མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གནམ་ས་གོ་འབྱེད་སྐྱབས་བཅོལ་དུ་འབྱོར།

བོད་ཀྱི་དུས་བབ།
༢༠༡༠/༠༥/༢༠
Share on FacebookShare on TwitterShare on EmailShare on Whatsapp

ད་ལྟ་བཙོན་འོག་ན་ཡོད་པའི་རྩོམ་པ་པོ་སྐུ་ཞབས་ཞོགས་དུང་ལགས་ཀྱི་བརྩམས་ཆོས་༼ གནམ་ས་གོ་འབྱེད ༽ ཞུ་བ་དེར་ཀུན་གྱིས་དོ་སྣང་བྱེད་ཡུལ་དུ་གྱུར་ཡོད་ཀྱང་། སྤྱི་ཚོགས་ནང་འགྲེམས་སྤེལ་བྱས་ཏེ་ཟླ་འགའ་ཕྱིན་མ་ཐག་རྒྱ་ནག་གི་སྒེར་གཅོད་བཙན་དབང་གི་སྲིད་ལུགས་འོག དཔེ་དེབ་དེ་ཕྱིར་བསྡུ་དང་བཀག་བསྡོམས་བྱས་ཡོད་པ་མ་ཟད། རྩོམ་པ་པོ་ཁོང་ཡང་བཙོན་འཇུག་བྱས་ཡོད་སྟབས། དུས་ཡུན་ཐུང་ཐུང་ནང་བལ་ཡུལ་གྱི་བོད་མི་ལ་ཞེན་ཅན་ཁག་ཅིག་གིས་དཔེ་དེབ་དེ་བསྐྱར་དཔར་བྱས་ཏེ། ཁ་སང་ཕྱི་ཚེས་ ༡༩ ཉིན་བལ་ཡུལ་སྲོང་བཙན་སློབ་གྲྭ་རུ་མི་མང་འདུ་འཛོམས་ཐོག སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་རྒྱལ་ནོར་ཚེ་དབང་མཆོག་དང་ཚེ་བརྟན་ནོར་བུ་རྣམ་གཉིས་ཀྱིས་དབུ་འབྱེད་གནང་སྟེ། ད་ཆར་རིན་མེད་ཐོག་དེབ་དེ་འགྲེམས་སྤེལ་བྱེད་ཀྱིན་ཡོད་འདུག 

 

དཔེ་དེབ་དབུ་འབྱེད་མཛད་སྒོའི་སྟེང་སྤྱི་འཐུས་རྒྱལ་ནོར་ཚེ་དབང་མཆོག་གིས་རྩོམ་པ་པོ་ཞོགས་དུང་ནི་བོད་རྒྱལ་ཁབ་དང་མི་རིགས་ལ་བྱས་རྗེས་ཆེ་པའི་གཟི་བརྗིད་ཅན་གྱི་རྒྱལ་གཅེས་དཔའ་བོ་ཞིག་ལ་ངོས་འཛིན་བྱ་དགོས་བའི་སྐོར་གྱི་བསྔགས་བརྗོད་གནང་ཡོད་པ་དང་། སྤྱི་འཐུས་ཚེ་བརྟན་ནོར་བུ་མཆོག་གིས་ཞོགས་དུང་དང་ཞོགས་དུང་ལྟ་བུའི་བོད་ནང་གི་རྩོམ་པ་པོ་རིགས་ཞེན་དང་དཔའ་ངར་ཅན་འདི་དག་གི་བརྩམས་ཆོས་མ་འོངས་པར་བོད་ནང་ནས་པར་བསྐྲུན་བྱེད་ཐུབ་པའི་དུས་ཚོད་ཞིག་མ་བྱུང་བར། ང་ཚོ་བོད་མི་སྐྱབས་བཅོལ་བ་ཚོའི་དམིགས་ཡུལ་འགྲུབ་མེད་པ་དང་དེ་འགྲུབ་པར་ང་ཚོ་རང་གིས་ནུས་བ་འདོན་དགོས་པ་སོགས་གསུངས་ཡོད་འདུག དེབ་འདི་བསྐྱར་དཔར་གྱི་འགྲོ་གྲོན་སྦྱིན་བདག་གནང་མཁན་ས་དཀར་བསྟན་འཛིན་དང་ཅོང་རྒྱམ། བལ་ཡུལ་བོད་ཀྱི་ལྟེ་གནས་ཁང་གི་གཙོ་འཛིན་ཚེ་བརྟན་ནོར་བུ་བཅས་ཡིན་འདུག་ལ། ད་ལྟ་དཔེ་དེབ་དེ་ཀློག་འདོད་མཁན་དང་དོ་སྣང་ཅན་ཚང་མར་རིན་མེད་ཐོག་ས་མཚམས་མེད་པར་སྤྲོད་བཞིན་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

The people involved in the brawl received administrative penalties on Friday. Photo: Handout (SCMP)
Mobile App

རང་བཙན་ནམ་འཇིགས་སྐུལ་བའི་དོགས་གཞིའི་འོག་མི་ ༣༡ འཛིན་བཟུང་བྱས།

ཆུ་ཚོད་ ༡༢ སྔོན་ལ།
The Ministry of Civil Affairs of the People’s Republic of China (PRC) released the 5th list of names geolocating locations in the Indian state of Arunachal Pradesh, 11th May 2025.
Mobile App

རྒྱ་ནག་གཞུང་གིས་ཨ་རུ་ན་ཅལ་མངའ་སྡེའི་ས་ཁུལ་དང་རི་ཆུ་ ༨༩ ལ་མིང་གསར་པ་བཏགས།

ཆུ་ཚོད་ ༡༢ སྔོན་ལ།
བོད་ཕྲུག་ཁྱིམ་སྡེའི་འཛིན་རིམ་བཅུ་གཉིས་དང་བཅུ་བའི་རྒྱལ་ཡོངས་ཡིག་རྒྱུགས་ཀྱི་གྲུབ་འབྲས་གསལ་བསྒྲགས། དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༥།༥།༡༥
Mobile App

བོད་ཕྲུག་ཁྱིམ་སྡེའི་སློབ་མ་ ༣༠ ཡིས་ཡིག་རྒྱུགས་ཁྲོད་བརྒྱ་ཆ་ ༩༠ ཡན་བླངས།

ཆུ་ཚོད་ ༡༣ སྔོན་ལ།
Advertisement for App

ནོར་གླིང་མཐོ་སློབ་ཏུ་སྐབས་བཅུ་གཅིག་པའི་སློབ་འཇུག་གསལ་བསྒྲགས།

ཆུ་ཚོད་ ༡༦ སྔོན་ལ།
གཏན་ཉིན་སློབ་གྲྭ་ཁག་གི་ལུས་རྩལ་དགེ་རྒན་རྣམས་ལ་ཟབ་སྦྱོང་སྤྲོད་བཞིན་པ། དུས་བབ་གསར་ཁང་གི་པར། ༢༠༢༥།༥།༡༤
Mobile App

སློབ་གྲྭ་ཁག་གི་ལུས་རྩལ་དགེ་རྒན་རྣམས་ལ་ཟབ་སྦྱོང་སྤྲོད་བཞིན་འདུག

༢༠༢༥/༠༥/༡༤
Mobile App

བཙན་བྱོལ་གྱི་སྐྱེས་མ་དང་རྩོམ་རིག་ཅེས་པའི་དཔྱད་རྩོམ་དཔེ་དེབ་ཅིག་དབུ་འབྱེད་གནང་སོང་།

༢༠༢༥/༠༥/༡༤

མཆན། 48

  1. བོད་ཀྱི་མཛེས་མ། says:
    ལོ་ 15 སྔོན།

    དེང་སང་བྱེས་སྡོད་བོད་མི་ཁག་ཅིག་གིས་ཞོགས་དུང་རླུང་དར་འཕར་བའི་གོ་སྐབས་དང་བསྟུན་ནས་ལ་ལས་གཏམ་དང་གྲགས་པ་ཐོབ་གོ་ས་བཅས་ལ་ཆགས་ཏེ་རང་ཉིད་སྤྱི་ཚོགས་ནང་གཟེངས་སུ་ཐོན་པ་དང་དེ་ལ་བརྟེན་ནས་མི་མང་གིས་རང་ཉིད་ལ་ཆ་འཇོག་ཡོང་བར་རེ་བ་བྱེད་ཀྱིན་འདུག
    ལ་ལས་གནམ་ས་གོ་འབྱེད་བསྐྱར་པར་ཡང་པར་བྱས་ཏེ་དཔལ་འབྱོར་གྱི་རྒྱབ་རྟེན་ཆེན་པོ་ཡོང་བར་བརྩོན་པ་བསྟེན་བཞིན་པ་མཐོང༌། ཕྱོགས་དང་པོའི་དབང་དུ་བྱས་ན་ཟིན་བྲིས་དང་མཆན་བུ་འདེགས་ཤེས་ཙམ་མམ་རྩོམ་པ་པོ་མིང་འཛིན་ཐེབས་ཆག་མི་ཉུང་བ་ཞིག་ཡོད་པ་ཚོར།
    ཕྱོགས་གཉིས་པའི་ནང་མི་དམངས་མཐོ་དམན་ཅི་རིགས་འདུག་ལ། ཚོགས་པ་ཆེ་གེ་མོ་འགའ་ཞིག་ཀྱང་ཡོད་ཚོད་རེད། འོན་ཀྱང་མི་དམངས་རྣམས་མགོ་མ་མཐོངས་བར་སྤྱང་གྲུང་དཽད་པོས་ཐོག་ཁོང་ཚོའི་གཡོ་ཇུས་རེ་རེ་བཞིན་ཤེས་པ་བྱས་ཏེ་གར་སྟེགས་འདྲ་མིན་ཐོག་ཐེར་བཏོན་བྱེད་དགོས། འདི་ཡང་བོད་མི་རིགས་ལ་ཞལ་འདེགས་གཅིག་རེད།

    Reply
  2. སྣང་རྒྱལ་ཤེར་དགེ says:
    ལོ་ 15 སྔོན།

    ཡེ་ཤེས་རྒྱ་མཚོ་ལགས་ཀྱིས་གནས་ཚུལ་གལ་ཆེན་ཞིག་ངོ་སྤྲོད་གནང་བར་ཐུགས་རྗེ་ཆེ། གནས་ཚུལ་འདི་བདེན་པ་ཡིན་པར་སྨོན། ཞོགས་དུང་ཆོས་ལ་དད་པ་ཡོད་མེད་གང་ལྟར་ཡང་མི་རིགས་ལ་བཅངས་པའི་རྨ་མེད་པའི་དུང་སེམས་ཀྱིས་བོད་མི་རྒན་གཞོན་མང་པོ་ཞིག་ལ་སེམས་འགུལ་ཐེབས་ཡོད་པ་འདྲ་ལ་ཐེབས་དགོས་པ་ཞིག་ཀྱང་རེད།

    Reply
  3. ཡེ་ཤེས་རྒྱ་མཚོ་ says:
    ལོ་ 15 སྔོན།

    ཞོགས་དུང་གི་ཕ་ཡུལ་ཕྱོགས་ནས་མི་མང་པོ་ཞིག་འདུ་འཛོམས་ཀྱིས་རྫོང་རིམ་པ་དང་། ས་ཁུལ་སྤྱི་བདེ་ལས་ཁུང་ཁག་ལ་ཞུ་གཏུགས་བྱེད་པར་ཕྱིན་ནའང་ད་དུང་ལན་གང་ཡང་སྤྲད་མི་འདུག་ལ། གླུ་རྒྱལ་སྡེ་བའི་མི་སྣ་ཁག་ཅིག་གནས་ཚུལ་རྒྱུས་ལོན་ཆེད་དང་རྒྱབ་སྐྱོར་མཚོན་ཕྱིར་ཟི་ལིང་གྲོང་ཁྱེར་གྱི་བདེ་སྲུང་ལས་ཁུངས་སུ་བཅར་ནས་ད་དུང་ཕྱིར་སླེབས་མེད་པའི་གནས་ཚུལ་ཅིག་འདུག

    Reply
  4. སྣང་རྒྱལ་ཤེར་དགེ says:
    ལོ་ 15 སྔོན།

    དྲ་གྲོགས་བློ་གྲོས་རྒྱལ་པོ་ལགས། ཐེར་འདོན་གནང་བ་ཐུགས་རྗེ་ཆེ། མུ་མཐུད་ནས་ལམ་སྟོན་གནང་རོགས། ལྷག་པར་དུ་བསམ་བློ་གུ་ཡངས་ཀྱི་ཕྱོགས་ནས་རོགས་སྐྱོར་གནང་རོགས། གཤམ་དུ་ངས་བཀོད་པའི་མཆན་ལ་ནོར་བ་གང་ཡོད་པ་ཐད་གར་གསུང་ན་འགྲིག་གམ།

    Reply
  5. karma dorje says:
    ལོ་ 15 སྔོན།

    ་་སྤྱི་འཐུས་རྒྱལ་ནོར་ཚེ་དབང་མཆོག་གིས་རྩོམ་པ་པོ་ཞོགས་དུང་ནི་བོད་རྒྱལ་ཁབ་དང་མི་རིགས་ལ་བྱས་རྗེས་ཆེ་་་་།
    ་་་སྤྱི་འཐུས་ཚེ་བརྟན་ནོར་བུ་མཆོག་གིས་ཞོགས་དུང་དང་ཞོགས་དུང་ལྟ་བུའི་བོད་ནང་གི་རྩོམ་པ་པོ་རིགས་ཞེན་དང་དཔའ་ངར་ཅན་་་་་།
    ་་་་འགྲོ་གྲོན་སྦྱིན་བདག་གནང་མཁན་ས་དཀར་བསྟན་འཛིན་དང་ཅོང་རྒྱམ། བལ་ཡུལ་བོད་ཀྱི་ལྟེ་གནས་ཁང་གི་གཙོ་འཛིན་ཚེ་བརྟན་ནོར་བུ་བཅས་ཡིན་འདུག་ལ། ་་།

    ཞོགས་དུང་བཅས་འབྲེལ་ཡོད་ཚང་མར་རྗེས་སུ་ཡི་རང་དང་ཐུགས་རྗེ་ཆེ་ཞུ།

    Reply
  6. བློ་གྲོས་རྒྱལ་པོ། says:
    ལོ་ 15 སྔོན།

    དྲ་གྲོགས་སྣང་རྒྱལ་ཤེར་དགེ་མཆོག་གིས་ཅིག་བཤད་རྩིས་བྱས་ནས་མིང་ཐ་ཚིག་གསུམ་གྱིས་ལྡང་གི་མེད་པའམ། ཡང་ན་བསམ་བློ་ཅུང་གུ་ཡངས་མིན་པའི་སྐྱོན་ཅིག་གམ། ཡང་ན་འཚོད་ལ་མ་འཚོད་པའི་སྐྱོན་ཅིག་ཡོད་པ་འདྲ། གཅིག་བྱས་ན་ཧ་རང་ནོར་བ་ཡིན་སྲིད། དགོངས་དག

    Reply
  7. སྣང་རྒྱལ་ཤེར་དགེ says:
    ལོ་ 15 སྔོན།

    བོད་མི་ས་ཡ་དྲུག་གི་རྟོགས་པ་སད་དུ་འཇུག་གི་ཡིན་ཟེར་མཁན་ཞིག་གིས་རང་གི་བཟའ་ཟླའི་རྟོགས་པ་སད་དུ་འཇུག་མ་ཐུབ། ཞོགས་དུང་དང་ཞོགས་དུང་ཚོས་བལྟས་ན་འདི་ནི་མཐོང་བཞིན་དུ་མ་བསྐྱབས་པ་རང་རེད། ཞོགས་དུང་ཆོས་ལ་དད་པ་ཡོད་མེད་དེ་གཙོ་བོ་མིན་ནའང་ཐང་མོད། ཞོགས་དུང་གི་རྩོམ་ཡིག་ལ་ཐུན་མིན་གྱི་ཁྱད་ཆོས་ཤིག་ཡོད་པ་འདི་རང་རེད། བོད་སྤྱིའི་བདེ་སྡུག་གི་སྐད་ཆ་བཤད་མཁན་ཞོགས་དུང་ལས་གཞན་ཤིན་ཏུ་མང་། ཞོགས་དུང་གླེང་བ་ནི་ཞོགས་དུང་གི་རྩོམ་ཡིག་དང་བསམ་བློ་གླེང་བ་རང་ཡིན་ཕྱིན་ཁོང་ལ་ཆོས་དད་ཡོད་མེད་དང་ཆོས་ལ་རྒོལ་གྱིན་ཡོད་མེད་མི་གླེང་ཐབས་མེད་རེད། དེ་ལྟར་མིན་ན་ཁོང་འདི་ལྟར་གཞན་ལས་ལྷག་ཅིག་གླེང་དགོས་དོན་མི་འདུག

    Reply
  8. དོན་འགྲུབ་བཀྲ་ཤིས། says:
    ལོ་ 15 སྔོན།

    དྲ་གྲོགས་ཚོའི་ལྟ་ཚུལ་མཐུན་མིན་དང་སྐད་ཆ་ཡག་བཙོག་ལ་མ་ལྟོས་པའི་ཐོག་ནས་བགྲོ་གླེང་གི་ཆ་ཤས་བཞེས་བར་བསྔགས་བརྗོད་ཡོད། ང་རང་ཡང་གསར་འགོད་པ་ཞིག་དང་ལྷག་པར་དུ་ཐེངས་འདིའི་ཞོགས་དུང་གི་དོན་རྐྱེན་ཐད་གནས་ཚུལ་འཚོལ་ཞིབ་བྱེད་མཁན་ཞིག་ཡིན་པ་དང་གཅིག ༼ བག་ཆགས་དོང་སྤྲུག ༽ དང་ ༼ རྨོང་སྐྲན་འཇོམ་པའི་གར་ཀ ༽ ནས་བཟུང་ཞོགས་དུང་གི་བརྩམས་ཆོས་ཀློག་མཁན་ཐོག་མའི་གྲས་ཡིན་པ་དང་གཉིས། སྒེར་ངོས་ནས་ཞོགས་དུང་ལ་འབྲེལ་འདྲིས་ཕྲན་བུ་ཡོད་པ་དང་། ལྷག་པར་དུ་ཞོགས་དུང་གི་འཆད་ཁྲིད་རེ་ཟུང་ལ་ཉན་མྱོང་བ་དང་གསུམ། རྒྱུ་མཚན་འདི་གསུམ་གྱི་དབང་གིས་ངར་ཞོགས་དུང་ཐད་ཀྱི་བགྲོ་གླེང་ལ་ཆ་ཤས་ལེན་རྒྱུའི་ཐོབ་ཐང་ཡོད་པར་མཐོང་།
    ཞོགས་དུང་གི་ལྟ་གྲུབ་གང་ཡིན་དང་། ཁོང་ཆོས་ལ་དད་པ་ཡོད་མེད་སྐབས་འདིའི་གླེང་གཞིར་འོས་འཚམ་དུ་མ་མཐོང་། གཙོ་བོ་ཞོགས་དུང་གིས་ཐོག་མ་ནས་བོད་མི་རིགས་ལ་བཅིངས་པའི་ཤ་ཚ་དང་བརྩེ་སེམས། ལྷག་པར་དུ་ཐེངས་འདིར་མངོན་སུམ་འཛེམ་མེད་ཐོག་རྒྱ་གཞུང་ཆབ་སྲིད་དང་། ཁྲིམས་ལུགས་ཀྱི་གདོང་དུ་བུད་དེ་དྲང་བདེན་གྱི་སྐད་ཆ་བཤད་པ་འདི་གཉིས་ལ་གདེང་འཇོག་མི་བྱ་ཐབས་མེད་རེད་སྙམ།

    Reply
  9. རིག་འཛིན། says:
    ལོ་ 15 སྔོན།

    མི་ཞུན་ཞེས་པའི་མིང་ཅན་འདི་ག་རེ་བྱས་པ་རེད་་་་་མགོ་འཇུག་གང་ཡང་མེད་པ་་་་་གནམ་ས་་་གནམ་ས་ཞེས་་་་ཀླད་རྩ་ཅུང་ཙམ་ཕལ་ཆེ་་་་་་་་་

    Reply
  10. རིག་འཛིན། says:
    ལོ་ 15 སྔོན།

    ཆེས་གུས་བཀུར་འོས་པའི་སྐུ་ཞབས་ཞོགས་དུང་ལགས་ཀྱིས་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་གསུངས་བརྩམས་གནང་པའི་དེབ་མིང་《གནམ་ས་གོ་འབྱེད་》ཞེས་པ་འདི་དཔར་སྐྲུན་བྱས་པར་དགའ་བསུ་ཤུགས་ཆེ་ཡོད་་་་
    རེ་བསྐུར་ཞིག་ཞུ་འདོད་པ་ནི་
    ཤེས་ཡོན་གྱི་གཏུན་གནས་སློབ་གྲྭ་དང་བཤད་གྲྭ་ཁག་གི་པད་མཛོད་དུ་དེབ་འདི་གྲངས་༡༠༠ ཙམ་རེ་བཞག་ཐུབ་ན་ཧ་ཅང་བཟང་གིན་

    Reply
  11. མགོ་རུལ། says:
    ལོ་ 15 སྔོན།

    ཆོས་ལ་དད་པ་བྱེད་པ་དང་མི་རིགས་ཀྱི་ཆེད་དུ་འཐབ་རྩོད་བྱེད་པ་གཉིས་ལ་འབྲེལ་བ་ཡོད་ཆོག་ལ་མེད་ཀྱང་ཆོག ཡིན་ན་ཡང་ཀླད་པའི་ནང་དུ་ཉོག་མ་གཏོགས་མེད་པ་ཚོས་འདི་གཉིས་ནམ་ཡང་མཉམ་དུ་དྲུད་ཡོང་གིན་འདུག

    Reply
  12. མི་ཞུན། says:
    ལོ་ 15 སྔོན།

    གནམ་ས་གོ་འབྱེད གནམ་ས་གོ་འབྱེད གནམ་ས་གོ་འབྱེད
    གནམ་ས་གོ་འབྱེད གནམ་ས་གོ་འབྱེད གནམ་ས་གོ་འབྱེད

    Reply
  13. མགོ་རུལ། says:
    ལོ་ 15 སྔོན།

    མཆོད་པ་

    Reply
  14. མགོ་རུལ། says:
    ལོ་ 15 སྔོན།

    ཞོགས་དུང་གི་ཁྱིམ་དུ་མཆོད་མ་བཤམས་ཡོད་པ་དང་ཁོ་ནང་ཆོས་ལ་དད་མི་དད་གཉིས་མཉམ་དུ་སྦྱོར་མི་ཐུབ། རྒྱུ་མཚན་ནི་ཞོགས་དུང་གི་བཟའ་ཟླ་ནི་ཡི་གེ་ན་གཅིག་མི་ཤེས་པའི་བོད་རིགས་བུད་མེད་དཀྱུས་མ་ནང་ཆོས་ལ་དད་པ་རྩེ་གཅིག་བྱེད་མཁན་ཞིག་རེད། ཞོགས་དུང་ལྟ་བུའི་ཤེས་ཡོན་ཅན་ཞིག་གིས་རང་གི་བཟའ་ཟླའི་ཆོས་དད་རང་མོས་ལ་བརྩི་བཀུར་ལོས་བྱེད། ཤེས་སོང་ངམ། གང་ལྟར་ཞོགས་དུང་བོད་མི་རིགས་ཀྱི་ཆེད་དུ་འཛིན་བཟུང་བྱས་པའི་དུས་ཚོད་ནག་པོ་འདིའི་ནང་དུ་ཁྱོད་ཚོས་ཁོ་ཆོས་ལ་དད་མི་དད་ཀྱི་རྩོད་པ་སྐྱུག་བྲོ་བོ་འདི་དྲུད་ཡོང་ནས་ཅི་བྱེད། ཁྱོད་ཚོ་འདིས་ངོ་མ་རོ་མགོ་མེད་ཀྱི་སྟེང་དུ་བྲོ་འཁྲབ་ཀིན་འདུག ཞོགས་དུང་གིས་བརྗོད་པའི་མི་གཞི་མེད་པ་དང་སྒལ་ཚིགས་མེད་པ་ཟེར་བ་དེ་ནི་ཁྱེད་ཅག་མིན་ན་གང་ཡིན།

    Reply
  15. བློ་གྲོས་རྒྱལ་པོ། says:
    ལོ་ 15 སྔོན།

    དྲ་བདག་ལགས། དྲ་ངོས་འདིར་དྲ་གྲོགས་རིགས་ཅིག་གིས་སྐབས་བབ་བརྗོད་གཞི་དང་འབྲེལ་བའི་བསམ་ཚུལ་མི་གླེང་བར་གང་ཟག་མི་སྒེར་ལ་གཞི་མེད་བསྙོན་འཛུགས་བྱེད་པའི་གོམས་གཤིས་ཤིག་འཇགས་འདུག་པས་དེ་དག་ལ་སྟངས་འཛིན་ནན་མོ་གནང་བའི་རེ་སྐུལ་ཞུ་བཞིན་ཡོད།

    Reply
  16. དུག་ཚེར། says:
    ལོ་ 15 སྔོན།

    གནམ་ས་གོ་འབྱེད་སྐྱབས་བཅོལ་དུ་འབྱོར་བར་ཧ་ཅང་དགའ་བྱུང་།

    Reply
  17. དབང་ལྡན་མཚོ་མོ། says:
    ལོ་ 15 སྔོན།

    བལ་ཡུལ་གྱི་གནས་བསྡོད་བོད་མི་དེ་དག་གི་སེམས་ཤུགས་ལ་རྗེས་སུ་ཡི་རིང་ཞུ།
    ཨ་ཁ་དེ་ན་མདོ་སྨད་བརྩོམ་བསྒྲིགས་ཚོགས་ཆུང་ཟེར་བ་དང་མདོ་སྨད་རྒྱུན་ལས་མཇོན་འདོག་མགོ་རུས་དེ་ཚོ་རྗེས་ལ་ལྷག་འདུག་མོ།

    Reply
  18. སྣང་རྒྱལ་ཤེར་དགེ says:
    ལོ་ 15 སྔོན།

    ཆོས་ལ་རྒོལ་གྱིན་ཡོད་མེད་ཆོས་ཤེས་མཁན་ཞིག་གིས་ཤེས་པ་ལས་མི་ཤེས་མཁན་ཞིག་གིས་ག་ལ་ཤེས། ཡིན་ནའང་དེང་སང་ཆོས་མི་ཤེས་བཞིན་དུ་ཤེས་ཁུལ་བྱེད་མཁན་མང་པོ་འདུག་ལ་མི་སྐྱ་ཤེས་ཡོན་ཅན་ཡིན་ཟེར་མཁན་ཚོའི་ནང་དུ་ལྷག་པར་མང་། ཕྱག་འཚལ་བ་དང་སྐྱབས་འགྲོ་སོགས་ལ་རྒོལ་གཏམ་བཏང་བ་དེ་ཕྱག་ཅིའི་ཕྱིར་འཚལ་བ་དང་གང་ལ་འཚལ་བ། གང་ལ་སྐྱབས་སུ་འགྲོ་བ་དང་ཅིའི་ཕྱིར་སྐྱབས་ཞུ་བ་སོགས་མི་ཤེས་མཁན་ཚོས་བདེན་པ་འདྲ་ཞིག་མཐོང་ངེས།

    Reply
  19. སྣང་རྒྱལ་ཤེར་དགེ says:
    ལོ་ 15 སྔོན།

    ཞོགས་དུང་གི་ཁྱིམ་དུ་མཆོད་པ་བཤམས་ཡོད་པ་བདེན་ན་ཞོགས་དུང་གི་སྐད་ཆ་རྫུན་རེད། ཞོགས་དུང་གི་སྐད་ཆ་དངོས་གནས་ཡིན་ན་མཆོད་པ་བཤམས་ཡོད་པ་རྫུན་རེད།

    Reply
  20. མགོ་རུལ། says:
    ལོ་ 15 སྔོན།

    ཨ་རིའི་ཨོཁལཧོམ་ཞེས་པའི་ས་གནས་སུ་སེར་བ་ཁུ་ཚུར་ཙམ་བབས་པའི་གློག་བརྙན་ལ་གཟིགས།
    http://news.yahoo.com/video/us-15749625/hail-storm-hits-oklahoma-19917666#video=19917666

    Reply
  21. ཚོགས་བདག says:
    ལོ་ 15 སྔོན།

    ཞོགས་དུང་གི་སྐོར་སྐད་ཆ་སྣ་ཚོགས་ཡོང་གི་ཡོད་པ་ཞོགས་དུང་ཁོ་རང་ལ་དགོས་པ་དེ་ཡིན། ལྷ་ཆབ་དང་ཟ་ལེ་སོགས་ཀྱི་གཟུར་གནས་ཡིན་ཁུལ་གྱི་སྐད་ཆ་དག་ལ་གནས་སྐབས་བགྲོ་གླེང་བྱེད་མི་བྱེད།
    དགེ་བཤེས་བསྟན་པ་བཀྲ་ཤིས་ཟེར་བ་དེ་སུ་རེད། སྨན་རྩིས་ཁང་དུ་སྐྱ་མིན་སེར་མིན། བན་མིན་བོན། ཆོས་པ་དང་ཆབ་སྲིད་པ་གང་ཡང་མ་ཡིན་པའི་མི་ཁུངས་མ་འཁྱོལ་པ་ཞིག་ཡོད་པ་དེ་རེད་དམ། མི་དེ་ལ་རྒྱུས་མངའ་མེད་ཀྱང་ཁོ་པ་དྲན་རྒྱུ་ལས་རྒྱུ་མང་བའི་ཁྲམ་པ་ཞིག་ཡིན་པའི་གནས་ཚུལ་གོ་ཐོས་བྱུང་འདུག
    ཁོས་གོང་ས་མཆོག་ལ་ཁ་བཏང་། ལྷ་བཟང་ཚེ་རིག་གི་རྐུབས་ལྡག གཞོན་ནུ་ཚོགས་པ་ཟེར་པའི་ཚོགས་མི་བྱས། ལོ་འགའ་ཤས་ནས་དེ་ཡང་ཁུངས་མ་འཁྱོལ། རང་བཙན་འཐབ་རྩོད་ལ་ངོ་ལོག་བརྒྱབ། ལམ་དབུ་མ་རྒྱབ་སྐྱོར་ཚོགས་ཁོངས་སུ་འཛུལ། ཁྲབ་རྒྱུ་མང་དྲགས་པས་གནས་ཆུང་གིས་འཁུ་ལྡོག་བྱས་ནས། ཆབ་སྲིད་དྲིལ་བསྒྲགས་ལ་འགྲོ་ཁུལ་བྱེད་སྐབས་ལམ་བར་ནས་འགྲུལ་འཁོར་བརྡབ། ཁོ་པ་ཤི་མིན་རོ་མིན་ཆགས། ཆབ་སྲིད་མི་ཤེས་བཞིན་དུ་ཆབ་སྲིད་འཁྲབ་ཁུལ་བྱས་ནས་ད་ལྟ་ལྷ་གྲལ་འདྲེ་གྲལ་གང་ལ་ཡང་མ་ཚུད་པར་ཕམ་ཉེས་ཆེན་པོ་ཕོག་ནས་ཡོད་པ་དེ་ཡིན་ནམ།
    ཁོས་ཞོགས་དུང་གི་སྐོར་ཤོད་ཁུལ་བྱས་པ་ལ་གཟིགས་དང་། ཁོ་གྲྭ་པ་ཞིག་གི་བཟོ་ལྟ་འདུག ཞོགས་དུང་གིས་བདག་མེད་རྟོགས་པའི་ལྟ་བ་ལ་དགག་ཁུལ་བྱེད་ཀྱི་ཡོད་རེད། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ལ་དགག་ཁུལ་བྱེད་ཀྱི་ཡོད་རེད། བདག་གཞན་མཉམ་བརྗེའི་ལྟ་བ་ལ་དགག་ཁུལ་བྱེད་ཀྱི་ཡོད་རེད། དེ་ལས་ལྷག་པའི་ནང་པའི་ཆོས་དགག་སྟངས་ཐབས་སྡུག་ཞིག་གང་དུ་ཡོད། མ་ཤེས་ཤེས་ཁུལ་བྱས་ཏེ་ཆོས་པ་རྫུན་མ་འགོག་པ་ལས་ཆོས་དངོས་གནས་བཀག་མེད་ཟེར་བ་དེ་ལ་རང་ཉིད་ངོ་མི་ཚའམ། གྲྭ་སར་ཡོང་ནས་གཏོང་སྒོ་བཏང་སྟེ་དགེ་བཤེས་དམ་བཅའ་ཐབ་ཆག་དེ་འདྲ་ཞིག་བཞག་སོང་། ད་ཡིན་ན་ཆོས་དང་ཆོས་མིན་གྱི་རྣམ་དབྱེ་འབྱེད་མི་ཐུབ། བདག་འཛིན་དང་བདག་མེད་ཀྱི་གོ་དོན་ངེས་མ་ཐུབ། ཀློག་པོ་རྣམས་ལ་གོ་རྒྱུ་ཡོད་པའི༷་ཚིགས་བཅད་གཅིག་ཀྱང་འབྲི་མ་ཤེས་པར་རང་མཚང་བསྟན་པ་མཚང་ཆེ། སྙིང་རྗེ། སྐྱ་མིན་སེར་མིན་དེ་རིགས་ཆོས་དང་ཆབ་སྲིད་གཉིས་ཆ་ལ་གནོད་ངོ་ཆེ།

    Reply
  22. གཡང་ལགས། says:
    ལོ་ 15 སྔོན།

    ཨ་རིག་དགེ་མཐོང་ལགས་ཀྱི་བསམ་འཆར་ཧ་ཅང་བཟང་གི། དེབ་དེ་ལྟ་བུ་རྩ་ཆེན་ཡིན་པས་ཀློག་མཁན་རྣམས་ཀྱི་ལག་ཏུ་འཕྲོད་པ་དགོས། ཞོགས་དུང་གི་དེབ་འགྲིམ་སྤེལ་དང་ཀྱབ་བསྒྲགས་བྱེད་པར་རྗེས་སུ་ཡི་རང་དང་རྒྱབ་སྐྱོར་ཡོད།

    Reply
  23. norbu says:
    ལོ་ 15 སྔོན།

    ཞོགས་དུང་ཆོས་ལ་དད་པ་མེད་པ་མ་རེད་ ཞོགས་དུང་ལ་ཐད་ཀར་འབྲེལ་བ་ཡོད་པ་ཞིག་གིས་ཞོགས་དུང་གི་ཁྱིམ་དུ་མཆོད་པ་མཆོད་བཤམས་འདུག་ཟེར་ ཁོ་བོས་བལྟས་ན་ ཞོགས་དུང་དད་ལོག་རེད་ཟེར་བ་དག་གིས་དམ་དོམ་ཆོས་ཀྱི་གནས་ལུགས་མ་རྟོགས་པས་ཡིན་ནམ་ཆོས་ལ་དགའ་གྲགས་པས་ཡིན་ནམ་ གནམ་ས་གོ་འབྱེད་བཀླགས་ན་ ཞོིགས་དུང་གིས་དད་ལོག་རེད་ཟེར་མཁན་དག་ལས་ཆོས་ཀྱི་གནས་ལུགས་རྟོགས་འདུག་ལ་ དད་ལོག་ཡིན་པའི་རྒྱུ་མཚན་གྱི་ཆ་ཕྲ་མོ་ཙམ་ཡང་མཐོང་རྒྱུ་མི་འདུག་གོ།

    Reply
  24. བསམ་གླིང་ཚེ་རིང་ལྷ་མོ། says:
    ལོ་ 15 སྔོན།

    མ་གཞིི་གནམ་ས་གོོ་འབྱེེད་ཅེེེས་པའིི་དེེེབ་དེེེའིིིིིི་ནང་དོོོན་གང་ཡིིན་ད་ལྟ་མཇལ་བའིི་གོོོ་སྐབས་མ་ཐོོབ། འོོོན་ཀྱང་ཞོོགས་དུང་ལགས་ཆོོས་ལ་དད་མོོས་ཡོོད་མེེད་གལ་ཆེེན་པོོ་མ་རེེད། སོོ་སོོོའིིི་རྒྱལ་ཁབ་དང་མིིི་རིིིགས་ཀྱིི་ཆེེད་དུ་ཤེེས་ཡོོན་དང་རང་ཉིིད་ཀྱིིི་ཡོོོད་ཚད་ལེེགས་སྐྱེེས་ཕུལ་མཁན་ཞིིག་ཡིིན་ན་གུས་བཀུར་དང་དམིིིགས་དཔེེ་ཞུ་འོོས། དམར་ཤོོག་གིི་ལྟ་བ་བཟུང་མཁན་འབའ་བ་ཕུན་དབང་ལགས་མཆོོག་ཀྱང་གང་ལྟར་མིི་རིིིགས་ཀྱིི་བདེེ་སྡུག་ལ་དོོ་འཁུར་གནང་མཁན་གྱིི་དཔའ་བོོ་ཞིིག་ཡིིན་པ་ལྟ་བུའོོ།

    Reply
  25. ཤེལ་དཀར་བློ་བཟང་། says:
    ལོ་ 15 སྔོན།

    དཔེ་དེབ་དབུ་འབྱེད་གནང་མཁན་སྤྱི་འཐུས་རྣམ་པ་གཉིས་ཀྱིས་དབུ་
    འབྱེད་སྐབས་དེབ་དེའི་ནང་དོན་གཙོ་བོ་འགྲེལ་བརྗོད་གནང་མ་ཐུབ་པ་ནི་དངོས་གནས་ཐབས་སྐྱོ་བོ་ཞིག་རེད།

    བདེན་པའི་བདེན་སྟོབས་ཀྱིས་རྩོམ་པ་པོ་གང་ཉིད་གང་མགྱོགས་གློད་གྲོལ་ཡོང་བའི་སྨོན་ཚིག་བཅས།།

    Reply
  26. གངས་ལྷ་མེ་ཏོག says:
    ལོ་ 15 སྔོན།

    ཨེ་མ་་་་་་་གླད་རྙིང་གྱི་ལྟ་བ་ཤན་ཞུགས་ཞིང་མཐོང་རྒྱ་དང་ཐོས་རྒྱ་་མེད་མཁན་དྲ་གྲོགས་ག་གེ་མོ་ཁྱོད། ད་དུང་ཁྱོད་དུས་རབས་ཀྱི་རྗེས་སུ་ལུས་དངོས་གནས་ང་དང་ང་འདྲ་བ་ཡིད་ཕམ་གྱི་འདུག ཁྱོད་ཀྱི་དེ་ལྟར་དྲན་ཡང་རང་ཉིད་མཐོང་རྒྱ་དང་ཤེས་ཚད་སྐྱོ་པོ་ཡིན་པ་ངོས་ཟིན་དགོས།

    Reply
  27. སྣང་རྒྱལ་ཤེར་དགེ says:
    ལོ་ 15 སྔོན།

    དེབ་འདི་བཀླགས་ན་ཞོགས་དུང་གཞན་ཞིག་མཐོང་ངེས་རེད། དེ་ནི་ཁོང་གིས་བོད་མི་རིགས་ལ་བཟུང་བའི་སྔར་གྱི་ལྟ་ཚུལ་ནོར་བ་ངོས་ལེན་བྱས་པས་སོ། དེ་དང་ལྷན་ཅིག་ཞོགས་དུང་མཆོང་སར་མིག་བཙུམ་ནས་མཆོང་མཁན་ཚོ་ལ་མི་བདེ་བའི་ཚོར་སྣང་ཞིག་ཀྱང་སྟེར་སྲིད། དེབ་འདིའི་ནང་དུ་རང་ཉིད་ཀྱི་ནོར་བ་ནོར་བར་ངོས་ལེན་བྱས་པའི་ཞོར་དུ་ནོར་བ་དེར་ཡང་གདེངས་འཇོག་ཤུགས་ཆེར་བྱས་འདུག་སྟེ། རྗེས་སུ་དེབ་འདི་ཀློག་རྒྱུ་བྱུང་ན་ཀློག་པ་པོ་དག་གིས་བསམ་འཆར་འདོན་ངེས་རེད། དེ་དུས་འུ་ཚོས་ལྷོད་ལྷོད་ངང་གླེང་ཆོག

    Reply
  28. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    གཤམ་གྱི་ཁ་པར་ཨང་གྲངས་དེ་ངའི་ཁ་པར་ཨང་གྲངས་ཡིན། ཁོ་ལ་དེ་སྟེར་རོགས།

    Reply
  29. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    ད་དུང་བལ་ཡུལ་བོད་མི་ཚོས་བསམ་ཚུལ་འདི་རིག་ན་ཨམ་མདོའི་འབྲུག་ལྷ་ལ་བཤད་རོགས། འབྲུག་ལྷ་ནི་ཕ་ཡུལ་མདོ་རྨ་ལྷོ་གཡུ་སྒང་གི་ཡིན་པ་དང་མདོ་སྨད་ས་རྒྱུན་གྱི་ཚོགས་མི་ཞིག་ཡིན།
    གཤམ་གྱི་ཁ་པར་ཨང་གྲངས་འདི་སྤྲད་རོགས།

    o9916442227

    Reply
  30. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    ཁྱེད་ཅག་གི་ལྷག་བསམ་དང་འབད་བརྩོན་ལ་རྗེས་སུ་ཡི་རངས་ཞུ། གནམ་ས་གོ་འབྱེད་དེབ་གསར་དུ་དཔར་སྐྲུན་བྱས་པ་ཧ་ཅང་བཟང་གི རིན་མེད་ཐོག་དགྲམ་རྒྱུ་ཟེར་བ་འདི་ལ་ཕྲན་མོས་མཐུན་དེ་ཙམ་མེད། གཅིག་ནས་རྩོམ་དེབ་ཀྱི་མཐོང་བརླག་འགྲོ་བ་དང་། གཉིས་ནས་དེབ་ཀློག་འདོད་ཡོད་མེད་ཀུན་གྱིས་འཕྲོགས་བརྩད་བྱས་ནས་ཁྱེར་འགྲོ་བ་རེད། དེ་ཡིན་དུས་དེབ་ཀློག་མཁན་དག་གི་ལག་ཏུ་ཐོན་མི་སྲིད་པ་རེད། དཔེར་ན། རྩོམ་པ་པོའི་མཐུན་ཚོགས་་ཀྱིས་དཔར་སྐྲུན་བྱས་པའི་ལྷང་འཇགས་མེད་པའི་ཧི་མ་ལ་ཟེར་བའི་དེབ་དེ་ཀློག་མཁན་དག་གི་ལག་ཏུ་མ་འབྱོར་བར་ངྷ་སའི་ཟ་ཁང་དང་ཇ་ཁང་དག་གི་སྒོ་འགྲམ་ན་གད་སྙིགས་ལྟ་བུའི་ཚུལ་གྱི་གང་འདུག གདན་སའི་གྲྭ་བ་དག་གིས་གཅིག་རག་ན་དེ་གཡར་ནས་ཕན་ཚུན་དུས་ཚོད་བཟུང་ནས་སྤྲད་རེས་བྱེད་ཀྱིན་ཡོད་པ་རེད། མདོ་སྨད་ཀྱིས་དཔར་སྐྲུན་བྱས་པའི་ས་བྱི་ཆེན་མོའི་ཞི་རྒོལ་ཟེར་བའི་དེབ་ཡང་དེ་འདྲ་བོ་ཆགས་པ་རེད།

    ངས་ཁ་སང་མདོ་སྨད་རྩོམ་སྒྲིག་ཚོགས་ཆུང་གིས་གནམ་ས་གོ་འབྱེད་དཔར་སྐྲུན་བྱེད་རྒྱུ་ཡིན་ཟེར་དུས་འབྲེལ་ཡོད་དང་གནད་ཡོད་མི་སྣ་ཁག་ཅིག་ལ་ཁ་པར་བརྒྱུད་ནས་བསམ་འཆར་འདི་བཤད་ཡོད། གལ་སྲིད་རྗེས་སུ་དེ་འདྲ་ཐོག་ཏུ་མ་སོང་ན་དུས་ལན་འདེབས་ངེས་ཡིན། སྤྱིར་བཏང་དེབ་རིན་མེད་ཅེས་ན་དེབ་ཀྱི་མཐོང་བརླག་འགྲོ་བ་ཧོར་གཙང་གིས་བཤད་པའི་གཏམ་ཞིག་ཡོད་མེད། ད་ལྟ་མི་དྲན་གི གང་ལྟར་ཨ་ཁུ་བསྟན་འཛིན་སོགས་ཀྱིས་འགྲོ་གྲོན་བཏང་བ་བཀའ་དྲིན་ཆེ་ཞུ།

    Reply
  31. འབྲོག་རུ་རྡོ་རྗེ། says:
    ལོ་ 15 སྔོན།

    ཕྱི་སྡོད་བོད་མི་ཚོ་་སྐྲག་མི་དགོ་ས་ནས་རྒྱ་ཆེན་མ་བཤད།དྲ་གྲོགས་ཁ་ཤེས་ཞིག་གིི་སྐུ་ཞུབས་ཞོགས་དུང་ལགས་ཆོས་ལ་དད་པ་ཡོད་མེད་དང་བསམ་བློ་ཡོད་མེད་གླེང་རིན་ཞིག་མ་རེད།་་ད་ལྟའི་དུས་འདི་ཁོང་གློད་གྲོལ་ཡོང་བའི་ཆེད་ལ་།ང་ཚོས་བསམ་བློ་གཏོང་དགོས་པ་ཞིག་རེད།མི་རིགས་ཤིག་གི་བདེ་སྡུག་གི་ཆེད་དུ་འགན་ཞིག་ཁུར་ནས་ཞོགས་དུང་དང་ཞོགས་དུང་འདྲ་བའི་བོད་ནང་གི་དཔའ་ངར་ཅན་གྱི་རྩོམ་པ་པོ་རྣམས་པའི་བདེ་སྡུག་ལ་།ང་ཚོས་བསམ་བློ་གཏོང་རན་འདུག།

    Reply
  32. འཇམ་དཔལ་རྣོན་པོ། says:
    ལོ་ 15 སྔོན།

    ད་རུང་ཁོ་འཛིན་དགོས་པའི་རྒྱུ་རྐྱེན་ཅི་ཡིན་གསལ་བོ་སུས་ཀྱང་ཤེས་ཨེ་ཡོད་ན། བཀག་ཉར་ཙམ་བྱས་པ་རེད། བཀག་སྐྱིལ་ཟེར་བ་ཆུ་སོགས་བཀག་སྟེ་ཡར་འཁྱིལ་བའི་དོན་རེད།

    Reply
  33. གནམ་ལྕགས། says:
    ལོ་ 15 སྔོན།

    ངས་ལྡོག་ཕྱོགས་ནས་སྐད་ཆ་ཞིག་བཤད་རྒྱུ་ཡིན། དྲ་གྲོགས་རྣམས་ཀྱིས་ང་སྐོར་ལོག་ཅིག་རེད་མ་ཟེར། ངས་བལྟས་ན་ད་དུང་ཅུང་སྔ་སོང་བ་མིན་འགྲོ་དྲན་གྱི་འདུག དེ་ཟེར་དོན་ནི། ཞོགས་དུང་ཁོང་ད་དུང་དངོས་འཛིན་བཟུང་བཀག་གཉེར་གྱི་ལོ་ཚད་མ་བཟོས་གོང་། བཙན་བྱོལ་ནང་ནས་རྗེས་མར་ལོ་ཚད་བཟོ་བར་རྒྱབ་གཉེར་ལྟ་བུར་འདི་ལྟར་བྱས་ན་ཡག་པོ་ཨེ་ཡོད་དྲན་གྱི་འདུག དེའི་ཉམས་མྱོང་དེ་ང་ཚོར་མེད་པ་མིན་ཏེ། དཔའ་བོ་རོང་རྒྱས་ཨ་གྲགས་ལའང་དེ་ལྟར་བྱུང་བ་རེད། ང་ཚོའི་ངོས་ནས་ད་དུང་ཁོང་གློད་གྲོལ་ཡོང་བའི་རེ་བ་ཞིག་བརྒྱབ་སྟེ་དོན་འབྲས་མ་བྱུང་ན་《གནམ་ས་གོ་འབྱེད》ཕར་ཟད། ཁོང་གི་བརྩམས་ཆོས་ཚང་མ་དཔར་སྐྲུན་བྱས་ཀྱང་ཆོག ད་ལྟ་ནི་ད་དུང་བཀག་སྐྱིལ་ཙམ་རེད། འདིའི་སྐབས་སུ་གླེང་སློང་ཤུགས་ཆེན་རེ་བྱེད་ཆོག་པ་ལས། འདི་ལྟར་ནག་ཉེས་ལ་ངེས་ལེན་ལྟ་བུའི་ལས་ཀ་འདི་ལྟར་བྱས་ན་ཅུང་སྔ་དྲགས་མེད་འགྲོ་བསམ་བྱུང་། ཉེ་ཆར་རླུང་འཕྲིན་དང་གསར་འགྱུར་བརྒྱུད་ལམ་ནས་ཤུགས་ཆེན་གླེང་སྐབས། དྲ་གྲོགས་ཟ་ལེ་རྒྱལ་གྱིས་ཀྱང་དེ་ལྟར་ལྡོག་ཕྱོགས་ནས་བསམ་ཚུལ་བཤད་ཡོད། བསམ་བློ་ཞིབ་ཏུ་བཏང་ན། དེ་ནི་ཧ་ཅང་གི་བདེན་པར་མཐོང་།

    Reply
  34. འཇམ་དཔལ་རྣོན་པོ། says:
    ལོ་ 15 སྔོན།

    འབྲོག་རུ་ལགས། ད་རུང་ཟ་ལེ་རྒྱལ་མང་པོ་ཡོད།

    Reply
  35. འབྲོག་རུ་རྡོ་རྗེ། says:
    ལོ་ 15 སྔོན།

    ཞོགས་དུང་ལགས།་ཁྱེད་ཀྱི་རྒྱབ་རྩ་ན་དུས་རབས་གསར་བའི་མི་རབས་གསར་བ་ཡོད།གླད་རྙིང་ཅན་དང་སྒེར་གཅོད་བཙན་དབང་གི་སྲིད་ལུགས་ལ་ང་ཚོས་ནམ་ཡང་མགོ་མི་སྒུར།

    Reply
  36. སྦྲ་ནག་པ་རོལ་དབྱངས། says:
    ལོ་ 15 སྔོན།

    རྗེས་སུ་ཡི་རངས།

    Reply
  37. འཇམ་དཔལ་རྣོན་པོ། says:
    ལོ་ 15 སྔོན།

    ༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་དབུ་བྱས་་པའི་བོད་ཀྱི་བླ་ཆེན་ཁག་གི་མཛད་འཕྲིན་འཛམ་་བུ་གླིང་དུ་ཁྱབ་བཞིན་པའི་དུས་སྐབས་འདིར། ཞོགས་དུང་གིས་ཅི་ཞིག་ཤེས་སོང་། བོད་བརྒྱུད་ནང་བསྟན་གྱི་རིན་ཐང་གི་འཛམ་གླིང་ཤར་ནུབ་ཀྱི་བློ་ལྡན་དུ་མའི་ཡིད་དབང་འཕྲོག་དུས། ཞོགས་དུང་གིས་ཆོས་ལུགས་ཀྱི་བག་ཆགས་དོང་སྤྲུག་བྱེད་དགོས་པ་བོད་དོན་ཡིན་པ་ཤེས། བོད་བརྒྱུད་ནང་བསྟན་གྱི་འོད་སྟོང་བོད་ཡུལ་ཙམ་དུ་ཟད་རྒྱ་ནག་གི་ཡུལ་གྲུ་དུ་མར་ཁྱབ་སྟེ། ནང་ཆོས་དང་བོད་ཀྱི་བླ་མར་རྒྱ་རིགས་ས་ཡ་མང་པོས་གུས་བཀུར་བྱེད་དུས། རྒྱ་ནག་གི་དཔོན་རིགས་མང་པོས་སེམས་ཁྲལ་བྱེད་དུས། ཞོགས་དུང་གིས་བོད་བརྒྱུད་ནང་བསྟན་ཆོས་ལུགས་ནི་བོད་དོན་འཐད་རྩོད་བྱེད་སྐབས་སུ་དོར་དགོས་པ་ཞིག་ཏུ་མཐོང་ཡོད། ད་ཡིན་ན་ཞོགས་དུང་ལ་ག་རེ་འདུག ཁོང་སྙིང་རྗེ་ལྷག་བསམ་ཟེར་ན་ཡང་རེད་བོད་ཞེན་ཅན་ཞིག་ཡིན་སྲིད།

    Reply
  38. འཇམ་དཔལ་རྣོན་པོ། says:
    ལོ་ 15 སྔོན།

    ཞོགས་དུང་གིས་བྲིས་པའི་གནམ་ས་གོ་འབྱེད་དེས། བཙན་བྱོལ་ཁྲོད་ལུགས་གཉིས་ལ་བལྟ་བའི་མིག་སྡོང་པའི་བླུན་པོ་རེ་ཟུང་ཧང་སང་གི་འཇུག་ངེས། གནམ་ས་གོ་འབྱེད་ཀྱི་ནང་དུ་ཨ་མདོ་བའི་གྲོང་གསེབ་ཀྱི་ཡུལ་སྐད་རེ་ཟུང་མཐོང་རྒྱུ་ཡོད་ངེས། གནམ་ས་གོ་འབྱེད་ཀྱིས་ཆོས་དང་རིག་གཞུང་ལ་སྦྱངས་འདྲེས་ཆུང་བའི་ཕོ་གསར་རེ་ཟུང་ཡ་མཚན་སྐྱེ་བཅུག་སྲིད། གནམ་ས་གོ་འབྱེད་ཀྱིས་སྡོམ་པ་སྲུང་འདོད་མེད་པའི་བཙུན་གཟུགས་རེ་ཟུང་གི་བློ་སྒོ་འབྱེད་ངེས། ལོ་རྒྱུས་ཀྱི་དཁྱོགས་མཚམས་ཟེར་ན་མི་ཤེས། བྱབ་ཆུང་ཡ་མ་བརླ་རེ་ཟུང་ཆོས་ལ་ལོག་ལྟ་སྐྱེ་བའི་རྒྱུ་བྱེད་སྲིད།

    Reply
  39. བྱ་གཞུང་འཇམ་དབྱངས། says:
    ལོ་ 15 སྔོན།

    རླབས་ཆེན་གྱི་དཔེ་དེབ་འདི་སྒོ་འབྱེད་བྱེད་པར་སྙིང་ནས་ཡི་རངས་དང་བསྟོད་བསྔགས་བྱེད།    མི་རིགས་ལ་ལྷག་བསམ་དཀར་ཞིང་རང་རིགས་ལ་ཤ་ཞེན་ཟབ་པའི་རྩོམ་པ་པོ་ཞིག་གིས་རང་ཉིད་ཀྱི་ཚེ་སྲོག་ལ་མ་འཛེམ་པར་རང་ཉིད་ཀྱི་ཡོད་ཚད་མི་རིགས་ལ་འབུལ་བ་འདི་མི་བུ་འདིའི་བླ་མེད་ཀྱི་འོད་སྣང་དེ་རེད་འདོད་། འདིར་ཞུ་རྒྱ་ཞིག་ལ་དཔེ་དེབ་འདི་སྤྱི་ཚོགས་ནང་རིན་མེད་མ་འགེྲམ་རོགས
    དཔེ་དེབ་མཐོང་མེད་དང་ནུས་མེད་དུ་མ་བཟོ་རོགས་གནང་།

    Reply
  40. རྟོག་སད་ཀྱི་སྨྱུ་བུ། says:
    ལོ་ 15 སྔོན།

    སྐུ་ཞབས་ཞོགས་དུང་ལགས་ཀྱི་དེབ་གསར་པ་དེ་མཐོང་འདོད་ཆེ་
    མོད་ད་སྐབས་རེག་སོང་མ་གཏོག་གནས་ལུགས་རེ་ཡོད་རེད་སྙམ་
    པའི་ངེས་ཤེས་ཡོད

    Reply
  41. དོན་འགྲུབ་བཀྲ་ཤིས། says:
    ལོ་ 15 སྔོན།

    ངས་དེ་རིང་སླར་ཡང་ཞོགས་དུང་དྲན། ༼ དུས་རབས་གཉིས་ཀྱི་དཀྱོགས་མཚམས་ཀྱི་བོད་པའི་མི་རབས་གསར་བར་རྟོག་སད་ཀྱི་ཀི་རིང་འདེབས་མཁན། གསར་རྙིང་གཉིས་ཀྱི་སྣོལ་མཚམས་ཀྱི་བོད་པའི་རིག་གནས་སྣང་ཚུལ་ལ་དོགས་སློང་གི་སྙིང་སྟོབས་སྤེལ་མཁན། ཤར་ནུབ་གཉིས་ཀྱི་སོ་མཚམས་ཀྱི་བོད་པའི་བསམ་བློའི་རིན་ཐང་ལ་དཔྱོད་ཤེས་ཀྱི་རྒྱང་འབོད་གཏོང་མཁན། ལྷ་མི་གཉིས་ཀྱི་དབྱེ་མཚམས་ཀྱི་བོད་པའི་མི་ཆོས་ཀུན་སྤྱོད་ལ་གསར་བརྗེ་ཡི་བསྒྲགས་གཏམ་སྤེལ་མཁན། རྒྱ་བོད་གཉིས་ཀྱི་བདེན་རྫུན་འཐབ་རྩོད་ལ་དཀར་ནག་གོ་འབྱེད་ཀྱི་གད་རྒྱང་སྒྲོག་མཁན ༽ སྐུ་ཞབས་ཞོགས་དུང་ལགས། ཁྱེད་ཀྱི་རྒྱབ་ན་མི་རབས་གསར་པའི་རུ་དཔུང་ཞིག་གིས་ཡིད་ཀྱི་ལྟ་གོན་སྔར་ནས་བྱས་ཡོད།

    Reply
  42. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 15 སྔོན།

    ༄༅།།་ཡ་ཡ་གནམ་ས་གོ་འབྱེད་་་་་ཁྱོད་ཀྱི་ཚོང་ཁང་འགའ་ཞིག་གི་ཁེ་ཕན་ལ་གོ་འབྱེད་རྒྱུ་རེད

    དེ་མིན་ཁྱོད་ཀྱི་སྙན་གྲགས་དེ ་རྒྱ་གྲགས་བོད་གྲགས་བྱས་པ་ལྟར་
    རིན་ཐང་ལྡན་པ་མི་འདོད་དོ
    གྲོང་ཚོ་རེའི་ཁ་སྐད་རེ་ཟུང་ཁྱེར་ནས་ཐ་སྙད་གསར་བ་རེ་ཡིན་བཟོ་བྱས་ཡོད་རྒྱུ་རེད

    Reply
  43. དགེ་བཤེས་བསྟན་པ་བཀྲ་ཤིས། says:
    ལོ་ 15 སྔོན།

    རྒྱལ་གཅེས་དཔའ་བོ་ཞིག་གི་རང་གཤིས་མངོན་པའི་གནམ་ས་གོ་འབྱེད་ལ་རོབ་ཙམ་བལྟས་རྗེས་ཀྱི་འཆར་སྣང་།
    ཞོགས་དུང་གང་འདྲ་ཞིག་ཡིན་ནམ།
    ༡༽མི་རིགས་བདེ་སྐྱིད་བསུ་བའི་ཞོགས་དུང་མིན་ཡང་།།
    དག་སྣང་རྨི་ལམ་དཀྲོག་པའི་ཞོགས་དུང་ཡིན་ངེས།།
    སྲིད་དབང་མགོ་རྟིང་སློག་པའི་ཞོགས་དུང་མིན་ཡང་།།
    ཁོང་ནད་རྨ་ཁ་གཤགས་པའི་ཞོགས་དུང་ཡིན་སེམས།།

    མི་རིགས་ཤིག་གི་བདེ་སྐྱིད་ཉི་གཞོན་བསུ་བའི་ཞོགས་དུང་མིན་ཡང་།།
    མི་རིགས་ཤིག་གི་དག་སྣང་རྨི་ལམ་དཀྲོག་པའི་ཞོགས་དུང་ཡིན་ངེས།།
    རྒྱལ་ཁབ་ཅིག་གི་སྲིད་དབང་མགོ་རྟིང་སློག་པའི་ཞོགས་དུང་མིན་ཡང་།།
    མི་རབས་ཤིག་གི་ཁོང་ནད་རྨ་ཁ་མཚོན་པའི་ཞོགས་དུང་ཡིན་ངེས།།

    ༢༽ཆོས་ལུགས་དག་ཐེར་བྱེད་པའི་ཞོགས་དུང་མིན་ཡང་།།
    རྨོངས་དད་སེམས་ཁམས་དཀྲོག་པའི་ཞོགས་དུང་ཡིན་འདུག།
    ཞིབ་དཔྱོད་དབུ་ཚད་རིགས་པའི་ཞོགས་དུང་མིན་ཡང་།།
    འཁྲུལ་སྣང་བག་ཆགས་གཏོར་བའི་ཞོགས་དུང་ཡིན་ནོ།།
    ཆོས་ལུགས་ཤིག་གི་ལྟ་སྤྱོད་དག་ཐེར་བྱེད་པའི་ཞོགས་དུང་མིན་ཡང།།
    རྨོངས་དད་ཅན་གྱི་ལྷིང་འཇགས་སེམས་ཁམས་དཀྲོག་པའི་ཞོགས་དུང་ཡིན་འདུག།
    ཞིབ་དུ་དཔྱོད་པའི་རྨད་བྱུང་དབུ་ཚད་རིགས་པའི་ཞོགས་དུང་མིན་ཡང་།།
    སྡེབས་ལེགས་ཚིག་གི་གསོན་ཉམས་དོད་པས་མི་སེམས་འགུག་པའི་ཞོགས་དུང་ཡིན་ནོ།།

    ༣༽རང་བཙན་སྒྲུབ་བྱེད་སྟོན་པའི་ཞོགས་དུང་མིན་ཡང་།།
    རང་དབང་མང་གཙོ་རྩོད་པའི་ཞོགས་དུང་ཡིན་ངེས།།
    གཞོན་རབས་གོ་རྟོགས་འབྱེད་པའི་ཞོགས་དུང་མིན་ཡང་།།
    རིགས་ཞེན་ལ་རྒྱ་མཆེད་པའི་ཞོགས་དུང་ཡིན་ནོ།།
    རང་བཙན་ལེན་པའི་ཡང་དག་སྒྲུབ་བྱེད་སྟོན་པའི་ཞོགས་དུང་མིན་ཡང་།།
    རང་དབང་མང་གཙོའི་གཞི་རིམ་ཁེ་དབང་རྩོད་པའི་ཞོགས་དུང་ཡིན་ངེས།།
    མི་རབས་རྗེས་མའི་བསམ་བློའི་གོ་རྟོགས་སད་པའི་ཞོགས་དུང་མིན་ཡང་།།
    གཞོན་སྐྱེས་རྣམས་ཀྱི་བཅོས་མིན་ཚོར་ཤུགས་མཆེད་པའི་ཞོགས་དུང་ཡིན་ནོ།།

    ༤༽ཆོས་དང་ཆོས་མིན་འབྱེད་པའི་ཞོགས་དུང་མིན་ཡང་།།
    ལོག་འཚོའི་འཚོ་ལམ་འགོག་པའི་ཞོགས་དུང་ཡིན་ངེས།།
    ལྷ་ཆོས་དགེ་བར་སྡང་བའི་ཞོགས་དུང་མིན་ཡང་།།
    མི་ཆོས་གཙོ་བོར་འཛིན་པའི་ཞོགས་དུང་ཡིན་ནོ།།
    ཆོས་དང་ཆོས་མིན་རྣམ་པར་འབྱེད་པའི་བློ་ལྡན་ཞོགས་དུང་མིན་ཡང་།།
    སྟར་སྣང་ཆོས་པའི་ངན་འཚང་ཁྲོམ་སྒྲོག་བྱེད་པའི་ཞོགས་དུང་ཡིན་ངེས།།
    ལྷ་ཆོས་དགེ་བར་སྙིང་ནས་སྡང་བར་བྱེད་པའི་ཞོགས་དུང་མིན་ཡང་།།
    མི་ཆོས་གཙང་མ་སེམས་ནས་གཙོ་བོར་འཛིན་པའི་ཞོགས་དུང་ཡིན་ནོ།།

    ༥༽དཔའ་བོའི་ཁུ་ཚུར་འཕྱར་བའི་ཞོགས་དུང་མིན་ཡང་།།
    ལ་རྒྱ་སྨྱུག་རྩེས་རྩོད་པའི་ཞོགས་དུང་ཡིན་ངེས།།
    གངས་སེང་དར་ཆ་འཁྱེར་བའི་ཞོགས་དུང་མིན་ཡང་།།
    རྒྱ་འོག་སྒུར་འདོད་མེད་པའི་ཞོགས་དུང་ཡིན་ནོ།།
    ཁུ་ཚུར་གནམ་ལ་འཕྱར་ནས་དཔའ་རྟགས་སྟོན་པའི་ཞོགས་དུང་མིན་ཡང་།།
    མི་རིགས་ལ་རྒྱ་སྨྱུག་གུའི་རྩེ་ནས་རྩོད་པའི་ཞོགས་དུང་ཡིན་ངེས།།
    གངས་སེང་དར་ཆ་འཁྱེར་ཏེ་རང་བཙན་རྩོད་པའི་ཞོགས་དུང་མིན་ཡང་།།
    དབང་འཛིན་རྒྱ་ཡི་འོག་ལ་སྒུར་འདོད་མེད་པའི་ཞོགས་དུང་ཡིན་ནོ།།

    ༦༽རྒྱལ་གཅེས་གཟེངས་རྟགས་ཐོབ་པའི་ཞོགས་དུང་མིན་ཡང།།
    རྒྱལ་ཞེན་ལ་རྒྱ་བརྟན་པའི་ཞོགས་དུང་ཡིན་ངེས།།
    གཉེན་ཉེར་ཆགས་ཞེན་བྲལ་བའི་ཞོགས་དུང་མིན་ཡང་།།
    ཡོད་ཚད་བློས་གཏོང་ཐུབ་པའི་ཞོགས་དུང་ཡིན་ནོ།།
    རྒྱལ་གཅེས་དཔའ་བོའི་གཟེངས་རྟགས་ཐོབ་པར་འོས་པའི་ཞོགས་དུང་མིན་ཡང་།།
    ཕྱི་རབས་ལོ་རྒྱུས་ཐོག་ཏུ་འགོད་པར་འོས་པའི་ཞོགས་དུང་ཡིན་དགོས།།།
    རང་ཁྱིམ་གྲུ་བཞིའི་གཉེན་ཉེར་ཆགས་ཞེན་བྲལ་བའི་ཞོགས་དུང་མིན་ཡང།།
    གཟའ་ཚང་གསོན་འབྲལ་བྱེད་ལ་སྤོབས་སེམས་ལྡན་པའི་ཞོགས་དུང་ཡིན་ནོ།།

    ༧༽སྲོལ་རྒྱུན་རྩ་མེད་གཏོང་བའི་ཞོགས་དུང་མིན་ཡང་།།
    རྙིང་ཞེན་ཁོ་ན་འགོག་པའི་ཞོགས་དུང་ཡིན་ངེས།།
    མེས་པོ་ལེབ་རྡུང་བྱེད་པའི་ཞོགས་དུང་མིན་ཡང་།།
    ཕ་ཤུལ་རྒྱུད་འཛིན་སྡང་བའི་ཞོགས་དུང་ཡིན་ནོ།།
    རྙིང་པ་ཐམས་ཅད་རྩ་མེད་གཏོང་བར་འདོད་པའི་ཞོགས་དུང་མིན་ཡང།།
    རྙིང་པ་ཁོ་ནར་ཞེན་པའི་འདུ་ཤེས་འགོག་པའི་ཞོགས་དུང་ཡིན་སེམས།།
    དྲིན་ཆེན་མེས་པོ་ཀུན་ལ་རྒྱུག་རྡུང་བྱེད་པའི་ཞོགས་དུང་མིན་ཡང།།
    ཕ་ཤུལ་རྒྱུད་འཛིན་སྲོལ་ལ་ཞེ་ནས་སྡང་པའི་ཞོགས་དུང་ཡིན་འདུག།
    རིག་གསར་ལག་རྩེར་དབང་བའི་ཞོགས་དུང་མིན་ཡང།།
    རིག་གསར་དགོས་མཁོར་མཐོང་བའི་ཞོགས་དུང་ཡིན་ངེས།།
    གསར་གཏོད་རིག་པ་སྨྲ་བའི་ཞོགས་དུང་མིན་ཡང་།།
    དོན་མིང་རྗེས་སུ་འཇུག་པའི་ཞོགས་དུང་ཡིན་ངེས།།

    མ་མཐོང་མེད་པར་འཛིན་པའི་ཞོགས་དུང་མིན་ཡང།།
    མངོན་སུམ་གཙོ་བོར་འཛིན་པའི་ཞོགས་དུང་ཡིན་ངེས།།
    ལས་འབྲས་དད་ལོག་བྱེད་པའི་ཞོགས་དུང་མིན་ཡང་།།
    ལྷ་ཀླུར་ཡིད་ཆེས་མེད་པའི་ཞོགས་དུང་ཡིན་ནོ།།

    Reply
  44. འཇམ་དཔལ་རྣོན་པོ། says:
    ལོ་ 15 སྔོན།

    ཡ་ཡ། གནམ་ས་གོ་འབྱེད་ནང་ན་གསར་བ་ཞིག་གང་ཡང་ཡོད་པར་མི་འདོད། དཀར་ཆག་དེར་ཚར་གཅིག་བལྟས་ཡིན། ཧ་ལས་ཡ་གང་ཡང་མི་འདུག་ལ་ཧ་ལས་དགོས་པའི་གནད་དོན་གང་ཡང་ཡོད་དོན་ཡོད་མེད། ཞོགས་དུང་གིས་་བོད་དོན་འཐབ་རྩོད་ཀྱི་ཐབས་ལམ་གསར་བའམ་བློ་སྒོ་གསར་བ་ཕྱེ་ཡོང་གི་རེད་སྙམ་པའི་རེ་བ་དུས་ནམ་ཡང་བྱེད་མྱོང་མེད།

    Reply
  45. གླང་དར་མ། says:
    ལོ་ 15 སྔོན།

    ངས་བོད་མི་ལ་ཞེན་ཅན་ཁྱེད་རྣམ་གི་ལྷག་བསམ་ལ་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ་འདོད་བྱུང་ལ་འགྲོ་གྲོན་སྦྱིན་བདག་གནང་མཁན་ཁོང་གསུམ་ལ་སེམས་དབུས་ནས་ཐུགས་རྗེ་ཆེ་ཞུ་གི་ཡོད། ཞོགས་དུང་གི་བསམ་དོན་རྒྱལ་རྒྱུར་ཅིག། བོད་རྒྱལ་ལོ།

    Reply
  46. སྒྲོལ་མ། says:
    ལོ་ 15 སྔོན།

    གུས་མོ་ནི་ཕྱི་སྡོད་བོད་མི་ཚོ་དང་འབྲེལ་འདྲིས་ཟབ་ཤོས་དེ་ཡིན་རྒྱུ་རེད། སེམས་སྐྱོ་བའི་ཟུར་སྣེ་རེ་ནས་ཡིད་དགའ་བའི་དོན་ཆུང་རེ་བསྒྲབས་སྐབས། སྤོབས་པ་དང་རེ་བ་ཕྲན་བུ་རེ་སླེབས་གི དེ་ནི་ཡུལ་ཤུལ་སྐྱེ་རྒུ་མདོར་ས་ཡོམ་བརྒྱབ་ཏེ་ཉིན་ ༢༧ གྱི་ནང་ཚུན་ལ་མྱ་ངན་གུས་ཚིག་ཀྱི་སྙན་དེབ་༼ མགོ་བོ་དུད་དེ་མྱ་ངན་ཞུ ༽ ཞེས་པའི་དཔེ་དེབ་དེ་ཕྱི་སྡོད་སྤུན་ཟླ་ཚོས་དཔར་སྐྲུན་བྱས་པ་དང་། ཀྲུང་གོའི་སྲིད་གཞུང་གིས་སྐུ་ཞབས་ཞོགས་དུང་འཛིན་བཟུང་བྱས་ཏེ་ཉིན་ ༢༧ ནང་ཚུན་དུ་ཞོགས་དུང་གི་བརྩམས་ཆོས་༼ གནམ་ས་གོ་འབྱེད ༽ ཞེས་པ་བསྐྱར་དཔར་འགྲེམས་སྤེལ་བྱས་པ་འདི་རེད།

    Reply
  47. དགྲ་ལྷ་རྩེ་རྒྱལ། says:
    ལོ་ 15 སྔོན།

    གནམ་ས་གོ་འབྱེད་མྱུར་དུ་ཀློག་རྒྱུ་ཡོང་བར་རེ་སྒུག་བྱེད།

    Reply
  48. གངས་ལྷ་མེ་ཏོག says:
    ལོ་ 15 སྔོན།

    བོད་ཀྱི་གླན་རྙིང་འདོར་མཁན་ཞོག་དུང་ལགས་ཀྱི་་དེབ་འབྱོར་བ་བདག་བསམ་

    ཚུལ་གཅིག་འགྲུབས་སོང་།

    ད་དེ་ལས་བོད་ཀྱི་ན་གཞོན་ཡོངས་ཀྱི་ལེགས་པའི་ཆ་དེ་ལེན་ཤེས་དགོས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese