མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྟག་འཚེར་རིན་པོ་ཆེའི་ཡང་སྲིད་ཕེབས་ཡོང་གི་རེད།

བོད་ཀྱི་དུས་བབ།
༢༠༡༠/༠༥/༡༥
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་སྐུའི་གཅེན་པོ་སྟག་འཚེར་རིན་པོ་ཆེའི་ཡང་སྲིད་ཕེབས་ངེས་པ་དང་། ཡང་སྲིད་རྩད་གཅོད་ཐད་ཁོང་ལ་ཐུགས་འགན་ཡོད་ཅེས་ཨེན་ཌི་ཡཱ་ནའི་བོད་སོག་ནང་པའི་རིག་གཞུང་གཅེས་སྐྱོང་བསྟི་གནས་ཁང་སྐུ་འབུམ་བྱམས་བརྩེ་གླིང་དུ་གསུངས་ཡོད།

ཟླ་འདིིའི་ཕྱི་ཚེས་ ༡༢ ཉིན་ནས་བཟུང་༸གོང་ས་མཆོག་གིས་ཉིན་གྲངས་གཉིས་རིང་གི་ཨ་རིའི་ཨེན་ཌི་ཡཱ་ན་མངའ་སྡེའི་བྷུ་ལོ་མིན་ཊོན་དུ་རྟེན་གཞི་བྱས་པའི་བོད་སོག་ནང་པའི་རིག་གཞུང་གཅེས་སྐྱོང་བསྟི་གནས་ཁང་སྐུ་འབུམ་བྱམས་བརྩེ་གླིང་དུ་བོད་དང་སོག་པོ་གཙོས་པའི་དད་ལྡན་པ་རྣམས་ལ་དམིགས་བསལ་ནང་ཆོས་ཐོག་སློབ་གཉེར་དང་དོ་སྣང་བྱ་དགོས་པའི་ལམ་སྟོན་གནང་བ་དང་འབྲེལ་ཁོང་གིས་གསར་འགོད་པའི་དྲི་བར་གསུང་ལན་ཕུལ་ཡོད། གསར་འགོད་པ་ཞིག་གིས། ཁོང་ཉིད་ད་ཐེངས་ཨིན་ཌེ་ཡ་ནར་ཕེབས་སྐབས་སྐུའི་གཅེན་པོ་མཆོག་ནི་དགོངས་པ་རྫོགས་ཏེ་བཞུགས་མེད་པའི་ཐད་ཐུགས་སྣང་ཅི་བྱུང་ཅེས་དྲིས་སྐབས་༧གོང་ས་མཆོག་གིས། སྐུའི་གཅེན་པོ་མཆོག་ནི་མི་དྲང་པོ་དྲང་བཞག་དང་ལྷག་བསམ་རྣམ་དག་ཅན་ཞིག་ཡིན། ཁོང་ཉིད་གྲོངས་དུས་དགུང་ལོ་མཐོན་པོ་རེད། དེ་བྱས་དུས་ཕེབས་སྟངས་དེ་ཡང་རྒྱུན་ལྡན་གྱི་འགྲོ་སྟངས་ལྟར་རེད་ཅེས་གསུངས་ཡོད་པ་རེད། དེ་བཞིན་གསར་འགོད་པས་སྟག་འཚེར་རིན་པོ་ཆེ་མཆོག་གི་ཡང་སྲིད་སྐོར་ལ་བཀའ་འདྲི་ཞུས་སྐབས་༧གོང་ས་མཆོག་གིས། སྟག་འཚེར་རིན་པོ་ཆེ་མཆོག་གི་ཡང་སྲིད་ཕེབས་ངེས་པ་དང་། སྐུ་ཕྲེང་ ༡༣ པ་སྟག་འཆེར་རིན་པོ་ཆེའི་ཡང་སྲིད་རྩད་གཅོད་ཐད་ཀྱི་མཛད་འཁུར་བཞེས་ཕྱོགས་དང་ཡང་སྲིད་འཚོལ་ཞིབ་ཐད་ཁོང་ལ་ཐུགས་འགན་ཡོད་ཚུལ་སོགས་ཀྱི་བཀའ་སློབ་གནང་ཡོད་པར་མ་ཟད། ཁོང་གི་ཡང་སྲིད་འཚོལ་ཞིབ་ཀྱི་ཕྱག་ལས་དེ་ཚོ་ལོ་རྗེས་མའི་ལོ་མགོ་ཙམ་ནས་མགོ་འཛུགས་དགོས་པ་འདྲ་བོ་རེད། གང་ཡིན་ཟེར་ན། ནམ་རྒྱུན་བླ་མ་ཞིག་ཞིང་ལ་ཕེབས་ཏེ་ཁོང་གི་ཡང་སྲིད་བཙལ་འཚོལ་གྱི་མགོ་མ་བཙུགས་པའི་བར་ལ་ལོ་གསུམ་ནས་བཞི་འགོར་གི་ཡོད་པ་རེད་ཅེས་གསུངས་ཡོད་པ་རེད།

ཕྱི་ཚེས་ ༡༣ ཉིན་ཁོང་གིས་ཨེན་ཌི་ཡཱ་ན་སློབ་གྲྭ་ཆེན་མོའི་ནང་ཤེས་རབ་སྙིང་པོའི་གསུང་ཆོས་ལེགས་པར་གྲུབ་མཚམས་སུ། ཡུལ་དེའི་ནང་ཡོད་པའི་མི་དམངས་དང་དེ་བཞིན་ནེའུ་ཡོག་དང་ནེའུ་རྗར་སེ། མུ་ནེ་སོ་ཊ། ཁ་ལེ་ཧྤོར་ནི་ཡ། ཁེ་ན་ཌ་བཅས་ནས་ཕེབས་པའི་བོད་མི་དང་ཕྱི་གླིང་དད་ལྡན་ཆོས་ཞུ་བ་སྟོང་ཕྲག་བརྒལ་བར་གསུང་ཆོས་གནང་བ་དང་འབྲེལ། ཁོང་གིས། ཨ་རིར་གནས་སྡོད་བོད་མི་ཚོར་བོད་མི་རིགས་ནི་མི་ལོ་ ༢༠༠༠ ལྷག་གི་ལོ་རྒྱུས་དང་རིག་གནས་ཡོད་པའི་མི་རིགས་ཤིག་ཡིན་ཞིང་། བོད་ནང་ལ་མཚོན་ན་འདས་པའི་མི་ལོ་དྲུག་ཅུའི་རིང་མི་རབས་གཉིས་གསུམ་རིང་ཕྱིན་ཡོད། ཡིན་ཡང་། མི་རིགས་ཀྱི་ཞེན་ཁོག་དང་སེམས་ཤུགས་དེ་འདྲ་ཞིག་ད་དུང་འང་ཡོད་བསྡད་པ་དེ། མི་རིགས་རང་ལ་ལོ་རྒྱུས་ལྡན་པའི་རིག་གནས་མཆོག་ཏུ་གྱུར་བ་ཞིག་ཡོད་པ་དང་ཐུན་མོང་མ་ཡིན་པའི་སྐད་ཡིག་ཞིག་ཡོད་པ་དེས་བཟུང་བསྡད་ཡོད། ད་ལྟའི་དུས་འདིར་ཡང་རྒྱ་གཞུང་གིས་ཐབས་ཤེས་ཡོད་རྒུ་འདོན་བཞིན་ཡོད་ཀྱང་། བོད་ནང་གི་བོད་མི་ཚོས་སེམས་ཤུགས་དང་སྙིང་སྟོབས་འགྱུར་བ་གཏོང་ཐུབ་མེད། ཁྱེད་ཅག་རང་དབང་ལུང་པར་ཡོད་པའི་བོད་མི་ཚོས་ཀྱང་། རང་ཉིད་བོད་མི་ཞིག་ཡིན་པ་ངོས་ཟིན་པའི་ཐོག   མི་རིགས་རང་གི་རིག་གཞུང་དང་དེང་དུས་ཀྱི་ཤེས་ཡོན་མཐར་ཕྱིན་པ་ཞིག་སྦྱངས་ཏེ། བོད་ནང་གི་བོད་མི་ཚོའི་དགོས་འདུན་འགྲུབ་པར་བྱ་ཆེད་འབད་བརྩོན་བྱ་དགོས། གལ་སྲིད། རང་དབང་ལུང་པར་ཡོད་པའི་བོད་མི་ཚོས་བོད་ཀྱི་སྐད་དང་ཡི་གེར་དོ་སྣང་མ་བྱས་ཚེ། བོད་ནང་དཀའ་ངལ་གང་མང་ལ་གདོང་ལེན་བྱས་ཏེ་རང་གི་རིག་གཞུང་དང་སྐད་ཡིག་སྲུང་སྐྱོབ་བྱེད་མཁན་རྣམས་ཀྱི་སེམས་ཤུགས་ཆག་གཞི་ཞིག་ཏུ་འགྱུར་ངེས་པ་དང་། རང་དབང་ལུང་པའི་བོད་མི་ཚོས་གཞིས་སྡོད་བོད་མིའི་འགན་འཁུར་དགོས་ཞེས་བཀའ་སློབ་གནང་ཡོད་ལ། དེ་བཞིན། སོག་རིགས་གཞོན་སྐྱེས་ཚོར་ནང་ཆོས་ལ་སློབ་གཉེར་གནང་སྐབས་བོད་ཡིག་མི་ཤེས་པའི་དཀའ་ངལ་བྱུང་ཚེ། དབྱིན་ཡིག་ཐོག་ནང་ཆོས་ལ་སློབ་གཉེར་གནང་ཆོག་ཚུལ་དང་། བོད་ཡིག་ཐོག་སྦྱོང་ཐུབ་ན་ཡག་པོ་ཡོང་བའི་བཀའ་སློབ་གནང་ཡོད་པ་རེད།

ཕྱི་ཚེས་ ༡༣ ཉིན་༸གོང་ས་མཆོག་གིས་ཐེངས་འདིའི་ཨེན་ཌི་ཡཱ་ནའི་མངའ་སྡེ་མཛད་འཕྲིན་ཡོངས་སུ་གྲུབ་ཡོད་པ་དང་། མཇུག་སྒྲིལ་གྱི་སྐབས་དང་བསྟུན་ཏེ་ཐེངས་འདིའི་ཕེབས་བསུ་གནང་ཡུལ་ཨེན་ཌི་ཡཱ་ནའི་བོད་སོག་ནང་པའི་རིག་གཞུང་གཅེས་སྐྱོང་བསྟི་གནས་ཁང་སྐུ་འབུམ་བྱམས་བརྩེ་གླིང་གི་དགོན་བདག་ཨ་ཀྱཱ་རིན་པོ་ཆེ་མཆོག་གིས་མནྜལ་འདེགས་འབུལ་དང་སྦྲགས། ཐེངས་འདིའི་ཆོས་འབྲེལ་བརྒྱུད་ནས་ཐོབ་པའི་ཨ་སྒོར་ ༡༣༤༠༠༠ སྟོང་ལྷག་བསྟི་གནས་ཁང་གསར་བཞེངས་དང་། ཁམས་སྐྱེ་རྒུ་མདོའི་ས་ཡོམ་གྱི་གོད་ཆགས་ཐེབས་ཡུལ་སོགས་སུ་ཞལ་འདེབས་འབུལ་རྒྱུའི་སྙན་སེང་ཞུས་ཡོད་འདུག་ལ།  ཕྱི་ཚེས་ ༡༤ ཉིན་༸གོང་ས་མཆོག་གིས་བོད་དང་སོག་པོ་གཙོས་ཨ་རིའི་དད་ལྡན་མང་ཚོགས་ཁྲི་ཕྲག་བརྒལ་བར་བྱམས་སྙིང་རྗེ་དང་ཤེས་རབ་ཟུང་འབྲེལ་ཐོག་དཀའ་ངལ་ལ་དོང་ལེན་བྱེད་ཕྱོགས་ཀྱི་ཐད་བཀའ་སློབ་གསུང་བཤད་གནང་ཡོད་འདུག   ཐེངས་འདི་ནི་༸གོང་ས་མཆོག་སྐུའི་གཅེན་པོ་སྟག་འཚེར་རིན་པོ་སྐུ་གཤེགས་རྗེས་སྐུ་འབུམ་བྱམས་བརྩེ་གླིང་དུ་ཕེབས་ཐེངས་ཐོག་མ་ཆགས་ཡོད་པ་དང་། ཨེན་ཌི་ཡཱ་ན་མངའ་སྡེར་ཕེབས་ཐེངས་དྲུག་པ་དེ་ཆགས་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

The Jacques Marchais Museum of Tibetan Art is home to one of the largest collections of Himalayan artifacts in America.Photo:NYCMayorsOffice
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་འཛམ་གླིང་གི་སྐྱེས་ཆེན་ཁག་ཅིག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན་ཞིག་ཞུ་རྒྱུ་ཡིན་འདུག 

ཆུ་ཚོད་ ༢༡ སྔོན་ལ།
Russian President Vladimir Putin shakes hands with his Chinese counterpart Xi Jinping during a welcoming ceremony before their talks at the Kremlin in Moscow, Russia, May 8, 2025. REUTERS/Evgenia Novozhenina
Mobile App

ཞི་ཅིན་ཕིན་དང་པུ་ཊིན་གཉིས་ཀྱིས་དངོས་སུ་ཐུག་འཕྲད་བྱས།

ཆུ་ཚོད་ ༢༡ སྔོན་ལ།
Front Slider

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
བོད་ཆབ་མདོ་སྟེང་ཆེན་རྫོང་། དྲ་ལམ་གྱི་པར།
Mobile App

ཆུ་གློག་བཀག་པའི་གནས་ཚུལ་དྲ་ལམ་དུ་སྤེལ་བའི་ཉེས་མིང་འོག་བོད་མི་ཞིག་བཀག་ཉར་བྱས།

༢༠༢༥/༠༥/༠༧
བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས་ཀྱིས་འཁྲབ་སྟོན་བྱེད་བཞིན་པའི་ཡུལ་དངོས། ༢༠༢༥།༥།༧
Mobile App

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆེ་ལགས་རྣམ་གཉིས། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་བཟོ་བྱས།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆི་མཆོག་ལ་འཚམས་འདྲི་མཛད།

༢༠༢༥/༠༥/༠༧

མཆན། 17

  1. tsedol10 says:
    ལོ་ 15 སྔོན།

    Taktse Rinpoche Lak, Kyag pa sa,

    Reply
  2. karma dorje says:
    ལོ་ 15 སྔོན།

    སྤྲུལ་སྐུའི་ལམ་ལུགས་གཞུང་གི་ཁྲིམས་ལུགས་ཡིན་ན་མེད་པ་བཟོ་ཆོག་ཀྱང་། མི་མང་གི་དད་འདུན་འཁྲུངས་པས། དེ་འདྲའི་དད་འདུན་མེད་པ་ལས། ཡོད་པ་ཡག་ག

    Reply
  3. རོ་བདག says:
    ལོ་ 15 སྔོན།

    སྟོང་བཤད་མང་པོ་མ་རྒྱག་ལོ། ཐོག་མར་གོང་གི་རྩོམ་ཡིག་དེ་རེག་ཙམ་གཟིགས་རོགས་ཞུ།
    ཡང་སྲིད་དགོས་མི་དགོས་ཏེ་ལུ་རྒྱུས་ཀྱི་གསལ་འདེབས་བྱེད་ངེ་ས་ཡིན།

    Reply
  4. ལྷ་ལུང་ says:
    ལོ་ 15 སྔོན།

    ཆབ་རིལ་ཡང་སྲིད་དང་ དགེ་བསྐོས་ཡང་སྲིད་ བླ་མའི་གཅེན་པོ་ཡང་སྲིད་
    ད་དུང་གསོལ་དཔོན་ཡང་སྲིད་གང་འདྲ་འདུག

    Reply
  5. བཙན་པོ། says:
    ལོ་ 15 སྔོན།

    སྐུ་ཕྱྭ་གལ་ཆེན་པོ་རེད། ཡིན་ནའང་རྩོམ་འདི་འབྲི་མཁན་དང་ཐེང་འདིའི་སྤྱིན་བདག་གཙོ་བོ་གཉིས་ཀའི་བར་གྱི་སྒེར་ནད་ཞིག་གི་དབང་གིས་བྲིས་པ་ཞིག་མིན་ནམ་སྙམ། ༧་གོང་ས་མཆོག་ཐེང་སྔོན་མ་ཕེབས་སྐབས་ཡང་འབྲི་མཁན་འདིས་རྩོམ་འདི་འདྲ་ཞིག་བྲིས་འདུག སྤྱིར་འབྲི་མཁན་འདི་ནི་ཁོ་རང་དང་མ་མཐུན་ཚེ་རྩོམ་མཆན་བསུབས་པ་དང་རྩ་འགོག་བྱེད་པས་ཁོང་སེམས་པ་གུ་ཡངས་མོ་ཅན་ཞིག་མིན་པ་འདྲ།
    སྤྱིར་༧་གོང་ས་མཆོག་ནུབ་ཕྱོགས་ཀྱི་ཆོས་ཚོགས་དང་སློབ་གྲ་སོགས་ཀྱི་་མགྲོན་འབོད་སྐབས་ཁོ་ཚོར་དངུལ་དང་མིང་གྲགས་སོགས་ཀྱི་ཁེ་ཕན་ཆེན་པོ་བྱུང་གི་ཡོད་པ་མ་རེད་དམ། བོད་སོག་ཆོས་ཚོགས་དེ་ལོ་ཤས་སྔོན་བུ་ལོན་ནང་ཟགས་ནས་ཨ་རིའི་གཞུང་གིས་སྒོ་བརྒྱགས་པ་མ་རེད་དམ། དེ་ཕྱིར་ཁོ་ཚོར་བུ་ལོན་ཕྱིར་འཇལ་ཆེད་དངུལ་སྒོར་རེ་དགོས་མཁོ་ཡོད་བགྱི་རེད་བསམ་གི།

    Reply
  6. བཙན་པོ། says:
    ལོ་ 15 སྔོན།

    སྐུ་ཕྱྭ་གལ་ཆེན་པོ་རེད། ཡིན་ནའང་རྩོམ་འདི་འབྲི་མཁན་དགེ་རབ་དང་ཐེང་འདིའི་སྤྱིན་བདག་གཙོ་བོ་ཨ་ཀྱྭ་གཉིས་ཀའི་བར་གྱི་སྒེར་ནད་ཞིག་གི་དབང་གིས་བྲིས་པ་ཞིག་མིན་ནམ་སྙམ། ༧་གོང་ས་མཆོག་ཐེང་སྔོན་མ་ཕེབས་སྐབས་ཡང་འབྲི་མཁན་འདིས་རྩོམ་འདི་འདྲ་ཞིག་བྲིས་འདུག སྤྱིར་འབྲི་མཁན་འདི་ནི་ཁོ་རང་དང་མ་མཐུན་ཚེ་རྩོམ་མཆན་བསུབས་པ་དང་རྩ་འགོག་བྱེད་པས་ཁོང་སེམས་པ་གུ་ཡངས་མོ་ཅན་ཞིག་མིན་པ་འདྲ།
    སྤྱིར་༧་གོང་ས་མཆོག་ནུབ་ཕྱོགས་ཀྱི་ཆོས་ཚོགས་དང་སློབ་གྲ་སོགས་ཀྱི་་མགྲོན་འབོད་སྐབས་ཁོ་ཚོར་དངུལ་དང་མིང་གྲགས་སོགས་ཀྱི་ཁེ་ཕན་ཆེན་པོ་བྱུང་གི་ཡོད་པ་མ་རེད་དམ། བོད་སོག་ཆོས་ཚོགས་དེ་ལོ་ཤས་སྔོན་བུ་ལོན་ནང་ཟགས་ནས་ཨ་རིའི་གཞུང་གིས་སྒོ་བརྒྱགས་པ་མ་རེད་དམ། དེ་ཕྱིར་ཁོ་ཚོར་བུ་ལོན་ཕྱིར་འཇལ་ཆེད་དངུལ་སྒོར་རེ་དགོས་མཁོ་ཡོད་བགྱི་རེད་བསམ་གི།

    Reply
  7. ཨ་བཀྲ་ཤིས། says:
    ལོ་ 15 སྔོན།

    དྲ་གྲོགས་རྣམས་པ་ཚོ་ལ་དྲི་བ་ཞུ་རྒྱུ་གཅིག་ནི། སྤྲུལ་སྐུའི་ལམ་ལུགས་འདི་མཚམས་བཞག་ན་བོད་རྒྱུད་ནང་བསྟན་ལ་ཤུགས་རྐྱེན་གང་འདྲ་ཞིག་ཐེབས་སྲིད་དམ། ཡང་གཅིག་བཤད་ན་བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་འདི་ཡང་བོད་མི་རིགས་ཀྱི་རིག་གཞུང་གཅིག་རེད་ཅེས་བཤད་ན་མི་འགྲིག་པ་གཅིག་མ་རེད། གལ་སྲིད་མཚམས་བཞག་ཐུབ་པའི་དབང་དུ་བཏང་ན་དུས་ཡུན་ག་ཚོད་ཙམ་འགོར་སྲིད་དམ། སྤྲུལ་སྐུའི་ལམ་ལུགས་མཚམས་བཞག་པ་ཡིན་ན་ནམ་ཞིག་གསར་དུ་འགོ་རྩོམ་རྒྱུ་རེད་དམ།

    Reply
  8. བཀྲ་ཤིས། says:
    ལོ་ 15 སྔོན།

    དྲ་གྲོགས་ཚོ་རྩོམ་ཡིག་འདི་ལ་ཞིབ་ཏུ་གཟིགས་རོགས།
    དགེ་འདུན་རབ་གསལ།
    ——————————–
    འདས་པའི་བདུན་གཅིག་ཙམ་ གྱི་རིང་ལ། ངེད་ཀྱི་ཉིན་རེའི་བྲེལ་བ་ཇེ་ཆེར་ཕྱིན། དེ་ནི་༧གོང་ས་མཆོག་ཕྲན་སྡོད་སའི་ས་གནས་སུ་ཆིབས་བསྒྱུར་གནང་བ་རེད། ཆིབས་བསྒྱུར་འདི་ནི་སྐུའི་གཅེན་པོ་ལྟག་མཚེར་རིན་པོ་ཆེས་འཛུགས་གནང་མཛད་པའི་ བོད་ཀྱི་རིག་གཞུང་བསྟི་གནས་ཁང་སྟེ། ད་ལྟ་ “བོད་དང་སོག་པོའི་ཆོས་རིག་བསྟི་གནས་ཁང་”དུ་ མིང་བརྗེས་པ་འདིས་སྤྱན་དྲངས་པ་རེད། ཆིབས་བསྒྱུར་འདིའི་སྐབས་སུ་༧གོང་ས་ཆེན་པོའི་མཛད་འཕྲིན་ལ་བརྟེན་ནས་བསྟན་ འགྲོའི་དགེ་རྩ་བླ་ན་མེད་པ་ཞིག་བསྐྲུན་པ་དང་། དེ་ཡང་བོད་མི་སྤྱི་དང་ནང་པ་ཡོངས་ཀྱི་གཟི་བརྗིད་དུ་ཆེ་བ་སོགས་རླབས་ཆེན་གྱི་ ཕྱག་རྗེས་དག་ནི་ཕྱག་དང་དད་པའི་ཡུལ་ཁོ་ན་ཡིན་པ་དང་། དེ་དག་ནི་འདིར་དམིགས་བཀར་གྱིས་འབྲི་བའི་རྩོལ་བ་མ་བྱས། ཕྲན་གྱིས་ཞུ་བར་འདོད་པ་ནི། བོད་མི་ཞིག་དང་། ལྷག་པར་ས་གནས་ཀྱི་བོད་མི་ཞིག་ཡིན་པའི་ཆ་ནས་གཏམ་འགའ་གླེང་བར་འདོད་པ་ཡིན།

    དད་པ་དང་སློབ་མ།
    བོད་དུ་ནང་པའི་ཆོས་ཉམས་ལེན་བྱེད་པའི་རྩ་བའི་གནད་དོན་ཞིག་ནི་ “དད་པ་དང་དམ་ཚིག་”ཅེས་ པ་འདི་ཡིན་པ་རེད། དེ་ཡང་བླ་མ་བསྟེན་ཚུལ་ལས་འཕྲོས་ཏེ་ཉམས་ལེན་གྱི་རིམ་པ་གསལ་པོ་ཞིག་ཡོད། རིམ་པ་འདིའི་ནང་སྐུ་ཐང་དང་སྐུ་པར་ཚུན་ནས་དད་པའི་རྟེན་དུ་བྱས་ཏེ་མཆོད་པ་ བྱེད། ཕྱག་བྱེད། འོན་ཀྱང་དེང་སང་གི་འཇིག་རྟེན་ན། ༧རྒྱལ་བའི་སྐུ་པར་དག་ཚགས་པར་དང་གསལ་བསྒྲགས་སོགས་ཀྱི་སྟེང་འགོད་པ་ལ་འཛེམས་ ཟོན་མེད་ཁར། དྲིལ་བསྒྲགས་ཀྱི་ཆེད་དུ་དམིགས་ཏེ་སྐུ་པར་གང་མང་བཀྲམས་པ་དང་། དེ་ཡང་ཚོང་ཟོག་དྲིལ་བསྒྲགས་ཀྱི་ཡིག་ཆ་ལྟར། མཛད་རིམ་དྲིལ་བསྒྲགས་བྱས་སྟབས། སྐུ་པར་ཁག་མཆོད་པའི་རྟེན་ལས་གོ་བབ་ཆག་སྟེ། རྐང་འོག་ཚུན་ལ་ཡང་ཁྱབ་བཞིན་འདུག ངས་རྐང་འོག་ལ་ཤོར་ཟིན་པའི་དྲིལ་བསྒྲགས་ཡིག་ཆ་ཞིག་ས་ནས་བླངས་ཏེ་ཉར་བ་ཡིན། དེ་ ཙམ་གྱིས་ཀྱང་ག་ལ་ཚད་དེ། གསུང་ཆོས་ཀྱི་མཛད་རིམ་རེ་རེ་ནི་ གློ་བུར་དུ་སྒོར་མོ་མང་པོ་བཟོ་ཐུབ་པའི་མཛད་རིམ་ཞིག་ཏུ་བསྒྱུར། དེ་ཡང་། སྦྱིན་བདག་གི་རིམ་པ་སྟེ། ཨ་སྒོར་ཁྲི་གཅིག་ཡན་འབུལ་མཁན་ནི་ “རོགས་འདེགས་སྦྱིན་བདག་Benefactor”དང་། ཨ་སྒོར་ལྔ་སྟོང་ཡན་འབུལ་མཁན་ལ་ “གསེར་གྱི་སྦྱིན་བདག Gold Sponsor”། ཨ་སྒོར་སུམ་སྟོང་ཡན་འབུལ་མཁན་ནི་ “དངུལ་གྱི་སྦྱིན་བདག་ Silver Sponsor”སོགས་ སྦྱིན་བདག་ གི་རིམ་པ་བཀར་བ་དང་། སྦྱིན་བདག་དེ་དག་ལ་དམིགས་བསལ་ཞབས་སྟེགས་འབུལ་བ་ཙམ་དུ་མ་ཟད། སྐུ་མདུན་ལ་སྒེར་གྱི་མཇལ་ཁ་ཡོད་པ། སྐུ་མདུན་དང་ལྷན་དུ་གསོལ་ཚིགས་ཡོད་པ་སོགས་ཁྱབ་བསྒྲགས་བྱས་ཏེ་དངུལ་བསྡུ་ཐབས་ མཛད་འདུག(འབྲེལ་ཐག་འདི་ནས་ཁུངས་གཟིགས་ཐུབ།) འདི་དག་ནི་ཆིབས་བསྒྱུར་གྱི་མཛད་རིམ་གོ་སྒྲིག་ཐད་ཀྱི་འགྲོ་གྲོན་ལ་དམིགས་པ་ ཡིན་ན། རྒྱུ་མཚན་ལྡན་པ་ཞིག་གིས་འཐུས་པ་ཡིན་མོད། ཐེངས་འདིའི་གསུང་ཆོས་ལ་ཁེ་བཟང་ཨ་སྒོར་འབུམ་གཅིག་ལྷག་དང་། གསུང་བཤད་ལ་ཡང་ཨ་སྒོར་འབུམ་གཅིག་ལྷག་བྱུང་བ་རེད་ཅེས་ཚགས་པར་ཁག་ཏུ་ཐོན་འདུག (འབྲེལ་ཐག་འདི་ནས་ཁུངས་གཟིགས་ཐུབ།) ད་ནི་དངུལ་འདི་དག་ཀྱང་དགུང་ན་བགྲེས་པོར་ཕེབས་པའི་༧རྒྱལ་བ་རིན་པོ་ཆེའི་མཚན་ ཐོག་ནས་བྱུང་བ་རེད། སྦྱིན་བདག་གི་མཛད་རིམ་མང་དྲགས་པའི་རྐྱེན་ལ་བརྟེན་ནས་༧གོང་ས་མཆོག་གིས་བོད་ མི་མང་ལ་མཇལ་ཁ་གནང་སྐབས། ད་ང་ “ཐང་ཡང་ཆད་གི།”ཞེས་ སྐུ་ཐང་ཆད་པའི་སྐོར་ཞལ་གསོན་པོ་ནས་གསུངས་འདུག ད་དུང་ད་ལྟའི་ཆོས་ཚོགས་འདི་ད་མུས་བཞིན་གནས་ཐུབ་པའི་རྒྱུ་མཚན་ཉག་གཅིག་དེ་ཡང་ སྐུ་སྒེར་ནས་མ་དངུལ་འབོར་ཆེན་གསོལ་རས་གནང་བ་ཁོ་ན་ལས་བྱུང་བ་རེད། ལར་ནས་ཨ་སྒོར་འབུམ་གཉིས་ལྷག་ཙམ་ཞིག་བོད་མི་ས་ཡ་དྲུག་ལ་ཡོད་དང་མེད་ལ་ཁྱད་པར་ ཆེན་པོ་མི་འདུག འོན་ཀྱང་། ༧སྤྱི་ནོར་ཆེན་པོ་སྐུ་ཐང་ཆད་པ་ནི་བོད་མི་ས་ཡ་དྲུག་གིས་བཟོད་ཐབས་དཀའ་བ་ཞིག་ རེད། དེ་ཡང་བསྟན་སྲིད་ཀྱི་ཆེད་དུ་མ་ཡིན་པར་སྒོར་མོའི་ཆེད་དུ་སྐུ་ཐང་ཆད་བཅུག་ན་ དེ་ལས་ཀྱང་བཟོད་ཐབས་དཀའ་བ་ཞིག་རེད།

    སྐུ་ཕྱྭ་དང་སྐུའི་བདེ་ཐང་།
    ༧སྐུ་མདུན་ཁ་སང་ས་གནས་ནས་ ཆིབས་ཕེབས་གནང་གྲུབ་སོང་། ཁ་སང་མི་མང་ལ་གསུང་བཤད་གནང་སྐབས་ཁོང་གིས་སྐུ་རྩེད་དང་སྦྲགས་ནས་སྔོན་གཤགས་ བཅོས་གནང་བའི་སྐབས་ཀྱི་ལོ་རྒྱུས་ཤིག་གསུངས་བྱུང་། གཤགས་བཅོས་འདི་རིགས་ནམ་རྒྱུན་ཡུན་ཐུང་ཞིག་གིས་འགྲུབ་པ་ཡིན་མོད། སྐུ་མདུན་རང་ལ་གཤགས་བཅོས་འབུལ་སྐབས་ཆུ་ཚོད་གསུམ་འགོར་བྱུང་ཞེས་གསུངས་སོང་། སྐབས་འདིར་ངའི་མིག་མཐའ་ན་མཆི་མ་ཤར་སེ་འདུག ངའི་སེམས་ལ་ལྭ་དཀར་པོ་གོན་པའི་སྨན་པ་དང་སྨན་ཁང་སོགས་གཤགས་བཅོས་ཀྱི་བརྒྱུད་ རིམ་ཞིག་ཤར་བཞིན་འདུག སེམས་ཚོར་འདི་འདྲ་ནི་ང་གཅིག་པུ་ལ་ཡོང་བ་ཞིག་ག་ལ་ཡིན། བོད་མི་ཡོད་དོ་ཅོག་གིས་སྐུ་མདུན་གྱི་སྐུ་ཕྱྭ་ལ་ཐུག་སྐབས་འདི་ལྟར་མིག་ཆུ་ གཏོང་བ་རེད།
    ད་སྐུ་ཕྱྭའི་སྐོར་རང་གི་ མྱོང་བ་སྦྱར་ནས་བཤད་ན། ཟླ་འདིའི་ཚེས་ ༡༡ ཉིན་སྐུ་མདུན་ཁོང་འདི་ག་ས་གནས་ལ་ཕེབས་པ་རེད། དེའི་མཚན་མོ་དེར་ང་ལ་གཉིད་མ་ཡོང་། མཚན་གང་ལ་ངང་སྒུག་ཅིག་གིས་གཉིད་ཡོངས་སུ་དཀྲོགས་བྱུང་། ངང་སྒུག་དེ་ནི་ཚེས་ ༡༢ ཉིན་གྱི་ཞོགས་ཀར་ ངས་བསྒྱུར་བའི་ “སངས་རྒྱས་ཀྱི་དཔའ་རྟུལ་ཚོ་” ཞེས་པའི་དེབ་དེ་༧སྐུ་མདུན་ལ་འབུལ་ཆེད་རྒྱལ་སྤྱིའི་བོད་རང་བཙན་ལས་འགུལ་ཚོགས་ པ་དང་ལྷན་དུ་མཇལ་ཁ་ཡོད་ཅེས་ང་ལ་བཤད་བྱུང་། དེར་བརྟེན། དེ་ལ་ངང་སྒུག་བྱས་པ་ཡིན། ཞོགས་ཀ་སྔ་པོ་ནས་བྱིས་པ་གཉིས་ཀྱི་སློབ་གྲྭའི་གྲ་སྒྲིག་ཟིན་པ་དང་། ངེད་ཐད་ཀར་ཆོས་ཚོགས་ལ་ཕྱིན་པ་ཡིན། དེར་ངེད་ཀྱིས་ལག་འཁྱེར་ཁ་པར་དང་ལྡེ་མིག་སོགས་ཅ་ལག་ཡོད་ཚད་རླངས་འཁོར་དུ་བཞག་ ནས་ཕྱིན་པ་ཡིན། དེའི་རྒྱུ་མཚན་ནི་མཇལ་ཁ་ཡོད་སྟབས་ལུས་པོར་བརྟག་དཔྱད་བྱེད་རྒྱུ་རེད་བསམས་ བྱུང་། ཆོས་ཚོགས་སུ་ཡུད་ཙམ་སྒུག་རྗེས་ང་ཚོ་༧སྐུ་མདུན་བཞུགས་སའི་དགོན་པའི་ནང་ཁྲིད་ བྱུང་། དེ་ནས་ཁང་མིག་ཅིག་ཏུ་བསྡད་བཅུག་བྱུང་། ཡུད་ཙམ་ནས་༧སྤྱི་ནོར་ཆེན་པོ་ཆིབས་བསྒྱུར་གནང་ནས་ང་ཚོ་ལ་སྐར་མ་འགའ་ཡི་རིང་ བཀའ་སློབ་གནང་བྱུང་། དེ་ནས་༧སྐུ་མདུན་ཕེབས་གྲུབ་རྗེས་ང་ཚོ་ཡང་རང་འགུལ་གྱིས་ལོག་ཕྱིན་པ་ཡིན། གཟིགས་དང་། ང་ཚོ་འདིར་སླེབས་ནས་༧སྐུ་མདུན་ལ་མཇལ་ཁ་ཞུས་གྲུབ་པའི་བར་དུ་ང་ཚོའི་ལུས་པོར་ བརྟག་དཔྱད་བྱེད་མཁན་མི་འདུག འོ་ན། འདི་ནི་ང་ཡོད་པའི་ཚོགས་པ་འདི་ལ་འབྲེལ་ཡོད་རྣམས་ཀྱིས་ཡིད་ཆེས་བྱས་རྐྱེན་རེད་ ཅེས་བཤད་ན། ང་ཚོའི་གྲས་སུ་ཚོགས་པ་ནས་མ་ཡིན་པའི་མི་གཅིག་ཀྱང་སླེབས་འདུག སྐུ་མདུན་མ་ཕེབས་པའི་གོང་རོལ་དེ་ག་རང་ལ་ང་ཡོད་པའི་ཚོགས་པ་དེའི་ཚོགས་གཙོས་ “ཁྱེད་རང་འདིར་བསྡད་ན་འགྲིག་གི་མ་རེད་”ཅེས་ ངོ་སྤྲོད་གནས་ལུགས་བཤད་སྟབས་ཁོང་ཡང་ཕྱིར་ལོག་སོང་། དེ་མིན་ན། ཁོང་ཡང་ཚོགས་པའི་ཁོངས་སུ་མཇལ་ཁ་ཐོབ་རྒྱུ་ལ་དྭོགས་པ་མེད། ང་ལ་ཉམས་མྱོང་འདི་འདྲ་ཐེངས་མ་གཉིས་ལ་བྱུང་། གཉིས་ཆ་ལ་ལུས་པོར་བརྟག་དཔྱད་གཏོང་བ་དང་། མིང་ཐོ་ཞིབ་བཤེར་བྱེད་པ། མིང་དང་ངོ་སྤྲོད་ལག་འཁྱེར་བལྟ་བསྡུར་བྱེད་པ་སོགས་སྣེ་གཅིག་ཀྱང་མི་འདུག སྔོན་མ་ཡིན་ན་དེ་འདྲ་ཡོད། ད་ལྟ་མེད་པ་གང་རེད་ཅེས་ས་གནས་ཀྱི་མི་ཞིག་ལ་དྲིས་པ་ཡིན། ཁོང་གིས། “སྔོན་ མ་ཡིན་ན། ༧སྐུའི་གཅེན་པོ་བཞུགས་སྐབས། ཨ་རིའི་དབུས་གཞུང་གི་བདེ་སྲུང་མི་སྣ་ཡོད་ཡོད་ཐོག ས་གནས་ཀྱི་ཉེན་རྟོག་པ་དང་བདེ་སྲུང་ལས་བྱ་གླ་གི་ཡོད་པ་རེད། དེ་ཐེངས་དེ་འདྲ་མི་འདུག”ཅེས་ བཤད་བྱུང་། ད་ གོང་གི་ཨ་སྒོར་འབུམ་གཉིས་ལྷག་གི་ཁེ་བཟང་དེས་སྐུ་ཕྱྭའི་ཆེད་དུ་བདེ་སྲུང་གི་ ལས་བྱ་འཕར་མ་གླ་མི་ཐུབ་པ་གང་ཡིན་ནམ། དགོས་པ་ཞིག་ཆད་འདུག་བསམས་ནས་སེམས་ཧ་ཅང་སྐྱོ་བྱུང་།
    དེ་ནས་ཚེས་ ༡༣ ཉིན་དེར་བོད་མི་ཚོར་མཇལ་ཁ་དང་བཀའ་སློབ་ཡོད་པ་རེད། ཉིན་འདིའི་གནས་སྟངས་ནི་ ཁ་གདངས་ནས་སྡོད་དགོས་པ་ཞིག་འདུག་ཟེར། ང་དེ་ན་མེད། ཐོག་མའི་བོད་མི་གཅིག་པུར་མཇལ་ཁ་གནང་འཆར་དེ་འགྱུར་ནས་བོད་སོག་ཐུན་མོང་ལ་བཀའ་ སློབ་གནང་རྒྱུའི་མཛད་རིམ་ཆགས། ཐོག་མར་འདུ་ཁང་ཕྱི་རོལ་དུ་བཀའ་སློབ་གནང་རྒྱུའི་འཆར་གཞི་བྱས་ཡོད་པ་དེ་གློ་ བུར་གྱི་ཆར་ཤུགས་ཆེ་སྟབས་འདུ་ཁང་ནང་དུ་སྤོས་ནས་གནང་དགོས་ཤར། བོད་སོག་མི་རིགས་བསྡོམས་བཞི་བརྒྱ་ལྷག་ཡོད་པ་དང་། དེ་ཚོ་ཚང་མ་ལ་གཟུགས་པོར་བརྟག་དཔྱད་མེད་པར་ཐད་ཀར་འདུ་ཁང་ནང་འཚང་ཁ་བརྒྱབ། ངོ་ཤེས་དང་མི་ཤེས་པའི་མི་སྣ་སྣ་ཚོགས་སྐུ་མདུན་གྱི་མདུན་ཏག་ཏག་ལ་སླེབས་ཐུབ་ པར་གྱུར། དེ་ནས། མཐའ་ན་གསུང་བཤད་གནང་རྒྱུའི་སྒྲ་འཕེལ་ཁ་པར་༼ microphone༽ ཡང་གྲ་སྒྲིག་མེད་པར་༧སྐུ་མདུན་དང་སོག་སྐད་སྐད་བསྒྱུར་གཉིས་བརྗེ་རེས་བྱེད་ དགོས་པ་བྱུང་འདུག ད་སྐུ་ཕྱྭའི་གནད་དོན་དེ་གང་དུ་ཡོད། ༧རྒྱལ་བ་རིན་པོ་ཆེ་ནི་བོད་མི་ས་ཡ་དྲུག་གི་སྤྱི་ནོར་རེད། མཁྱེན་ནམ། སྲུང་སྐྱོབ་ཀྱི་གྲ་སྒྲིག་སྲ་ཐག་ཐག་ཅིག་གནང་མི་ཐུབ་པ་དེ་གང་ཡིན་ནམ། སྐུའི་མཛད་རིམ་ལས་བྱུང་བའི་ཁེ་བཟང་ཨ་སྒོར་འབུམ་གཉིས་ལྷག་ཡོད་པ་དེ་ནས་འགྲོ་ སོང་བཏང་སྟེ། གསུང་ཆོས་གནང་སའི་སློབ་གྲྭའི་ཚོགས་ཁང་དུ་མི་མང་ལ་བཀའ་སློབ་གནང་མ་ཆོག་པ་གང་ ཡིན་ནམ། ཚོགས་ཁང་དེར་མ་མཐའ་ལ་ཡང་གཟུགས་པོར་བརྟག་དཔྱད་བྱེད་ཀྱི་ཡོད་པ་རེད། ཆར་ཤུགས་ཆེ་ན་ཡང་༧སྐུ་མདུན་གྱི་འཁྲིས་ལ་མི་མང་འཚང་ཁ་རྒྱག་པ་ཞིག་ཡོང་གི་མ་ རེད། ཐུགས་རྗེས་གཟིགས། ༧རྒྱལ་བ་རིན་པོ་ཆེའི་སྐུ་ཕྱྭ་ལ་ལྷོད་གཡེང་མ་ཤོར་པ་ཞིག་གནང་རོགས།
    མཐའ་དོན་ས་གནས་འདིའི་ཆོས་ ཚོགས་ཀྱི་གནས་བབ་དང་དེའི་ཕན་ཐོགས་དང་། ཆོས་ཚོགས་དང་བོད་མིའི་འབྲེལ་བ། ཆོས་ཚོགས་ཀྱི་རྒྱུན་ལྡན་མཛད་རིམ་སོགས་ཀྱི་སྐོར་ལ་བསམ་ཚུལ་འགའ་ཡོད་མོད་ཐེངས་ འདིར་བྲིས་མེད་ལ། གོང་གི་དོན་ཚན་རྣམས་འདི་ལྟར་དམར་རྗེན་དུ་བྲིས་པ་ནི། གནས་ཚུལ་འདི་དག་མཐོང་བ་དང་ཐོས་པའི་རྐྱེན་བྱས་ཏེ། “མཚམས་དང་ཚོད་ཅིག་དགོས་”ཞེས་ པའི་བཤད་སྲོལ་ལྟར་བློས་མ་བཟོད་ནས་བྲིས་པ་ཡིན། ད་དུང་སྐད་ཆ་འདི་དག་འབྲི་བའི་ཀུན་སློང་ནང་། ཕྲག་དོག་དང་ཡིད་མ་རངས་པ་སོགས་སྒེར་གྱི་གནད་དོན་སྣེ་གཅིག་ཀྱང་འདྲེས་མེད་ཅེས་ གསལ་བཤད་བྱེད་རྒྱུ་ཡིན། དེས་ན། གནས་ཚུལ་འདི་དག་ལ་འབྲེལ་ཡོད་ཁག་གིས་ཀྱང་ཞིབ་འཇུག་དང་། གསལ་བཤད། ཡར་རྒྱས་སོགས་གནང་རྒྱུའི་འབོད་སྐུལ་ཤུགས་ཆེར་ཞུ་བ་དང་ཆབས་གཅིག ངེད་ཀྱིས་མ་ཤེས་མ་རྟོགས་པའི་དབང་གིས་སྐད་ཆ་ནོར་འཁྲུལ་ཅན་བཤད་ཡོད་ཚེ། “ལྐུགས་པ། ཁྱོད་ནོར་འདུག”ཅེས་སོགས་ཀྱི་གཤེ་ཚིག་གིས་སྤྱོས་ན་ཡང་། ༧སྤྱི་ནོར་ཆེན་པོའི་སྐུ་དོན་ཡིན་སྟབས། ལག་གཉིས་ཐལ་མོ་སྦྱར་ཏེ་ “ཐུགས་རྗེ་ཆེ་”ཞུ་བ་ཡིན།

    Reply
  9. དབྱངས་བུ། says:
    ལོ་ 15 སྔོན།

    གསར་འགོད་པ་ལགས། ༸གོང་ས་མཆོག་གི་ཐེངས་དེའི་བཀའ་ཆོས་ལས་བྱུང་བའི་དངུལ་འབོར་རྣམས་ཀྱིས་བསྟི་གནས་ཁང་འཛུགས་རྒྱུ་ཡིན་ཚུལ་གསུངས་འདུག་ཀྱང། བསྟི་གནས་ཁང་ཇི་འདྲ་ཞིག་འཛུགས་རྒྱུ་ཡིན་ཚུལ་གོང་གི་གསར་འགྱུར་ནང་གསལ་མི་འདུག་པས། གསལ་བཤད་གནང་སྐྱོངས་ཡོང་བ་ཞུ་རྒྱུ་ཡིན།

    Reply
  10. ཧོར་བུ་ཡེ་ཤེས says:
    ལོ་ 15 སྔོན།

    སྐུ་གོང་མའི་ཞབས་འདྲེན་མི་ཞུ་མཁན་ཞིག་ཕེབས་ཡོད་བའི་རེ་ཆེ་མ་གཏོགས་དེང་སང་སྤྲུལ་སྐུ་ཚོས་སྒོམ་ཉམས་ལེན་མི་བྱེད་པར་མགོ་སེར་བུ་མོའི་རྐུབ་ལ་རྒྱུགས་མཁན་མང་དུ།

    Reply
  11. ཁ་བའི་མེ་ཏོག། says:
    ལོ་ 15 སྔོན།

    དུས་བབས་བྱེའུ་ཚང་ལ་ཞུ་རྒྱུ་ནི། ད་ཁྱོད་ཚོའི་བྱེའུ་ཚང་གིས་ཕྱོགས་ཞེན་དང་ལུང་མཚན་གྱི་རྫུན་གཏམ་དག་ག་དུས་མཚམས་བཞག་གོ།

    Reply
  12. karma dorje says:
    ལོ་ 15 སྔོན།

    སྟག་ འཚེར་ རིན་པོ་ཆའི་ ཡང་སྲིད་ གསོལ་འདེབས།

    སྟག་ལྟར་ ངར་བའི་ ཆབ་སྲིད་པ། །
    འཚེར་སྐད་ རྟ་མགྲིན་ དངོས་མཚུངས་ལ། །
    རིན་ཆེན་ དཀོན་མཆོག་ གསུམ་བསྡུས་ཅིག །
    ཡང་སྲིད་ ཆུང་སྲིད་ མྱུར་བྱོན་ཤོག །

    Reply
  13. ཆུ་ཤུར་མིག་དམར་ says:
    ལོ་ 15 སྔོན།

    ཡང་སྲིད་ལམ་ལུགས་དེ་ལམ་གསེང་འཇུག་རྫོགས་རྒྱུ་ཁག་པོ་རེད་བསམ་གྱི་འདུག་དེ་ནི་གྲྭ་གྲོགས་བཙན་པོས་གསུང་པ་བཞིན་མི་མང་གིས་བདག་པོ་རྒྱབ་མ་རྒྱབ་ཀྱི་གནད་དོན་རེད།
    ་ཇི་སྲིད་མི་མང་གིས་བསྡད་པ་ཡོད་དེ་སྲིད་དུ་སྤྲུལ་སྐུའི་ལམ་ལུགས་གནས་རྒྱུ་རེད།
    གང་ཡིན་ཞེས་ན་དེ་ནི་མིའི་སེམས་ཁམས་ཀྱི་གནད་དོན་ཞིག་རེད།

    གྲྭ་གྲོགས་སྨྲ་བརྗོད་རང་དབང་དང་གྲྭ་གྲོགས་མཁའ་དབུགས་གསར་པ་གཉིས་ལ་ཞུ་རྒྱུར་ཁྱེད་གཉིས་དེའི་ཐད་ད་ལྟ་ཐུགས་འཕྲལ་གནང་དགོས་དོན་མི་འདུག་མཉམ།

    Reply
  14. བཙན་པོ། says:
    ལོ་ 15 སྔོན།

    ཡང་སྲིད་ཟེར་བ་དེ་མི་དགོས་བ་བྱོས་ཞོགས་ཟེར་ནས་ཐག་གཅོད་ཅིག་ཡོད་པ་མ་རེད། མི་མང་གིས་ངོས་ནས་བདག་པོ་རྒྱག་མཁན་མེད་དུས་སྤྲུལ་སྐུ་མེད་སོང་བ་རེད། དེ་རྒྱ་དམར་འོག་ནས་འཚར་མཁན་འགའ་ནས་སྤྲུལ་སྐུ་མེད་པ་བྱོས་ཞོག་ཟེར་ན་དེ་གུང་བྲན་གྱིས་བཙན་བཀའ་རང་རེད། སྐུན་མཁྱེན། ཁོ་ཚོས་ཤེས་བ་འདི་ཚན་རིག་དང་མི་མང་ལ་ཕན་པ་ཁོ་ན་ཡིན་ཞེས་གཞན་གྱི་རང་དབང་དད་མོས་མགོར་སྟ་གྲི་མ་རྒྱགས།

    Reply
  15. སྨྲ་བརྗོད་རང་དབང་། says:
    ལོ་ 15 སྔོན།

    ཡང་སྲིད་མེད་ན་བཟང་གི་བསམ་གྱིན་འདུག།ནོར་བ་ཇེ་མང་ཇེ་མང་རེད་མི་དམངས་ལ་དཀའ་ངལ་འཕར་མ་ཞིག་རེད།ད་འཇུག་རྫོགས་ན་བཟང་གི།

    Reply
  16. མཁའ་དབུགས་གསར་བ says:
    ལོ་ 15 སྔོན།

    ད་ཡང་སྲིད་ལམ་ལུགས་འདི་རྒྱལ་པ་ཀརྨ་པ་མཆོག་ནས་མཇུག་རྫོགས་ན་རེད།
    རྒྱུ་མཚན་ནི་སྤྲུལ་སྐུ་ལམ་ལུགས་འདི་རྒྱལ་པ་ཀརྨ་པ་ནས་འགོ་བརྩམས་པ་གཅིག

    པན་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགྱ་ནག་གིས་བཙན་གནོད་འོག་ཏུ་ཡོད་པ་མ་ཟད། ཆབ་སྲིད་སྟེང་གི་པན་ཆེན་རྫུན་མ་ཞིག་བྱོན་ཡོད་པ་རེད།

    སེམས་སུ་དྲན་རུང་བཤད་མི་འདོད་དང་བཤད་འདོད་ཀྱང་དྲན་མི་ཕོད་པ་ཞིག་ལ་ཏྰ་ལའི་བླ་མའི་མ་འོངས་པའི་སྤྲུལ་སྐུ་ལ་དགྱ་ནག་གིས་ཐེ་ཇུས་བྱེད་ངེས་པ་རེད།

    དེའི་སྐབས་སུ་ཡང་ཡོན་ཏན་དང་མི་རིགས་ཀྱི་རིག་གཞུང་ལས་རྒྱུ་ནོར་དང་དབང་ཐང་ཧམ་པ་ཆེ་བའི་བླ་སྤྲུལ་ལ་ལའི་ཆབ་སྲིད་ཟློས་གར་འཁྲབ་སྲིད་པ་རེད།

    ཡང་སྤྲུལ་ལམ་ལུགས་མཇུག་རྫོགས་རྒྱུ་ནི་དུས་རབས་ཉེར་གཅིག་གིས་ང་ཚོར་བསྩལ་བའི་གདམ་ག་ཉག་ཅིག་ཡིན།

    Reply
  17. karma dorje says:
    ལོ་ 15 སྔོན།

    ཡང་སྲིད་འཁྲུལ་བྲལ་རྙེད་ལ། བསྟན་སྲིད་འཛིན་སྐྱོང་སྔར་ལྷག་ཡོང་བའི་སྨོན་འདུན་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese