མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བཙན་པོའི་སྙིང་སྟོབས་ཞེས་པའི་སྙན་ཐོ་ཞིག

བོད་ཀྱི་དུས་བབ།
༢༠༡༠/༠༥/༡༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཉེ་བའི་ལོ་འདི་འགར་རྒྱ་ནག་གིས་བཙོན་འཇུག་བྱས་པ་དང་ཁྲིམས་ཆད་ཕོག་པ། ད་ལྟ་བཙོན་དུ་བཅུག་པ། གར་སོང་ཆ་མེད་དུ་གྱུར་བ། ལས་གནས་ཤོར་བ་སོགས་ཀྱི་བོད་རིགས་རྩོམ་པ་བོ་དང་ཤེས་ལྡན་མི་སྣ་ཁག་ཅིག་གི་ཐོ་གཞུང་གི་དེབ། བཙན་པོའི་སྙིང་སྟོབས་ཞེས་པ་ཕྱིར་བསྒྲགས་བྱས་འདུག

ཕྱི་ཚེས་ ༡༨ ཉིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སྤེལ་བའི་དེབ་དེའི་ནང་གཙོ་བོ་སྐུ་ཞབས་ཞོགས་དུང་གི་བཀོད་འདུག་ལ། དེ་དང་མཉམ་དུ་ཉེ་ཆར་འཛིན་བཟུང་བྱས་པའི་ཁྲག་ཡིག་རྩོམ་པ་བོ་ཐེའུ་རིང་དང་ ༼ བཀྲ་ཤིས་རབ་བརྟན། ༽ ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་མ་ཞོགས་ལྗང་། ༼ འབྲུག་ལོ། ༽ ལོ་ ༡༥ ཁྲིམས་ཐག་བཅད་པའི་མཆོད་མེའི་དྲ་གཉེར་བ་དཀོན་མཆོག་ཚེ་འཕེལ་དང་ལོ་ ༥ ཁྲིམས་ཐག་བཅད་པའི་པར་རྒྱག་སྒྱུ་རྩལ་པ་དང་རྩོམ་པ་བོ་གངས་ཉི། ༼ ཀུན་དགའ་ཚེ་དབྱངས། ༽ ལོ་བཅུ་དང་ཟླ་ལྔའི་བཙོན་འཇུག་ཁྲིམས་ཐག་བཅད་པ་དང་ལྷིང་འཇགས་མེད་པའི་ཧི་མ་ཡ་ལ་རྩོམ་མཁན་རྩོམ་པ་བོ་སྒྲོལ་མ་སྐྱབས་སོགས་རང་དབང་གི་རྩོམ་པ་བོ་ཁག་ཅིག་དང་། འཇིགས་བྲལ་གློག་བརྙན་བཟོ་སྐྲུན་པ་དང་ལོ་དྲུག་གི་ཁྲིམས་ཐག་བཅད་པའི་དོན་འགྲུབ་དབང་ཆེན་དང་། གློད་གྲོལ་ཟིན་པའི་ཁོའི་ལས་རོགས་འཇིགས་མེད་རྒྱ་མཚོ། བོད་ནང་གི་གསང་བ་ཕྱིར་བསྒྲགས་བྱས་པའི་ཉེས་མིང་འོག་ལོ་ལྔའི་ཁྲིམས་ཐག་བཅད་པའི་ནོར་འཛིན་དབང་མོ་དང་ཚེ་བཙོན་གྱི་ཁྲིགས་ཐག་བཅད་པའི་དབང་འདུས། ལོ་ ༧ བཙོན་འཇུག་ཁྲིམས་ཐག་བཅད་པའི་དཔལ་འབྱོར་ནོར་བུ། ལོ་ ༡༤ ཁྲིམས་ཐག་བཅད་པའི་མིག་དམར་དོན་འགྲུབ། ལོ་ ༡༥ ཁྲིམས་ཐག་བཅད་པའི་ཡེ་ཤེས་ཆོས་སྒྲོན། གཞན་བོད་མི་བཅུ་གཅིག་གིས་༧གོང་ས་མཆོག་དང་ ༢༠༠༨ ལོའི་ཞི་རྒོལ་ཆེན་མོའི་སྐོར་གྱི་གཞས་ཚིག་སོགས་ཕྱོགས་བསྒྲིགས་ཀྱིས་ཆག་ཀྲུམ་དམར་བོ་ཞེས་པའི་འོད་སྡེར་ནང་བཀྲམས་པར་བརྟེན་བཟུང་བ་རྣམས་ཀྱི་སྐོར་ཞིབ་འགྲེལ་བྱས་ཡོད་པ་རེད།

དེ་བཞིན་གཞས་ཚིག་གི་ལམ་ནས་བོད་དོན་གདེངས་སུ་གྱེར་མཁན་དང་ཟླ་བཅོ་ལྔའི་ཁྲིགས་ཐག་བཅད་པའི་གླུ་པ་བཀྲ་ཤིས་དོན་འགྲུབ་དང་གླུ་པ་དཔལ་ཆེན་སྐྱབས། གླུ་པ་ལྷུན་གྲུབ། གཞས་མ་སྒྲོལ་མ་སྐྱིད། ལྷ་ས་ནས་བཟུང་བའི་གཞས་པ་བསྟན་འཛིན་སོགས་གཞས་པ་ཁག་ཅིག་གི་མིང་གཞུང་ཕྱིར་བསྒྲགས་གནང་ཡོད་ལ།

ཡང་ཆབ་སྲིད་ཀྱི་ཉེས་མིང་འོག་རང་གི་ལས་གནས་ཤོར་བ་དང་བཙོན་དུ་ཚུད་པ། ཉེས་རྡུང་ཕོག་པ་སོགས་ཀྱི་མིང་གཞུང་ནང་། རླུང་དམར་འུར་འུར་གྱི་རྩོམ་པ་བོ་ཚེ་རིང་དོན་འགྲུབ། བུད་མེད་རྩོམ་པ་མོ་དང་གཞས་མ་འཇམ་དབྱིངས་སྐྱིད། བཙོན་ཁང་ནས་ཚབས་ཆེའི་ཉེས་རྡུང་ཕོག་སྟེ་ཀླད་སྐྱོན་ཤོར་བའི་བྱ་མདོ་རིན་བཟང་ངམ་རིན་ཆེན་བཟང་པོ། ད་ང་ཚོ་ཟད་རན་གྱི་རྩོམ་པ་བོ་དང་རྔ་པ་ཀིརྟི་དགོན་གྱི་གྲྭ་སྒོ་ཤེས་རབ་རྒྱ་མཚོ། གསེར་རྟའི་བརྙན་འཕྲིན་གྱི་གསར་འགོད་པ་རང་འབྱུང་། བུད་མེད་རྩོམ་པ་བོ་གྲགས་ཅན་འོད་ཟེར། རྨ་ཆུ་རྫོང་མི་རིགས་སློབ་འབྲིང་གི་འགན་འཛིན་གཞོན་པ་ཆོས་སྐྱོང་ཚེ་བརྟན། སློབ་སྤྱི་དང་སྙན་ངག་པ་སྐྱབས་ཆེན་བདེ་གྲོལ་དང་སློབ་སྤྱི་གཞོན་པ་རྡོ་རེད། དགེ་རྒན་དངུལ་རའི་སྟོབས་ལྡན་དང་ཚེ་རིང་དོན་འགྲུབ། ཐུབ་བསྟན་ཉི་མ་རྒྱལ་པོ། འབར་ཁམས་མི་རིགས་དགེ་ཐོན་སློབ་གྲྭའི་དགེ་རྒན་བསོད་ནམས་དང་རྡོ་ལྷ། ཨ་རྒྱ་སོགས་ཀྱི་མིང་གཞུང་ཕྱིར་བསྒྲགས་གནང་ཡོད།

ཕྱིར་བསྒྲགས་ཡིག་ཆ་དེའི་ནང་མདོ་སྨད་ཀྱི་ཁ་ཤགས་སྒྱུ་རྩལ་པ་དང་ད་ལྟ་བཙན་བྱོལ་དུ་འབྱོར་བའི་མགོ་ལོག་ཟླ་བྷེ་ལགས་ཀྱི་མིང་གཞུང་ཡང་ཕྱིར་བསྒྲགས་གནང་ཡོད། ཁོང་ལོ་སྔོན་མའི་ལོ་མཇུག་ཏུ་བཙན་བྱོལ་དུ་འབྱོར་ཏེ་ད་ལྟ་བཞུགས་སྒར་ངྷ་ས་ཁུལ་དུ་བཞུགས་ཡོད།

གོང་གསལ་མི་སྣ་འདི་དག་ནི་རང་དབང་གི་རྩོམ་པ་བོ་དང་གསར་འགོད་པ། གཞས་པ། དགེ་རྒན་དང་སློབ་སྤྱི། པར་པ་དང་སྣེ་ཤན་པ་སོགས་ཤེས་ལྡན་མི་སྣ་རྐྱང་ཡིན་ལ། ཁོང་ཚོ་ཚང་མར་རྒྱལ་ཁབ་མགོ་སྟེང་སློག་པ་དང་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་བྱས་པ། ༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་ལ་ངན་འབྲེལ་བྱས་པ། བོད་རིགས་མང་ཚོགས་ལ་ངན་སྐུལ་བྱས་པ་སོགས་ཆབ་སྲིད་ཀྱི་ཉེས་མིང་སྣ་ཚོགས་ཕོག་ཡོད། ཁོང་ཚོའི་ཁྲོད་དུ་བཙོན་ནས་ཚབས་ཆེའི་ཉེས་རྡུང་ཕོག་སྟེ་ཀླད་སྐྱོན་ཤོར་བ་དང་ཚེ་བཙོན་གྱི་བཙོན་འཇུག་ཁྲིམས་ཆད་ཕོག་པ། ད་དུང་ཁྲིམས་ཐག་བཅད་མེད་པར་བཀག་ཉར་འོག་ཡོད་པ། བཙོན་གྲོལ་ཐོབ་པ་དང་ཕྱི་ཡུལ་དུ་ཕེབས་ཐུབ་པ་བྱུང་བ་སོགས་རིགས་སྣ་ཚོགས་ཡོད། བཙན་པོའི་སྙིང་སྟོབས་ཞེས་པ་དེ་དང་མཉམ་དུ་ཧྥུ་རན་སིར་གནས་བཞུགས་བོད་རིག་པ་བ་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་ཀྱང་བཙན་འོག་གི་བོད་རིགས་རྩོམ་པ་པོ་དང་སྒྱུ་རྩལ་བ་རྣམས་ཀྱི་ཐོ་གཞུང་ཞིག་བཟོས་ཡོད་ལ། བཙན་གནོན་འོག་གི་ཤེས་ཡོན་པ་ ཞེས་པའི་དེབ་དེ་འདི་རུ་ཡོད།

མཆན། 8

  1. འབྲོག་རུ་རྡོ་རྗེ། says:
    ལོ་ 13 སྔོན།

    བོད་ནང་གི་ཤེས་ལྡན་པ་རྣམས་གྱི་བེད་སྡུག་དང་སྙིང་སྟོབས་གླེང་བ་ལ་རྗེས་སུ་ཡི་རངས་ཡོད།

    Reply
  2. མགོ་རུལ། says:
    ལོ་ 13 སྔོན།

    ང་ཚོ་ཟད་རན་མ་རེད་ང་ཚོ་སད་རན་རེད། ཡིག་ནོར་ཚབས་ཆེན་ཞེས་པ་དེ་འདི་འདྲ་རེད། དེབ་དེའི་ནང་དུ་ཡིག་ནོར་དེ་ལྟར་ཤོར་མེད་པའི་སྨོན་ལམ་འདེབས།

    Reply
  3. karma dorje says:
    ལོ་ 13 སྔོན།

    བཙན་པོའི་སྙིང་སྟོབས་ཀྱིས་བོད་མིའི་སྙིང་སྟོབས་རྒྱས་འགྱུར་ཅིག

    Reply
  4. སྟོབས ། says:
    ལོ་ 13 སྔོན།

    ཆབ་སྲིད་ཀྱི་གནད་དོན་ཚང་མ་ཡིག་ཚང་ལ་ཉར་རྒྱུ་འུ་ཚོ་བཙན་བྱོལ་བའི་ལས་འགུལ་གལ་ཆེན་ཞིག་རེད ། བསྒྲག་ཡིག་འདི་རྒྱུ་རྐྱེན་བྱས་པ་ལས་བོད་གཞིས་ཆབ་སྲིད་ཀྱིས་ཉེས་མིང་བཏགས་ཡོད་པ་དག་ལ་འགན་ཅི་ཙམ་ཁུར་ཡོད་དམ ། འདིའི་ཐད་ནས་སྤྱིར་སྒེར་གཉིས་ཀིས་བསམ་ཤེས་བགྱིས་དགོས ། ཆབ་སྲིད་ཀྱི་ཁེ་དབང་རྩོད་པའི་བོད་མི་དཀྱུས་མ་ཚོའི་དཀའ་སྡུག་དང་རེ་འབོད་བྱེ་བྲག་ལ་བཀར་ནས་དེབ་ཐེར་ནང་དུ་འགོད་ཐུབ་ཀི་མེད། འདི་ལའང་བསམ་གཞིག་གང་འདྲ་ཞིག་དགོས་ན །

    Reply
  5. སྣང་རྒྱལ་ཤེར་དགེ says:
    ལོ་ 13 སྔོན།

    ད་དུང་ཞུ་རྒྱུར། ཁ བྱང་འདི་དེ་ཙམ་སྣང་བར་འགྲོ་བ་ཞིག་མ་རེད། ནང་དོན་གྱི་ཆ་ནས་དེ་ལས་ཀྱང་འབྱོར་བའི་ཁ་བྱང་ཞིག་ངེས་པར་དུ་ཡོད་འོས་ལ་ཡོད་དགོས་པ་ཞིག་རེད། ནོར་ཡོད་ན་དགོངས་དག

    Reply
  6. སྣང་རྒྱལ་ཤེར་དགེ says:
    ལོ་ 13 སྔོན།

    དེབ་འདི་འདྲ་ཞིག་འདོན་ཐུབ་པ་ཤིན་ཏུ་ལེགས། ཁོང་ཚོ་ཤེས་ཡོན་པ་ཡིན་པའི་ངོས་ནས་བོད་ལ་སྒུལ་ཤུགས་ཤིག་བསྐྲུན་ཐུབ་ལ། རྒྱ་ནག་ལའང་ན་ཟུག་ལྷག་མ་ཟིག་རྒྱག་ཐུབ། ཁོང་ཚོ་ནི་དངོས་གནས་དཔའ་བོ་སྟེ་ལུས་སྲོག་ལོངས་སྤྱོད་ལ་མ་ཆགས། ཁ རྗེ་དབང་ཐང་ལ་མ་འཁྲེང་། མི་རིགས་ཤིག་གི་དོན་དུ་རང་ཉིད་བློས་གཏོང་ཐུབ་པ། མིག་གིས་རྒྱངས་རིང་ལ་བལྟ་ཐུབ་པ། སེམས་ཀྱིས་ཟབ་ས་ན་དཔྱོད་ཐུབ་པ་རྣམས་རེད། འདི་བརྒྱུད་ནས་བོད་དོན་འཚོ་ཐབས་ཀྱི་ཆེད་དུ་སྤྱོད་པ་དང་། བོད་དོན་མིང་གྲགས་ཀྱི་ཆེད་དུ་སྤྱོད་པ་རྣམས་ལ་གོ་རྟོགས་སད་ཐུབ་པར་སྨོན། ཁོང་རྣམས་རྒྱལ་ལོ། ང་ཚོ་རྒྱལ་ལོ། བོད་ཁ བ་ཅན་རྒྱལ་ལོ།

    Reply
  7. བོད་ཀྱི་མཛེས་མ། says:
    ལོ་ 13 སྔོན།

    བཙན་པོའི་སྙིང་སྟོབས་ཞེས་པའི་དེབ་དེ་ཕྱིར་བསྒྲགས་གནང་བར་ཐུགས་རྗེ་ཆེ།
    མ་གཞི་དེབ་དེ་ངོས་ཀྱི་མིག་མདུན་དུ་མཇལ་སྐལ་མ་བྱུང་བས་རིན་ཐང་ཅི་ཞིག་ཡོད་མེད་ཆ་མི་འཚལ་ཡང།གང་ལྟར་ཞོགས་དུང་སོགས་བོད་ནང་གི་རྒྱལ་གཅེས་ཤེས་ཡོན་ཅན་དང་གསར་འགོད་པའི་བདེ་སྡུག་གླེང་བའི་སྟེགས་པ་གལ་ཆེན་གཅིག་ཡིན་པ་ཚོད་དཔག་བྱེད་ཐུབ་སྟབས་ཁྱེད་ཅག་ལ་རྗེས་སུ་ཡི་རངས་ཞུ་བཞིན་ཡོད།

    Reply
  8. གནམ་ལྕགས། says:
    ལོ་ 13 སྔོན།

    ཤིན་ཏུ་བསྔགས་པར་འོས་པར་གནས་ཚུལ་ཞིག་རེད།

    ཡིན་ནའང་པར་རྒྱག་སྒྱུ་རྩལ་བ་ཀུན་དགའ་ཚངས་དབྱངས་ཟེར་བ་དེའི་སྐོར་སྔོན་མ་ཞིག་ལའང་ངས་ཞུས་ཡོད་པ་བཞིན་དེ་ཚེ་དབྱངས་མ་རེད་ཚངས་དབྱངས་རེད། ཁོང་ངའི་ངོ་ཤེས་གྲོགས་པོ་ཞིག་ཡིན། གཞན་དུ་ན་ངའི་སློབ་གྲོགས་ཀྱང་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist