མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྒོར་མོ་ལས་སྐུ་ཕྱྭ་གལ་ཆེ། མཁྱེན་ནམ། དགེ་འདུན་རབ་གསལ།

བོད་ཀྱི་དུས་བབ།
༢༠༡༠/༠༥/༡༧
Share on FacebookShare on TwitterShare on EmailShare on Whatsapp

དགེ་འདུན་རབ་གསལ།

འདས་པའི་བདུན་གཅིག་ཙམ་གྱི་རིང་ལ། ངེད་ཀྱི་ཉིན་རེའི་བྲེལ་བ་ཇེ་ཆེར་ཕྱིན། དེ་ནི་༧གོང་ས་མཆོག་ཕྲན་སྡོད་སའི་ས་གནས་སུ་ཆིབས་བསྒྱུར་གནང་བ་རེད། ཆིབས་བསྒྱུར་འདི་ནི་སྐུའི་གཅེན་པོ་ལྟག་མཚེར་རིན་པོ་ཆེས་འཛུགས་གནང་མཛད་པའི་ བོད་ཀྱི་རིག་གཞུང་བསྟི་གནས་ཁང་སྟེ། ད་ལྟ་ “བོད་དང་སོག་པོའི་ཆོས་རིག་བསྟི་གནས་ཁང་”དུ་མིང་བརྗེས་པ་འདིས་སྤྱན་ དྲངས་པ་རེད། ཆིབས་བསྒྱུར་འདིའི་སྐབས་སུ་༧གོང་ས་ཆེན་པོའི་མཛད་འཕྲིན་ལ་བརྟེན་ནས་བསྟན་ འགྲོའི་དགེ་རྩ་བླ་ན་མེད་པ་ཞིག་བསྐྲུན་པ་དང་། དེ་ཡང་བོད་མི་སྤྱི་དང་ནང་པ་ཡོངས་ཀྱི་གཟི་བརྗིད་དུ་ཆེ་བ་སོགས་རླབས་ཆེན་གྱི་ ཕྱག་རྗེས་དག་ནི་ཕྱག་དང་དད་པའི་ཡུལ་ཁོ་ན་ཡིན་པ་དང་། དེ་དག་ནི་འདིར་དམིགས་བཀར་གྱིས་འབྲི་བའི་རྩོལ་བ་མ་བྱས། ཕྲན་གྱིས་ཞུ་བར་འདོད་པ་ནི། བོད་མི་ཞིག་དང་། ལྷག་པར་ས་གནས་ཀྱི་བོད་མི་ཞིག་ཡིན་པའི་ཆ་ནས་གཏམ་འགའ་གླེང་བར་འདོད་པ་ཡིན།
 

དད་པ་དང་སློབ་མ།

བོད་དུ་ནང་པའི་ཆོས་ཉམས་ལེན་བྱེད་པའི་རྩ་བའི་གནད་དོན་ཞིག་ནི་༼དད་པ་དང་དམ་ཚིག་༽”ཅེས་པ་འདི་ཡིན་པ་རེད། དེ་ཡང་བླ་མ་བསྟེན་ཚུལ་ལས་འཕྲོས་ཏེ་ཉམས་ལེན་གྱི་རིམ་པ་གསལ་པོ་ཞིག་ཡོད། རིམ་པ་འདིའི་ནང་སྐུ་ཐང་དང་སྐུ་པར་ཚུན་ནས་དད་པའི་རྟེན་དུ་བྱས་ཏེ་མཆོད་པ་བྱེད། ཕྱག་བྱེད། འོན་ཀྱང་དེང་སང་གི་འཇིག་རྟེན་ན། ༧རྒྱལ་བའི་སྐུ་པར་དག་ཚགས་པར་དང་གསལ་བསྒྲགས་སོགས་ཀྱི་སྟེང་འགོད་པ་ལ་འཛེམས་ཟོན་མེད་ཁར། དྲིལ་བསྒྲགས་ཀྱི་ཆེད་དུ་དམིགས་ཏེ་སྐུ་པར་གང་མང་བཀྲམས་པ་དང་། དེ་ཡང་ཚོང་ཟོག་དྲིལ་བསྒྲགས་ཀྱི་ཡིག་ཆ་ལྟར། མཛད་རིམ་དྲིལ་བསྒྲགས་བྱས་སྟབས། སྐུ་པར་ཁག་མཆོད་པའི་རྟེན་ལས་གོ་བབ་ཆག་སྟེ། རྐང་འོག་ཚུན་ལ་ཡང་ཁྱབ་བཞིན་འདུག ངས་རྐང་འོག་ལ་ཤོར་ཟིན་པའི་དྲིལ་བསྒྲགས་ཡིག་ཆ་ཞིག་ས་ནས་བླངས་ཏེ་ཉར་བ་ཡིན། དེ་ ཙམ་གྱིས་ཀྱང་ག་ལ་ཚད་དེ། གསུང་ཆོས་ཀྱི་མཛད་རིམ་རེ་རེ་ནི་ གློ་བུར་དུ་སྒོར་མོ་མང་པོ་བཟོ་ཐུབ་པའི་མཛད་རིམ་ཞིག་ཏུ་བསྒྱུར། དེ་ཡང་། སྦྱིན་བདག་གི་རིམ་པ་སྟེ། ཨ་སྒོར་ཁྲི་གཅིག་ཡན་འབུལ་མཁན་ནི་ “རོགས་འདེགས་སྦྱིན་བདག་Benefactor”དང་། ཨ་སྒོར་ལྔ་སྟོང་ཡན་འབུལ་མཁན་ལ་ “གསེར་གྱི་སྦྱིན་བདག Gold Sponsor”། ཨ་སྒོར་སུམ་སྟོང་ཡན་འབུལ་མཁན་ནི་ “དངུལ་གྱི་སྦྱིན་བདག་ Silver Sponsor”སོགས་སྦྱིན་བདག་ གི་རིམ་པ་བཀར་བ་དང་། སྦྱིན་བདག་དེ་དག་ལ་དམིགས་བསལ་ཞབས་སྟེགས་འབུལ་བ་ཙམ་དུ་མ་ཟད། སྐུ་མདུན་ལ་སྒེར་གྱི་མཇལ་ཁ་ཡོད་པ། སྐུ་མདུན་དང་ལྷན་དུ་གསོལ་ཚིགས་ཡོད་པ་སོགས་ཁྱབ་བསྒྲགས་བྱས་ཏེ་དངུལ་བསྡུ་ཐབས་ མཛད་འདུག (འབྲེལ་ཐག་འདི་ནས་གཟིགས་ཐུབ། ) འདི་དག་ནི་ཆིབས་བསྒྱུར་གྱི་མཛད་རིམ་གོ་སྒྲིག་ཐད་ཀྱི་འགྲོ་གྲོན་ལ་དམིགས་པ་ཡིན་ན། རྒྱུ་མཚན་ལྡན་པ་ཞིག་གིས་འཐུས་པ་ཡིན་མོད། ཐེངས་འདིའི་གསུང་ཆོས་ལ་ཁེ་བཟང་ཨ་སྒོར་འབུམ་གཅིག་ལྷག་དང་། གསུང་བཤད་ལ་ཡང་ཨ་སྒོར་འབུམ་གཅིག་ལྷག་བྱུང་བ་རེད་ཅེས་ཚགས་པར་ཁག་ཏུ་ཐོན་འདུག (འབྲེལ་ཐག་འདི་ནས་གཟིགས་ཐུབ། ) ད་ནི་དངུལ་འདི་དག་ཀྱང་དགུང་ན་བགྲེས་པོར་ཕེབས་པའི་༧རྒྱལ་བ་རིན་པོ་ཆེའི་མཚན་ ཐོག་ནས་བྱུང་བ་རེད། སྦྱིན་བདག་གི་མཛད་རིམ་མང་དྲགས་པའི་རྐྱེན་ལ་བརྟེན་ནས་༧གོང་ས་མཆོག་གིས་བོད་ མི་མང་ལ་མཇལ་ཁ་གནང་སྐབས། ད་ང་ “ཐང་ ཡང་ཆད་གི།”ཞེས་སྐུ་ཐང་ཆད་པའི་ སྐོར་ཞལ་གསོན་པོ་ནས་གསུངས་འདུག ད་དུང་ད་ལྟའི་ཆོས་ཚོགས་འདི་ད་མུས་བཞིན་གནས་ཐུབ་པའི་རྒྱུ་མཚན་ཉག་གཅིག་དེ་ཡང་ སྐུ་སྒེར་ནས་མ་དངུལ་འབོར་ཆེན་གསོལ་རས་གནང་བ་ཁོ་ན་ལས་བྱུང་བ་རེད། ལར་ནས་ཨ་སྒོར་འབུམ་གཉིས་ལྷག་ཙམ་ཞིག་བོད་མི་ས་ཡ་དྲུག་ལ་ཡོད་དང་མེད་ལ་ཁྱད་པར་ ཆེན་པོ་མི་འདུག འོན་ཀྱང་། ༧སྤྱི་ནོར་ཆེན་པོ་སྐུ་ཐང་ཆད་པ་ནི་བོད་མི་ས་ཡ་དྲུག་གིས་བཟོད་ཐབས་དཀའ་བ་ཞིག་ རེད། དེ་ཡང་བསྟན་སྲིད་ཀྱི་ཆེད་དུ་མ་ཡིན་པར་སྒོར་མོའི་ཆེད་དུ་སྐུ་ཐང་ཆད་བཅུག་ན་ དེ་ལས་ཀྱང་བཟོད་ཐབས་དཀའ་བ་ཞིག་རེད།
 

སྐུ་ཕྱྭ་དང་སྐུའི་བདེ་ཐང་།

༧སྐུ་མདུན་ཁ་སང་ས་གནས་ནས་ ཆིབས་ཕེབས་གནང་གྲུབ་སོང་། ཁ་སང་མི་མང་ལ་གསུང་བཤད་གནང་སྐབས་ཁོང་གིས་སྐུ་རྩེད་དང་སྦྲགས་ནས་སྔོན་གཤགས་ བཅོས་གནང་བའི་སྐབས་ཀྱི་ལོ་རྒྱུས་ཤིག་གསུངས་བྱུང་། གཤགས་བཅོས་འདི་རིགས་ནམ་རྒྱུན་ཡུན་ཐུང་ཞིག་གིས་འགྲུབ་པ་ཡིན་མོད། སྐུ་མདུན་རང་ལ་གཤགས་བཅོས་འབུལ་སྐབས་ཆུ་ཚོད་གསུམ་འགོར་བྱུང་ཞེས་གསུངས་སོང་། སྐབས་འདིར་ངའི་མིག་མཐའ་ན་མཆི་མ་ཤར་སེ་འདུག ངའི་སེམས་ལ་ལྭ་དཀར་པོ་གོན་པའི་སྨན་པ་དང་སྨན་ཁང་སོགས་གཤགས་བཅོས་ཀྱི་བརྒྱུད་ རིམ་ཞིག་ཤར་བཞིན་འདུག སེམས་ཚོར་འདི་འདྲ་ནི་ང་གཅིག་པུ་ལ་ཡོང་བ་ཞིག་ག་ལ་ཡིན། བོད་མི་ཡོད་དོ་ཅོག་གིས་སྐུ་མདུན་གྱི་སྐུ་ཕྱྭ་ལ་ཐུག་སྐབས་འདི་ལྟར་མིག་ཆུ་ གཏོང་བ་རེད།
ད་སྐུ་ཕྱྭའི་ སྐོར་རང་གི་ མྱོང་བ་སྦྱར་ནས་བཤད་ན། ཟླ་འདིའི་ཚེས་ ༡༡ ཉིན་སྐུ་མདུན་ཁོང་འདི་ག་ས་གནས་ལ་ཕེབས་པ་རེད། དེའི་མཚན་མོ་དེར་ང་ལ་གཉིད་མ་ཡོང་། མཚན་གང་ལ་ངང་སྒུག་ཅིག་གིས་གཉིད་ཡོངས་སུ་དཀྲོགས་བྱུང་། ངང་སྒུག་དེ་ནི་ཚེས་ ༡༢ ཉིན་གྱི་ཞོགས་ཀར་ ངས་བསྒྱུར་བའི་ “སངས་རྒྱས་ཀྱི་ དཔའ་རྟུལ་ཚོ་” ཞེས་པའི་དེབ་དེ་༧སྐུ་མདུན་ལ་འབུལ་ཆེད་རྒྱལ་སྤྱིའི་བོད་རང་བཙན་ལས་འགུལ་ཚོགས་ པ་དང་ལྷན་དུ་མཇལ་ཁ་ཡོད་ཅེས་ང་ལ་བཤད་བྱུང་། དེར་བརྟེན། དེ་ལ་ངང་སྒུག་བྱས་པ་ཡིན། ཞོགས་ཀ་སྔ་པོ་ནས་བྱིས་པ་གཉིས་ཀྱི་སློབ་གྲྭའི་གྲ་སྒྲིག་ཟིན་པ་དང་། ངེད་ཐད་ཀར་ཆོས་ཚོགས་ལ་ཕྱིན་པ་ཡིན། དེར་ངེད་ཀྱིས་ལག་འཁྱེར་ཁ་པར་དང་ལྡེ་མིག་སོགས་ཅ་ལག་ཡོད་ཚད་རླངས་འཁོར་དུ་བཞག་ ནས་ཕྱིན་པ་ཡིན། དེའི་རྒྱུ་མཚན་ནི་མཇལ་ཁ་ཡོད་སྟབས་ལུས་པོར་བརྟག་དཔྱད་བྱེད་རྒྱུ་རེད་བསམས་ བྱུང་། ཆོས་ཚོགས་སུ་ཡུད་ཙམ་སྒུག་རྗེས་ང་ཚོ་༧སྐུ་མདུན་བཞུགས་སའི་དགོན་པའི་ནང་ཁྲིད་ བྱུང་། དེ་ནས་ཁང་མིག་ཅིག་ཏུ་བསྡད་བཅུག་བྱུང་། ཡུད་ཙམ་ནས་༧སྤྱི་ནོར་ཆེན་པོ་ཆིབས་བསྒྱུར་གནང་ནས་ང་ཚོ་ལ་སྐར་མ་འགའ་ཡི་རིང་ བཀའ་སློབ་གནང་བྱུང་། དེ་ནས་༧སྐུ་མདུན་ཕེབས་གྲུབ་རྗེས་ང་ཚོ་ཡང་རང་འགུལ་གྱིས་ལོག་ཕྱིན་པ་ཡིན། གཟིགས་དང་། ང་ཚོ་འདིར་སླེབས་ནས་༧སྐུ་མདུན་ལ་མཇལ་ཁ་ཞུས་གྲུབ་པའི་བར་དུ་ང་ཚོའི་ལུས་པོར་ བརྟག་དཔྱད་བྱེད་མཁན་མི་འདུག འོ་ན། འདི་ནི་ང་ཡོད་པའི་ཚོགས་པ་འདི་ལ་འབྲེལ་ཡོད་རྣམས་ཀྱིས་ཡིད་ཆེས་བྱས་རྐྱེན་རེད་ ཅེས་བཤད་ན། ང་ཚོའི་གྲས་སུ་ཚོགས་པ་ནས་མ་ཡིན་པའི་མི་གཅིག་ཀྱང་སླེབས་འདུག སྐུ་མདུན་མ་ཕེབས་པའི་གོང་རོལ་དེ་ག་རང་ལ་ང་ཡོད་པའི་ཚོགས་པ་དེའི་ཚོགས་གཙོས་ “ཁྱེད་རང་འདིར་བསྡད་ན་འགྲིག་གི་ མ་རེད་”ཅེས་ངོ་ སྤྲོད་གནས་ལུགས་བཤད་སྟབས་ཁོང་ཡང་ཕྱིར་ལོག་སོང་། དེ་མིན་ན། ཁོང་ཡང་ཚོགས་པའི་ཁོངས་སུ་མཇལ་ཁ་ཐོབ་རྒྱུ་ལ་དྭོགས་པ་མེད། ང་ལ་ཉམས་མྱོང་འདི་འདྲ་ཐེངས་མ་གཉིས་ལ་བྱུང་། གཉིས་ཆ་ལ་ལུས་པོར་བརྟག་དཔྱད་གཏོང་བ་དང་། མིང་ཐོ་ཞིབ་བཤེར་བྱེད་པ། མིང་དང་ངོ་སྤྲོད་ལག་འཁྱེར་བལྟ་བསྡུར་བྱེད་པ་སོགས་སྣེ་གཅིག་ཀྱང་མི་འདུག སྔོན་མ་ཡིན་ན་དེ་འདྲ་ཡོད། ད་ལྟ་མེད་པ་གང་རེད་ཅེས་ས་གནས་ཀྱི་མི་ཞིག་ལ་དྲིས་པ་ཡིན། ཁོང་གིས། “སྔོན་མ་ཡིན་ན། ༧སྐུའི་གཅེན་པོ་བཞུགས་སྐབས། ཨ་རིའི་དབུས་གཞུང་གི་བདེ་སྲུང་མི་སྣ་ཡོད་ཡོད་ཐོག ས་གནས་ཀྱི་ཉེན་རྟོག་པ་དང་བདེ་སྲུང་ལས་བྱ་གླ་གི་ཡོད་པ་རེད། དེ་ཐེངས་དེ་འདྲ་མི་འདུག”ཅེས་བཤད་ བྱུང་། ད་ གོང་གི་ཨ་སྒོར་འབུམ་གཉིས་ལྷག་གི་ཁེ་བཟང་དེས་སྐུ་ཕྱྭའི་ཆེད་དུ་བདེ་སྲུང་གི་ ལས་བྱ་འཕར་མ་གླ་མི་ཐུབ་པ་གང་ཡིན་ནམ། དགོས་པ་ཞིག་ཆད་འདུག་བསམས་ནས་སེམས་ཧ་ཅང་སྐྱོ་བྱུང་།
དེ་ནས་ཚེས་ ༡༣ ཉིན་དེར་བོད་མི་ཚོར་མཇལ་ཁ་དང་བཀའ་སློབ་ཡོད་པ་རེད། ཉིན་འདིའི་གནས་སྟངས་ནི་ ཁ་གདངས་ནས་སྡོད་དགོས་པ་ཞིག་འདུག་ཟེར། ང་དེ་ན་མེད། ཐོག་མའི་བོད་མི་གཅིག་པུར་མཇལ་ཁ་གནང་འཆར་དེ་འགྱུར་ནས་བོད་སོག་ཐུན་མོང་ལ་བཀའ་ སློབ་གནང་རྒྱུའི་མཛད་རིམ་ཆགས། ཐོག་མར་འདུ་ཁང་ཕྱི་རོལ་དུ་བཀའ་སློབ་གནང་རྒྱུའི་འཆར་གཞི་བྱས་ཡོད་པ་དེ་གློ་ བུར་གྱི་ཆར་ཤུགས་ཆེ་སྟབས་འདུ་ཁང་ནང་དུ་སྤོས་ནས་གནང་དགོས་ཤར། བོད་སོག་མི་རིགས་བསྡོམས་བཞི་བརྒྱ་ལྷག་ཡོད་པ་དང་། དེ་ཚོ་ཚང་མ་ལ་གཟུགས་པོར་བརྟག་དཔྱད་མེད་པར་ཐད་ཀར་འདུ་ཁང་ནང་འཚང་ཁ་བརྒྱབ། ངོ་ཤེས་དང་མི་ཤེས་པའི་མི་སྣ་སྣ་ཚོགས་སྐུ་མདུན་གྱི་མདུན་ཏག་ཏག་ལ་སླེབས་ཐུབ་པར་གྱུར། དེ་ནས། མཐའ་ན་གསུང་བཤད་གནང་རྒྱུའི་སྒྲ་འཕེལ་ཁ་པར་༼ microphone༽ཡང་གྲ་སྒྲིག་མེད་པར་༧སྐུ་ མདུན་དང་སོག་སྐད་སྐད་བསྒྱུར་གཉིས་བརྗེ་རེས་བྱེད་དགོས་པ་བྱུང་འདུག ད་སྐུ་ཕྱྭའི་གནད་དོན་དེ་གང་དུ་ཡོད། ༧རྒྱལ་བ་རིན་པོ་ཆེ་ནི་བོད་མི་ས་ཡ་དྲུག་གི་སྤྱི་ནོར་རེད། མཁྱེན་ནམ། སྲུང་སྐྱོབ་ཀྱི་གྲ་སྒྲིག་སྲ་ཐག་ཐག་ཅིག་གནང་མི་ཐུབ་པ་དེ་གང་ཡིན་ནམ། སྐུའི་མཛད་རིམ་ལས་བྱུང་བའི་ཁེ་བཟང་ཨ་སྒོར་འབུམ་གཉིས་ལྷག་ཡོད་པ་དེ་ནས་འགྲོ་སོང་བཏང་སྟེ། གསུང་ཆོས་གནང་སའི་སློབ་གྲྭའི་ཚོགས་ཁང་དུ་མི་མང་ལ་བཀའ་སློབ་གནང་མ་ཆོག་པ་གང་ཡིན་ནམ། ཚོགས་ཁང་དེར་མ་མཐའ་ལ་ཡང་གཟུགས་པོར་བརྟག་དཔྱད་བྱེད་ཀྱི་ཡོད་པ་རེད། ཆར་ཤུགས་ཆེ་ན་ཡང་༧སྐུ་མདུན་གྱི་འཁྲིས་ལ་མི་མང་འཚང་ཁ་རྒྱག་པ་ཞིག་ཡོང་གི་མ་རེད། ཐུགས་རྗེས་གཟིགས། ༧རྒྱལ་བ་རིན་པོ་ཆེའི་སྐུ་ཕྱྭ་ལ་ལྷོད་གཡེང་མ་ཤོར་པ་ཞིག་གནང་རོགས།
མཐའ་དོན་ས་གནས་འདིའི་ཆོས་ ཚོགས་ཀྱི་གནས་བབ་དང་དེའི་ཕན་ཐོགས་དང་། ཆོས་ཚོགས་དང་བོད་མིའི་འབྲེལ་བ། ཆོས་ཚོགས་ཀྱི་རྒྱུན་ལྡན་མཛད་རིམ་སོགས་ཀྱི་སྐོར་ལ་བསམ་ཚུལ་འགའ་ཡོད་མོད་ཐེངས་ འདིར་བྲིས་མེད་ལ། གོང་གི་དོན་ཚན་རྣམས་འདི་ལྟར་དམར་རྗེན་དུ་བྲིས་པ་ནི། གནས་ཚུལ་འདི་དག་མཐོང་བ་དང་ཐོས་པའི་རྐྱེན་བྱས་ཏེ། “མཚམས་དང་ཚོད་ཅིག་དགོས་”ཞེས་པའི་བཤད་སྲོལ་ལྟར་བློས་མ་ བཟོད་ནས་བྲིས་པ་ཡིན། ད་དུང་སྐད་ཆ་འདི་དག་འབྲི་བའི་ཀུན་སློང་ནང་། ཕྲག་དོག་དང་ཡིད་མ་རངས་པ་སོགས་སྒེར་གྱི་གནད་དོན་སྣེ་གཅིག་ཀྱང་འདྲེས་མེད་ཅེས་ གསལ་བཤད་བྱེད་རྒྱུ་ཡིན། དེས་ན། གནས་ཚུལ་འདི་དག་ལ་འབྲེལ་ཡོད་ཁག་གིས་ཀྱང་ཞིབ་འཇུག་དང་། གསལ་བཤད། ཡར་རྒྱས་སོགས་གནང་རྒྱུའི་འབོད་སྐུལ་ཤུགས་ཆེར་ཞུ་བ་དང་ཆབས་གཅིག ངེད་ཀྱིས་མ་ཤེས་མ་རྟོགས་པའི་དབང་གིས་སྐད་ཆ་ནོར་འཁྲུལ་ཅན་བཤད་ཡོད་ཚེ། “ལྐུགས་པ། ཁྱོད་ནོར་འདུག”ཅེས་སོགས་ཀྱི་ གཤེ་ཚིག་གིས་ སྤྱོས་ན་ཡང་། ༧སྤྱི་ནོར་ཆེན་པོའི་སྐུ་དོན་ཡིན་སྟབས། ལག་གཉིས་ཐལ་མོ་སྦྱར་ཏེ་ཐུགས་རྗེ་ཆེ་ཞུ་བ་ཡིན།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༡༢ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 63

  1. རང་རྟོན། says:
    ལོ་ 15 སྔོན།

    ངོ་ཚ་རྒྱུ་མེད་པའི་བོད་པ་འདི་ཚོས་༧གོང་ས་མཆོག་ཚོང་རྫས་ལྟ་བུར་བེད་སྤྱོད་བཏང་བ་ནི་ད་ཐེངས་གཅིག་པོ་ག་ལ་ཡིན།དེ་མིན་ཕྱི་རྒྱལ་གྱི་ཆོས་ཚོགས་ཚོས་རང་ཉིད་ཀྱི་ཁ་རྒྱབ་ཀྱི་ཆེད་དུ་དེ་ལྟར་བྱེད་བཞིན་ཡོད་པ་མིག་མཐོང་ལག་ཟིན་རེད།ད་ནི་ངོ་མ་མཚམས་དེ་མཚམས་ཤིག་དགོས་གི་ཡ།

    Reply
  2. གངས་མྱུག says:
    ལོ་ 15 སྔོན།

    དེང་སང་བླ་ཆེན་མི་ཆེན་དག་གིས་སྐུ་མདུན་ཚོང་བསྒྱུར་བྱེད་པ་ནི་ཡིད་ཤིན་ཏུ་སྐྱོ་བ་ཞིག་རེད། རབ་གསལ་གྱིས་དངོས་དོན་གསུངས་བར་ཐུགས་རྗེ་ཆེ།

    Reply
  3. དུག་མདའ། says:
    ལོ་ 15 སྔོན།

    ༧ རྒྱལ་བའི་སྐུ་ཕྱྭའི་ཐད་ལ་བོད་གཞུང་བདེ་སྲུང་གིས་འགན་གནང་དགོས་པ་ལས་ཨ་ཀྱྰ་རིན་པོ་ཆེ་མཆོག་ནས་ཁོང་བླ་རྒན་ཞིག་གིས་གོ་སྒྲིག་གནང་དགོས་པའི་ཚད་ལ་སླེབས་ཡོད་པར་སེམས་ལ་ཡང་ཨེ་ཤར་སྙམ། རིན་པོ་ཆེས་ཆོས་ཚོགས་ཀྱི་ཡོང་འབབ་ལ་དམིགས་ནས་ཞུས་ཤིང་ ༧ གོང་ས་མཆོག་ནས་ཀྱང་ཆོས་ཚོགས་ཀྱི་མ་རྩར་དམིགས་ནས་ཆིབས་སྒྱུར་གནང་བ་ཡིན་ན། སྐུ་མདུན་བེད་སྤྱོད་སྐོར་གྱི་དཔྱད་གཏམ་འདི་ཨ་ཀྱྰ་རིན་པོ་ཆེའི་བར་དུ་ལུས་དོན་མི་འདུག་སྙམ། སོག་པོ་ཞེས་པའི་ཐ་སྙད་འདི་དེ་ཙམ་རྣར་མི་སྙན་ན་རྒྱ་དམར་དགྲ་རུ་འཛིན་པའི་གཅེན་པོའི་ཆོས་ཚོགས་རྒྱ་བོད་སོག་གསུམ་གྱི་བྲོ་རར་རེ་བའི་གོང་ས་མཆོག་ལ་ཁག་འདེད་བྱས་ན་རན། དམར་པོའི་དབང་བསྒྱུར་འོག་ནས་མི་ཚེ་ཟད་པའི་མི་ཞིག་ལ་མཚོན་ན་སླད་ཅིག་ཡོད་མི་སྲིད་པ་མིན་པས། ཆུང་མའི་མདུན་ནས་བསྒམ་ཚུགས་འཛིན་འདོད་ན་འདི་ཙམ་བཟོད་པར་འོས། དགེ་འདུན་རབ་གསལ་གྱི་སྐོར་ཁག་ཅིག་གིས་ཨ་ཀྱྰ་རིན་པོ་ཆེ་ཆོས་ཚོགས་ནས་ཐོན་རྩིས་ཡིན་སྐོར་གྱི་རྫུན་གཏམ་བསྒྲིགས་ཏེ་སྐུ་སྒེར་ཡིག་ཚང་ལ་དབུ་སྐོར་བཏང་པའི་སྐད་ཆ་ཞིག་གོ་ཐོས་བྱུང་སྟེ། དཀྱུས་མ་ཞིག་གིས་རྩོད་རྙོག་གི་གཞི་བསླང་བར་མི་འདོད། དེས་ན་ཁོས་བཤད་ཚད་བདེན་པ་ཡིན་སྲིད་ཀྱང་ཆོས་ཚོགས་འདི་ཅི་ལྟར་འཚོ་ཐུབ་པ་བྱུང་པའི་མགོ་མཇུག་བར་གསུམ་ལ་རྒྱུས་མེད་པ་དག་གིས། བྱེད་རྒྱུ་༼བསམ་ཤེས་༽ཞེས་པ་ལས་གཞན་གང་ཡང་མེད་དོ།།

    Reply
  4. དཀྱིལ་གནས།། says:
    ལོ་ 15 སྔོན།

    དྲང་པོ་བཤད་ན་དང་པོ་ནི་༧གོང་ས་མཆོག་ཀྱང་ཆོས་ལུགས་བྱེ་བྲག་པ་ཞིག་ལ་ཐུགས་འཁུར་གནང་ཆེ་བའི་ལན་ཡིན།
    གཉིས་པ་ནི་ཨ་ཀྱ་བླ་མ་ལགས་ལ་ད་སྔོན་གློག་འཕྲིན་ཁང་རྣམས་ཀྱི་བཟང་ངན་ཚང་མ་མ་དྲི་པའི་ལན།
    གསུམ་པ་ནི་བོད་སོག་གཉིས་གི་མཉམ་དུ་ཡིན་ན་དེ་ལ་བོད་ཀྱི་ཆོས་བརྒྱུད་བཞི་པོ་ཡང་རེས་མོས་གནང་ནས་བསྡད་ན་ཡག།
    བཞི་པ་ནི་དེ་སང་མིང་གསར་པ་དེ་གཏན་ནས་བཏགས་མི་ཆོག་ཟེར་དགོས་།།

    Reply
  5. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    ༧གོང་ས་མཆོག་གི་མཛད་རིམ་གོ་སྒྲིག་གནང་ཕྱོགས་ལ་འགྱུར་བ་ཞིག་བྱུང་ཡོད་པ་རེད། ཕྱི་རྒྱལ་ལ་ག་དུས་ཕེབས་ནའང་སྔ་དྲོ་མ་གཏོགས་ཕྱི་དྲོ་གསུང་ཆོས་དང་བཀའ་སློབ་སོགས་ཀྱི་མཛད་རིམ་མེད་པ་བཟོས་ཡོད་པ་རེད། མི་སྒེར་མི་ཤེས་མ་གཏོགས། མི་དམངས་ཀྱི་མཇལ་ཁའང་འདིའི་ནང་དུ་ཚུད་ཀྱི་ཡོད་སྙམ། འདིའི་ཕྱོགས་ནས་གནས་ཚུལ་འདྲ་ཡོད་དམ།

    མ་གཞི་༧གོང་ས་མཆོག་ང་ཚོའི་རྩ་བའི་བླ་མ་ཡིན་རུང་ཁོངཡང་མི་སྒེར་ཞིག་རེད། ཁོང་ལའང་ཁོང་ཉིད་ཀྱི་དགོངས་གཞི་དང་ཐུགས་སྣང་ཡོད་པ་རེད། མཚམས་རེར་ཁོང་གི་ཐུགས་འདོད་ལྟར་མཛད་རིམ་ཐག་གཅོད་པའི་སྐབས་ཀྱང་ཡོད་སྲིད་པ་རེད། འདིའི་ཐད་ལ་དགོངས་ཚུལ་ཅི་ཡོད།

    Reply
  6. དགེ་འདུན་རབ་གསལ། says:
    ལོ་ 15 སྔོན།

    ཁ་བརྡའི་ཐོག་རྨ་ཆུའི་རླབས་སྒྲ་མཚན་ཅན་གྱིས་སྐབས་འབྲེལ་གྱི་དོན་ཚན་གསལ་པོ་འགའ་བཀོད་འདུག་པ་འདིར་ལུང་དྲངས་ཡོད།
    —————————–
    ༤༤༽ རྨ་ཆུའི་རླབས་སྒྲ་ནས།
    སྤྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༢༠ གི་ཆུ་ཚོད་ ༢༢ སྐར་མ་ ༢༢

    དྲ་ གྲོགས་རྣམས། གནས་ཚུལ་འདི་ངས་ཀྱང་མི་དམངས་ལ་གོ་བརྡ་འཕྲོད་ཙམ་ཞིག་འབྲི་དགོས་བསམ་ཡོད་ཀྱང། དགེ་འདུན་རབ་གསལ་ནས་དོན་ཚང་ལ་གནད་ལ་འཁེལ་པ་ཞིག་བཤད་འདུག་པས།
    ང་གཉིས་ས་གནས་དེར་དངོས་སུ་ཡོད་པས་མིག་མཐོང་ལགས་ཟིན་གྱི་གནས་ཚུལ་རེད།
    ཧེ་བག་ཅི་ཡང་མི་འདུག། ངས་ཧང་སང་བ་གཉིས་ཞུ་འདོད་ཅུང། བོད་མིའི་བཀའ་སློབ་དང་དགོན་པའི་རབས་གནས་གཉིས་ལའང་ང་དངོས་སུ་སོང་ཡིན་སྐབས་ དུས་གནས་ཚུལ་ནི་དངོས་གནས་ཧ་སང་དགོས་པ་ཞིག་རེད།བདག་ས་མཐར་ཉུལ་ནས་མི་ལོ་ ཉིཤུའི་རང་༸གོང་ས་མཆོག་ཕེབས་སར་ཧ་ཅིང་མང་པོ་གཅར་མྱོང་ཡང་ད་ཐང་ལས་བློ་ཕམ་པ་ ཞིག་ཅུང་མ་མྱོང།བོད་མིའི་བཀའ་སློབ་སྐབས་དང་པོ་ས་ཆ་གཏན་མ་ཁེལ་བར་
    ༸གོང་ས་མཆོག་ཆར་བའི་ནང་ ནས་མི་དམངས་མཉམ་དུ་དབུ་ལ་ཆར་གདུགས་ཆུང་ཆུང་ཞིག་ཕུབ་ནས་སྐར་ཆ༥ཙམ་ལ་བཞུག་སོང། དེ་ནས་བཀའ་སློབ་གནང་སྐབས་བོད་མི་ནི་བཞེས་གཏོང་མཁན་བུ་ཕྲུག་ཆུང་ཆུང་བཅུ་ གཉིས་དང་གཞན་གསར་འགྱུར་གཏོང་མཁན་ཁ་ཤས་དང་སྐུ་ངོ་དོན་གཅོད་སྐུ་འཁོར་ལས་གཞན་ འདུ་ཁང་ནང་གི་མི་རྒྱ་ཆའི་གོ་དགུ་སོག་པོ་རེད། སྒོ་སྲུང་མང་ཆེ་བ་སོག་པོ་ཡིན་པས་བོད་པ་ཚང་མ་སྤྱི་ནས་མ་བཏང་བ་དངོས་སུ་མཐོང། སྐབས་དེར༸གོང་ས་མཆོག་བོད་པའི་ཕྲུག་གི་རྣམས་གྱིས་མདུན་དུ་མར་ཕེབས་ནས་བཀའ་ འདྲི་འགའ་གནང་སོང།ངའི་ཁྲིས་ནས་སྐྱེ་དམན་རྒས་སོང་ཞིག་གིས་ཁྱོད་རང་མོན་གྷོ་ ལེ་ཡིན་ནམ་ཟེར།
    ངས་ང་བོད་པ་ཡིན་ཞེས་བཤད་སྐབས་གསུངས་སྐད་ཅུང་མཐོ་ཙམ་བྱས་ཏེ་ག་རེ་དེ་རིང་བོད་པར་བཀའ་སློབ་
    གནང་ཡ་མ་རེད་པས།འདི་ཚང་མ་སོག་པོ་རེད་འདུག་ག་རེ་བྱས་རེད་ཞེས་དྲིས་སོང་།
    ཕྱིས་སུ་སྐྱེ་དམན་དེ་ཞིང་གཤེགས་དམ་པ་༸སྐུའི་གཅེན་པོ་སྟག་མཚེར་རིན་པོ་ཆེས་ཡུམ་རེད་འདུག།
    ངའི་བསམ་པར་ཆོས་ཚོགས་འདི་སྐུ་འབུམ་བྱམས་བརྩེ་གླིང་ཡིན་པ་དང་ཁོ་མོ་ནི་ཆོས་ཚོགས་འདིས་དོན་གྱིས་
    བདག་པོ༸སྐུའི་གཅེན་པོ་མཆོག་གི་ཤུལ་ལྷག་ནང་མི་ཡིན་པའི་ཆ་ནས་ཁོང་ལ་བཞུགས་ས་དམིགས་བསལ་བ་
    ཞིག་ཡོད་དགོས་ངེས་ཡིན་ཀྱང་།དྲིན་ལན་དང་སྒོར་མོ་ལས་སྒོར་མོ་གལ་ཆེན་དུ་རྩི་བའི་སྐྱེས་ཆེན་ཁོང་ནི་
    གསེར་དང་དངུལ་གྱིས་སྤྱིན་བདག་གིས་བསྐོར་ནས་བྲེལ་པའི་ངང་དོན་སྣང་ཙམ་ཡང་མི་འདུག།
    སྲས་ཀུན་དགའ་དང་ཡུམ་གཉིས་ནི་ང་ཚོ་དང་མཉམ་དུ་སོག་རྒན་རྣམས་ཀྱི་གསེབ་དྲི་ལ་སྣུམ་བཞིན་མི་ཚོགས་
    གི་འཚང་གའི་དཀྱིལ་ནས་ འདུག་དགོས་བྱུང་སོང།ཧང་སང་དགོས་བ་གཞན་ཞིག་ནི་༸གོང་མཆོག་ཆིབ་སྒྱུར་གནང་པའི་ ཉིན་གཉིས་བ་རེད།ཞོག་ག་དེར་འདུ་ཁང་ནང་དུ་རབས་གནས་བྱེད་རྒྱུ་རེད་ཞེས་ཐོས་སོང་ པའི་འགོག་མཁན་དང་བལྟ་མཁན་ནི་མེད་པས་ང་སྔ་པོ་ནས་འགྲོ་ཡིན་༸གོང་ས་མཆོག་གིས་ ཆོས་ཚོགས་གི་དམིགས་ཡུལ་དང་མ་འོངས་པའི་ལམ་སྟོན་ད་དུང་སྐུའི་གཅེན་པོའི་ཡང་ སྲིད་བསྐོར་བཀའ་སློབ་འགའ་གནང་ནས་ཨ་ཀྱྭ་ལ་༸སྟག་མཚེར་རིན་པོ་ཆེ་སྐུ་ཕྲེང་ག་ ཚོད་རེད་ཞེས་གསུངས་སྐབས་ཡར་ཚིག་གཅིག་ཀྱང་ཞུ་ཡ་མི་འདུག། ང་དངོས་གནས་ཧང་སང་སོང་།ཨ་ཀྱྭ་ནི་རྗེ་སྐུ་འབུམ་དགོན་པའི་དགོན་བདག་ལྟ་བུའི་ བླ་ཆེན་ཞིག་ཡིན་པར་དུས་ཀུན་བསྒྲགས་བཞིན་ཡོད་ལ་ད་དུང་༸སྐུའི་གཅེན་པོ་མཆོག་ གིས་བཀའ་བ་བརྒྱ་ཕྲག་གི་འབད་པ་ལས་བྱུང་པའི་ཆོས་ཚོགས་འདིས་ཤུལ་འཛིན་ཡིན་ལ།༸ སྟག་མཚེར་རིན་པོ་ཆེ་ནི་སྐུ་འབུམ་དགོན་པའི་ཁྲི་ཟུར་དང་ཆོས་ཚོགས་འདིས་དོན་ གྱི་བདག་པོ་ཡིན་པས།ཁོང་གི་ཡང་སྲིད་བསྐོར་ལ་ཐུགས་བསམ་འདི་འདྲ་ཞིག་ཀྱང་ཨ་ ཀྱྭའི་གཏོང་མ་མྱོང་བ་ཡ་མཚན་རེད། རབ་གནས་གྲོལ་ནས་༸གོང་ས་མཆོག་ཕེབས་སྐབས་གྲལ་བཞུགས་ན་རྒྱ་དང་སོག་པོ་གང་ཡིན་མ་ ངེས་པའི་གཟའ་ཚང་གཉིས་ལག་ལ་ཁ་བཏགས་བཟུང་ནས་སྡད་འདུག་༸གོང་ས་མཆོག་དེ་གཉིས་ གྱི་ཁྲིས་ལ་ཕེབས་ཚེ་ཨ་ཀྱྭའི་ཁོ་གཉིས་ཁོ་ལ་དྲིན་ཅན་ཡིན་པའི་འགྲེལ་བཤད་རྒྱབ་ སོང། ༸གོང་ས་མཆོག་གིས་ཡག་པོ་རེད་གསུངས་བཞིན་ཕྱག་གིས་འཇལ་ཁ་བཞག་ཏེ་ཁ་བཏགས་སྐེར་ གཡོག་སོང་སྐབས་དེར་ཡང་ཨ་ཀྱྭའི་མཉམ་དུ་སྐུ་པར་ལེན་དགོས་པའི་རེ་བ་ཞུས་སོང་དེ་ ལ་༸གོང་ས་མཆོག་གིས་ཞལ་ནས་སུན་སྣང་ཞིག་མངོན་བཞིན་ད་འགྲིག་གི་མ་རེད་པས་གསུང་ སོང་ཡང། སྐབས་དེར་ཨ་ཀྱྭའི་སྐྱེ་དམན་དེས་ལག་གི་པར་ཆས་བླང་ཏེ་འུ་ཚུག་མཐའ་སྐྱེལ་གི་ཁོ་ རང་རང་གི་པར་ཁ་ཤས་རྒྱབ་ནས་འགྲོ་སོང།
    གནས་ཚུལ་དངོས་བྱུང་དེ་དག་མཐོང་སྐབས་ངའི་བསམ་པར་ཆོས་འབྲེལ་ཅི་ཡང་མེད་པའི་ཕྱི་གླང་བ་རྣམས་
    ཀྱིས་ཀྱང་༸གོང་ས་མཆོག་ལ་འདི་འདྲའི་གུས་མེད་དང་སྐུ་ཕྱྭ་ལ་སྣང་མེད་མི་བྱེད་པས། ཨ་ཀྱྭ་ནི་བཟང་ན་ངན་
    ནའང་བོད་པའི་བླ་མ་ཞིག་ཡིན་ཀྱང་དེ་ལྟར་སྣང་མེད་བྱེད་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ་སྙམ།
    དེ་ལྟར་བསམ་བཞིན་བསམ་ བཞིན་ཨ་ཀྱྭ་དང་བོད་གཞུང་སྐུ་ཚབས་སོགས་ཀྱིས་ཐོག་ཁོང་ཁྲོ་གཏང་ནས་ལང་བཞིན་མིག་ ནས་ཞེ་སྡང་གི་མཆི་མ་བཞུར་ཏེ་མཚན་མོ་གཉིད་ཀྱང་ཁུག་མ་སོང།
    མཐའ་དོན་གཞུང་དམངས་སུ་ཡིན་ཀྱང་ཐུགས་རྗེ་གཟིགས་༸གོང་ས་མཆོག་ལ་ཁ་ཙམ་མ་ཡིན་པར་དོན་གྱིས་
    གཅེས་སྤྲེས་བྱེད་རོགས་ཞུ་ཞེས་ལག་གཉིས་སྙིང་གར་ཟིམ་ཏེ་གསོལ་བ་འདེབས་ཀྱི་ཡིན།

    Reply
  7. གནས་ཚང་། says:
    ལོ་ 15 སྔོན།

    ཏཱ་ལའི་བླ་མས་རྒྱ་མི་གསར་འགོད་པར་གསུང་ཆོས་འཛིན་བྱང་གོང་ཚད་མཐོ་དོན་ཐད་གསུང་དོན། ༼གསུང་ཆོས་འཛིན་བྱང་གོང་ཚད་རྩ་འཛུགས་བྱེད་མཁན་གྱིས་གཏན་འཁེལ་བྱས་པ་རེད་ལ། ངོས་རང་ལ་དངུལ་ལོ་གཅིག་ཀྱང་རེག་གི་མེད། མང་ཆེ་བ་རོགས་བསྐྱོར་ལས་རིགས་ལ་གཏོང་གི་ཡོད་པ་རེད།༽(达赖喇嘛在纽约有一系列讲座。当有人问他为什么听他教导的票子在网上卖价很高时,他说,听讲座的票价是组织者定的,没有任何钱归他个人。他还说,有些钱是给慈善事业的。/2010年 5月 20日/美国之音 )

    Reply
  8. བསྟན་འཛིན་ཚེ་དཔག says:
    ལོ་ 15 སྔོན།

    དགེ་འདུན་རབ་གསལ་ལགས་ཀྱི་རྩོམ་རྩལ་འདི། དགེ་འདུན་རབ་གསལ་ལགས་ཀྱི་སྤོབས་པ་འདི། གནས་ལུགས་དང་རྒྱུ་མཚན་བསྟར་བའི་གཏན་ཚིགས་འདི། སུས་སྒུལ་ཐུབ་བམ། སྨོན་པ་འཆོར་བ་ཞིག་གནང་འདུག ཐུགས་རྗེ་ཆེ་ཞུའོ།། རྗེས་སུ་ཡི་རང་ཞུའོ།། ཁྱེད་ཀྱི་སྟངས་སྟབས་འདིར་ལྷག་བསམ་ལྷད་མེད་ཀྱིས་རྒྱབ་སྐྱོར་ཞུའོ།།

    Reply
  9. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    ཞྭ་ནག་བློ་གྲོས་ལགས། དྲན་སྐུལ་དེར་ཐུགས་རྗེ་ཆེ་ཞུ།

    ང་ཚོའི་ཤེས་ཡོན་པ་ཚོ་ནི་ཤེས་ཡོན་མེད་མཁན་ཚོ་དང་འདྲ་གི་མ་རེད། དུས་ཚོད་ཀྱིས་ལྕོགས་ན་ཁོང་རྣམ་པ་འདིར་ཕེབས་གི་རེད། དགོས་གལ་ལ་ཐུག་དུས་བསམ་ཚུལ་རྣོ་ངར་ཅན་གྱི་རྩོམ་ཡིག་རེ་སྤེལ་གི་རེད། དུས་ཚོད་ཀྱིས་འདང་གི་མེད་དུས་ང་ཚོས་དམིགས་བསལ་གྱི་ས་ཆ་ཞིག་གོ་སྒྲིག་བྱས་ཀྱང་ཕན་ཐོགས་གི་མ་རེད། ཁོང་ཚོར་ཡང་རང་རང་གི་མཛད་བྲེལ་ཆེ་སྐོར་ནམ་རྒྱུན་ནས་གསུང་གི་ཡོད་སྟབས། ནན་སྐུལ་བྱས་ན་ཡག་པོ་ཡོད་པ་མ་རེད།

    མཆན་འདེབས་སྟངས་ཀྱི་ཕྱོགས་ལ་བསམ་བློ་གཏོང་བཞིན་ཡོད། གྲོས་བསྡུར་ཡང་བྱེད་གིན་ཡོད། ༼ཐང་གི་རྡོ་ཡང་ལེན་ཐུབ་པ། རུམ་གྱི་བྲོ་ཡང་མི་ལྷུང་བ་༽ཞིག་གི་ཐབས་ཤེས་འཚོལ་གིན་ཡོད།

    དྲ་གྲོགས་ཚོས་རྗེས་མ་རྩོམ་པ་པོ་སུ་ཞིག་གིས་བརྗོད་གཞི་ག་རེ་ཁྱེར་ཡོང་ན་བརྗོད་གཞི་དེ་རང་གི་ཐོག་ལ་རང་རང་གི་རིག་པ་སྤུངས་རོགས། འདི་ནི་དྲ་ཐོག་གི་སྤྱི་དོན་ཉག་གཅིག་ཡིན།

    གནས་སྐབས་འདི་ཙམ་ཡིན།

    Reply
  10. ཞྭ་ནག་བློ་གྲོས། says:
    ལོ་ 15 སྔོན།

    དུས་བབ་རྩོམ་སྒྲིག་པ་ལགས།

    དགེ་འདུན་རབ་གསལ། ཧོར་གཙང་འཇིགས་མེད། རབ་འབྱོར། སྤོབས་པ་མཐའ་ཡས། ཁང་གསར། ཆག་བྲག་ལྷ་མོ་སྐྱབས་སོགས་ཤེས་ཡོན་ཅན་རྒན་པ་ཚོར་དུས་བབ་དྲ་ངོས་འདི་ནས་བཙན་ས་ཞིག་བཀོད་སྒྲིག་གནང་ན་འགྲིག་གི འདི་ཚོས་དྲ་ངོས་འདིའི་རྩོམ་བྲིས་པ་ཚོར་ལམ་སྟོན་གནང་ཐུབ་ཀྱི་རེད། མགོ་འདྲེན་བྱེད་ཐུབ་ཀྱི་རེད།

    Reply
  11. ཞྭ་ནག་བློ་གྲོས། says:
    ལོ་ 15 སྔོན།

    ཁ་སང་ངས་ཁང་གསར་རྡོ་རྗེས་སྤེལ་བའི་མཆན་ཐུང་ངུ་དེ་བཀླགས་པ་ཡིན། ད་ནི་རྒན་པ་ཚོས་དྲང་བཤད་གནང་མ་སོང་བསམ་ནས་ཡིད་མུག་པ་ཞིག་བྱུང༌། ད་ནངས་བསྐྱར་དུ་བལྟས་པར། ཁང་གསར་ལགས་ནས། རང་ཉིད་ཀྱིས་ཞིབ་ཚགས་པོས་མ་བཀླགས་པ་དང༌། ཞིབ་ནན་མ་བྱས་པ་ལས་མཆན་དེ་འདྲ་འབྲི་ཐལ་ཤོར་བ་ཞིག་བྲིས་འདུག དགའ་བསུ་ཡོད། ང་ཚོས་གཤིས་ཀ་འདི་འདྲ་སྦྱོང་དགོས་ཀྱི་འདུག

    Reply
  12. ནད་པ says:
    ལོ་ 15 སྔོན།

    རབ་གསལ་ལགས་ཀྱིས་བོད་མིའི་བླ་ན་མེད་པའི་༸ གོང་ས་སྐྱབས་མགོནཡིད་བཞིན་ནོར་བུའི་སྐུ་ཕྱྭའི་སྐོར་གྱི་མྱོང་འཚོར་ཆེན་ཁ་གསལ་པོ་ཞིག་གནང་འདུག་པར་དགའ་པོ་བྱུང་།

    ༸ གོང་ས་སྐྱབས་མགོན་ཆེན་པོའི་སྐུ་ཕྱྭར་སྲུང་སྐྱོབ་དང་དོ་སྣང་ཆེན་པོ་བྱེད་དགོས་པ་དེ་ཆེས་ཤིན་ཏུ་ནས་གལ་གནད་ཆེ་བའི་གནད་དོན་གཅིག་རེད། དེ་ནི་དཔལ་ལྡན་སྐུ་སྒེར་ཡིག་ཚང་དང་། བོད་གཞུང་བདེ་སྲུང་ལས་ཁུངས། ས་གནས་ས་ཐོག་ཏུ་གཞུང་དང་། ཚོགས་པ། དད་ལྡན་མི་དམངས་བཅས་ཚང་མར་འགན་འཁྲི་ཡོད་པ་ཞིག་རེད།

    གནད་དོན་དེར་རབ་གསལ་ལགས་ཀྱིས་གཙོས་ང་ཚོ་བོད་རིགས་འབྲེལ་ཡོད་ཚང་མས་འགན་འཁུར་ཡག་པོ་གནང་དགོས་པའི་རེ་བསྐུལ་ནན་མོ་ཞིག་ཞུ་དགོས་འདུག

    ངས་ཀྱང་༸ རྒྱལ་བའི་སྐུ་ཕྱྭའི་སྲུང་སྐྱོབ་དེ་ཆེས་ཧ་ཅང་གི་གལ་གནད་ཆེ་བ་ཞིག་ཡིན་པར་བརྟེན་ཕྱི་ལོ་ ༢༠༠༠ ལོར༸ གོང་ས་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་དུས་འཁོར་དབང་ཆེན་སྩལ་རྒྱུའི་སྐབས་དེར་ངས་བོད་གཞུང་བདེ་སྲུང་ལས་ཁུངས་ཀྱི་བཀའ་བློན་མཚན་ཐོག་ཏུ་༸ སྐུ་ཕྱའི་སྲུབ་སྐྱོབ་ཐད་ཐུགས་སྣང་ཆེན་པོ་གནང་དགོས་པའི་སྙན་ཞུ་དང་སྦྲགས་རང་མིང་ཁ་བྱང་གསལ་འཁོད་བཅས་ཕུལ་བ་ཡིན་ལ་བཀའ་ལན་ཡང་ཕེབས་བྱུང་།

    མ་ཟད་ལོ་སྔོན་མའི་ནང་༸ གོང་ས་མཆོག་རྒྱ་གར་བྱང་ཤར་ས་ཁུལ་ཨ་རུང་ན་ཅལ་མངའ་སྡེའི་ནང་མ་ཕེབས་པའི་སྔོན་ཚུད་ཟླ་བ་གསུམ་ཙམ་གྱིས་གོང་ནས་༸ རྒྱལ་བའི་སྐུ་ཕྱར་སྲུང་སྐྱོབ་ཆེད་རྒྱ་གར་དབུས་གཞུང་དང་བོད་གཞུང་གཉིས་ལ་ཐུགས་སྣང་གཞན་བསྐུལ་གྱིས་ཚུལ་དུ་དཔལ་ལྡན་མི་དབང་བཀའ་ཁྲི་ཟམ་གདོང་རིན་པོ་ཆེར་སྙན་ཞུ་ཞིག་ཀྱང་ཕུལ་བ་ཡིན།

    དེ་ནི་ངས་རང་ཉིད་སོ་སོས་གང་ཐུབ་ཅི་ཐུབ་ཀྱིས་འགན་འཁྲི་ཞིག་བླངས་ཏེ་ལྷག་བསམ་རྣམ་དག་གིས་རང་ཉིད་བོད་རིགས་གཅིག་དང་ནང་པ་ཞིག་ཡིན་པའི་ཆ་ནས་རྒྱུན་དུ་བསམ་བློ་དེ་འདྲ་ཞིག་གཏོང་གི་ཡོད།

    དེ་བཞིན་ཕྱིས་འབྱུང་ང་ཚོ་བོད་རིགས་ཚང་མས་༸ རྒྱལ་བའི་སྐུ་ཕྱྭའི་ཆེད་དུ་དོ་སྣང་གནང་དགོས་པ་དེ་གཞུང་དང་ཚོགས་པ་ཙམ་མ་ཟད་ང་ཚོ་ཚང་མར་འཁྲི་བའི་ལས་འགན་ཞིག་ཀྱང་རེད།

    Reply
  13. གནམ་ལྕགས། says:
    ལོ་ 15 སྔོན།

    རྩོམ་པ་པོ་རྒན་གྲས་དགེ་འདུན་རབ་གསལ་དང་ཧོར་གཙང་འཇིགས་མེད། ཆབ་བྲག་ལྷ་མོ་སོགས་ཀྱིས་ཉེ་ལམ་རྩོམ་ཡིག་ཡག་པོ་འགའ་སྤེལ་སོང་། དེར་ཐུགས་རྗེ་ཆེ་ཞུ། ཡིན་ནའང་ད་དུང་མུ་མཐུད་དུ་དྲ་པ་བྱིངས་ལ་ལམ་སྟོན་གྱི་ཚུལ་དུ་འདི་འདྲའི་རྩོམ་ཡིག་གང་མང་མང་སྤེལ་བའི་རེ་བ་ཡོད།

    དྲ་སྐྱག་འགའ་རེས་ཆེད་དུ་དམིགས་ནས་ཁ་བརྡུང་བ་དང་བསམ་ཚུལ་ལྡོག་ཕྱོགས་ནས་བཤད་པར་ཆ་འཇོག་རྒྱུ་མེད། དེ་ནི་སྤྱི་ཚོགས་ལ་འགན་མ་འཁུར་བའི་རྟགས་ཁོ་ན་རེད། དེར་ཆ་བཞག་ནས་འབྲི་མཚམས་མི་འཇོག་རྒྱུ་ང་གནམ་ལྕགས་ཀྱི་ལྷག་བསམ་རྣམ་དག་གི་རེ་སྐུལ་ཡིན།

    Reply
རྗེས་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese