མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གསར་འགོད་པའི་ས་མིག

བོད་ཀྱི་དུས་བབ།
༢༠༡༠/༠༥/༡༨
Share on FacebookShare on TwitterShare on EmailShare on Whatsapp

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ཀྲི་ས་གནས་(ཨམ་སྐད) དང ཨོ་སི་ཀྲི་རེ་ལི་ཡ (དབུས་སྐད)།  ཐའེ་ཝན་(ཁམས་སྐད)། བཅས་སུ་ས་གནས་གནས་ཚུལ་མཁོ་གཏོང་གནང་མཁན་གསར་འགོད་པ་གསུམ་དགོས་པའི་ས་མིག་གསལ་བསྒྲགས།

དགོས་ངེས་ཆ་རྐྱེན།
༡ ཁོངས་སོ་སོའི་སྐད་གདངས་ལ་བྱང་ཆ་ཡོད་པའི་ཐོག་མ་མཐར་བོད་ཡིག་གི་ཤེས་ཚད་མཐོ་སློབ་ཐོན་པའམ། ཡང་ན་མཐོ་སློབ་གྱི་ཤེས་ཚད་ཡོད་པ་ཁུངས་ལྡན་ར་སྤྲོད་ཐུབ་པ།

༢ དབྱིན་ཡིག་དང༌། རྒྱ་ཡིག ཧིན་རྡི་གང་རུང་གི་ཤེས་ཚད་རང་སྐྱ་འཕེར་ངེས་ཡོད་པ།

༣ བོད་ཕྱི་ནང་དང༌། རྒྱ་ནག རྒྱ་གར། རྒྱལ་སྤྱིའི་གནས་སྟངས་སོགས་ལ་ཤེས་ཚད་གང་ལེགས་ཡོད་པ།

༤ དྲང་བདེན་དང་ཕྱོགས་ལྷུང་མེད་པར་ཁྱོན་ཡོངས་ཀྱི་གནས་ཚུལ་མཁོ་སྒྲུབ་བྱེད་ཐུབ་པ།

༥ སྲིད་གཞུང་དང༌། ཆབ་སྲིད་ཀྱི་ཚོགས་པ། ཆོས་ལུགས་སྡེ་ཁག་གང་རུང་དང་མ་འབྲེལ་བར་གསར་འགོད་པའི་ངོ་བོར་གནས་ཐུབ་པ།

གོང་གསལ་ས་མིག་གསུམ་གྱི་གང་རུང་ཐོག་ལས་ཀ་བྱེད་འདོད་ཡོད་ཚེ་གཤམ་གསལ་ཁ་བྱང་ཐོག་སློབ་ཐོན་ལག་འཁྱེར་དང་དོ་དག་གི་ལོ་རྒྱུས། གསར་འགོད་པའི་ལས་ཀ་བྱེད་འདོད་པའི་རྒྱུ་མཚན་དང་དམིགས་ཡུལ་མདོར་བསྡུས་ཞིག་བཅས་ཕྱི་ལོ་༢༠༡༠ ཕྱི་ཟླ ༦ཚེས ༡༥ འགྱངས་མེད་གློག་འཕྲིན་ཁ་བྱང་ Email: chhonzomd@rfa.org  བརྒྱུད་ནས་ངེས་འབུལ་ཡོང་བ་དགོངས་འཇགས་ཞུ།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

སྲི་ཞུའི་ལས་བྱེད་གཉིས་ལ་ཕྱི་ལོ་ ༢༠༢༥ ལོའི་ལས་དོན་གཟེངས་ཐོན་གྱི་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༥ སྔོན་ལ།
Mobile App

རྒྱ་གར་གྱིས་རྒྱ་ནག་ལ་བརྟེན་མི་དགོས་པར་རང་སྐྱ་འཕེར་བའི་ཉི་གློག་བཟོ་སྐྲུན་གྱི་སྲིད་ཇུས་གསར་པ་ཞིག་སྤེལ་རྒྱུ་རེད།

ཆུ་ཚོད་ ༡༦ སྔོན་ལ།
TT
Mobile App

ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་གིས་ཨ་རིའི་གཞུང་ཚབ་ཁང་གི་ཆབ་སྲིད་སྡེ་ཚན་གྱི་ལས་བྱེད་དང་མཇལ་འཕྲད་གནང་།

ཆུ་ཚོད་ ༡༦ སྔོན་ལ།
Sakkar Tashi’s profile on X. Screenshot taken on 24 June 2026.
Mobile App

རྒྱ་ནག་གཞུང་གིས་ས་དཀར་བཀྲ་ཤིས་ལགས་ཀྱི་བོད་ནང་གི་ནང་མི་རྣམས་ནག་ཉེས་ཅན་གྱི་ཐོ་གཞུང་དུ་བཅུག་འདུག

ཆུ་ཚོད་ ༡༦ སྔོན་ལ།
སྲིད་སྐྱོང་མཆོག་གི་ཨ་རི་དང་ཡུ་རོབ་ཀྱི་གཞུང་འབྲེལ་ཕྱོགས་ཕེབས་མཇུག་བསྒྲིལ། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༦།༦།༢༤
Mobile App

སྲིད་སྐྱོང་མཆོག་གི་ཨ་རི་དང་ཡུ་རོབ་ཁུལ་གྱི་ཕྱོགས་ཕེབས་མཇུག་བསྒྲིལ། 

ཆུ་ཚོད་ ༢༠ སྔོན་ལ།
Some Chinese students celebrate graduation in New York. Photo: IC
Mobile App

རྒྱ་ནག་དང་འབྲེལ་འདྲིས་ཡོད་པའི་ཨ་རིའི་སློབ་ཆེན་ཁག་ལ་རོགས་དངུལ་སྤྲོད་ལེན་མི་ཆོག་པའི་ཁྲིམས་འཆར་བཏོན།

༢༠༢༦/༠༦/༢༣

མཆན། 17

  1. སྨར་ཁམས་བུ། says:
    ལོ་ 16 སྔོན།

    གསར་འགོད་ཀྱི་ས་མིག་དུ་གུས་པའི་སྙན་ཞུ་མྱུར་འཕྲིན་འགྱུར་ནས་གཏོང་ཡོད་ཀྱང་ད་ལྟ་བར་དུ་འབྱོར་ལེན་ཙ་ན་མི་འདུག ཁྱེད་རྣམས་པའི་དེ་དག་དོ་སྣང་ཡོད་པའི་ཐོག་འགན་འཁུར་བཞེས་དགོས།

    Reply
  2. ཇོ་བོ་རྣམས་གཉིས། says:
    ལོ་ 16 སྔོན།

    གསར་འགོད་པ་ཞེས་པ་དེ་གལ་ཆེན་པོ་ཡིན་པས་གང་བྱུང་མི་ཞིག་མིན་པར་དེ་ཐད་གཟབ་དགོས་གལ་ཤིན་ཏུ་ཆེ།

    Reply
  3. མགར་རྟོགས་སད says:
    ལོ་ 16 སྔོན།

    ཆ་རྐྱེན་དེ་ང་ལ་འཛོམས། ངའི་ཁམས་ སྐད། ཨམ་སྐད། དབུས་སྐད། རྒྱ་རོང་སྐད། གསེར་རྟ་སྐད། ཅེས་ལ་བྱང་ཆུབ་པ་ཡིན། ད་དུང་དབྱིན་རྒྱ་ཧིན་གསུམ་གྱི་སྐད་ཡིག་ལ་འང་མི་ཆོག་རྒྱུ་མེད། ཕྱོགས་རིས་འཐེན་འཁྱེར་ངོ་མི་ཤེས།
    སྦས་ཡིབ་གསང་གསུམ་དྲན་མི་ཤེས།

    Reply
  4. ཨ་རིག་དགེ་མཐོང་། says:
    ལོ་ 16 སྔོན།

    མདོར་བསྡུས་ན་གསར་འགོད་པ་འདི་གསུམ་གྱི་གཅིག་ང་གཏན་ཁེལ་རྒྱུ་རེད། མི་ཞུན་ཤོག་དང་ངེད་གཉིས་ཀྱིས་ཐོ་འགོད་བྱེད་ཡ།

    Reply
  5. བོད་ཀྱི་མཛེས་མ། says:
    ལོ་ 16 སྔོན།

    གསར་འགོད་པའི་ས་མིག་སྟོང་པ་གསལ་བསྒྲགས་བྱེད་པ་སྙིང་ནས་དགའ་བསུ་ཡོད།
    ཡིན་ནའང་སྐབས་འཚོལ་རིང་ལུགས་པར་གོ་སྐབས་མ་ཤོར་བ་ཡིད་གཟབ་བྱེད་དགོས་གལ་ཆེ་ཡིན།
    ཤེས་ཡོན་དང་ཉམས་མྱོང་ཡོད་མེད་ལ་མ་ལྟོས་པར་འཚང་ཀ་བརྒྱབ་རྒྱུ་ནི་བོད་པའི་གོམས་གཤིས་རེད།
    དེར་བརྟེན་འཚང་སྙན་འབུལ་མི་རྣམས་ལ་གསར་འགོད་པའི་ལས་རིགས་དང་འབྲེལ་བའི་ཤེས་འཇོན་ལྡན་མིན་ཞིབ་འཇུག་བྱེད་གལ་ཆེ།་

    Reply
  6. ཕུན་ཚོགས ། says:
    ལོ་ 16 སྔོན།

    ལས་མེད་ཅིག་རག་ན་ཡག་པོ་ད་ལོས་ཡིན་མོད།ལས་མེད་ཡིན་པར་སྙིང་རྗེ་བསྒོམ་ཏེ་མི་འཇོན་པ་ཞིག་བྱུང་ན་གྱོང་རེད་ཡ།གནས་ཚུལ་འདི་ལྟ་བུ་ནི་ང་ཚོའི་སྤྱི་ཚོགས་ཀྱི་གཞུང་སྒེར་ལས་ཁང་ཁག་ཏུ་མཐོང་རྒྱུ་མང་པོ་ཡོད།

    Reply
  7. ཕུན་ཚོགས ། says:
    ལོ་ 16 སྔོན།

    གང་ལྟར་ལས་རིགས་དེ་ཤེས་ཚད་དང་ཉམས་མྱོང་ཡོད་པ་ཞིག་གི་ལག་ཏུ་རག་ན་ཡག་གི་མ་གཏོགས།ངོ་ཤེས་ཡིན་ཟེར་ནས་ཡི་གེ་བཀླག་ཤེས་ལ་མ་ཤེས་པ་ཞིག་གི་ལག་ཏུ་བཞག་དུས།རང་གཞན་གཉིས་ཕུང་བའི་རྒྱུ་ཡིན་པས་རླུང་འཕྲིན་ཁང་གི་འགན་ཡོད་མི་སྣས་གཟབ་གཟབ་བྱས་ན་ལེགས།
    རླུང་འཕྲིན་ཁང་འདི་བོད་གཞིས་ལུས་མི་མང་གི་རྣ་བ་གཏོད་ས་གཅིག་པུ་ཡིན་ཞེས་སྔོན་ཆད་བོན་རྒྱ་ལགས་ལའང་ཞུ་རྒྱུ་བྱུང་བས།འདི་ལ་ཉམས་མྱོང་ཏོག་ཙམ་མེད་ན་མི་མང་དེ་དག་གི་རེ་བ་འཕྲོ་བརླག་ཏུ་གཏོང་ཉེན་ཆེ་བས་ཤིན་ཏུ་གཟབ་དགོས་ཀྱི་འདུག

    Reply
  8. ཕུན་ཚོགས ། says:
    ལོ་ 16 སྔོན།

    གནས་ཚུལ་དེ་ཚོ་བདེན་པ་ཨེ་ཡིན་ན།ངོ་མ་བདེན་པ་ཡིན་ན་ཐབས་སྐྱོ་བོ་ཞིག་རེད།

    Reply
  9. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    དྲ་གྲོགས་འགའ་ཞིག་གིས་བཤད་པ་བཞིན་དངོས་ཡོད་གནས་ཚུལ་ཡིན་ན་དངོས་གནས་ཐབས་སྐྱོ་བོ་རེད། ང་ཚོའི་རང་ཡུལ་དགྲ་ལག་ཏུ་ཤོར་ནས་མིའི་ཡུལ་དུ་སྡོད་པའི་རིང་ལ་ཡང་ལས་ངན་འབའ་ཞིག་ལ་ཕྱོགས་ན།
    མ་འོངས་པར་རང་ཡུལ་ལོངས་སུ་སྤྱོད་རྒྱུ་བྱུང་ཡང་རྙོག་ཁྲའི་རང་བཞིན་ལས་ཐར་ཐབས་ཨེ་ཡོད།

    Reply
  10. གནམ་ལྕགས། says:
    ལོ་ 16 སྔོན།

    ཐོས་དགའ་ཟེར་བ་ཞིག་གིས་བཤད་པའི་སྐད་ཆ་དེ་བདེན་པ་རེད། ང་ལའང་དེའི་སྐོར་ནས་ཉམས་མྱོང་ཡོད། ངས་ཀྱང་དེའི་སྐོར་ནས་མང་བོ་ཞིག་ཧ་གོ་ཡོད།

    Reply
  11. སྟོབས ། says:
    ལོ་ 16 སྔོན།

    ས་མིག་སྟོང་པ་འདི་གལ་ཆེན་རང་བཞིན་གྱི་ལས་དོན་ཞིག་རེད། འུ་ཚོའི་བཙན་བྱོལ་བའི་ཁྲོད་ན་ཤེས་བྱ་ཡོན་ཏན་འཛོམས་པའི་མི་རེ་ཟུང་ཡོད་ནའང་ ། ལས་མེད་རྐྱང་རྐྱང་གིས་འཚོ་བ་རོལ་ཐབས་བྱས་ནས་བསྡད་ཡོད་པས་མི་འདི་ཚོ་ལ་གོ་སྐབས་འཐོབ་པའི་སྨོན་ལམ་འདེབས།

    Reply
  12. སྐར་ཁྲི་བཙན། says:
    ལོ་ 16 སྔོན།

    ཧ ཧ ཧ ཨ་རོ་ཨ་རིག་དགེ་མཐོང་གལ་སྲིད་ཁྱོད་ལ་ཚོགས་པ་དེའི་ནང་ངོ་ཤེས་པ་ཡོད་ན་ས་མིག་དེ་རེག་ནོ་ཁོ་ཐག་ཡིན། དེ་མིན་ན་དཀའ་ནི་རེད།

    Reply
  13. སྨར་དྷཱིཿཟེར། says:
    ལོ་ 16 སྔོན།

    ཆབ་སྲིད་ཚོགས་པ་དང་སྲིད་གཞུང་ཆོས་ལུགས་སྡེ་ཁག་གང་རུང་དང་མ་འབྲེལ་བ་
    ཞིག་དགོས་ཀྱང་དཔེ་ཤག་གི་ཕྱོགས་སུ་མ་ལྷུང་བ་ཞིག་བྱུང་ན་ལྷ་རབས་དེ་ཡིན་ད་ལྟ་བར་དུ་གསར་འགོད་པའི་ཁོག་ལ་དཔེ་ཤག་ཤོར་བའི་རྒྱུ་མཚན་གྱི་ཚགས་ཤོག་ཐོག་
    ཡིན་ན་འདྲ་རླུང་འཕྲིན་སོགས་གང་རུང་དཔེ་ཤག་སུས་མང་བ་སྤྲོད་ན་དེའི་གནས་
    ཚུལ་རྒྱས་ཤིང་རྒྱས་པ་འཁོད་ཐུབ་དེ་མིན་གནས་ཚུལ་འབུལ་ཡང་གནས་བསྡུས་ཤིག་
    ལས་གཏན་ནས་ཐོན་མི་ཐུབ།

    Reply
  14. ཐོས་དགའ། says:
    ལོ་ 16 སྔོན།

    གསལ་བསྒྲགས་བཏང་ཁུལ་བྱས་པ་ཞིག་ལས་དོན་དངོས་སུ་ངོ་ཤེས་ཤིག་འཐེན་གྱི་རེད། ང་ཚོའི་ཁོར་ཡུག་ནང་ལས་ཀ་དྲི་ངན་ཅན་དེ་རིགས་ཀྱི་ཁྱབ་དང་ཁྱབ་བཞིན་པ་རེད།

    Reply
  15. མི་ཞུན། says:
    ལོ་ 16 སྔོན།

    སྐྱབས་མགོན་ཨཱ་ལ་དང་ཡེ་ཤེས་ཀྱིས་ང་ལ་གོ་སྐབས་གནངས་སོང་། ཐུགས་རྗེས་ཆེ།

    Reply
  16. karma dorje says:
    ལོ་ 16 སྔོན།

    ང་ཡང་བྱེད་འདོད་ཡོད་ཀྱང་།

    Reply
  17. ཨ་རིག་དགེ་མཐོང་། says:
    ལོ་ 16 སྔོན།

    གསར་འགོད་པ་བྱེད་འདོད་ཡོད་ལ་བྱེད་དགོས་པའི་རྒྱུ་མཚན་དེ་བས་ཀྱང་ཡོད། འོན་ཀྱང་ཕྲན་ལ་ཆ་རྐྱེན་གཉིས་མི་ཚང་བས་རང་བཞིན་གྱིས་ཕྱིར་འཐེན་བྱས་པ་ཡིན། གོ་སྐབས་འདི་དྲ་གྲོགས་ཚོས་ཤོར་མི་ཉན་ཡ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese