབེབས་ལག་བསྟར་བྱ་རྒྱུ་ཁྱབ་བསྒྲགས་བྱས་ཏེ། གསར་ལམ་ཁག་དང་བརྡ་འཕྲིན་དྲ་རྒྱའི་ལས་ཁུངས་དག་གིས་རྒྱལ་ཁབ་ཀྱི་གསང་བ་དམ་སྲུང་ཐད་ཀྱི་ཞིབ་བཤེར་ལ་མཉམ་འགྲེལ་བྱ་དགོས་པ་བསྟན་ཡོད་པ་རེད། རྒྱལ་སྤྱིའི་གསར་འགོད་པའི་རང་དབང་སྲུང་སྐྱོབ་རྩ་འཛུགས་ཀྱིས་རྒྱ་ནག་གཞུང་གིས་རྒྱལ་ཁབ་ཀྱི་གསང་བ་དམ་སྲུང་གི་ཁྲིམས་གཞི་གཏན་འབེབས་བྱས་པ་དེས། གསར་འགོད་པ་དང་དམངས་གཙོ་དོན་གཉེར་བ་སོགས་ཀྱིས་རྒྱ་གཞུང་གི་མོས་འདོད་དང་མི་མཐུན་པའི་བསམ་ཚུལ་སྤེལ་བ་སོགས་གསར་འགོད་རང་དབང་དང་སྨྲ་བརྗོད་རང་དབང་གི་ཐད་ལ་སྔར་ལས་བཀག་སྡོམ་བྱ་རྒྱུ་ཡིན་པར་ཐུགས་ཚབ་གནང་བཞིན་ཡོད། གསར་འགོད་པའི་རང་དབང་སྲུང་སྐྱོབ་ཚོགས་པས་ཕྱི་ལོ་ ༢༠༡༠ ལོའི་ཟླ་ ༢ པའི་ནང་ཉེ་བའི་ལོ་གཅིག་རིང་གི་གསར་འགོད་བཀག་སྡོམ་ཐད་ཀྱི་ཉམས་ཞིབ་བསྡོམས་རྩིས་ཁྲོད། རྒྱ་ནག་ནི་འཛམ་གླིང་སྟེང་གི་གསར་འགོད་པའི་རང་དབང་ལ་བཀག་སྡོམ་དྲག་གནོན་གྱི་ཚབ་ཆེས་ཆེ་བའི་རྒྱལ་ཁབ་དེ་ཆགས་ཡོད་པ་རེད།

ཤིན་ཅང་གི་འགྱུར་ལྡོག

ཀྲང་ཁྲོན་ཞན་གྱིས་ཤིན་ཅང་གི་དམར་ཤོག་དྲུང་ཆེ་ཡི་འགན་ཁུར་ཏེ་དུས་ཡུན་རིང་པོ་མ་སོང་བར། རྒྱ་ནག་དབུས་སྲིད་གཞུང་གིས་ཕྱི་ཟླ་ ༥ བའི་ཟླ་མཇུག་ཏུ་ཤིན་ཅང་དམིགས་བསལ་ཚོགས་ཆེན་པེ་ཅིན་ཏུ་ཚོགས་གཏན་འཁེལ་ཡོད་པ་དང་། རྒྱལ་ཡོངས་ཞིང་ཆེན་སོ་སོ་ནས་ཤིན་ཅང་དུ་ཁ་གཏད་རོགས་སྐྱོར་ཀྱི་འཆར་གཞི་སྒྲིག་སྟེ་མ་དངུལ་རྒྱ་སྒོར་དུང་ཕྱུར་བརྒྱ་ཕྲག་འགའ་བཏང་ནས་ཤིན་ཅང་མགྱོགས་མྱུར་འཕེལ་རྒྱས་དང་ཡུན་རིང་བརྟན་འཇགས་ཀྱི་བྱ་བའི་ལས་གཞི་རྩོམ་རྒྱུ་ཡིན་འདུག ཟླ་སྔོན་མའི་ནང་ཧུའུ་ཅིན་ཐའོ་ཡིས་གཙོ་སྐྱོང་བྱས་པའི་དབུས་ཆབ་སྲིད་རྒྱུན་ལས་ཀྱི་ཚོགས་འདུ་ཞིག་གི་སྟེང་། རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་ཡུལ་མཐའ་འཁོབས་ཅན་གྱི་ཤིན་ཅང་ས་ཁུལ་གྱི་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་སུ་གཏོང་ལུགས་བརྗོད་ཡོད་པ་དང་། དེའི་རྗེས་ཡུན་རིང་མ་སོང་པར་ཤིན་ཅང་གི་དམར་ཤོག་དྲུང་ཆེ་ཝང་ལིག་ཆོན་གྱི་ལས་གནས་བརྗེ་ཡོད།  དེ་བཞིན་འདས་པའི་ཟླ་དྲུག་གི་རིང་རྒྱ་ནག་གི་ཞིང་ཆེན་བརྒྱད་ཀྱི་མཐོ་རིམ་དཔོན་རིགས་དག་གི་ལས་གནས་ལ་འཕོ་འགྱུར་བཏང་ཡོད་པ་རེད། དབྱེ་ཞིབ་པ་དག་གིས་བརྗོད་པ་ལྟར་ན། དེ་ནི་ཅང་དང་ཧུའུ་ཡིས་དབང་ཤུགས་འཐབ་རྩོད་ཁྲོད་ཅང་ཕམ་ཉེས་སུ་སོང་བའི་ཚུར་སྣང་ཡིན་ལུགས་བརྗོད་ཡོད།

བཟོ་བས་ཁེ་དབང་འཐབ་རྩོད།

ཕྱི་ཟླ་ ༥ པའི་ཚེས་གཅིག་སྟེ་རྒྱ་ནག་ངལ་རྩོལ་དུས་ཆེན་གྱི་ཉིན། ཧོང་ཀོང་དང་ཨོ་མིན་གྱི་ངལ་རྩོལ་ཚོགས་སྡེ་མང་པོ་མཉམ་འབྲེལ་ཐོག་བཟོ་བའི་ཁེ་དབང་བརྩོད་ལེན་གྱི་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་ཞིག་སྤེལ་ཡོད་པ་རེད། ཧོང་ཀོང་ས་ཁུལ་དུ་ལས་འགུལ་འདིར་བཟོ་བ་ ༦༠༠༠ ལྷག་མཉམ་ཞུགས་བྱས་ཡོད་པ་དང་། ཨོ་མིན་ས་ཁུལ་དུ་ས་གནས་བཟོ་ཚོགས་ལྔའི་མཉམ་འབྲེལ་གྱིས་ལས་བཟོ་བ་སྟོང་ཕྲག་བརྒལ་བ་མཉམ་ཞུགས་གནང་ཡོད་འདུག ལས་འགུལ་སྐབས་ཨོ་མིན་གྱི་དྲག་ཆས་ཉེན་རྟོག་པ་དང་ལས་བཟོ་བའི་བར་འཁྲུགས་པ་ཤོར་ཏེ་ལས་བཟོ་བ་དང་གསར་འགོད་པ་མི་གྲངས་བཞི་བཅུ་ལྷག་ལ་རྨས་སྐྱོན་ཕོག་ཏེ་སྨན་ཁང་དུ་བསྐྱལ་ཡོད་པ་རེད།

བརྐུ་བཤུའི་ཚོང་འགྲེམས་ར་བ།

ཕྱི་ཟླ་ ༤ ཚེས་ ༣༠ དགོང་མོ་རྒྱ་ནག་ཧྲང་ཧེ་འཛམ་གླིང་དངོས་ཟོག་ཚོང་འགྲེམས་ཀྱི་མཛད་སྒོ་ཚུགས་ཡོད་པ་དང་། མཛད་སྒོའི་ཤོག་སྦག་གི་ཁ་གྲངས་ཏེ་པེ་ཅིན་ཨོ་རྩེད་མཛད་སྒོ་ལས་ཁྲི་ ༢ ལྷག་གིས་མང་བ་བཀད་དེ་ཁྲ་ཁྲ་ཟང་ཟིང་བཟོས་ཡོད་ནའང་། མཛད་སྒོའི་དངོས་གཞིའི་འཁྲབ་སྟོན་དེ་ཆུ་ཚོད་གཅིག་ལས་མེད་པར་མགྱོགས་མྱུར་གྱིས་མཇུག་བསྡུས་ཡོད་པ་རེད། གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། དེ་ནི་ཐེངས་འདིའི་ཧྲང་ཧེ་འཛམ་གླིང་དངོས་ཟོག་ཚོང་འགྲེམས་ཀྱི་ཚབ་མཚོན་དངོས་ཟོག་གི་ཇུས་འགོད་དང་བརྗོད་དོན་གླུ་དབྱངས་བཅས་ནི་ཨ་རི་དང་ཉི་ཧོང་རྒྱལ་ཁབ་ལ་བརྐུ་བཤུ་བྱས་ཡོད་པར་མ་ཟད། འགྲེམས་བཤམས་ཁྲོད་ཀྱི་རྒྱ་ནག་གི་དངོས་ཟོག་མང་པོ་ཞིག་རྒྱལ་ཁབ་གཞན་ལས་བརྐུ་བཤུ་བྱས་ཡོད་པའི་གནས་ཚུལ་སྣ་ཚོགས་ཐོན་པའི་རྐྱེན་གྱིས་ཡིན་འདུག   གཞན་ཡང་། ལོ་གཉིས་སྔོན་གྱི་པེ་ཅིན་ཨོ་རྩེད་མཛད་སྒོའི་སྐབས་རྒྱལ་ཁབ་ ༨༠ ཙམ་གྱི་དབུ་ཁྲིད་མཉམ་ཞུགས་བྱས་ཡོད་མོད། ཐེངས་འདིའི་ཚོང་འགྲེམས་མཛད་སྒོའི་ཐོག་རྒྱལ་ཁབ་དང་ཚོགས་པ་ ༢༠ ཙམ་གྱི་དབུ་ཁྲིད་མ་གཏོགས་ཞུགས་མེད་པ་རེད། དབྱེ་ཞིབ་པ་དག་གིས་དེ་ནི་རྒྱ་ནག་གཞུང་གིས་པེ་ཅིན་ཨོ་རྩེད་སྐབས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སོགས་ཡར་རྒྱས་སུ་གཏོང་རྒྱུ་ཡིན་ལུགས་ཀྱི་ཁས་ལེན་བྱས་ཏེ་འཛམ་གླིང་གི་དབུ་ཁྲིད་མང་པོར་མགོ་སྐོར་བཏང་ཡོད་པ་དང་། ཨོ་རྩེད་རྗེས་དེ་ལས་ལྡོག་སྟེ་འགྲོ་བ་མིའི་ཐོབ་ཐང་དང་གསར་འགོད་རང་དབང་ཐད་དམ་དྲག་སྔར་ལྷག་བྱས་པས་རྐྱེན་གྱིས་ཡིན་ལུགས་འགྲེལ་བརྗོད་གནང་ཡོད།

ཚེ་རིང་རྒྱལ་གྱིས་ཕྱོགས་སྒྲིག་བྱས།

འབྲེལ་ཡོད་གསར་འགྱུར།

སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

སྐར་མ ༥༩ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༣ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༤ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༤ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༥ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༦ སྔོན་ལ།

མཆན། 12

  1. སྡེ་དགེ་འཇིཌ་མེད་ཡེ་ཤེས་རྡོ་རྗེ། says:
    ལོ་ 15 སྔོན།

    རྒྱ་དམར་གྱི་ཆབ་སྲིད་ཐབས་ཇུས་ནི། ས་འབུ་གྲོག་མ་ལས་ཀྱང་སྐྱོ་བ་འདུག
    ཐ་ན་རྨོངས་ཞིང་གཏུམ་པར་གྲགས་པའི་ས་འབུ་གྲོག་མས་ཀྱང་སོ་སོ་ལ་འོ་མ་སྟེར་མཁན་གྱི་སྔོ་འབུ་རྣམས་མི་གསོད་པ་མ་ཟད་སྔོ་འབུ་རྣམས་ཀྱི་ཟ་རྒྱུའི་ཆེད་དུ་ཕྱོགས་མཚམས་ཀུན་ནས་ཤིང་གི་ལོ་མ་བསྡུས་ནས་གསོ་སྐྱོང་བྱས་ནས་རང་སྐྱིད་གཞན་བདེའི་འཚོ་བ་རོལ་ཤེས་ཀྱང་། རྒྱ་དམར་གཞུང་དང་མི་དམངས་ལ། ཆོས་རིག་དང་དཔལ་འབྱོར་གྱི་ཁེ་ཕན་རྒྱ་ཆེན་པོ་སྤྲོད་མཁན་གྱི། བོད་མི་རིགས་དང་བོད་ཡུལ་ལ་སྲུང་སྐྱོབ་བྱེད་དགོས་བསམ་པའི་ཐབས་ཇུས་བཤམ་མི་ཤེས་པར་མ་ཟད། རྒྱ་དམར་ཇག་ཚོགས་ལ་གནས་སྐབས་ཀྱི་ཁེ་ཕན་ཙམ་ལས་ཕུགས་བསམ་བཟང་པོའི་ཤེས་རབ་མེད་པའི་རྐྱེན་གྱིས། བོད་རིགས་ཡིན་ན་དམར་གསོད་བྱེད་ཆོག་པ་དང་བོད་ཡུལ་ཡིན་ན་གཏོར་བརླག་བཏང་ཆོག་པའི་ནོར་འཁྲུལ་ཅན་གྱི་སྲིད་ཇུས་ལག་བསྟར་བྱས་དང་བྱེད་བཞིན་པའི་རྗེས་འབྲས་ནི། རྒྱ་བོད་མི་རིགས་ཡོངས་ལ་གྱོང་ཁ་ཧ་ཅང་ཆེ་ཞིང་གནོད་ཚབས་ཤིན་ཏུ་ཆེན་པོ་ཡིན་པར་ཤེས་དགོས།
    རྒྱ་ནག་མི་དམངས་ཚོའི་སེམས་ལ་ཉིན་རེ་བཞིན་རྒྱ་དམར་གྱི་དྲང་བདེན་མ་ཡིན་པའི་ངན་སྤྱོད་ལ་འཁོན་འཛིན་དང་ཁོང་ཁྲོ་འཕེལ་བཞིན་འདུག་པས། རྒྱལ་ཡོངས་ལ་གཞི་རྒྱ་ཆེ་བའི་གསར་བརྗེའི་ལས་འགུལ་ཞིག་ཕྱོགས་ཡོངས་ནས་སྤེལ་རྒྱུའི་ཆ་རྐྱེན་ཚང་ལ་ཉེ་ཡོད། གལ་ཏེ་རྒྱ་དམར་དབང་འཛིན་པ་ཚོ་གང་འགྱོགས་རྨོངས་གཉིད་ལས་མ་སད་ན། གནམ་ས་བསྒྱུར་བའི་གསར་བརྗེའི་ལས་འགུལ་འབར་བའི་སྐབས་དེར་རྒྱ་དམར་དབང་འཛིན་པ་ཚོས་སོ་སོའི་སྡིག་ཉེས་ཀྱི་སྡུག་བསྔལ་ཚད་མེད་མྱོང་ངེས་པས་ད་ལྟ་ནས་མི་དམངས་ལ་གནོད་པའི་བསམ་སྦྱོར་སྤོང་ཤེས་ན་མཁས་པ་རེད།

    Reply
  2. ནོར་འཛིན་དོན་འགྲུབ། says:
    ལོ་ 15 སྔོན།

    it is very important to us

    Reply
  3. སྨྲ་བརྗོད་རང་དབང། says:
    ལོ་ 15 སྔོན།

    ༄༄།། མཁྱེན་ལྡན་གཟིགས་པ་པོ་རྣམས་ཀྱི་སྤྱན་ལམ་དུ་འབུལ་རྒྱུ།
    ཁྱེད་རྣམ་པས་གཤམ་གྱི་གནས་ཆུ༹ལ་ཐོག་གཟིགས་འདོད་ཡོད་ཆེ༹། http://www.phayul.com and Ranyag Monasteryརྒྱུད་ནས་གནས་ཆུ༹ལ་ཆ་ཆ༹ང་མཁྱེན་རྟོགས་ཡོང་བའི་རེ་བསྐུལ་བཅས།།

    Earthquake Victims in Remote Areas of
    Kyigudo Still Await Relief

    TibetNet ( Monday, May 10, 2010 19:01 )
    Dharamshala: The Tibetan nomadic and agricultural communities located in some of the remotest and worst quake-hit areas near Kyigudo in northeastern Tibet are facing enormous sufferings as they have still not received any aid, a Tibet monk of Ranyag Monastery situated in one of the isolated areas some 40 km from Kyigudo, who is living in Dharamsala, told TibetNet.

    “The rescue effort initiated by the Chinese government to bring relief to the victims during the crisis were of immense help and were widely reported in various media channels. But relief has still not reached to affected people living in some of the isolated areas as no reports about them appeared in the media,” the monk said on condition of anonymity.

    He said when earthquake struck Kyigudo on 14 April, the Ranyag Monastery dispatched a rescue team of 170 monks to the worst-hit areas of Rongpo and Karda. The monks succeeded in retrieving around 200 people alive from the rubble, helped thousands of injured and assisted in consigning around 96 corpses into Drichu river after conducting religious rites for the departed souls. On hearing the grave tragedy in Kyigudo, the revered head of the monastery invited medical teams from Taiwan and Japan to assist the victims. The monastery also provided essential relief materials worth 21,50,000 yuan, consisting of 300 yuan to each family, 100 tents, 6,000 kg of wheat and rice, 7,500 kg of roasted barley flour, 500 kg of butter, 1,000 noodle packets, 3,000 blankets and 2,500 clothes.

    He said the Tibetans living in monastery, nomadic and farming communities located in remote areas hope to receive assistance from the Chinese government during the reconstruction of Kyigudo region.

    They deeply expressed their sincere appreciation and gratitude for the prayers and solidarity offered by His Holiness the Dalai Lama and the general Tibetan populace living in exile, he added.

    He further said Tibetans living both in and outside Tibet are deeply concerned over a nearly completed seven-storied Buddhist learning centre, library and staff quarter built by the Ranyag Monastery over a sprawling 1000 acres of land, which had suffered heavy damage due to the earthquake. The institute has the capacity to accommodate 5,000 students. The five-year construction, which started in 2006, cost over 10 million US dollars. The Tibetans feel disheartened for losing an important aspect of the Tibetan culture. The monks also felt greatly disappointed that the Chinese Premier Wen Jiabao did not visit the monastery during his inspection visit to Rongpo.

    Reply
  4. ཉི་མ་རྒྱལ་མཚན says:
    ལོ་ 15 སྔོན།

    གསར་འགྱུར་འདི་ཡག་པོ་འདི་ཏ་བུ་རྒྱུན་ཡོང་བའི་རེ་བ་ཡོད

    Reply
  5. སྡེ་དགེ་འཇིཌ་མེད་ཡེ་ཤེས་རྡོ་རྗེ། says:
    ལོ་ 15 སྔོན།

    བོད་མི་དམངས་ཀྱིས་ངེས་པར་དུ་ཤེས་རྟོགས་དགོས་པའི་ཤེས་བྱ་རྣམས་ཕྱོགས་བསྒྲིགས་བྱས་ནས་དུས་བབ་དྲྭ་རྒྱར་བཀོད་ཐུབ་ན་ཤིན་ཏུ་བཟང་། ཁྱད་པར་རྒྱབ་ལྗོངས་གསལ་ཞིང་རྒྱུ་མཚན་ལྡན་པའི་དངོས་ཡོད་གནས་ཚུལ་རྣམས་ཕྱོགས་བསྒྲིགས་བྱས་ནས་གཟའ་འཁོར་རེ་བཞིན་བཀོད་ཐུབ་ན་དུས་བབ་ཚང་གི་གཟི་བརྗིད་རེད།

    Reply
  6. རོ་བདག says:
    ལོ་ 15 སྔོན།

    གཡོ་ཐབས་ཀྱི་སྒེའི་ཁུང་འདི་ལ་དག་ལ་ཞིབ་དུ་བལྟ་རོགས་གནོང་།

    Reply
  7. བཤད་སྒྲུབ says:
    ལོ་ 15 སྔོན།

    དྲ་བདག་ལགས་བཀའ་དྲན་ཆེ། ང་ཚོའི་ཤེས་དགོས་པ་དེ་བོད་གཞུང་གི་སྤྱི་འཐུས་ནང་གི་གནས་ཚུལ་གཙོ་བོ་མ་རེད་བོད་ཀྱི་རྩ་དོན་ཐད་ནས་བཤད་ན་རྒྱ་ནག་གི་གནས་སྟངས་དང་དོན་དངོས་འགྱུར་བ་ཤེས་དགོས་པ་དེ་གལ་ཆེ་པོ་རེད་བསམ་གྱི་འདུག།

    Reply
  8. karma dorje says:
    ལོ་ 15 སྔོན།

    གསར་འགྱུར་འདི་འདྲ་དུས་རྒྱུན་དུ་འགོད་པའི་རེ་བ་ཡོད།

    Reply
  9. karma dorje says:
    ལོ་ 15 སྔོན།

    རྒྱ་ནག་ཧྥུ་ཅན་ཞིང་ཆེན་དུ་སློབ་ཕྲུག་ ༨ བསད་པའི་ཀྲིན་མེན་ཧྲིན་ཟེར་བའི་སྐྱེས་པ་དེ་སྲོག་ཐོག་ཏུ་བཏང་ཡོད་པས་ཁྱོན་བསྡོམས་མི་ ༩ བསད་པ་རེད། སྲོག་ཐོག་ཐབས་ཤེས་ནོར་བ་ཤེས་ནུས།

    Reply
  10. སེར་སྨད་བློ་དགའ། says:
    ལོ་ 15 སྔོན།

    དངོས་གནས་རེད། ཨ་འབྲུག་དཀོན་མཆོག་གིས་གསུངས་པ་བཞིན། ང་ཚོའི་ཁ་གཏད་རྒྱ་ནག་ཡིན་དུས། འདི་དང་འདི་ལྟབུའི་གནས་ཚུལ་རྒྱུས་ལོན་བདེ་ཆེད། ཕྱོགས་བསྒྲིགས་ལས་ཚན་ཞིག་དྲ་ཚིགས་ནང་འཇོག་ཐུབ་ན། ངེད་ཀློག་པ་པོ་རྣམས་ཀྱི་ཡིད་ཚིམས་ཐོག་ཚིམས་བཞག་དང་དགའ་ཐོག་དགའ་བཞག་ཆགས་རྒྱུ་རེད། དཔེ་ཡག་པོ་འདུག མུ་མཐུད་དེདེདེདེདེདེདེདེདེདེདེདེདེདེདེདེདེདེདེདེདེདེདེདེདེདེདེདེདེདེདེདེ

    Reply
  11. ཨ་འབྲུག་དཀོན་མཆོག says:
    ལོ་ 15 སྔོན།

    སྔོན་མ་ཞིག་ལ་ལོ་རྒྱུས་དེབ་ཐེར་རྣམས་ནི་གདན་ཐོག་ཏུ་བསྡད་ནས་འཇིག་རྟེན་མཐོང་བའི་མེ་ལོང་ཡིན་པའི་བཤད་སྒྲོས་ཤིག་ཀུན་ལ་ཡོད་མོད།
    དེ་རིང་ཁ་སང་དྲ་ཚིགས་བརྒྱུད་པའི་གསར་འགྱུར་སྣ་ཚོགས་ཀྱིས་འདི་ལྟར་འཇིག་རྟེན་གྱི་གྲུ་ཟུར་སོ་སོ་ནས་གསང་བ་སྣ་ཚོགས་ཕྱིར་འདོན་བྱས། ཐ་ན་མི་སེམས་ཀྱི་གསང་བ་དག་ཀྱང་ཕྱིར་འདོན་བྱས་པས། མི་རྣམས་ཀྱི་བློ་མིག་དང་མཐོང་རྒྱང་ཡངས་པོར་བཟོས།
    གསར་འགྱུར་སྤེལ་སྟངས་འདི་དམིགས་བསལ་བ་ཞིག་དང་། ཕྱོགས་བསྡོམས་གནང་སྟངས་འདི་ཧ་ཅང་ལེགས་པོ་འདུག།
    དུས་བབ་ཀྱི་ཀློག་པ་པོ་ཞིག་གི་ངོས་ནས་འདི་ལྟར་རབ་ན་ ་་་བདུན་གཅིག་གི་རྒྱ་ནག་གམ།་་་་ཡང་ན་ཟླ་གཅིག་གི་རྒྱ་ནག་་་་་ལྟ་བུའི་ཕྱོགས་བསྡུས་གསར་འགྱུར་འདི་འདྲ་འགོད་ཐུབ་ན་ཁྱེད་རྣམས་ཀྱི་ལས་དོན་གྲུབ་འབྲས་དང་ཕན་ཐོགས་ལྡན་པ་དག་ལས་ཡག་ཐོག་ལ་རྒྱན་རེད་འདོད།

    Reply
  12. གནམ་ལྕགས། says:
    ལོ་ 15 སྔོན།

    གསར་འགྱུར་ཀློག་འདོད་པ་འདི་འདྲ་དུས་རྒྱུན་དུ་འགོད་པའི་རེ་བ་ཤིན་ཏུ་ཆེའོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese