མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དཀའ་ངལ་ངོས་བཟུང་སྟེ་གྲོས་མོལ་མགོ་འཛུཊ་བྱ་དགོས།

བོད་ཀྱི་དུས་བབ།
༢༠༡༠/༠༥/༢༠
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གི་དཔོན་རིགས་ཚོས་བོད་དོན་གྱི་དཀའ་ངལ་ཡོད་པ་ངོས་ལེན་བྱས་ཏེ་གྲོས་མོལ་མགོ་འཛུགས་བྱ་དགོས་ལ། གྲོས་མོལ་ངོ་མ་ཞིག་མགོ་འཛུགས་བྱུང་མཚམས་བོད་ནང་གི་མང་ཚོགས་ཀྱིས་དེར་མཉམ་ཞུགས་བྱ་དགོས་ཀྱི་རེད། ད་ལྟའི་ཆ་ལ་བོད་རིགས་མང་ཚོཊ་ཀྱིས་རང་གི་བསམ་ཚུལ་བརྗོད་པ་ཡིན་ན་ཁ་བྲལ་བ་རེད་ལབ་ནས་ཉེས་འཛུགས་བྱེད་ཉེན་ཡོད། ངོས་ཀྱིས་ནམ་རྒྱུན་ནས་དོན་གྱི་བདག་པོ་གཞིས་ལུས་བོད་རྒྱ་ཆེའི་མི་མང་ཡིན་ཞེས་བཤད་བསྡད་ཀྱིན་ཡོད་ཅེས་༧གོང་ས་མཆོག་གིས་གསུངས་ཡོད།

ཟླ་འདིའི་ཚེས་ ༡༨ ཉིན་ཧོང་ཀོང་ནང་རྟེན་གཞི་བྱས་པའི་ཌོ་ཝེ་ Duowei རྒྱ་སྐད་གསར་འགྱུར་སྡེ་ཚན་གྱི་འགན་འཛིན་སྐུ་ཞབས་ཡུ་ཕིན་ཧེ་  Yu Pinhai ཨ་རིར་ཆེད་བཅར་གྱིས་ཆུ་ཚོད་གཅིག་རིང་༧གོང་ས་མཆོག་ལ་བོད་དོན་སྐོར་བཀའ་འདྲི་ཞུས་སྐབས། ༧གོང་ས་མཆོག་གིས་བོད་པར་ནང་ཆོས་དང་འབྲེལ་བའི་ལེཊ་བྱང་་ཕྱུག་པོ་ཞིག་ཡོད་པ་དེ་ནང་པ་དང་ཁ་ཆེ། ཡི་ཤུ་བཅས་བོད་མི་ཡོད་དོ་ཅོག་སོ་སོའི་མི་ཚེའི་ནང་འཚོ་བའི་ཆ་ཤས་ཤིག་ཆགས་ཡོད་ལ། དེར་ངོས་ཀྱིས་བོད་ཀྱི་ནང་པའི་ལེགས་བྱང་ཞེས་བརྗོད་ཀྱི་ཡོད། ལེཊ་བྱང་དེ་འཚེ་བ་མེད་པ་དང་བྱམས་བརྩེ་ལྡན་པ་ཞིག་ཡིན། རྒྱ་ནག་གཙོས་པའི་འཛམ་གླིང་ས་ཁུལ་ཁག་ཏུ་བཟང་སྤྱོད་དང་འབྲེལ་བའི་དཀའ་ངལ་འཕྲད་བཞིན་ཡོད་པ་དེར་བོད་ཀྱི་ནང་པའི་ལེཊ་བྱང་གིས་ཕན་ཐོགས་ཡོང་ངེས་རེད་ཅེས་དང་། ཡང་ཁོང་གིས་མུ་མཐུད་དོན། ངོས་ཀྱི་བློ་འཚབ་ཆེ་ཤོས་དེ་བོད་ཀྱི་ལེཊ་བྱང་བདག་གཅེས་བྱ་རྒྱུ་དེ་ཡིན་ནའང་། བསམ་བློ་གུ་དོག་པའི་རྒྱ་ནག་གི་དཔོན་རིགས་རེ་འགས་བོད་ཀྱི་ལེཊ་བྱང་ཞེས་བརྗོད་སྐབས་ཁ་བྲལ་ཡིན་པར་ངོས་འཛིན་བྱེད་པ་དེ་དཀའ་ངལ་ཞིག་ཆགས་ཡོད། བསམ་བཞིན་བྱས་ཡོད་མེད་ལ་མ་ལྟོས་པར་བོད་ནང་དུ་བོད་པའི་ལེཊ་བྱང་རྩ་མེད་དུ་འགྲོ་བཞིན་ཡོད། བོད་རང་སྐྱོང་ལྗོངས་ཀྱི་དྲུང་ཆེ་ཟུར་བ་ཇིན་ཀོ་ཡོན་གྱིས་ལྷ་སའི་བོད་ལྗོངས་སློབ་གྲྭ་ཆེན་མོའི་ནང་། བོད་ཀྱི་ནང་ཆོས་སློབ་ཁྲིད་བྱེད་མི་ཆོག་པའི་བཀའ་བཏང་ཡོད་ཚུལ་སློབ་ཆེན་གྱི་དགེ་རྒན་ཚོའི་སར་ནས་གོ་ཐོས་བྱུང་། དེ་བཞིན་རྒྱ་མིའི་དཔོན་རིགས་རེ་འགས་བོད་ཀྱི་དགོན་པ་དེ་ཚོ་ཆོས་སློབ་གཉེར་བྱེད་ས་མིན་པར་གྲྭ་བ་ཁ་ཤས་ལས་མེད་པའི་ལྷ་ཁང་ལྟ་བུར་བསྒྱུར་ཐུབ་ན་ལེགས་པའི་བསམ་ཚུལ་འདོད་མཁན་བྱུང་ཡོད། བོད་མི་ཚོས་རང་གི་རིག་གཞུང་ལ་གཅེས་འཛིན་བྱེད་ཀྱིན་ཡོད་ལ། རྒྱ་ནག་དབང་འཛིན་པས་བོད་པའི་རིག་གཞུང་ལ་ཚུལ་མིན་གྱི་ལྟ་ཕྱོགས་འཛིན་པ་དེས་བོད་མི་ཚོའི་སེམས་ལ་ཕོག་ཐུག་གཏོང་བཞིན་ཡོད་ལ། དེ་སྔོན་མཁན་པོ་འཇིགས་མེད་ཕུན་ཚོགས་ཀྱིས་མཚོན་པའི་བོད་བཞུགས་བླ་མ་ཚོས་ཆོས་ཕྱོགས་རྐྱང་པའི་ལས་དོན་བསྒྲུབ་པར་དཀའ་ངལ་མང་པོ་འཕྲད་ཡོད་ཅེས་གསུངས་ཡོད།

ཡང་༧གོང་ས་མཆོག་གིས་བོད་སྡོད་རྒྱ་རིགས་ཕྱིར་ལོག་བྱ་དགོས་མིན་ཐད་བཀའ་ལན་གནང་དོན། ངོས་ཀྱིས་བོད་སྡོད་རྒྱ་རིགས་ཚང་མ་བོད་ནས་ཕྱིར་ལོག་དགོས་ཞེས་ནམ་ཡང་བརྗོད་ཀྱི་མེད། བོད་ནང་དུ་བོད་རིགས་ཀྱི་གྲངས་འབོར་མང་བ་ཆགས་པ་ཡིན་ན་མི་རིགས་ཀྱི་ངོ་བོ་རྒྱུན་གནས་ཐུབ་རྒྱུར་ཕན་ཐོགས་ཆེ་ལ། ནང་སོག་ལ་སོག་རིཊ་ས་ཡ་གསུམ་བཞི་ལས་མེད་པ་དང་རྒྱ་མི་ས་ཡ་ ༢༠ ཙམ་ཟིན་ཡོད་པ་རེད། སྔ་མོ་ངོས་ཀྱི་སྐྱེས་ཡུལ་དེར་རྒྱ་མི་གང་ཙམ་ཡོད་ཀྱང་བོད་མི་དང་མཉམ་དུ་སྡོད་རྒྱུར་དཀའ་ངལ་གང་ཡང་འཕྲད་ཀྱི་མེད་ལ། དེ་བཞིན་སྐབས་དེར་ལྷ་སར་ཡང་རྒྱ་མི་འགའ་རེ་ཡོད། བོད་མི་ས་ཡ་དྲུག་གི་ནང་དུ་རྒྱ་མི་ས་ཡ་གཅིག་ཡོད་ནའང་དཀའ་ངལ་གང་ཡང་མེད་ཅེས་བཀའ་ལན་གནང་ཡོད།

དེ་རྗེས་བོད་རྒྱ་འབྲེལ་མོལ་ལ་ཡར་རྒྱས་ཡོང་མིན་སྐོར་བཀའ་འདྲི་ཞུས་སྐབས། ཁོང་གིས་ང་ཚོའི་ངོས་ནས་བྱེད་དགོས་པ་ཚང་མ་བྱས་ཚར་ཡོད། དེ་སྔོན་ཏིན་ཞའོ་ཕིན་གྱིས་རང་བཙན་མིན་པའི་གནད་དོན་ཅི་ཡིན་ཡང་གྲོས་མོལ་གྱི་ལམ་ནས་སེལ་ཆོག་ཅེས་བཤད་ཡོད། རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་གྱི་དཔོན་རིཊ་འགས་ཏཱ་ལའི་བླ་མའི་གནད་དོན་ལས་གཞན་པའི་བོད་དོན་ཟེར་བ་རྩ་བ་ནས་མེད་ཚུལ་བརྗོད་ཀྱི་ཡོད། ང་ཚོས་རང་བཙན་རྩོད་ཀྱི་མེད་པ་ད་ཆ་འཛམ་གླིང་ཡོངས་ཀྱིས་ཤེས་ཀྱི་ཡོད། ཡིན་ནའང་། རྒྱ་ནག་དཔོན་རིགས་ཚོས་ངོས་ལ་ཁ་བྲལ་བ་རེད་ཅེས་བརྗོད་ཀྱི་ཡོད་པས་དཀའ་ངལ་དེར་ཐུག་ཡོད་པ་རེད། རྒྱ་གཞུང་གི་དཔོན་རིགས་ཚོས་བོད་ནང་གི་དཀའ་ངལ་ངོས་བཟུང་སྟེ་གྲོས་མོལ་གནང་མགོ་འཛུགས་དགོས་ལ། གལ་ཏེ་གྲོས་མོལ་ངོ་མ་ཞིག་མགོ་འཛུགས་བྱུང་མཚམས་བོད་ནང་གི་མང་ཚོགས་ཀྱིས་གྲོས་མོལ་དེར་མཉམ་ཞུགས་བྱ་དགོས་ཀྱི་རེད། ད་ལྟའི་ཆ་ལ་བོད་རིགས་མང་ཚོཊ་ཀྱིས་རང་གི་བསམ་ཚུལ་བརྗོད་པ་ཡིན་ན་ཁ་བྲལ་བ་རེད་ལབ་ནས་ཉེས་འཛུགས་བྱེད་ཉེན་ཡོད། ངོས་ཀྱིས་ནམ་རྒྱུན་ནས་དོན་གྱི་བདག་པོ་གཞིས་ལུས་བོད་རྒྱ་ཆེ་མི་མང་ཡིན་ཞེས་བཤད་ཀྱིན་ཡོད། ༧པཎ་ཆེན་སྐུ་གོང་མས་ངོས་ཀྱི་ལངས་ཕྱོགས་དེར་རྒྱབ་སྐྱོར་གནང་ཡོད་པར་མ་ཟད། རྒྱ་ནག་སྲིད་གཞུང་ནང་ལས་ཀ་བྱས་མྱོང་མཁན་འབའ་བ་ཕུན་ཚོགས་དབང་རྒྱལ་དང་ཡང་གླིང་རྡོ་རྗེས་ཀྱང་རྒྱབ་སྐྱོར་བྱས་ཡོད།

མཐའ་མར་༧གོང་ས་མཆོག་ནས་སྐུ་སྒེར་གྱི་གོ་གནས་སྐོར་ལ་གསུངས་དོན། ངོས་ཀྱིས་རྒྱ་གཞུང་ལ་དེ་སྔོན་ཡང་ངོས་ལ་གོ་གནས་དགོས་སྐོར་ཞུ་རྒྱུ་མ་བྱུང་ལ། མ་འོངས་པར་ཡང་ངོས་ལ་ཐོབ་གོ་ས་དགོས་སྐོར་ཞུ་རྒྱུ་གང་ཡང་མེད་ཅེས་དང་། དེ་བཞིན་༧གོང་ས་མཆོག་ལ་ཡང་སྲིད་ཀྱི་སྐོར་ལ་ཐུགས་འཚབ་ཡོད་མེད་བཀའ་འདྲི་ཞུས་སྐབས། ཁོང་གིས་ཕྱི་ལོ་ ༡༩༦༩ ཙམ་ནས་ཏཱ་ལའི་བླ་མའི་སྒྲིག་འཛུགས་གནས་དང་མི་གནས་དེ་བོད་མི་ཚོས་ཐག་གཅོད་བྱ་རྒྱུ་ཡིན་པ་དེ་གསལ་པོར་བརྗོད་ཡོད། བཙན་བྱོལ་ནང་ཕྱི་ལོ་ ༢༠༠༡ ནས་བཟུང་མི་མང་གིས་ཐད་ཀར་འོས་འདེམས་བྱས་པའི་ཆབ་སྲིད་མགོ་ཁྲིད་བསྐོས་ཟིན་པར་མ་ཟད། ད་ལྟ་ཆོས་བརྒྱུད་ཚང་མའི་ནང་ཤེས་འཇོན་གཉིས་ལྡན་ཀྱི་བླ་སྤྲུལ་སོཊ་འཚར་ལོངས་འབྱུང་བཞིན་ཡོད་པས། ངོས་ལ་སེམས་ཁྲལ་གང་ཡང་མེད། རྒྱ་ནག་གི་དཔོན་རིགས་ཚོས་བོད་དོན་ཐོག་ཡིད་ཆེས་དང་དོགས་པ་བྱེད་བཞིན་པའི་ངང་ཚུལ་དེ་ཁྱེད་ཀྱི་དྲི་བ་འདི་བརྒྱུད་ཁ་གསལ་ཡོང་བའི་རེ་བ་ཡོད་ཅེས་གསུངས་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༧/༢༨
TT
Mobile App

བོད་མཚོ་སྔོན་གྱི་རྩི་གོར་ཐང་རྫོང་དུ་ཚད་རིམ་མི་འདྲ་བའི་ས་ཡོམ་གཉིས་བསྟུད་མར་བྱུང་།

༢༠༢༦/༠༧/༢༨
tt
Mobile App

གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་འཁྱོག་བརྗོད་ལ་གདོང་ལེན་དང་ཡོ་བསྲང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
Front Slider

གཞོན་ནུ་ལྷན་ཚོགས་ཀྱིས་ནེའུ་ཡོག་ཏུ་ལས་ཁུངས་བཙུགས་ཏེ་རྒྱ་ནག་གི་འགྲེལ་ལོག་ལ་གདོང་ལེན་གནང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

བླ་རུང་སྒར་གྱི་གྲྭ་ཤག་གཏོར་ཟིན་པའི་གྲྭ་བཙུན་རྣམས་རང་ཡུལ་དུ་ལོག་དགོས་པའི་བཀའ་ཁྱབ་བསྒྲགས།

༢༠༢༦/༠༧/༢༧
Front Slider

དགུང་ལོ་ ༩༨ ཡིན་པའི་ནོར་བུ་རྒྱལ་ལགས་ཐུགས་དམ་དུ་བཞུགས་ཡོད་པའི་སྐོར་ལ་བཅར་འདྲི་ཞུས།

༢༠༢༦/༠༧/༢༤

མཆན། 8

  1. karma dorje says:
    ལོ་ 16 སྔོན།

    གནད་དོན་དེ་གནས་དོན་ལ་བྲི་ནོར་ཐེབས་འདུག དགོངས་དག

    Reply
  2. karma dorje says:
    ལོ་ 16 སྔོན།

    བོད་རྒྱའི་གྲོས་མོལ་གནས་དོན་འདིའི་ཐད་ལ། ༧གོང་ས་མཆོག་གི་སྐུ་རྒྱབ་ཏུ་སྤྱི་སྒེར་ཚང་མས་ཤུགས་སྣོན་རྒྱོབ་དགོས།

    Reply
  3. དབྱངས་བུ། says:
    ལོ་ 16 སྔོན།

    རང་རེའི་བོད་གཞུང་དེ་ཉིད་ཆོས་སྲིད་གཉིས་ལྡན་གྱི་གཞུང་ཞིག་ཡིན་པས། བོད་ཀྱི་བླ་ཆེན་སྐུ་ན་གཞོན་པ་་ཀརྨ་པ་དང།་ཡོངས་འཛིན་གླིང་རིན་པོ་ཆེ་ལྟ་བུར་ཆོས་ཕྱོགས་ཀྱི་ཤེས་ཡོན་ཕུལ་བ་དང་ལྷན་དུ། ཆབ་སྲིད་ཐད་ཤེས་འཇོན་མྱོང་གསུམ་མངའ་བ་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་ལྟ་བུས་ཆབ་སྲིད་སློབ་སྟོན་གནང་རྒྱུའི་དུས་ལ་སླེབས་འདུག་སྙམ།

    དེའི་ཐད་ཞིབ་པར་རྗེས་སུ་ཞུ་ཆོག་པ་དང། དྲ་གྲོགས་མཁྱེན་ཡངས་ཅན་ཚོས་དགོངས་ཚུལ་ཇི་ཡོད་གསུངས་རོགས་གནང།།་ཐུགས་རྗེ་ཆེ།།

    Reply
  4. བཟོད་པ་ལྷ་རྩེ། says:
    ལོ་ 16 སྔོན།

    ང་ཚོས་དམིགས་ཡུལ་གཅིག་ལ་ཐབས་ལམ་མི་འདྲ་བ་མང་པོ་བེད་སྤྱོད་བྱ་ཤེས་པ་དང་བྱེད་ནུས་པ་བྱེད་པའི་བློ་སྟོབས་ངེས་པར་ལྡན་དགོས།

    ད་བར་གུ་ཤང་གི་སྲིད་ཇུས་རབ་དང་རིམ་པ་མང་པོ་ཞིག་བཟུང་ཡང་རྒྱ་དམར་གྱི་ང་ཚོར་འཛིན་པའི་སྲིད་ཇུས་ཇི་འཁྲིག་ཇི་འཁྲིག་ལས་ཡར་རྒྱས་ཟེར་བ་རྩ་བ་ནས་བྱུང་མྱོང་མེད།

    ང་ཚོས་གྲོས་མེས་ཡོངས་ཐབས་ཁོ་ནར་རེ་བ་བཅོལ་ཀྱང་རྒྱ་དམར་གྱི་མཁས་ལེན་རྩ་བ་ནས་མེད་རྒྱ་དམར་ཁྱེད་རང་ཚོས་གང་བཤད་པ་ཡོངས་རྫོགས་ང་ཚོས་མཁས་ལེན་བྱས་མཆོག་བཙན་བྱོལ་བོད་མི་ཡོངས་རྫོགས་རང་ཡུལ་བོད་ལ་ལོག་མཆོག་པའི་མཆོག་མཚན་སྤྲོད་རོགས་ཟེར་ན་ད་ལྟའི་འཆར་དེ་ཡང་རྒྱ་དམར་གྱི་མཁས་ལེན་བྱ་སྲིད་ཉམ།

    དེ་ན་ང་ཚོ་གཞོན་སྐྱེས་རྣམས་ནས་དཔལ་འབྱོར་ཁོ་ན་ལ་མ་ཞེན་པར་ཆབ་སྲིད་ཐོག་ཐུགས་གནང་ཆེ་ཙམ་དང་འགན་ཁུར་ཆེ་ཙམ་བཞེས་ནས་རང་གི་ལྟ་བ་དང་ལངས་ཕྱོགས་གང་ཡིན་ཀྱང་མཆོག་དམིགས་ཡུལ་རང་ཡུལ་རང་ལག་ཏུ་ལེན་རྒྱུའི་ཐབས་བཀོད་འཐེན་དགོས།

    རང་བཙན་གཙང་བའི་ལྟ་བ་ཡིན་ནའང་རེད་རང་སྲིད་རང་སྐྱོང་ཡིན་ནའང་རེད་དབུ་མའི་ལམ་ཡིན་ནའང་རེད་མདོར་དོན་བོད་མི་རིགས་ཁ་མཐོར་དུ་མི་འགྲོ་བ་ཞིག་དང་མེས་པའི་ཞབས་རྗེས་ནག་སུབ་ཏུ་མི་འགྲོ་བའི་ཆེད་དུ་ཡིན་པས་ཕན་ཚུན་བསམ་ཤེས་དང་དོ་མཁུར་དགོས་པ་ལས་མེ་དང་སྤུ་ལྟ་བུའི་འགལ་བའི་ལྟ་བ་བཟུང་མ་བོད་ལ་ཕན་དོགས་གང་ཡང་མེད་པ་མཁྱེན་དགོས།

    སྤྱིར་བོད་ཀྱི་དཀའ་རྙོག་དེ་མི་རིགས་གཅིག་དང་རིག་གཞུང་ཞིག་གི་གནད་དོན་ཡིན་པས་ལས་སླ་པོས་ཐོག་ནས་སེལ་ཐུབ་རྒྱུ་ཞིག་མ་ཡིན་པས་ང་ཚོས་ཞི་དྲགས་གཉིས་ཀྱི་ཐབས་ལམ་ངེས་པར་བེད་སྤྱོད་གཏོང་དགོས་པ་མཐོང༌།

    ༸གོང་ས་མཆོག་ནི་འཛམ་གླིང་ཞི་བདེའི་དེད་དཔོན་ཡིན་པ་ཙམ་མ་ཟད་ཤཱཀྱའི་རྗེས་འཇུག་བླ་ན་མེད་པ་ཞིག་རྟེན་གཞན་ཕན་བྱང་ཆུབ་སེམས་ཀྱི་ཉམས་ལེན་ལས་འགལ་བའི་ཐབས་ལམ་ཞིག་དུས་ནམ་ཡང་སྟོན་མི་སྲིད།

    འོན་ཀྱང་ང་ཚོ་བོད་མིའི་རྣམས་ནས་རང་གི་མེས་པོས་རིག་གཞུང་དང་རང་གི་མི་རིགས་སྐྱབས་ཐབས་ཀྱི་ལམ་འཚོལ་དགོས་པ་ནི་ང་ཚོ་ཚང་མར་འགན་ཡོད་པ་ཡིན།

    རྒྱ་གར་གྱི་རང་བཙན་ལེན་སྐབས་འཚེ་མེད་ཞི་བ་ཁོ་ནའི་སྟེང་ནས་ལས་འགུལ་སྤེལ་བའི་སྟེང་ནས་རང་བཙན་བླངས་བ་ཞིག་མིན་པ་གསལ་པོ་རེད།

    Reply
  5. སྤོབས་པ་མཐའ་ཡས། says:
    ལོ་ 16 སྔོན།

    ནད་པ། ད་ཡིན་ན་མེས་རྒྱལ་ཡིན་ནམ་ཞིག་ཟེར་ཁུལ་བྱེད་ཀྱིན་འདུག ཁྱོད་ལ་དེ་འདྲའི་མེས་པོ་ཡ་རབས་ཤིག་འདུག ཁྱོད་ད་ངོ་མ་སྐྱིད་པོ་ཡོད་ས་རེད།

    Reply
  6. ཉི་འོད་འོག་གི་བུ་ཆུང་། says:
    ལོ་ 16 སྔོན།

    ༸རྒྱལ་བ་མཆོག་གིས་དགོངས་གཞི་བླ་ན་མེད་པ་དེ་ལྟ་བུ་ཕྱི་གསལ་ནང་གསལ་འཐེན་མང་པོ་གསུངས་ཟིན་ཀྱང་། རྒྱལ་ནག་དབང་འཛིན་པ་འགའ་རེ་ཡི་ད་དུང་གཞི་མེད་ཉེས་འཛུགས་ཀྱིས་ཁ་བྲལ་བ་ངོས་འཛིན་ཏེ་སྤྱི་ཚོགས་སུ་གཏམ་ངན་སྣ་ཚོགས་སྤེལ་བཞིན་ཡོད་མུས་རེད། མ་ཚད་མ་འོངས་སྐུ་ཕྲེང་བཅོ་ལྔ་པའི་ཡང་སྲིད་རིན་པོ་ཆེ་ལ་ཡང་ཁོ་ཚོའི་ཇུས་ངན་གྱིས་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

    Reply
  7. ནད་པ says:
    ལོ་ 16 སྔོན།

    མཁྱེན་རླབས་མཚུངས་མེད་བོད་ཀྱི་༸ གོང་ས་ཏྰ་ལའི་བླ་མ་མཆོག་གིས་བཀའ་དགོངས་དེ་བོད་རིགས་ཙམ་མ་ཡིན་པར་རྒྱ་ནག་མི་དམངས་དུང་ཕྱུར་ ༡༣ ལྷག་ལ་ཕན་ཐོགས་ཧ་ཅང་ཆེན་པོ་ཡོད་པའི་ངོས་འཛིན་གཏིང་གཟབ་གཅིག་གནང་གི་ཡོད།
    བོད་གཞི་བྱས་གཉིས་སུ་གནས་པའི་བོད་རིགས་ཡོངས་ཀྱི་གནས་བབ་ལ་འགྱུར་བ་གཏོང་ཐུབ་མཁན་དང་། བོད་རིགས་ཡོངས་ཀྱི་གནད་དོན་ཐག་གཅོད་ཐུབ་མཁན་གཅིག་རང་ལས་མེད་ལ་དེ་ནི་༸ གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཉག་ཅིག་ཡིན།
    ༸ གོང་ས་མཆོག་གི་སྐུ་འཚོ་བཞུགས་སྐབས་སུ་བོད་རྒྱའི་དཀའ་རྙོག་འདི་རྒྱ་ནག་གཞུང་གིས་གཉིས་ཕན་ལམ་ནས་སེལ་མ་ཐུབ་ན་མ་འོངས་པར་བོད་གཞི་བྱེས་སུ་ཡོད་པའི་བོད་པའི་དཔོན་རིགས་དང་། མི་དྲག བླ་སྤྲུལ་སོགས་སུ་གཅིག་གིས་བོད་རིགས་ཡོངས་ཀྱི་ལས་དབང་དང་གནད་དོན་ལ་སུ་ཀྱང་ཐག་གཅོད་བྱེད་ཐབས་བྲལ་བ་ཞིག་རེད།
    དེ་འདྲ་སོང་ཙང་རྒྱ་ནག་དབུས་གཞུང་གིས་གང་མགྱོགས་རྒྱ་བོད་ཀྱི་དཀའ་རྙོག་དེ་སེལ་ཐུབ་ན་མེས་རྒྱལ་ཁྱིམ་ཚང་ཆེན་པོར་སྟོབས་ཤུགས་རྒྱས་ངེས་ཡིན། ཇི་སྲིད་བོད་ཀྱི་གནད་དོན་དེ་ཐག་གཅོད་ཡག་པོ་གཅིག་མ་བྱས་ན་དེ་སྲིད་དུ་རྒྱ་ནག་གི་མེས་རྒྱལ་ཁྱིམ་ཚང་ཆེན་པོ་ཆགས་རྒྱུར་འགོག་རྐྱེན་རྫོགས་མཐའ་མེད་ཞིག་ཡོང་ངེས་རེད།

    Reply
  8. འཇམ་དཔལ་རྣོན་པོ། says:
    ལོ་ 16 སྔོན།

    ༸གོང་ས་ཐམས་ཅད་མཁྱེན་མགྱོགས་མྱུར་དུ་བོད་ལ་གདན་འདྲེན་བྱེད་ཐུབ་པའི་སྨོན་འདུན་ཡང་ཡང་ཞུ། ཁོང་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་སྨོན་ལམ་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese