མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་ཁ་བྲལ་གྱི་མཚོན་དོན་དུ་གྱུར་འདུག་ཟེར།

བོད་ཀྱི་དུས་བབ།
༢༠༡༠/༠༥/༢༠
Share on FacebookShare on TwitterShare on EmailShare on Whatsapp

ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་གྱིས་ཕྱི་ཚེས་ ༡༩ ཉིན་བཤད་དོན། ཏཱ་ལའི་བླ་མས་སྲིད་དོན་གྱི་ལས་འགུལ་རྩོམ་བཞིན་པར་བརྟེན་པེ་ཅིན་གྱི་དབུ་ཁྲིད་ཚོས་ཁང་མཉམ་དུ་འབྲེལ་བ་འཛིན་རྒྱུར་ངོས་ལེན་བྱེད་ཀྱི་མི་འདུག་ཟེར།

ཉེ་ཆར་ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་གྱིས་གལ་སྲིད་ཏཱ་ལའི་བླ་མ་མཆོག་གིས་ཆོས་ལུགས་འདི་ཆབ་སྲིད་ཀྱི་ངོ་བོར་མ་སྦྱར་བར་སྐྱ་བཀར་བ་ཡིན་ན། ཨུ་རུ་སུའི་གཞུང་གི་ངོས་ནས་ཏཱ་ལའི་བླ་མ་དང་པེ་ཅིན་བར་གྱི་དཀའ་རྙོག་འདུམ་རོགས་བྱེད་ཆོག་ཅེས་བཤད་ཡོད་ལ། ཕྱི་ཚེས་ ༡༩ ཉིན་ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་གྱིས་སླར་ཡང་། ཏཱ་ལའི་བླ་མས་སྲིད་དོན་གྱི་ལས་དོན་མཚམས་འཇོག་མི་བྱེད་པ་དང་། ཆབ་སྲིད་ཀྱི་བསྒྲགས་གཏམ་སྤེལ་རྒྱུ་མཚམས་མ་བཞག་པ་དེ་སྲིད་དུ། པེ་ཅིན་གྱི་དབུ་ཁྲིད་ཚོས་ཏཱ་ལའི་བླ་མ་མཉམ་དུ་འབྲེལ་བ་མི་འཛིན་པ་དེར་རྒྱུ་མཚན་ལྡན་པ་དེ་འདྲ་བཤད་རྒྱུ་འདུག་ཅེས་ཨུ་རུ་སུའི་གྲོས་ཚོགས་ནང་དུ་བཤད་ཡོད་པ་དང་། ཁོང་གིས་མུ་མཐུད་དོན། ཕྱི་རྒྱལ་གྱི་དབུ་ཁྲིད་མང་པོ་ཞིག་ལ་ཏཱ་ལའི་བླ་མ་ཁོང་ནི་བོད་མིའི་ཁ་བྲལ་རིང་ལུགས་པའི་མཚོན་དོན་ཞིག་ཏུ་གྱུར་འདུག་ལ། གཅིག་བྱས་ན་འདོད་པ་མེད་བཞིན་དུ་དེ་ལྟར་དུ་གྱུར་བ་འདྲ་ཅེས་དང་། གལ་སྲིད་མཐོང་སྣང་འདི་ལས་གྲོལ་ཐུབ་པ་དང་། གལ་སྲིད་ཏཱ་ལའི་བླ་མ་མཆོག་གིས་ཆོས་ཕྱོགས་ཀྱི་ཕྱག་ལས་གཅིག་པུའི་དོན་དུ་འབད་བརྩོན་བྱས་པ་ཡིན་ན། ཁོང་དང་པེ་ཅིན་གྱི་དབུ་ཁྲིད་ཚོའི་བར་གྱི་དཀའ་རྙོག་དེ་སེལ་མི་ཐུབ་པ་ཞིག་མ་རེད་ཅེས་བཤད་ཡོད་པ་རེད།

འདི་ནི་ཉེ་བའི་ཆར་ཨུ་རུ་སུའི་གཞུང་དང་གྲོས་ཚོགས་ཀྱི་བར་ལ་བོད་དོན་གྱི་ཐོག་དམིགས་བསལ་སྐད་ཆ་བྱུང་བ་ཐེངས་གཉིས་པ་དེ་ཆགས་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༧/༢༨
TT
Mobile App

བོད་མཚོ་སྔོན་གྱི་རྩི་གོར་ཐང་རྫོང་དུ་ཚད་རིམ་མི་འདྲ་བའི་ས་ཡོམ་གཉིས་བསྟུད་མར་བྱུང་།

༢༠༢༦/༠༧/༢༨
tt
Mobile App

གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་འཁྱོག་བརྗོད་ལ་གདོང་ལེན་དང་ཡོ་བསྲང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
Front Slider

གཞོན་ནུ་ལྷན་ཚོགས་ཀྱིས་ནེའུ་ཡོག་ཏུ་ལས་ཁུངས་བཙུགས་ཏེ་རྒྱ་ནག་གི་འགྲེལ་ལོག་ལ་གདོང་ལེན་གནང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

བླ་རུང་སྒར་གྱི་གྲྭ་ཤག་གཏོར་ཟིན་པའི་གྲྭ་བཙུན་རྣམས་རང་ཡུལ་དུ་ལོག་དགོས་པའི་བཀའ་ཁྱབ་བསྒྲགས།

༢༠༢༦/༠༧/༢༧
Front Slider

དགུང་ལོ་ ༩༨ ཡིན་པའི་ནོར་བུ་རྒྱལ་ལགས་ཐུགས་དམ་དུ་བཞུགས་ཡོད་པའི་སྐོར་ལ་བཅར་འདྲི་ཞུས།

༢༠༢༦/༠༧/༢༤

མཆན། 8

  1. མི་ཉག་སྐལ་བཟང་། says:
    ལོ་ 16 སྔོན།

    སྲིད་འཛིན་ལགས། དང་ཐོག་ཁྱེད་རང་ཚོ་ཨུ་རུ་སོའི་ལུང་པའི་བུད་མེད་མང་ཆེ་བ་སྨད་འཚོང་མ་ཤ་སྟག་དང་སྐྱེས་པ་མང་ཆེ་བ་ར་བཟི་ཤ་སྟག་ཡིན་པས་དེ་དག་བདག་སྐྱོང་གྱིས།

    Reply
  2. བཟོད་པ་ལྷ་རྩེ། says:
    ལོ་ 16 སྔོན།

    ཨུ་རུ་སུའི་སྲིད་འཛིན་གྱི་ཚེས་བཅུ་དགུ་ཉིན་བཤད་པའི་སྐད་ཆ་དེར་ཁུང་ལུང་རྒྱུ་མཚན་གང་ཡང་མེད་པ་རྒྱ་ནག་ལ་སྤྲེས་ལད་འཁྲབ་པ་ཞིག་སོང་གཞི་བྱེས་གཉིས་སུ་གྱར་བའི་བོད་མི་རིགས་ཡོངས་ནས་དེ་ལ་བློ་ཕམ་དང་འབྲེལ་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ཁ་བྲལ་གྱི་ལས་ཀ་སུའི་བྱ་གི་ཡོད་མེད་ཨུ་རུ་སུས་སྲིད་འཛིན་ཞ་ར་མིན་ན་མཐོང་ཚོད་དང་འོན་པ་མིན་ན་ཐོས་ཚོད་ཡིན་ཞེས་ང་ཚོ་བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས་ནས་ཁོ་བར་བརྡ་ལན་ཞིག་ངེས་པར་སྤྲོད་དགོས།

    Reply
  3. ནད་པ says:
    ལོ་ 16 སྔོན།

    ཕྱི་ལོ་ ༡༩༤༩ ། ༡༠ །༠༡ ཉིན་མའོ་ཙེ་ཏུ་གིས་ད་ནས་རྒྱ་ནག་མི་དམངས་ཡར་ལངས་ཟིན་པའི་ཁྱབ་བསྒྲགས་བྱས། ཚེས་ ༠༢ ཉིན་ཨུ་རུ་སུས་གཞུང་འབྲེལ་ངོས་འཛིན་ཡོད་པའི་རྒྱལ་ཁབ་གཅིག་ལ་ཁས་ལེན་བྱས། ཚེས་ལྔ་ ༠༥ ཉིན་རྒྱལ་ཁབ་གཉིས་ཀྱིས་གཞུང་ཚབ་གཏོང་རེས་བྱས།

    མའོ་ཙེ་ཏུང་ཨུ་རུ་སུར་འཚམས་འདྲིར་བསྐྱོད་པ་དང་སྤྲགས་བོད་ཀྱི་གནད་དོན་སྐོར་གླེང་མོལ་སྟབས། སྐབས་དེར་ཨུ་རུ་སུའི་དམར་ཤོག་གཞུང་གིས་བོད་དེ་ངེས་པར་དྲག་པོས་བཅིངས་གྲོལ་གཏོང་དགོས་པའི་བླང་བྱ་བཏོན་པ་ལྟར་མའོ་ཡིས་བོད་དང་ཐེ་ཝན་གཉིས་བཅིངས་གྲོལ་གཏོང་རྒྱུར་ཐག་བཅད།

    ཐེ་ཝན་ཨ་རིས་སྲུང་སྐྱོབ་བྱས་སྟབས་བཙན་འཛུལ་བྱེད་མ་ཐུབ་པར་ལྷག་ཡོད་མོད་སྟོབས་ཤུགས་མེད་པའི་བོད་དེ་རྒྱ་མིས་བཙན་འཛུལ་བྱས་པ་རེད།

    ད་ཆ་ཡང་བསྐྱར་ཨུ་རུ་སུས་བོད་ཀྱི་གནད་དོན་དང་ལྷག་ཏུ་བོད་མིའི་བླ་ན་མེད་པའི་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་༸ གོང་ས་ཏྰ་ལའི་བླ་མའི་མཛད་འཕྲིན་གྱི་སྐོར་ལ་གླེང་སློང་དང་། གྲོས་གཞི། ཐེ་བྱུས་སོགས་བྱེད་རྒྱུའི་གནས་བབ་དང་འགན་འཁྲི་གང་ཡང་ལྷག་མེད།

    རྒྱ་ནག་གིས་བོད་ཀྱི་གནད་དོན་སྐོར་ལ་༸ གོང་ས་མཆོག་དང་ལྷན་དུ་འབྲེལ་མོལ་བྱེད་དགོས། བོད་ཀྱི་གནད་དོན་དེ་བོད་མི་རིགས་ཀྱི་གནད་དོན་གཅིག་ཡིན་སྟབས་སླང་ཕྱི་མ་གཏོགས་འབྲེལ་མོལ་མ་བྱེད་ཀ་མེད་ཆགས་ཡོད།

    Reply
  4. སྣང་རྒྱལ་ཤེར་དགེ says:
    ལོ་ 16 སྔོན།

    ཆ་རྐྱེན་འདི་རྒྱ་ནག་གིས་ཐད་ཀར་བཏོན་པ་དང་གཉིས་སུ་མེད་ལ། ཆ་རྐྱེན་འདི་ཏཱ་ལའི་བླ་མས་ཁས་བླངས་ན་ཨུ་རུ་སུ་བར་དུ་འཚང་དགོས་དོན་གང་ཡང་མེད། ཡང་ཅིག་བཤད་ན་ཆ་རྐྱེན་འདི་ཡང་དཀའ་རྙོག་ཅིག་རེད།

    Reply
  5. ཕུན་ཚོགས ། says:
    ལོ་ 16 སྔོན།

    འདི་ནི་སྲིད་དོན་པ་ཚོའི་རྒྱུན་ལྡན་གྱི་བསམ་བློ་འཁོར་ཕྱོགས་ཤིག་དང་།དངོས་ཡོད་ཆབ་སྲིད་ཀྱི་གོ་བ་ལེན་སྟངས་ཤིག་ཀྱང་རེད།སྐད་ཆ་འདི་ང་ཚོས་སྣང་མེད་དུ་འཇོག་ཆོག་པ་ཞིག་དང་འཇོག་ཐུབ་པ་ཞིག་རེད་མི་འདུག་པས།ཅིས་ཀྱང་མནོ་བསམ་གཏོང་དགོས་པའི་ཚིག་སྣེ་གལ་ཆེན་ཞིག་རེད།

    Reply
  6. རྨེའུ་དཀོན་རྒྱམ། says:
    ལོ་ 16 སྔོན།

    བཀུར་འོས་ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་མཆོག་ལ།

    གུས་པར་བཀའ་འདྲི་ཞུ་རྒྱུ་ཁ་ཤས་ཡོད་ལགས་ན། ཅིས་ཀྱང་ཁུངས་ལུང་རྒྱུ་མཚན་ལྡན་པའི་སྒོ་ནས་གསལ་བཤད་ཡོང་བར་ཞུ།
    ༡》༸སྤྱི་ནོར་༸གོང་ས་ཏཱ་ལའི་བླ་མས་སྲིད་དོན་ཕྱོགས་ལ་ཕྱག་ལས་གནང་སྟངས་ཀྱི་རྩ་འཛིན་གང་འདྲ་ཞིག་ཡོད་པ་མཁྱེན་གྱི་ཡོད་མེད་དང་། དེ་མཚུངས་རྒྱ་ནག་སྲིད་གཞུང་གི་ངོས་ནས་ཆབ་སྲིད་ཀྱི་རྒྱབ་ལྗོངས་གང་ཞིག་ལ་བཅོལ་ཡོད་མེད་ཀྱི་རྒྱུས་མངའ་ཨེ་ཡོད།
    ༢》༸སྤྱི་ནོར་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་ནང་ཆོས་ཁྱབ་སྤེལ་མཛད་དང་མཛད་བཞིན་པ་འདི། ཆབ་སྲིད་ཀྱི་ངོ་བོར་བསྒྱུར་ཡོད་པའི་དཔང་རྟགས་ཁུངས་བཙན་ཞིག་གསལ་སྟོན་བྱེད་ཐུབ་བམ། སྤྱིར་ན། ཆོས་སྲིད་ཀྱི་སྐྱ་བཀར་མ་བཀར་གྱི་དབྱེ་མཚམས་གང་ཞིག་འཇོག་གི་ཡོད་དམ།
    ༣》 ཨུ་སུ་རུའི་གཞུང་ངོས་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཆ་རྐྱེན་གང་འདྲ་ཞིག་ཡོད་པ་དང་། ལྷག་པར་དུ། དེ་འདྲའི་གདེང་ཚོད་ཅིག་རྙེད་ཐུབ་པའི་རྒྱབ་ལྗོངས་གང་ཡིན་ནམ།
    ༤》 ༸གོང་ས་མཆོག་གིས་མཛད་འཕྲིན་ག་རེ་བསྐྱང་མིན་དང་། གསུང་འཕྲིན་ག་རེ་གནང་མིན་སོགས་ནི། དྲང་བདེན་དང་འཚེ་མེད་ཞི་བདེ་ལ་དགའ་བའི་འཛམ་གླིང་མི་མང་གི་རེ་འདུན་ལ་བསྟུན་དགོས་པ་སྤྱི་དང་། དེ་ལས་ཀྱང་། བོད་མི་རིགས་ཀྱི་འདས་མ་ད་གསུམ་གྱི་གནས་སྟངས་ལ་ཟབ་གཟིགས་དགོས་པ་གཙོ་བོ་ཡིན་པ་ལས། རྒྱ་ནག་དམར་གཞུང་དང་། ཨུ་རུ་སུའི་སྲིད་གཞུང་ལ་ངེས་པར་དུ་བསྟུན་དགོས་པའི་རྒྱུ་མཚན་གང་ཡིན་ནམ།
    ༥》 ༸གོང་ས་མཆོག ཁ་བྲལ་རིང་ལུགས་པའི་མཚོན་དོན་དུ་གྱུར་འདུག་ཅེས་པའི་གྱུར་སྟངས་དང་གྱུར་དགོས་པ་སོགས་ཁུངས་ལྡན་མངོན་གསལ་ཡོད་པའི་སྒོ་ནས་གསེད་བཀྲོལ་བྱེད་ཐུབ་དགོས། དེ་མིན། དབྱེ་མཚམས་དང་ཞིབ་འཇུག་ཅི་ཡང་མ་བྱས་པར་ཁ་བྲལ་བའི་ཉེས་སྐྱོན་རྗེས་འགེབ་བྱེད་པ་དེ། དྲང་བདེན་གྱི་རྩ་དོན་དང་འགལ་བ་ཞིག་མ་རེད་དམ། དོན་དངོས་སུ། བོད་མི་རིགས་དང་༸གོང་ས་མཆོག རྒྱ་ནག་དམར་གཞུང་སུ་སུའི་ཕྱོགས་ནས་ཁ་བྲལ་བའི་ལས་ཀར་ཞི་དྲག་ཐབས་ལམ་སྣ་ཚོགས་ཀྱིས་སྒོ་ནས་འཇུས་དང་འཇུ་བཞིན་ཡོད་པ་གསལ་ཐིང་ཐིང་མ་རེད་དམ།
    ༦》 ད་ལྟའི་བོད་རྒྱའི་དཀའ་རྙོག་ཕྱོགས་སུ། ཨུ་རུ་སུའི་གཞུང་ངོས་ནས་དམིགས་བསལ་གྱིས་དོ་སྣང་དང་གླེང་སློང་ཐེངས་གཉིས་ཙམ་བྱེད་དགོས་པའི་རྒྱབ་རྩ་གང་ཞིག་ལ་བརྟེན་ཡོད་དམ།

    Reply
  7. བྲག་འགོ་དཀོན་མཆོག་དར་རྒྱས། says:
    ལོ་ 16 སྔོན།

    ཨུ་རུ་སུའི་དཔོན་རྒན་དེས་ཡང་རྒྱ་སྒོར་ཞིག་རག་ཚར་ཡོད་པ་མི་གྲོ་
    ཏཱ་ལའི་བླ་མ་དང་བོད་འབངས་ང་ཚོའི་བོད་མི་མང་གྱི་བདེ་སྡུག་གཡུག་པ་དང་བློས་བཏངས་ཐུབ་ན་
    དེའི་རྗེས་སུ་ང་ཚོ་ལ་དགོས་མཁོ་རྩོད་རྒྱུ་གང་ཡང་མེད་ཞེས་ཟེར་རོགས
    ཏཱ་ལའི་བླ་མ་ནི་འཛམ་གླིང་གི་དབུ་ཁྲིད་རླབས་ཆེན་ཞིག་ཡིན་པ་མ་ཟད་
    ཁོང་གི་དགོངས་གཞི་ཁག་དྲང་བདེན་གྱིས་འོད་སྟོངས་མཆེད་ཅིང་
    བོད་རྒྱ་གཉིས་ལ་ཕན་རླབས་ཧ་ཅང་ཡོད་པ་ཞིག་ཡིན་ཡང་
    རྒྱ་གཞུང་དཔོན་རིགས་ཁག་གནས་སྐབས་མགོ་བོ་འཐོམ་འཐོམ་དང་
    ངན་གཡོར་སྣ་ཚོགས་ཁྲོད་གཉྀད་བསྡད་ཡོད་པ་ངེས་པར་ཏུ་དཔྱད་གཞིབ་མཛོད་

    Reply
  8. མགོ་རུལ། says:
    ལོ་ 16 སྔོན།

    གོང་ས་མཆོག་གིས་བོད་མིའི་བདེ་དོན་གྱི་ཕྱག་ལས་མ་གནང་བ་ཡིན་ན་ཁོང་ཉིད་མི་ལོ་བཞི་ཅུའི་གོང་ནས་བོད་ནང་དུ་ཕེབས་ཚར་ཡོད་པ་རེད། འདི་ནི་ཨུ་རུ་སུས་ཤེས་དགོས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese