མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་མི་དམངས་ལ་འབྲེལ་བ་བྱ་དགོས་པ་རེད།

བོད་ཀྱི་དུས་བབ།
༢༠༡༠/༠༥/༡༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་ནག་ནང་གི་ཤེས་ལྡན་པ་མང་པོས་ད་ལྟའི་བོད་ཀྱི་གནས་སྟངས་ཐོག་སེམས་ཁུར་བྱེད་ཀྱིན་ཡོད་སྟབས། བོད་རྒྱའི་དཀའ་རྙོག་སེལ་ཐུབ་པར་ངོས་རང་གིས་ཀྱང་ཡིད་ཆེས་བྱེད་ཀྱིན་ཡོད་ལ། མ་འོངས་པར་བོད་རྒྱའི་དཀའ་རྙོག་མགྱོགས་མྱུར་སེལ་ཐབས་སུ་བོད་མི་ཚོས་རྒྱ་རིགས་མི་དམངས་ལ་འབྲེལ་བ་བྱ་དགོས་པ་རེད་ཅེས་༸གོང་ས་མཆོག་གིས་ཨ་རིར་གནས་སྡོད་བོད་མི་ཚོར་གསུངས་ཡོད།

ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་༧གོང་ས་མཆོག་གིས་ཨེན་ཌི་ཡཱ་ནའི་མཛད་འཕྲིན་ཡོངས་སུ་གྲུབ་སྟེ། ཨ་རིའི་མངའ་སྡེའི་ཝིན་སི་ཀོན་སིན་གཙུག་ལག་སློབ་གཉེར་ཁང་ནང་ཆོས་འབྲེལ་གྱི་མཛད་འཕྲིན་ཆེད་ཆིབས་སྒྱུར་གྱིས་གཙུག་ལག་སློབ་གཉེར་ཁང་དེའི་ནང་གསར་དུ་བཞེངས་པའི་སེམས་ཁམས་འཕྲོད་བསྟེན་ཉམས་ཞིབ་བསྟི་གནས་ཁང་ཞེས་པ་དབུ་འབྱེད་གནང་བ་དང་། དེར་ཡོད་དགེ་སློབ་ཡོངས་ཀྱིས་དགའ་བསུ་དང་ཕེབས་བསུ་གཟབ་རྒྱས་གནང་ཡོད་པ་རེད། གཙུག་ལག་སློབ་གྲྭ་དེ་ཉིད་ཀྱི་མཛད་འཕྲིན་ཡོངས་སུ་གྲུབ་རྗེས་༸གོང་ས་མཆོག་གིས། མངའ་སྡེ་མེ་ཌི་སོན་དང་མི་ནེ་སོ་ཌ།  ཆི་ཀ་གྷོ་བཅས་ནང་གནས་སྡོད་བོད་མི་སྟོང་ཕྲག་བརྒལ་བར་བཀའ་སློབ་གནང་ཡོད་པ་རེད། ༸གོང་ས་མཆོག་གིས།  གངས་ཅན་པ་ཞེས་འབོད་པའི་བོད་མི་ཚོ་ནི་ས་ཁམས་ཀྱི་ཆ་ནས་འཛམ་གླིང་གི་ཡང་སྟེང་དུ་གནས་ཡོད་ཅིང་། ཤར་ཕྱོགས་ཡུལ་གྲུ་ཁག་གི་ཆུའི་འབྱུང་ཁུངས་དང་རིག་གཞུང་ཐོག་ནང་ཆོས་ཀྱི་རྩ་བ་ལྟ་བུ་ཆགས་ཡོད་སྟབས། རྒྱ་རིགས་མཁས་དབང་ཁག་ཅིག་གིས་ཀྱང་བོད་མིའི་ཆོས་དང་རིག་གཞུང་གི་སྙིང་བོ་དེས་མ་འོངས་པར་རྒྱ་ནག་གི་སྤྱི་ཚོགས་ཡར་རྒྱས་ལ་ཕན་ཐོགས་ཆེན་པོ་ཡོད་སྐོར་བརྗོད་ཡོད་ལ། དེ་བཞིན་དུ། འཛམ་གླིང་ནང་དེང་སྐབས་སེམས་ཀྱི་ཞི་བདེ་དང་བདེ་སྐྱིད་འབྱུང་རྒྱུར་གལ་ཆེན་དང་ངོས་འཛིན་གསར་བ་ཞིག་སླེབས་ཏེ་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་གིན་ཡོད་པ་དང་བསྟུན། བོད་ཀྱི་ཆོས་དང་སྐད་ཡིག་གིས་དེ་རིགས་གསལ་སྟོན་བྱེད་ཐུབ་ཀྱི་ཡོད་པ་ནི་བོད་མི་རིགས་ཀྱི་གཟི་བརྗིད་ཅིག་རེད་ཅེས་གསུངས་ཡོད།   ཡང་༧གོང་ས་མཆོག་གིས། བོད་རིགས་གཞོན་སྐྱེས་ཚོས་བོད་ཡིག་དང་ནང་ཆོས་ལ་ཧུར་བརྩོན་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་ཡིན་པ་དང་། ལྷག་པར་གཞོན་སྐྱེས་ཚོས་ནང་ཆོས་སློབ་གཉེར་དང་ཆོས་ཀྱི་སྙིང་བོ་ཕན་ཆུན་བགྲོ་གླེང་སོགས་ཀྱི་ཐོག་ནས་སྦྱང་བརྩོན་བྱ་དགོས་པའི་བཀའ་སློབ་གནང་བར་མ་ཟད།  རྒྱ་ནག་ནག་ནང་གི་ཤེས་ལྡན་པ་མང་པོས་ད་ལྟའི་བོད་ཀྱི་གནས་སྟངས་ཐོག་སེམས་ཁུར་བྱེད་ཀྱིན་ཡོད་པ་དང་།  ༢༠༠༨ ལོ་ནས་བཟུང་རྒྱ་ཡིག་གི་ལམ་ནས་བོད་དོན་དང་འབྲེལ་བའི་རྩོམ་ཡིག་ ༩༠༠ ལྷག་སྤེལ་ཡོད་པས། བོད་རྒྱའི་དཀའ་རྙོག་ངེས་པར་སེལ་ཐུབ་པར་༸གོང་ས་མཆོག་སྐུ་ཉིད་ནས་ཀྱང་ཡིད་ཆེས་གནང་གི་ཡོད་པ་དང་། མ་འོངས་པར་བོད་རྒྱ་གཉིས་ཀྱི་དཀའ་རྙོག་མགྱོགས་མྱུར་སེལ་ཐབས་སུ་རྒྱ་རིགས་མི་དམངས་དང་འབྲེལ་བ་བྱ་དགོས་པ་རེད་ཅེས་བཀའ་སློབ་གནང་ཡོད་འདུག

ཕྱི་ཚེས་ ༡༧ ཉིན་༸གོང་ས་མཆོག་ཝི་སི་ཀོན་སིན་མངའ་སྡེའི་རྒྱལ་ས་མེ་ཌི་སོན་གྱི་ནང་ཨ་རིའི་གྲགས་ཅན་སེམས་ཁམས་རིག་པའི་ཚན་རིག་པ་རི་ཆར་ཌི་ཌེ་ལྦི་ཌི་སོན་དང་ལྷན་དུ་སེམས་བདེ་ཐང་ལ་དཔྱད་པ་ཞེས་པའི་བགྲོ་གླེང་ཐོག་མཉམ་ཞུགས་གནང་སྟེ། ནང་ཆོས་ཀྱིས་འགྲོ་བ་མིའི་ནང་བསམ་བློར་ཞི་བདེ་བསྐྲུན་ཐུབ་པ་དང་། དེས་རང་བཞིན་གྱིས་ཕྱིའི་ཀུན་སྤྱོད་དང་རང་ཉིད་ཀྱི་གཟུགས་གཞིའི་འཕྲོད་བསྟེན་ལའང་ཕན་ཐོགས་ངེས་ཅན་ཞིག་ཡོང་བ་དང་།  བསམ་བློའི་འཁྱེར་སོ་རང་འདོད་ཅན་དེ་འདྲའི་རིགས་ཡོད་པ་ཡིན་ན། བསམ་བློའི་འཁྱེར་སོ་ཡག་པོ་མིན་པའི་བཀའ་སློབ་གནང་འདུག་ལ། ཐེངས་འདིའི་ཚན་རིག་པའི་བགྲོ་གླེང་འདི་བརྒྱུད་དེ་ཝིན་སི་ཀོན་སིན་མངའ་སྡེའི་སྤྱི་ཁྱབ་པ་སྐུ་ཞབས་ཇོམ་ཌོ་ཡེལ་མཆོག་ནས་༸གོང་ས་མཆོག་ནི་ཝིན་སི་ཀོན་སིན་མངའ་སྡེའི་གྲོགས་པོ་བཟང་པོ་ཞིག་ཡིན་པ་ངོ་སྤྲོད་གནང་ཡོད་པར་མ་ཟད། ཐེངས་འདིའི་བགྲོ་གླེང་གི་ལས་འཆར་དེ་ཉིད་མངའ་སྡེའི་འབྱུང་འགྱུར་དང་འཛམ་གླིང་སྤྱི་ལ་ཕན་ནུས་སྤྲོད་ཐུབ་པའི་ཞབས་འདེགས་ཀྱི་དཔེ་མཚོན་གསལ་པོ་ཞིག་ཡིན་ཚུལ་གསུངས་ཏེ། ༸གོང་ས་མཆོག་གི་ཐེངས་འདིའི་མཛད་འཕྲིན་ལ་བསྔགས་བརྗོད་གནང་ཡོད་འདུག་ལ། བྱང་ལོ་ཝ་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གིས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར། ཡུལ་དེར་ཆིབས་བསྒྱུར་དང་འབྲེལ་ལོ་ཝར་གནས་སྡོད་རྒྱ་རིགས་ཚོགས་པའི་སྐུ་ཚབ་དང་སློབ་མ་བཅས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་ཀྱིས་བོད་རྒྱའི་འབྲེལ་ལམ་སྐོར་གྱི་གནད་དོན་ཐད་བཀའ་སློབ་གནང་ཡོད་པ་དང་། དེ་བཞིན་གནད་ཡོད་མི་སྣར་མཇལ་འཕྲད་གནང་ཡོད་པར་མ་ཟད། ལོ་ཝ་གཙུག་ལག་སློབ་ཆེན་དུ་འཚེ་མེད་ཞི་བའི་འབྱུང་ཐབས་དང་ཤེས་ཡོན་སློབ་སློབ་གསོ་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ལྷན་ཚོགས་ཤིག་གནང་ཡོད་པ་དང་། ཉིན་རྒྱབ་དུ་མང་ཚོགས་ ༦༠༠༠ ལྷག་ལ་ཤེས་ཡོན་གྱི་ནུས་པ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གནང་ཡོད་པ་རེད། ཕྱི་ཚེས་ ༢༠ ནས་བཟུང་༸གོང་ས་མཆོག་གིས་ཉིན་གྲངས་བཞིའི་རིང་ནེའུ་ཡོག་གྲོང་ཁྱེེར་དུ་མཛད་འཕྲིན་བསྐྱངས་འཆར་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

ཧྭང་ཆི་ཧྥན།(གཡོན།) ལི་ཀྲན་ཧྲའོ།(དཀྱིལ།) ལི་ཀྲན་ཧྲའོ་ཡི་བུ་མོ་ལི་ཆིན་ཤེན།(གཡས།)
Mobile App

རྒྱ་ནག་ཁྲུང་ཆིན་གྲོང་ཁྱེར་གྱི་སྤྱི་ཁྱབ་ཟུར་བ་ཧྭང་ཆི་ཧྥན་ལ་ཞིབ་བཤེར་བྱེད་ཀྱི་འདུག

ཆུ་ཚོད་ ༡༥ སྔོན་ལ།
Mobile App

ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་བཀའ་དྲུང་གི་ལས་ཁུར་དབུ་འཛུགས་ཞུས།

ཆུ་ཚོད་ ༡༦ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ནོ་བྷེལ་དཔལ་འབྱོར་རིག་པའི་གཟེངས་རྟགས་ཐོབ་མཁན་གཉིས།

༢༠༢༦/༡༠/༡༣
Mobile App

རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་ཀྲང་ཡེ་ཡི་ནང་མིར་འཇིགས་སྐུལ་བྱས།

༢༠༢༦/༡༠/༡༣
བལ་ཡོད་ས་མཚམས་ཙུམ་ནུབ་རི་སྒའུ་པ་ལི་རུ་ཆུ་ལོག་བྱུང་བ།
Mobile App

བལ་བོད་མཐའ་མཚམས་བཙུམ་ནུབ་རི་སྒའུ་པཱ་ལི་རུ་ཆུ་ལོག་བྱུང་བ།

༢༠༢༦/༡༠/༡༣
Mobile App

རྒྱ་ནག་རྒྱལ་ཡོངས་སུ་གློ་བུར་དུ་དབྱིན་ཡིག་ཡིག་རྒྱུགས་གཏོང་མཚམས་བཞག

༢༠༢༦/༡༠/༡༢

མཆན། 3

  1. karma dorje says:
    ལོ་ 16 སྔོན།

    བོད་རྒྱ་མི་རིགས་གཉིས་ཀྱི་འབྲེལ་ལམ་བཟང་འགྱུར་ཅིག

    Reply
  2. དབྱངས་བུ། says:
    ལོ་ 16 སྔོན།

    རྒྱ་ནག་ནག ཅེས་པའི་དོན་གང་ཡིན་ནམ
    ཕལ་ཆེར་རྒྱ་ནག་ཡིན་རྒྱུ་རེད།

    Reply
  3. བོད་ཀྱི་མཛེས་མ། says:
    ལོ་ 16 སྔོན།

    བོད་རེ་བས་ཕོངས།་རྒྱ་དྭོགས་པས་ཕོངས།
    གནའ་མི་རྒན་པོའི་ཁ་རྒྱུན་འདི་དངོས་གནས་འཚམས་པོ་འདུག
    དང་པོ་རང་བཙན་ལ་རེ་བ་རྒྱབ་ནས་ད་བར་གཅིག་ཕམ་གཉིས་ཕམ་བྱུང་སོང།
    ད་ནི་ལམ་ཀ་གཅིག་ཡོད་པ་ནི་རྒྱ་ནག་མི་དམངས་ལ་རེ་བ་བྱེད་པ་དེ་རང་རེད།འོན་ཀྱང་ཕམ་ཐག་ག་དུས་ཆོད་དམ་སྙམ་བཞིན་ཞེད་སྣང་གིས་ཁེངས་ནས་ཡོད།
    ང་ཚོ་ལ་རེ་བ་བྱེད་རྒྱུའི་ལམ་ག་འདི་གཅིག་བུ་ལས་མེད་པ་ཡིན་ན་བོད་འདི་སྣུམ་ཟད་ཀྱི་མར་མེ་ལྟར་གྱུར་ཚར་མ་རེད་དམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese