མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

སྐད་ཡིག་ལ་གཏོར་བཤིག་མ་གཏོང་རོགས། བསྟན་འཛིན་ཤེས་རབ

བོད་ཀྱི་དུས་བབ།
༢༠༡༠/༠༥/༢༡
Share on FacebookShare on TwitterShare on EmailShare on Whatsapp

    མི་རིགས་གང་དང་གང་ཡིན་རུང་རང་ཉིད་ལ་རང་ཉིད་ཀྱི་ཐུན་མོང་མ་ཡིནཔའི་རང་གཤིས་རེ་ཡོད་པ་བཞིན་དུ།  མི་རིགས་གང་གི་ཡིན་རུང་སྐད་ཡིག་ལ་ཡང་རང་ཉིད་ལ་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་རང་གཤིས་རེ་ཡོད་པ་ཡིན།  ངས་འདིར་བརྗོད་འདོད་པ་ཞིག་ནི།  མིང་ཚིག་གི་འགྲོས་སྨྲ་བརྗོད་དམ་སྐད་ཆའི་དབྱངས་འགྲོས་དང་མཐུན་བབ་ཆེ་ཞིང་སྐད་ཆའི་གོམས་སྲོལ་དང་ཤ་འདྲེས་རུས་འདྲེར་ཡོད་པ་ཞིག་ལ་སྐད་ཡིག་གི་རང་གཤིས་ཟེར།  ང་ཚོས་སྐད་ཆ་ཅི་ཞིག་བཤད་ཀྱང་ཆོག   མིང་ཚིག་བསྲེས་ལྷད་ཀྱིས་མ་སྦགས་པ་གང་ཞིག་ལ།  ཁ་ལ་བདེ་ཞིང་ལྕེ་ལ་འདྲིས་པ་དང་།  སྔར་ནས་བརྡ་སྤྲོད་ཀྱི་གཞུང་དང་མཁས་པས་བརྩམས་པའི་བསྟན་བཅོས་སོགས་ལས་རྒྱུན་ཆགས་སུ་བཀོལ་ཞིང་།  དམངས་ཁྲོད་ཀྱི་ངག་སྒོ་ལ་གོམས་པར་མ་ཟད།  གདངས་ཀྱི་རང་བཞིན་དང་སྐབས་དོན་སྟོན་པའི་ནུས་ཁྱད་སོགས་ལ།  མི་དམངས་ཀྱི་འཚོ་བར་འདྲེས་གཤིབ་ཟབ་པའི་སྐད་ཡིག་མཁན་པོ་མང་བོས་ཞིབ་འཇུག་ཡང་དག་གིས་གཏན་ལ་ཕབ་ཅིང་ཚིག་མཛོད་དུ་བསྒྲིགས་ཟིན་པ་དག་བཀོལ་ཚེ་སྐད་གཤིས་དང་འཕྲོད་བབ་ཆེ་ལ།  སྐད་ཡིག་ཆིག་སྒྲིལ་དང་ཡར་རྒྱས་ལ་ཕན་པར་མ་ཟད།  མི་སུ་ཞིག་གིས་བཀླགས་པ་དང་གོ་ཐོས་བྱུང་རུང་དེས་ཅི་ཞིག་སྟོན་གྱི་ཡོད་མེད་ལ་སོམ་ཉི་དང་གོ་ལོག་མི་ཐེབས་པར་མ་ཟད།  སྐད་ཡིག་གསར་སློབ་པ་དག་ལ་མཚོན་ན་ཡང་ཕན་ཆེ་བ་ཡིན།  ལྷག་དོན་ད་ལྟའི་རང་རེའི་སྤྱི་ཚོགས་ནང་གི་གཞོན་སྐྱེས་ཚོས་བོད་ཡིག་སློབ་རྒྱུར་མགོ་ན་བཞིན་པའི་ངང་ཚུལ་འདི་བསྒྱུར་བར་ཡང་ཕན་ངེས་ཡིན།
    
   བོད་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་སྐད་གཤིས་ཀྱིས་ཕྱུར་བུས་ཕྱུག་པའི་སྔར་ཡོད་མིང་ཚིག་རླབས་ཆེན་མང་བོར་བྱུང་རྒྱལ་དུབཟོ་བཅོས་དང་ཟུར་འདེད་འབུད་རྒྱག་བྱེད་པ་དང་།  གཞན་སྐད་ཀྱི་བསྲེས་ལྷད་བརྒྱབ་སྟེ་སྐད་ཡིག་ལ་རང་སྣང་གང་དྲན་བྱེད་པ་ནི་སྐད་ཡིག་ལ་གཏོར་བཤིག་གཏོང་བ་རང་རེད།  གོ་དོན་ལྷག་པོ་ཅང་སྟོན་རྒྱུ་མེད་ཁར།  དགོས་པ་དམིགས་བསལ་བ་ཅི་ཡང་མེད་པར་སྐད་ཡིག་ལ་བཟོ་བཅོས་དང་བསྲེས་ལྷད་རྒྱག་གིན་བསྡད་ན་སྐད་ཡིག་ཁ་འཐོར་དུ་འགྲོ་བའི་ཉེན་ཆེ་བ་ཡིན།  དཔེ་ཚོན་ཙམ་བཤད་ན།  གློག་ཀླད་ལྟ་བུ་རེད།  བོད་ནང་གི་བོད་མི་ཤེས་ཡོན་ཅན་རྣམ་པས་ཞིབ་འཇུག་མཐིལ་ཕྱིན་དང་འཚོ་བར་ཟབ་ཞུགས་ཀྱིས་གཏན་ལ་ཕབ་པའི་ཐ་སྙད་ཅིག་རེད།  ཐ་སྙད་དེ་ལྟ་བུར་མཚོན་ན་བོད་མིའི་སྐད་ཡིག་གི་རང་གཤིས་དང་མཐུན་པར་མ་ཟད་གོ་དོན་ཐད་ཀར་སྟོན་ཐུབ་པ་དང་སྤྱི་ཚོགས་ཀྱི་ངག་སྒོ་ལ་འདྲིས་སླ་བ་ཞིག་རེད།   འོན་ཀྱང་རང་རེའི་སྤྱི་ཚོགས་ནང་།  ཐ་སྙད་དེ་ནི་རྒྱ་སྐད་ལས་ཐད་བསྒྱུར་བྱས་པ་ཞིག་ཡིན་པས་རང་རེས་བཀོལ་སྤྱོད་བྱས་ན་མི་འགྲིག    དེ་ལས་དབྱིན་ཇིའི་སྐད་དུ་ཀམ་པྰུ་ཊར་ཟེར་གྱི་ཡོད་པས་རང་རེ་རྣམས་དེ་ལྟར་འབོད་དགོས་པ་རེད་གསུངས།  དེར་བསྟུན་ནས་མི་རྣམས་ཀྱིས་རང་རང་ས་ནས་མཁས་རྟགས་སྟོན་འདོད་ཀྱིས་ཐ་སྙད་རེ་བཟོ་འགོ་བརྩམས།  ལ་ལས་གློག་རྩིས་འཕྲུལ་འཁོར་ཟེར།  ལ་ལས་གློག་འཕྲུལ་ཡིག་བཏགས་ཟེར།  ལ་ལས་གློག་ཀླད་འཕྲུལ་ཆས་ཟེར།  དེ་ལྟར་གློག་འཕྲུལ་ཡིག་སྒམ།  རིག་མཛོད།  རྩིས་འཁོར།  རྩིས་འཁོར་ཡིག་སྒམ་སོགས་སུ་བཏགས་བྱུང་།   ཐ་ན་ཀམ་པྰུ་ཊར་ཞེས་པའི་དབྱིན་ཇིའི་སྒྲ་སོར་བཞག་གི་ཐ་སྙད་དེ་ལ་ཡང་གཏན་ཁེལ་ཞིག་མེད་དེ།  ཁམ་པུའོ་ཐྲིར་དང་།  ཀམ་པུ་ཀྲར།  ཁམ་པོའི་དྲར།  ཁམ་པུ་ཊར་་སོགས་རང་རང་ས་ནས་གང་དྲན་རེ་བཏགས་ཏེ་སྤྱི་ཚོགས་ཁྲོད་བརྡལ་བྱུང་བས།  མི་རྣམས་བོད་སྐད་ཡིག་ལ་མགོ་ཉོག་པར་གྱུར།  ཀློག་རྒྱུར་མགོ་ན།  ཐ་ན་ཞེན་ཁ་ཡང་ལོག་པའི་གནས་སུ་གྱུར།  གཞན་ཡང་གཙུག་ལག་རེད།  སྔོན་བྱོན་ཡབ་མེས་དམ་པ་རྣམ་པས་གསར་བཟོ་ཡིས་གཏན་ལ་ཕབ་རྗེས།  མི་རབས་ནས་མི་རབས་བར་བརྒྱུད་ནས་ཡོང་བ་དང་།  གསུང་རབ་དང་བསྟན་བཅོས་རྣམས་ལས་རླབས་ཆེན་པོས་བཀོལ་བ་རེད།  འོན་ཀྱང་ཐ་སྙད་དེས་དོན་ཇི་བཞིན་དུ་སྟོན་མི་ཐུབ་པར་མི་རྣམས་མགོ་ཉོག་ཅིང་གོ་ལོག་ཐེབས་འཇུག་པའི་དཀའ་རྙོག་དང་ཞན་ཆ་ཅི་ཡང་མེད་པ་མ་ཟད།  དོན་གྱི་ཟབ་རྒྱས་དང་ཚིག་གི་ནུས་ཁྱད་སོགས་ཁྱད་དུ་འཕགས་པ་ཞིག་ཡིན།  འོན་ཀྱང་ཐ་སྙད་དེ་ལ་ཡང་བཟོ་བཅོས་གནང་བྱུང་།  དེ་ལ་གཙུག་ལག་མ་རེད་ལེགས་བྱང་རེད་གསུངས།  དེ་ནི་ལེགས་སྦྱར་དང་དབྱིན་ཇིའི་སྐད་དུ་ཅི་ཞིག་ཟེར་འདུག་པས་དེ་ལྟར་འབོད་དགོས་རེད་གསུངས།  མཁས་པས་འཆུག་ན་འདོམ་གང་ཟེར་བ་ཅི་མ་བདེན།  གནང་སྟངས་དེ་དང་སྐད་བརྡའི་ཁྲོད་བསྲེས་ལྷད་འཇུག་པའི་ཤུགས་རྐྱེན་དེ་སྤྱི་ཚོགས་ཁྲོད་ཤུགས་ཆེན་པོས་ཁྱབ་པར་གྱུར།  ད་ཆ་སྤྱི་ཚོགས་ཁྲོད་མི་རྣམས་ཀྱིས་སྔར་ནས་ཡོད་ཅིང་གཏན་ཁེལ་བའི་ཅ་དངོས་རྣམས་ཀྱི་ཐ་སྙད་ལ་རང་རང་ས་ནས་སྣང་བར་གང་དྲན་གྱིས་བཟོ་བཅོས་རེ་བྱེད་བཞིན་ཡོད།  མེ་ལོང་ངམ་ངོ་ལྟ་ལ་ངོ་ཤེལ་དང་གདོང་ཤེལ་ཟེར་ལ།  གནམ་གྲུ་ལ་བྱ་གྲུ་དང་།  ལག་འཁྱེར་ཁ་པར་ལ་ལག་ཐོགས་ཁ་པར་དང་ལག་འཕྲིན་སོགས་སུ་བཅོས།  དེ་བཞིན་དུ་སྐད་ཡིག་བསྲེས་ལྷད་ཀྱི་ཕྱོགས་ལ་གོམ་སྟོབས་ཆེན་པོས་སྤོ་ཞིང་།  ཐ་ན་སྤྱི་ཚོགས་ཁྲོད་ཀྱི་ཤེས་ཡོན་ཅན་དང་རྩོམ་པ་པོ་ཡིན་ཟེར་མཁན་རེ་འགས་རྩོམ་ཡིག་ཀྱང་བསྲེས་ལྷད་ཀྱིས་བྲིས་ཏེ་སྐད་ཆ་བདེ་བདེ་རེ་བཤད་བཞིན་ཡོད་ལ།  ད་དུང་དེ་ལྟར་འབྲི་བ་ནི་རང་ཉིད་ཀྱི་གཟི་བརྗིད་ཅིག་དང་མཁས་རྟགས་ཤིག་བསྟན་པར་སྙམ་བཞིན་ཡོད།  འདི་ལྟར་རང་སྣང་གང་དྲན་གྱི་ཐ་སྙད་དང་བསྲེས་ལྷད་ཀྱི་རྡོ་རུབ་འདིས་རང་རེའི་སྐད་ཡིག་འདི་ཁ་འཐོར་དགུ་འཐོར་དུ་བཏང་སྟེ་རྔ་ལམ་དུ་རྫོང་བར་གྲབས་བྱེད་པ་རེད།
    
  སྤྱིར་ཐ་སྙད་གསར་བཟོ་དང་མིང་ཚིག་བོད་བསྒྱུར་ངེས་པར་དུ་བྱེད་དགོས་པ་ཞིག་རེད།  དེ་ལྟར་བྱས་ཏེ་སྐད་ཡིག་འཕེལ་རྒྱས་ཀྱི་ཕོགས་སུ་བསྐྱོད་དགོས།  འོན་ཀྱང་དོན་གྱི་འབབ་ས་གཅིག་ཅིང་དགོས་པ་རྒྱུ་མཚན་ལྷག་པོ་ཅང་མེད་ན།  སྔར་ནས་གཏན་ལ་ཕབ་ཅིང་སྤྱི་ཚོགས་ཁྲོད་གོམས་འདྲིས་སུ་སོང་ཟིན་པའི་མིང་ཚིག་དག་བཀོལ་ན་ལེགས་པ་ལས།  རིག་གཞུང་ལ་རིགས་གཞུང་ཟེར་བ་ལྟ་བུའི་མཚོན་ཐ་སྙད་རླབས་ཆེན་དེ་ཚོར་རྣམ་པ་སྣ་ཚོགས་ཤིག་བཟོས་བསྡད་ན་གཅིག་ནས་སྐད་ཡིག་གཅིག་གྱུར་ལ་གནོད་པ་དང་།  གཉིས་སུ་སྐད་ཡིག་གོམས་འདྲིས་ལ་གནོད།  གསུམ་ནས་སྐད་ཡིག་མགོ་ཉོག་ཅན་དུ་འགྱུར་འགྲོ།  ཐ་ན་སྐད་ཡིག་གསར་སློབ་བྱེད་བཞིན་པ་ཞིག་ཡིན་ན་ཡང་དཀའ་ངལ་འཐོལ་བ་ཞིག་དུ་འགྱུར་འགྲོ་བས།  ང་ཚོས་དཀའ་མོ་དེ་སླ་མོར་བསྒྱུར་མ་ཐུབ་རུང་སླ་བ་དེ་དཀའ་བར་བསྒྱུར་དོན་མེད།  དེས་ན་རིག་གཞུང་ལྟ་བུ་ལ་མཚོན་ན་རང་རེའི་ཡབ་མེས་རྣམ་པས་དཔྱད་ཞིབ་ཡང་དག་གིས་གཏན་ལ་ཕབ་ཅིང་།  རང་གི་སྐད་གཤིས་དང་འོ་ཆུ་ལྟར་འདྲེས་ལ་ཐོས་པ་ཙམ་གྱིས་གོ་དོན་བདེ་བླག་ཏུ་སྟེར་ཐུབ་པའི་ཐ་སྙད་ལྷ་རབ་ཅིག་རེད་པས།  འདི་ལྟ་བུའི་ཐ་སྙད་ལེགས་པོ་རྣམས་ང་ཚོས་བསམ་བཞིན་དུ་འཆལ་འཆོལ་དང་དཀའ་རྙོག་ཅན་ཏུ་བསྒྱུར་དོན་མི་འདུག   གལ་སྲིད་ད་དུང་མུ་མཐུད་དུ་རང་སྣང་གང་དྲན་གྱིས་ཐ་སྙད་བརྗེ་སྤོར་དང་སྐད་ཡིག་ལ་བསྲེས་ལྷད་རྒྱག་གིན་བསྡད་ན་བར་སྐབས་ཤིག་ལ་ངས་བཤད་པ་ཁྱོད་ཀྱིས་མི་གོ་ཞིང་ཁྱོད་ཀྱིས་བཤད་པ་ངས་གོ་མི་ཐུབ་པའི་གནས་སུ་ལྷུང་སྟེ།  བོད་སྐད་ཡིག་ནི་ཆ་འཇོག་ཅི་ཡང་མེད་པའི་འཆོལ་བོ་ཞིག་དང་།  ཐ་ན་འཐོར་ཞིག་ཏུ་འགྲོ་བའི་ཉེན་ཡང་ཆེ་བ་རེད།  མདོ་དབུས་ཁམས་གསུམ་དང་།  དེ་དག་གི་ཡང་ནང་ཚན་དུ་སྐད་བརྡ་སྣ་ཚོགས་སུ་གྱེས་ཤིང་།  ད་བར་གཅིག་གྱུར་ཡོང་མི་ཐུབ་པའི་གནད་དོན་ཡང་རྒྱུ་རྐྱེན་འདི་འདྲ་བ་ཚོར་ཐུག་ཨེ་ཡོད་དམ་སྙམ་སྟེ་ཞར་བྱུང་ཙམ་མོ།  །འདི་དག་ནི་བློ་གཟུ་བོར་གནས་པའི་དཔྱོད་ལྡན་རྣམ་པར་རྟིང་སྐུལ་ཙམ་དུ་ཕུལ་བ་ལས།  ཁོག་ན་དུ་ནག་འཕྱུར་ཞིང་མིག་ཟུང་ནད་ཀྱིས་སྒྲིབ་པ་དག་ལ་ནི་ཅི་ཡང་ཞུ་ཡི་མེད་དོ།  །
 
  སྐད་ཡིག་ཉམས་རྒུད་དུ་གཏོང་ན་མིང་ཚིག་བསྲེས་ལྷད་དང་ཐ་སྙད་འཁྱོག་བཟོ་བྱེད་དགོས་པ་དེ་བཞིན་དུ་སྐད་ཡིག་ཕྱུག་འགྱུར་དང་འཕེལ་རྒྱས་སུ་གཏོང་དགོས་ན་མིང་ཚིག་གསར་བཟོ་དང་ཐ་སྙད་གཅིག་གྱུར་བྱེད་དགོས་པ་དེ་ཡིན།  ཡིན་ན་ཡང་རང་སྣང་གང་དྲན་དང་ལག་ལ་གང་ཡོང་བྱས་ཚེ་སྐད་ཡིག་གི་རང་གཤིས་དང་མི་མཐུན་པར་མ་ཟད།  ཡིག་ཐོག་ཏུ་འབྲི་སྟབས་མི་བདེ་ཞིང་སྨྲ་ལྕེ་ལ་འབྱོར་ཐབས་མེད་པའི་གནས་སྟངས་ལྷག་ངེས་ཡིན་པས།  དེ་འདྲ་བའི་ཐ་སྙད་ནི་ང་ཚོར་མེད་ན་བཟང་བ་རེད།  དེ་བས་ཐོག་མ་ནས་བསམ་བློ་ཞིབ་ཚེགས་གཏོང་རྒྱུ་ནི་ཤིན་ཏུ་གལ་ཆེ་བ་རེད།  ང་ཚོས་ཐ་སྙད་ཅི་ཞིག་བཟོས་རུང་ཆོག   གཙོ་བོ་དེ་སྐད་ཡིག་གི་གཤིས་ཀ་དང་མཐུན་པ་ཞིག   སྤྱི་ཚོགས་ཀྱི་གོམས་སྲོལ་དང་མཐུན་པ་ཞིག   སྨྲ་ལྕེ་ལ་འདྲིས་བདེ་བ་ཞིག   གོ་དོན་གཅིག་གྱུར་ཀྱི་ཐ་སྙད་དུ་གཏན་ལ་འབེབས་ཐུབ་པ་ཞིག་བཅས་བྱུང་ན་འགྲིག་པ་རེད།  ངེས་པར་དུ་ངེས་ཚིག་ཅིག་བཤད་དུ་ཡོད་དགོས་པའི་ངེས་པ་མི་འདུག་སྙམ།  ཉི་མ་དང་ཟླ་བ།  སྐར་མ་སོགས་ཀྱི་ཐ་སྙད་ནི་ང་ཚོར་ཅི་འདྲའི་བདེ་མོ་ཞིག་ཡིན་ཨང་།
 
   ཉེ་བའི་ལོ་རེ་ཟུང་འདི་དག་གི་རིང་བོད་ནང་དུ་བོད་མི་ཚོས་ལས་དོན་འདི་འདྲ་ཞིག་སྤེལ་གྱིན་འདུག   ལུང་ཚན་དང་ཆོལ་ཁའི་དབྱེ་ཁྱད་མེད་པར་ཕན་ཚུན་འབྲེལ་མཐུད་བྱས་ཏེ།  དུས་བཅད་བཟོས་ཤིང་དུས་བཅད་དེའི་ནང་ཚུན་དུ་རང་རང་ས་ནས་གསར་བསྒྱུར་དང་གསར་བཟོ་ཡིས་སྔར་མེད་ཐ་སྙད་གྲངས་བཅད་རེ་འཚོལ་སྒྲུབ་བྱ་དགོས་པ་དང་།  དུས་བཅད་ཟིན་རྗེས་ཚང་མ་མཉམ་འཛོམས་ཀྱིས་འཚོལ་སྒྲུབ་ཟིན་པའི་ཐ་སྙད་ཡོད་ཚད་ཕྱོགས་གཅིག་ཏུ་སྒྲུག་སྟེ།  གཙོ་སྦྱང་དང་དབྱེ་ཞིབ་མཐིལ་ཕྱིན་གྱིས་གོ་དོན་གསར་བཅད་དང་ཐ་སྙད་གཏན་འབེབས་བྱེད་པ་རེད།  གཏན་ལ་ཕབ་ཟིན་པའི་ཐ་སྙད་དེ་དག་བརྙན་འཕྲིན་དང་རླུང་འཕྲིན།  རྩོམ་ཡིག་སོགས་སུ་བཀོལ་སྤྱོད་ཀྱིས་སྤྱི་ཚོགས་ཁྲོད་ཁྱབ་སྤེལ་བྱེད་པ་དང་།  ཚིག་མཛོད་དུ་བསྒྲུགས་ཏེ་སྐད་ཡིག་གཅིག་གྱུར་དང་འཕེལ་རྒྱས་ལ་ནུས་པ་བླ་ལྷག་ཏུ་འདོན་གྱིན་ཡོད།  དེ་ཙམ་དུ་མ་ཟད།  ས་གནས་དང་ལུང་བ།  དགོན་སྡེ་དང་ཚོགས་པ་བཅས་སུ་སྒྲིག་འཛུགས་བཟོས་ཏེ།  ད་ནས་བཟུང་སྐད་ཆའི་ཁྲོད་བསྲེས་ལྷད་འདྲེས་མི་འཇུག་རྒྱུའི་དམ་བཅའ་བ་དང་རང་རང་ས་ནས་འགྲིག་ཁྲིམས་བཟོས་ཏེ་སྐད་ཡིག་སྲུང་སྐྱོབ་ལ་རང་ནུས་རྩལ་དུ་སྤྲུག་གིན་ཡོད།  མི་བུ་དང་མི་གཞི།  སྒལ་ཚིགས།  དཔྱོད་ཤེས།  རྟོགས་འཇུག་ལྟ་བུ་སོགས་ལ་མཚོན་ན་ཡང།  གཏན་འབེབས་བྱས་པའི་ཐ་སྙད་གྲས་སུ་ཚུད་མིན་དང་ཚིག་གྲུབ་ཏག་ཏག་ཅིག་འགྲིག་གི་ཡོད་མེད་ལ་མ་ལྟོས་པར་སྐད་ཡིག་གཞན་གྱི་བསྲེས་ལྷད་མ་བཅུག་པར་རང་སྐད་ཀྱིས་བརྗོད་དོན་སྟོན་ཐབས་གཙོར་འདོན་བྱས་འདུག་པས།  བྱེད་སྟངས་དེ་ཚོའི་རིགས་ནི་ཡི་རངས་དང་བསྔགས་བརྗོད་ཞུ་འོས་པ་ཞིག་རེད་སྙམ།  རང་རེ་བཙན་བྱོལ་ཁྲོད་དུ་ཡང་ཐ་སྙད་འཁྱོག་བཟོ་དང་སྐད་ཡིག་བསྲེས་ལྷད་ཅན་དུ་བསྒྱུར་བ་ལས་བོད་ནང་གི་བོད་མི་དེ་ཚོའི་བྱེད་སྟངས་ལ་ཁ་མིག་ཡར་ལྟ་བྱས་ཏེ།  རང་ཅག་ལ་མེད་པའི་གཞན་སྐད་ཁྲོད་ཀྱི་མིང་ཚིག་དེ་ཚོ་བོད་བསྒྱུར་དང་།  སྔར་མེད་ཀྱི་ཐ་སྙད་མང་བོ་གསར་བཟོ་བྱས་ན་དེ་ནི་བྱས་རྗེས་ཅིས་མ་ཡིན།  དེ་ལྟ་མ་ཡིན་པར་རང་ཉིད་ཅི་ཞིག་ལ་མཁས་ཚུལ་སྟོན་ཆེད་སྔར་ཡོད་ཀྱི་ཐ་སྙད་ལ་བཟོ་བཅོས་དང་གཞན་སྐད་ལ་མགོ་འདོགས་ཀྱིས་རང་སྐད་ལ་བསྲེས་ལྷད་བཅུག་ན་ནི།  མི་སུ་འདྲ་ཞིག་ཡིན་རུང་ཆོག   བྱེད་སྟངས་དེ་ནི་ནག་ཉེས་ཀྱི་ཁོངས་སུ་བགྲང་བ་ལས་མཛད་རྗེས་ཀྱི་ཁོངས་སུ་དུས་ནམ་ཡང་བགྲང་ཐུབ་པ་ཞིག་མ་རེད།
    
   རང་རེ་བོད་ལ་གནའ་སྔ་མོ་ནས་དོན་དག་དམིགས་བསལ་བ་དང་ཐ་སྙད་གསར་བ་ལ་ཟུར་དུ་མཆན་བྲིས་ཏེ་གསལ་བཤད་བྱེད་པའི་སྲོལ་རྒྱུན་ཞིག་ཡོད་པ་རེད།  སྐད་ཡིག་གཞན་ལས་མིང་ཚིག་ཅིག་ཚུར་བསྒྱུར་བའམ།  ཡང་ན་ཐ་སྙད་གསར་བ་ཞིག་བཟོས་པ་ཡིན་ན་དེ་ལ་ལོགས་སུ་དེ་འབྲེལ་གྱི་མཆན་བྲིས་ཏེ་རྒྱ་ཁྱབ་ཏུ་ཁྲོམས་དང་།  དེས་གསལ་བོ་དང་གཏན་འབེབས་ལ་ཕན་པ་ཞིག་ཡོང་གི་རེད།  སྐད་ཡིག་ཁྲོད་ངེས་པར་དུ་བསྲེས་ལྷད་རྒྱག་དགོས་པའི་དོན་དག་ཅིག་ཨེ་ཡོད་དམ།  དེ་ལྟར་བྱས་ན་སྐད་ཡིག་ཁ་འཐོར་དུ་འགྲོ་བའི་ཉེན་ཆེ་བ་ལོས་ཤེས།
             
  ཤེས་ཡོན་མེད་པའི་སྤྱི་ཚོགས་ཤིག་ལ་མཚོན་ན།  ལེགས་བྱང་གི་འགྲོས་ནི་ཧ་ཅང་དལ་ལ་ངན་ཕྱོགས་ཀྱི་ཤུགས་རྐྱེན་ནི་ཤོག་བུ་སྣུམ་གྱིས་ཟ་བ་བཞིན་ཕྱོགས་གང་སར་ཁྱབ་སླ་བ་རེད། དེ་བས་ན།  སྤྱི་ཚོགས་ལ་ཤུགས་རྐྱེན་ཆེ་ཞིང་སྤྱི་ཚོགས་སྣེ་ཁྲིད་པ་རྣམ་པས་མཛད་སྤྱོད་ཀྱི་ཆ་ཕྲ་མོ་ཙམ་ལ་ཡང་ཐུགས་ཉམས་ནན་པོར་བཞག་སྟེ།  དེང་ཕྱིན་ནོར་འཛོལ་གྱི་ཆ་དེ་དག་ལ་ཡོ་སྲང་གནང་རྒྱུ་གལ་ཆེ་ལ།  སྤྱི་ཚོགས་ཁྲོད་སྐད་ཡིག་ལ་དུང་ཞེན་ལྷག་བསྡད་ཡོད་པའི་མི་རྣམས་ཀྱིས་ཀྱང་རང་རང་ས་ནས་སྐེ་རགས་སྡོམ་དགོས་པར་སྣང་ངོ་།  །
 

མཆན། 43

  1. ཅོ་རི་ཉི་མ། says:
    ལོ་ 13 སྔོན།

    གཞབ་ཞེས་པར་གཞན་སྐད་ཞེས་བཅོས་རོགས

    Reply
  2. ཅོ་རི་ཉི་མ། says:
    ལོ་ 13 སྔོན།

    བསྟན་འཛིན་ཤེས་རབ་མཆོག་ལགས་ཁྱེད་ཀྱི་ཀླད་པ་དེར་ལྟ་དཔྱོད་ཚར་གཅིག་བྱེད་ན་མ་གཏོགས་ཁྱེད་སྨྱོ་པ་ཆགས་རེན་ཡོད་པ་འདྲ།
    གང་ཡིན་ཞེ་ན་་་ཁྱེད་རང་གིས་ཁྱེད་རང་ལ་དགག་པ་རྒྱག་གི་འདུག
    ཀམ་པུང་དྲར་ཞེས་པ་འདིར་བོད་མིང་མིན་བེད་སྤྱོད་གཏོང་ན་ཉེས་པ་ཆེ་ཟེར་མཁན་ཁྱེད་རང་རེད། པདྨ་ཞེས་པ་འདིར་བེད་སྤྱོད་གཏོང་ན་ཡག་བ་དང་ཁྱབ་ཆེ་འདུག་གསུངས་མཁན་ཁྱེད་རེད།
    པདྨ་ཞེས་འདི་ཡང་སྔོན་མ་བོད་ཀྱི་སྤྱི་ཚོགས་ནང་དུ་སླེབས་དུས་ཀམ་པུང་དྲར་ཞེས་པའི་ཐ་སྙད་འདི་གཉིས་གཅིག་པ་རེད། གཞབ་སྐད་ཡིན་ན་ཡིན་མཉམ་རེད།
    ཆུ་སྐྱེས་ཞེས་པ་དང་གློག་ཀླད་ཞེས་པ་གཉིས་གཅིག་པ་རེད། འདོད་ན་མཉམ་འདོད་དགོས་པ་རེད། རིག་པའི་དགག་བྱ་དམིགས་བསལ་གཏོང་ཡ་མེད། དགག་ན་དགག་མཉམ་དང་སྒྲུབ་ན་སྒྲུབ་མཉམ་དགོས་པ་རེད།
    ཁྱེད་ཀྱིས་བསམ་བློ་ཡག་པོ་ཐོངས་སོ་སོའི་ཀླད་པ་ལ་སྐྱོན་ཡོད་མེད་ཞིབ་འཇུག་བྱོས།
    རང་གིས་རང་ལ་དགག་པ་རྒྱག་མཁན་ཁྱེད་མགཏོགས་མཐོང་མྱོང་མེད་ད།་ཧ་ཧ་ཧ་
    དྲི་བ་གཏོང་བའི་དུས་ཚོད་མ་རེད་་་་ལན་རྒྱབ་དགོས་པའི་དུས་ཚོད་རེད། དྲ་གྲོགས་རྨེའུ་དཀོན་རྒྱམ་ལགས་ཀྱི་དྲི་བ་ཁག་ལ་ལན་རེད་ཁུར་ཤོག་་་་་་ཡིན་ད་་་ཡ་ཅི་རེད་་ཅི་རེད། མེད་ན་ཚར་རྒྱག་གི་ཡིན་ད།

    Reply
  3. བསྟན་འཛིན་ཤེས་རབ། says:
    ལོ་ 13 སྔོན།

    ཅོ་རི་ཉི་མ་ལགས་ཀྱིས་ཤུགས་བསྐྱོན་པར་བཀའ་དྲིན་ཆེ།

    Reply
  4. བསྟན་འཛིན་ཤེས་རབ། says:
    ལོ་ 13 སྔོན།

    དྲ་གྲོགས་རྣམ་པས་དཔྱད་གླེང་གནང་བར་བཀའ་དྲིན་ཆེ། ང་ཉིན་འདི་ཚོར་དྲ་ཐོག་ཏུ་ཞུགས་ཐུབ་མ་སོང་། དེ་རིང་ཡང་དུས་ཚོད་ཀྱི་བར་གསེང་བཙལ་ཏེ་ཡོང་བ་ཡིན། རྣམ་པ་ཚོས་རྩོམ་ཡིག་གི་བརྗོད་གཞི་དང་འབྲེལ་བའི་དཔྱད་གླེང་རེ་མུ་མཐུད་གནང་རྒྱུ་རེ་བ་ཞུ་བཞིན་ཡོད།

    རྩོམ་ཡིག་འདིའི་བརྗོད་གཞི་དང་འབྲེལ་བ་དེ་ཙམ་མི་འདུག་མོད། ད་ངས་ཀྱང་བསམ་ཚུལ་ཞིག་འབུལ་འདོད་སྐྱེས། བོད་སྐད་ཡིག་གི་ཐ་སྙད་བེད་སྤྱོད་ཁྲོད། པད་མ་ཞེས་ན་བརྗོད་བདེ་ཞིང་བེད་སྤྱོད་ཁྱབ་ཆེ་ལ་ཆུ་སྐྱེས་ཞེས་ན་བེད་སྤྱོད་དེ་ཙམ་གྱི་ཁྱབ་མི་ཆེ་བ་དང་། ཡང་རྡོ་རྗེ་ཞེས་པའི་ཚིག་ནི་བེད་སྤྱོད་ཁྱབ་ཆེ་ལ་བཛྲ་ནི་དེ་ཙམ་ཞིག་མ་ཡིན་པའི་གནད་དག་ལ་ངེས་པར་དུ་བསམ་བློ་གཏོང་དགོས་པར་སྣང་ངོ་།

    Reply
  5. ཅོ་རི་ཉི་མ། says:
    ལོ་ 13 སྔོན།

    དུས་ཚོད་ཀྱིས་རྐྱེན་པས་ཆོད་ལྷག་མང་པོ་ཤོར་འདུག་པས་རྒྱ་ཆེ་ཀློག་པ་པོ་རྣམས་ལ་དགོངས་འགལ་མེད་པ་ཞུ།

    Reply
  6. ཅོ་རི་ཉི་མ། says:
    ལོ་ 13 སྔོན།

    དྲ་གྲོགས་རྨེའུ་དཀོན་རྒྱམ་ལགས་ཁྱེད་ཀྱི་དྲི་ལྔ་པའི་ལན་འདི་ཡིན། ཅུང་ཟད་མང་སོང།
    ༄༅། །བོད་ཀྱི་སོན་རྩ་རྣམས་ཀྱི་བོད་ཡིག་ཡག་པོ་མི་ཤེས་པའི་རྒྱུ་རྐྱེན་འདིར་ཐུག་ཡོད།
    བོད་ཀྱི་སྐད་ཡིག་འདི་ཆོས་ལུགས་ཅན་ཞིག་ཡིན་ཀྱང་ལྟ་གོས་ཅན་ཞིག་མིན་པས་མ་འོང་སོན་རྩ་རྣམས་ཀྱིས་འབད་བརྩོན་བྱེད་ཐུབ་མེད་པ་རེད། བོད་མི་རིགས་འདིས་བདེ་བ་འདོད་སྟངས་ལ་དབྱེ་ན་གཉིས་ཡོད། གཅིག་ནི་ལྐོག་ཏུ་གྱུར་པའི་སྐྱེ་བ་ཕྱི་མ་ཐར་པ་དང་ཐམས་ཅན་མཁྱེན་པའི་གོ་འཕང་ཟེར་བ་འདིར་རེད།

    གཉིས་པ་ནི་མི་ཚེ་འདིའི་བདེ་སྐྱིད་རེད། མི་ཚེ་འདིའི་བདེ་སྐྱིད་དང་འཚོ་བའི་དཔལ་འབྱོར་བར་རུ་འབྲེལ་བ་ཆེ་བ་དང་མི་རྣམས་ཀྱིས་དུས་རྒྱུན་དུ་དཔལ་འབྱོར་ཆེད་དུ་འབད་བརྩོན་བྱས་དང་བྱེད་བཞིན་པ་རེད། དེར་བརྟེན་འཛམ་གླིང་ཐོག་ཏུ་སློབ་གྲྭ་བ་རྣམས་ཀྱིས་སློབ་སྦྱོང་ལ་འབད་བརྩོན་བྱེད་པ་འདི་ནི་སྐྱེ་བ་ཕྱི་མ་ལ་ཕན་པའི་བྱ་བ་མིན་པ་ཐམས་ཅད་ཚེ་འདིའི་བདེ་སྐྱིད་ཐོབ་ཆེད་དུ་རེད།

    ཚེ་འདིའི་བདེ་སྐྱིད་ཐོབ་པ་ལ་རང་ཉིད་ཀྱི་འཚོ་བ་ཡག་པོ་ཞིག་ཡོང་ཐབས་ལ་འབད་དགོས་པ་དང་འཚོ་བ་ཡག་པོ་ཞིག་འགྲུབ་ཐུབ་པའི་ཆེད་དུ་ *ལས་དོན་* occupation. Professional.*སློབ་སྦྱོང་བྱེད་དགོས།

    ལས་དོན་སློབ་སྦྱོང་བྱེད་པར་སྐད་ཡིག་གཅིག་བརྟེན་ནས་བསླབ་དགོས་པ་དང་དེ་འདྲ་ཡིན་དུས་རང་གི་བསླབ་པའི་སྐད་ཡིག་དེའི་ནང་དུ་ལས་དོན་སྡེ་ཚན་རྣམས་ཡོད་དགོས། བོད་ཀྱི་སྐད་ཡིག་ནང་དུ་ལས་དོན་སྡེ་ཚན་མེད་དུས་བོད་ཀྱི་སྐད་ཡིག་ལ་བསྟེན་ནས་ལས་དོན་སློབ་སྦྱོང་བྱེད་ཐུབ་ཀྱི་མེད་པས་མ་འོང་སོན་རྩ་རྣམས་ཀྱིས་བོད་ཡིག་སློབ་སྦྱོང་ཡག་པོ་བྱེད་ཀྱི་མེད་པ་རེད་འདོད།

    གལ་སྲིད་བོད་ཡིག་ལ་བརྟེན་ནས་དེང་རབས་གསར་པའི་ལས་དོན་སྡེ་ཚན་ཁག་བསླབ་ཐུབ་པ་དང་དེར་བརྟེན་དཔལ་འབྱོར་ཡོང་ཁུངས་ཞིག་ཡོད་ན་རྒད་མགོ་དཀར་མན་ཆད་དང་ཆུང་སོ་དཀར་ཡན་ཆད་ཀྱིས་ཉིན་མཚན་མེད་པར་འབད་བརྩོན་བྱེད་ངེས་རེད།

    དཔེར་ན། བལ་ཡུལ་སྤོར་ར་གཞི་ཆགས་ཁག་གི་བོད་མི་རྒད་པོ་རྒད་མོ་ཚོས་སྐད་རིགས་སྣ་མ་སྣ་ཚོགས་ཤེས་ཀྱི་ཡོད། ཁོང་རྣམ་པའི་འཚོ་བའི་ཆེད་དུ་ཡུལ་སྐོར་སྤྲོ་འཁྱམ་པའི་མཉམ་དུ་ཚོང་ལས་ལ་བརྟེན་ནས་འཚོ་བ་སྒྲུབ་དགོས་པས་རེད།

    ཚེ་འདིའི་འཚོ་བ་སྒྲུབ་ཐུབ་པའི་སྐད་ཡིག་ཅིག་ཡིན་ན་སྐད་ཡིག་དེ་ལ་འབད་བརྩོན་བྱེད་མཁན་ཡོད་ཡོད་པ་རེད། དེར་མེད་ན་ཆོས་གཅིག་པོ་བྱེད་ཐུབ་ཙམ་གྱི་སྐད་ཡིག་ཞིག་ལ་ཁ་ནས་རྩ་བ་ཆེན་པོ་རེད་ཞེས་བཤད་ཀྱང་དོན་དངོས་ཐོག་འབད་བརྩོན་ཅི་ཙམ་ཡོད་མེད་ང་རང་ཚོའི་བཙན་བྱོལ་བོད་ཕྲུག་རྣམས་ལ་གཟིགས་དང།

    བོད་ཡིག་པོ་ཤེས་ཀྱི་མེད་པ་དང་དབྱིན་ཡིག་པོ་ཤེས་པ་དང་འབད་བརྩོན་གཙོ་བོ་དབྱིན་ཡིག་ཐོག་ཏུ་བྱེད་ཀྱི་ཡོད། བོད་ཀྱི་སྐད་ཡིག་འདི་ཡུན་རིང་གནས་དགོས་ན་འདི་ལ་སློབ་སྦྱོང་བྱེད་མཁན་དགོས་ཀྱི་རེད།བོད་ཡིག་ལ་སློབ་སྦྱོང་བྱེད་མཁན་དགོས་ན་བོད་ཡིག་ནང་དུ་ལས་དོན་སྡེ་ཚན་བསྒྱུར་དགོས་པ་མཐོང།
    རྨེའུ་དཀོན་རྒྱམ་གྱིས་དྲི་བ་༥》 དེང་དུས་ཀྱི་རིག་གནས་དང་རྒྱུན་ཤེས་གང་མང་ཞིག་བོད་ཡིག་ཏུ་བསྒྱུར་ཐབས་སུ། བྱ་ཐབས་ག་འདྲ་ཞིག་འདོན་དགོས་པ་རེད་དམ།
    ལན།
    དེང་དུས་ཀྱི་ལས་དོན་སྡེ་ཚན་གྱི་རིག་གནས་བོད་ཀྱི་སྐད་ཡིག་ནང་དུ་བསྒྱུར་པར་ཆ་རྐྱེན་མང་པོ་ཞིག་དགོས་ཀྱི་རེད་སྙམ། དཔེར་ན་འཛམ་གླིང་ཐོག་ཏུ་དེང་དུས་ཀྱི་ལས་དོན་སྡེ་ཚན་མང་པོ་ཡོད་པའི་ནང་ནས་ང་ཅོ་རིས་ཤེས་པ་ནི་མ་ཆེན་གྱི་ལས་དོན་ཡིན་པས་ཟས་ཀྱི་རིག་གནས་སྐོར་རུ་མྱོང་བ་ཅང་ཟད་ཡོད་པས་མ་ཆེན་ལས་དོན་བོད་ཡིག་ནང་དུ་བསྒྱུར་སྟངས་བཤད་ན།

    དང་པོ་ཐ་སྙད་ཀྱི་མ་འདང་བའི་དཀའ་ངལ་ཆེ་ཤོས་རེད། ཟས་ཀྱི་རིགས་མི་འདྲ་ཧ་ཅང་མང་པོ་ཡོད་པ་དང་དེ་འདྲའི་རིགས་རྣམས་ཐ་སྙད་འདི་དང་འདི་བེད་སྤྱོད་བྱ་དགོས་མིན་ཁ་ཚོན་གཅད་མ་ནུས་པ་དང་ག་སྲིད་ཐག་གཅོད་ནས་བྲིས་པ་ཡིན་ན་གཞན་གྱིས་གོ་མི་ཐུབ་པའི་དཀའ་ངལ་འདི་ནི་སྡུག་ཤོས་འདུག

    དཔེར་ན་Pizza ལྟ་བུ་བཟོ་སྟངས་བོད་ཡིག་ནང་དུ་བསྒྱུར་དགོས་དུས་དང་པོ་pizzaཞེས་པ་འདི་ལ་མིང་ཞིག་འབྲི་དགོས་པས་སྒྲ་སོར་བཞག་བྱེད་ནས་གོ་སླ་ཡང་དེང་སང་སྤྱི་ཚོགས་ནང་དུ་སྒྲ་སོར་བཞག་པ་རྣམས་ལ་ངོས་ལེན་མེད་གསུངས་མཁན་མང་པོ་རེད།

    བོད་མང་གི་མཁས་དབང་ཚོས་བོད་སྒྱུར་བྱས་པའི་ཚིག་མཛོད་རེ་གཉིས་ཡོད་ཀྱང་ལས་དོན་སྡེ་ཚན་ཞིག་བོད་ཡིག་ནང་དུ་བསྒྱུར་པ་ལ་ཕན་ནུས་ཆ་ཚང་བ་ཡོད་པ་གཅིག་ཀྱང་མེད། ལས་དོན་རིག་གནས་ཤེས་མཁས་ཚོས་བོད་ནས་བཏགས་པའི་ཐ་སྙད་གསར་པ་རྣམས་མ་ཤེས་པ་དང་བྱ་དངོས་གསར་པ་རྣམས་ལ་མིང་ལྷག་གཏགས་མཁན་ཚོས་ལས་དོན་རིག་གནས་མ་ཤེས།
    གལ་སྲིད་བྱ་དངོས་གསར་རྣམས་ལ་བོད་མིང་ཡིན་ཟེར་ནས་ཅིག་འདོགས་ཁུལ་བྱེད་པ་ཡིན་ན་ལས་དོན་རིག་གནས་བོད་ཡིག་ནང་དུ་བསྒྱུར་ཐུབ་པ་ཁག་པོ་རེད་འདུག
    བཙན་བྱོལ་བོད་གཞུང་གིས་ངོས་ནས་ཐ་སྙད་གསར་པ་གཏན་འབེབས་ཀྱི་ཚིག་མཛོད་རྩ་བ་བརྟེན་ས་ཞིག་དང་ཆ་ཚང་བ་ཞིག་བཟོ་ཐུབ་པ་ཡིན་ན་ལས་དོན་སྡེ་ཚན་ཁག་བོད་ཡིག་ནང་དུ་བསྒྱུར་ཐུབ་སྙམ།
    དེང་དུས་ཀྱི་ལས་དོན་རིག་གནས་བོད་ཡིག་ནང་དུ་བསྒྱུར་མཁན་ཞིག་གི་ངོས་ནས་ཚང་དགོས་པའི་ཆ་རྐྱེན་དང་པོ་རང་ཉིད་ཀྱི་ལས་དོན་རིག་གནས་དེར་ཤེས་དགོས། གཉིས་པ་སྐད་ཡིག་གཉིས་ཤེས་དགོས་ཀྱི་རེད་སྙམ།
    Pizza བཟོ་ཤེས་པའི་མ་ཆེན་ལག་ཤེས་པ་ཞིག་ཡིན་ན་ཡུང་རོ་རྒྱལ་ཁབ་ཁག་གི་ནང་དུ་ལས་ཀ་མི་རག་པའི་སེམས་མེད། གཞན་རྒྱ་གར་བལ་ཡུལ་ནང་དུ་མཐོ་སློབ་ཕྱིན་པ་ཡིིན་ཟེར་མཁན་ཚོས་ལས་ཀ་གཙང་མ་བཟོ་ཡ་དང་སྡེར་མ་ཁྲིས་ཡ་ལས་ཀ་མ་གཏོགས་ཁག་པོ་རེད། མདོ་ན་དེང་དུས་ཀྱི་ལས་དོན་རིག་གནས་མེད་པའི་མི་ཞིག་གི་འཚོ་བ་པོ་ཞིག་ཡོང་བ་ཁག་པོ་རེད།
    ང་ཅོ་རིའི་རྨོངས་ཀླད་ནང་དུ་འཆར་བ་ནི་ཟས་ཀྱི་རིག་གནས་གཅིག་པོ་ཐོག་ནས་བཙན་བྱོལ་གཞུང་མང་གཉིས་ཀ་རང་ཉིད་རང་རྐང་སྟེང་དུ་ལང་ཐུབ་སྙམ།
    རྗེས་སུ་ལས་དོན་རིག་གནས་ལག་ལེན་བསྟར་ཕྱོགས་སྐོར་རུ་མུ་མཐུད་ནས་འབྲི་གྱི་ཡིན།

    Reply
  7. ཅོ་རི་ཉི་མ། says:
    ལོ་ 13 སྔོན།

    བསྟན་འཛིན་ཤེས་རབ་ལགས་ཁྱེད་ལ་ངོ་ཚ་རྒྱུ་འདྲ་ཡོད་དམ། རྩོམ་ཉོག་འདིར་གཡུགས་བཞག་ནས་ཅི་ཡིན་ནམ། ལན་རེ་རྒྱག་ན་ཡག་པོ་ཡོད་རེད། ད་ལྟ་མཁས་ཉམས་དེ་ཙམ་སྟོན་རིན་མི་འདུག ཕེབས་ཤོག དུང་དཀར་མཆོག་གི་གསུངས་འདིར་དོན་འགྲེལ་རེ་ཡོད་དམ།་་་་ཧ་ཧ་ཧ་

    Reply
  8. ཅོ་རི་ཉི་མ། says:
    ལོ་ 13 སྔོན།

    དྲ་གྲོགས་རྨེའུ་དཀོན་རྒྱམ་ལགས་ཁྱེད་ཀྱི་དྲི་བ་ཁག་བཅུ་ཡོད་པ་རྣམས་ཧ་ཅང་གལ་ཆེ་བའི་དྲི་བ་རེད་འདུག དྲི་བ་ཚང་མ་ལ་ལན་རེ་ཕུལ་འདོད་ཆེ་ཡང་ཀློག་དགོས་པའི་དཔེ་དེབ་མང་པོ་ཞིག་ལོ་མང་སྔོན་དུ་བཀླགས་མྱོང་ཡོད་ཀྱང་ད་སྐབས་ཞིབ་ལྟ་ཞིག་མ་བྱེད་ན་བཤད་ཚོད་ཁག་པོ་འདུག་ལགས།
    དེ་རིང་ངས་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་བརྩམས་པའི་༼བོད་ཀྱི་སྐད་ཡིག་འཕེལ་རྒྱས་གཏོང་ཕྱོགས་སྐོར་གྱི་ཐོག་མའི་བསམ་ཚུལ།༽ཞེས་པ་འདིར་བཀླགས་པ་ཡིན། དེ་དང་འབྲེལ་བ་ཡོད་པའི་ཐ་སྙད་གསར་པའི་སྐོར་རུ་ལུང་འགྲེལ་བྱེད་ནས་ལན་ཐུང་ཞིག་ཁྱེད་ཀྱི་དྲི་བཅུའི་ནང་གི་བདུན་པར་ཕུལ་གྱིས་ཡིན།
    དུང་དཀར་མཆོག་གིས་གསུངས་རྩོམ་དེའི་ནང་གི་དོན་ཚན་བདུན་པར་ལས།
    མི་རིགས་གཞན་གྱི་སྐད་བརྡ་སྒྲ་སྦྱོར་བྱེད་སྐབས་བོད་ཡིག་རང་གི་ཐོག་ནས་བྱེད་ཐུབ་པ། དེ་ཡང་མི་རིགས་ཕན་ཚུན་བར་རིག་གནས་བརྗེ་རེས་བྱེད་སྐབས་མིང་དང་ཚིག་འགའ་ཞིག་མི་རིགས་སོ་སོའི་སྐད་རང་སོར་བཞག་པ་མ་གཏོགས་གོ་དོན་བོད་སྐད་དུ་བསྒྱུར་ན་མི་འགྲིག་པ་དཔེར་ན།
    བོད་རིགས་ས་ཁུལ་དུ་མེད་ཅིང་མི་རིགས་གཞན་དག་གི་ས་གནས་སུ་ཡོད་པའི་སྲོག་ཆགས་དང་། རྩི་ཤིང་མེ་ཏོག་ རིན་པོ་ཆེ། གཏེར་ཁ་སོགས་ཀྱི་མིང་དང་། ལག་རྩལ་སོགས་འགའ་ཞིག་མི་རིགས་སོ་སོའི་སྐད་དེ་ཉིད་རང་སོར་མ་བཞག་པར་གང་བྱུང་དོན་བསྒྱུར་བྱས་ན་ཕན་པ་ལས་གནོད་པ་ཆེ་བ་ཡིན་པས་དེ་འདྲ་བའི་རིགས་རྣམས་བོད་རང་གི་ཐོག་ནས་སྒྲ་སྦྱར་བྱས་ཚེ། ལ་ཏིང་གི་སྐད་ཡིག་ཐོག་ནས་སྒྲ་སྦྱོར་བྱས་པ་དང་ཁྱད་པར་གཏན་མེད་པ་ནི།
    སྔར་གྱི་བོད་ཡིག་དཔེ་ཆ་མང་པོའི་ནང་རྒྱ་གར་དང་། རྒྱ་ནག བལ་ཡུལ། ཁ་ཆེ། ཞང་ཞུང་། དབྱིན་ཇི་སོགས་ཀྱི་སྒྲ་སྦྱོར་ཡི་གེ་སྐད་གཉིས་ཤན་ཐོག་ནས་བྲིས་པ་རྣམས་མི་རིགས་གཞན་དག་གི་སྐད་ཀྱི་ཐོག་ནས་བྲིས་པ་ལས་ཀྱང་སྒྲ་དག་པ་དང་ལེགས་པ་ཡོད་པ་ནི།
    སྐད་གཉིས་ཞན་སྦྱར་དང་། སྐད་བཞི་ཞན་སྦྱར་གྱི་དག་ཡིག་དང་། ཟློས་གར་གྱི་གཞུང་དེ་ཚོར་བལྟས་ན་ཤེས་ཐུབ་པ་ཡོད།
    ཞེས་གསུངས་འདུག་ལགས།
    ཐ་སྙད་གསར་བཟོ་སྐབས་སུ་ཡུལ་ལུང་སོ་སོའི་དངོས་མིང་དང་འཛམ་གླིང་ཐོག་ཏུ་ཁྱབ་ཆེ་བ་རྣམས་བེད་སྤྱོད་བྱེད་ན་འགྲིག་འགྲོ་སྙམ། གལ་ཆེ་ཤོས་ང་རང་ཚོས་ཐ་སྙད་བེད་སྤྱོད་བྱེད་དུས་གཅིག་མ་གཏོགས་དོན་རྡོག་རྡོག་གཅིག་ལ་ཐ་སྙད་མི་འདྲ་བ་དུ་མ་བརྡ་སྦྱར་ན་བོད་ཀྱི་སྐད་ཡིག་འདི་འཐོར་ངེས་ཡིན།
    ཐ་སྙད་གསར་པ་བཟོ་སྟངས་དང་སྒྲིག་ཁྲིམས་བཟོ་སྐབས་ཐོག་མ་བོད་ཕྱི་ནང་གི་བོད་མི་མཁས་དབང་རྣམས་ཀྱི་བསམ་ཚུལ་བསྡུར་ནས་ཚོགས་འདུས་ཏུ་གྲོས་བསྡུར་བྱ་དགོས། དེ་ནས་བཙན་བྱོལ་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་ངོས་ནས་སྒྲིག་ཁྲིམས་གཏན་འབེབས་གནང་དགོས།
    དེ་ནས་རིམ་བཞིན་གསར་འཕྲིན་ཁག་དང་སློབ་གྲྭ་ཁག་ལ་སོགས་བོད་ཡིག་བེད་སྤྱོད་བྱེད་མཁན་རྣམས་ཀྱིས་ལག་ལེན་བསྟར་ཐུབ་པ་བྱ་དགོས་པ་མིན་འགྲོ་སྙམ། མདོ་དོན་གནས་ཚུལ་འདི་ཚོ་མགྱོགས་དགོས་པ་ཞིག་རེད་མ་གཏོགས་དོན་རྡོག་རྡོག་གཅིག་ལ་ཐ་སྙད་མི་འདྲ་བ་དུ་མ་བརྡ་སྦྱར་དང་སྦྱོར་བཞིན་པ་རེད། རིམ་བཞིན་སྤྱི་ཚོགས་ནང་དུ་གོམས་གཞི་ཆགས་ན་བཅོས་ཁག་པོ་ཡོང་རེད་སྙམ།
    བོད་གཞུང་ཤེས་རིག་ལས་ཁུངས་འདིར་གཉིད་སད་ན་བསམ་པའི་རེ་བ་བྱེད་ནས་སྡོད་ཡོད་ལགས།
    དྲི་བ་གཞན་རྣམས་ལ་ལན་ཕུལ་ཐུབ་པ་འགའ་རེ་འདུག་པས་རྗེས་སུ་ཕུལ་ཆོག་པ་ཞིག

    Reply
  9. རྭ་ལྷུན། says:
    ལོ་ 13 སྔོན།

    ཆད་ལྷག་ཤོར་བ་་་་་་་་་བོད་ཀྱི་སྐད་ཡིག་ལ་བརྟེན་པ་སུ་དང་སུ་ཞིག་་་་་་་་ཞེས་བཅོས་རོགས་ཞུ།

    Reply
  10. རྭ་ལྷུན། says:
    ལོ་ 13 སྔོན།

    ཤ་རུས་གདོང་རྒྱུད་གཅིག་པའི་བོད་རིགས་སྤུན་མཆེད་རྣམ་པའི་སྙན་ལམ་དུ།
    གུས་པས་རང་རེའི་སྐད་ཡིག་ཐད་ལ་བསམ་ཚུལ་བརྗོད་འདོད་བྱུང་བས་ན། བརྗོད་སྟངས་དང་ཚིག་དམར་རྗེན་དུ་བཏོན་དྲགས་ན་ཐོག་མ་ནས་དགོངས་ཡངས་ཡོང་བར་ཞུ།
    བོད་མི་རིགས་ཀྱི་ཆ་ནས་བཤད་ན། བོད་རྒྱལ་ཁབ་ཀྱི་ས་ཁོངས་ཙམ་མ་ཟད། རིགས་རྒྱུད་དང་སྐད་ཡིག་གཅིག་པའི་ཤར་པ་དང་རྟ་དམག འབྲུག་པ་ལ་སོགས་པས་བོད་སྐད་དང་བོད་ཡིག་ལ་བཟོ་བཅོས་མི་བརྒྱགས་པར་གཙང་ཉར་བྱེད་རྒྱུ་ནི་ཕྲན་གྱི་རེ་བ་ཉག་ཅིག་ཡིན། སྔོན་མ་ལ་དྭགས་ཀྱིས་བོད་ཀྱི་སྐད་ཡིག་ལ་བཟོ་བཅོས་རྒྱག་མཁན་ལ་ངོ་རྒོལ་ཚ་ནན་བཏང་བའི་གྲུབ་འབྲས་སུ་དེང་སང་བོད་སྐད་གྲ་དག་ཅིག་ཡོང་བཞིན་པ་རེད། དེ་བཞིན་འབྲུག་པས་ཀྱང་ཨུ་ཚུགས་ཚ་བོ་མི་བྱེད་པར་ལ་དྭགས་ཀྱི་ལངས་ཕྱོགས་ལྟ་བུར་ཁ་མིག་ཡར་ལྟ་བྱེད་རྒྱུ་གལ་འགངས་ཆེ་བ་དང་དུས་སུ་བབས་པ་ཞིག་ཡིན། གང་གིས་ཞེ་ན། བོད་ཀྱི་སྐད་ཡིག་དང་བོད་ཀྱི་སྐད་ཡིག་ལ་བརྟེན་པའི་ནང་བསྟན་ཆོས་ལུགས་ཀྱིས་གཙོས་རིག་གཞུང་གང་མང་ཞིག་ཉམས་ཆག་ཏུ་འགྲོ་རྒྱུ་ཡིན་པ་གོར་མ་ཆག དེའི་ཕྱིར་ན། གཙོ་བོ་འབྲུག་པའི་གྲྭ་བཙུན་ཚོས་འགན་ལེན་གཙོ་བཞེས་བྱས་ཏེ་འདིའི་ཐད་རང་དོན་རང་གཅེས་ཀྱི་བྱ་ཐབས་འདོན་དགོས་པ་རང་རང་གི་ངོ་རྟགས་མི་བརླགས་པའི་ཆེད་རེད་ལ། ལྷག་པར་དུ་འབྲུག་པའི་ནང་དར་བའི་ནང་ཆོས་འབྲུག་པར་ཇི་ཙམ་གྱིས་གལ་ཆེ་ན་དེ་ཙམ་གྱིས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་སྤེལ་གཏོང་ནུས་ན་དེ་བས་ཀྱང་དགེ་ཕན་ཆེ་བ་དངོས་སུམ་ཚད་མས་གྲུབ་འདུག་པས་ན། བོད་ཀྱི་སྐད་ཡིག་གི་ཕན་ནུས་ལ་བརྟེན་པའི་ལུང་པ་སུ་དང་སུ་ཡིན་ན་བོད་ཀྱི་སྐད་ཡིག་རང་གི་ཚེ་སྲོག་ནང་བཞིན་གཅེས་སྲུང་དང་བདག་གཅེས་བྱ་དགོས་པ་ནི་དུས་བབ་ཀྱིས་དེད་པའི་འགན་འཁྲི་ལྕི་མོ་ཞིག་ཡིན་ལ། ད་དུང་བོད་དང་འབྲུག་པའི་བར་གྱི་འབྲེལ་བ་ནི་ཕ་མ་དང་བུ་ཕྲུག་བར་གྱི་འབྲེལ་བ་ལྟ་བུ་ཡིན། བུ་ཕྲུག་གིས་ཕ་མར་གུས་བརྩི་ཇི་ལྟར་བྱས་ན་དེ་ཙམ་གྱིས་མཐོང་དང་ཆ་འཇོག་ཡོང་བ་ནང་བཞིན་འབྲུག་པས་ཀྱང་བོད་ལ་བརྩི་བཀུར་ཅི་ཙམ་གྱིས་འབྲུག་པའི་ཆེ་མཐོང་འཛམ་གླིང་ལ་དེ་ཙམ་གྱིས་སླེབས་ཐུབ་ཀྱི་རེད། དེ་ནང་བཞིན་བོད་རིགས་སུ་གཏོགས་པ་དང་བོད་ཀྱི་སྐད་ཡིག་ལ་སུ་དང་སུ་ཞིག་ཡིན་ན་བོད་ཀྱི་སྐད་ཡིག་གི་རིན་ཐང་དང་ངོས་འཛིན། གཅིག་གྱུར་དང་སྲུང་སྐྱོབ། དར་སྤེལ་དང་འཐུས་ཚང་བཅས་ཡོང་ཐབས་སུ་བསམ་པ་རྣམ་དག་གིས་འབད་བརྩོན་ཧུར་ཐག་བྱེད་རོགས་ཞེས་ལག་གཉིས་ཐལ་མོ་སྦྱར་ཏེ་ཞུ་བཞིན་ཡོད།
    ཟླ་ཚེས་བཟང་པོར་ལྷག་བསམ་རྣམ་པར་དག་པས་བསྲིངས།

    Reply
  11. ཅོ་རི་ཉི་མ། says:
    ལོ་ 13 སྔོན།

    མཁས་དབང་ཤ་ཀླན་འཇམ་དབྱངས་གྲགས་པ་དང་མཁས་དབང་བསྟན་འཛིན་ཤེས་རབ་མཆོག་རྣམ་གྱིས་དྲ་གྲོགས་རྨེའུ་དཀོན་རྒྱམ་ལགས་ཀྱི་དྲི་བ་རྣམས་ལ་ལན་འདེབས་གནང་རོགས་ཞུ།
    ཀ་ཁ་ལ་ཤ་ཚ་དང་གཅེས་སྐྱོང་ཡོད་ན་ལན་རེ་ཡིན་ད། རྒྱལ་ཁབ་དང་མི་རིགས་ཆེད་དུ་ཕུགས་བསམ་རིང་པོ་ཡོད་ན་གནད་ལ་ཁེལ་པའི་ལན་རེ་ཡིན་ད།

    ཕེབས་ཤོག་་་་་ད་རིང་ལན་མེད་ན་རྗེས་མ་ནས་ཁ་བཙུམ་ཨ། མཁས་མདོག་མ་སྟོན་ཨ།

    Reply
  12. རྨེའུ་དཀོན་རྒྱམ། says:
    ལོ་ 13 སྔོན།

    བཀུར་འོས་དྲ་གྲོགས་རྣམ་པ་ལགས།

    གུས་པར་བོད་ཀྱི་སྐད་ཡིག་སྐོར་ལ་བཅར་འདྲི་ཞུ་རྒྱུ་ཁ་ཤས་ཡོད་ལགས་ན། ཅིས་ཀྱང་གནད་ལ་འཁེལ་ཞིང་དོན་ལ་གནས་པའི་ལན་མདོར་བསྡུས་རེ་གསུངས་རོགས་ཞུ།
    ༡》 བོད་ཀྱི་ཡུལ་ལུང་སོ་སོའི་སྐད་གདངས་དང་བཤད་འགྲོས་སོགས་མི་འདྲ་བ་རེ་ཡོད་པ་དེ། དམིགས་བསལ་གྱིས་གསལ་འདོན་གང་འདྲ་ཞིག་བྱེད་དགོས་པ་རེད་དམ།
    ༢》 བོད་ཀྱི་སྐད་ཡིག་ཁྲོམ་ར་ཅན་དུ་བསྒྱུར་དགོས་ན། ཐབས་ལམ་ག་འདྲ་ཞིག་སྤྱད་ཀྱི་ཡིན་ནམ།
    ༣》 བོད་མི་རིགས་ལ་སྤྱི་སྐད་ཚད་ལྡན་ཞིག་ཆགས་དགོས་ན། ཆ་རྐྱེན་གང་འདྲ་ཞིག་ཚང་དགོས་པ་རེད་དམ།
    ༤》 བོད་ཀྱི་སྐད་ཡིག་གི་ཕན་ནུས་ལ་བརྟེན་ནས་བོད་མི་རིགས་ཀྱི་དཔལ་ཡོན་དེ་ཚད་གཞི་ཇི་ལྟར་སྐྱེད་སྲིང་བྱས་ཡོད་དམ།
    ༥》 དེང་དུས་ཀྱི་རིག་གནས་དང་རྒྱུན་ཤེས་གང་མང་ཞིག་བོད་ཡིག་ཏུ་བསྒྱུར་ཐབས་སུ། བྱ་ཐབས་ག་འདྲ་ཞིག་འདོན་དགོས་པ་རེད་དམ།
    ༦》 བོད་ཀྱི་སྐད་ཡིག་གི་ཕྱུག་ཚད་དེ་ཕྱོགས་གང་ཞིག་གི་ཐོག་ནས་ངོས་བཟུང་ན་འགྲིགས་ཀྱི་རེད་དམ།
    ༧》 ཐ་སྙད་གསར་བཟོ་དང་གཅིག་གྱུར་ཡོང་ཐབས་ཀྱི་སྡེ་ཚན་ཞིག་དམིགས་འཛུགས་བྱེད་དགོས་པ་ཡིན་ན། དེའི་ཆ་རྐྱེན་དང་སྒྲིག་ཁྲིམས་སུ་ཞིག་གིས་གཏན་འབེབས་གནང་དགོས་པ་རེད་དམ།
    ༨》 བོད་མི་རིགས་ཀྱི་སྐད་གདངས་དང་བཤད་འགྲོས་གཅིག་གྱུར་ཡོང་ཐབས་སུ། ཤུགས་སྣོན་རྒྱག་ཚུལ་ཇི་ལྟར་ཡིན་ནམ།
    ༩》 བོད་ཀྱི་སྐད་ཡིག་སྐོར་ལ་ཆེད་མཁས་པ་ཞིག་སྐྱེད་སྲིང་བྱ་དགོས་པ་ཡིན་ན། ཐབས་ལམ་གང་ཞིག་བརྒྱུད་རྒྱུ་ཡིན་ནམ།
    ༡༠》 བོད་ཀྱི་སྐད་ཡིག་ལ་གསར་བཅད་བཞི་བ་ཞིག་དགོས་མིན་དང་། གལ་སྲིད་དགོས་ན་བྱ་ཐབས་དང་ཚད་གཞི་གང་ཞིག་ལ་འཇོག་རྒྱུ་ཡིན་ནམ།

    Reply
  13. སྨྲ་ཤེས་དོན་གོ། says:
    ལོ་ 13 སྔོན།

    བསམ་ཆུ༹ལ།

    འཇ༹མ་གླིང་ས་ཕྱོགས་གང་སར་རང་བྱུང་ཁོར་ཡུག་ལ་གོད་ཆག་བྱུང་ཆེ༹། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་སྨོན་དང་བོད་འབངས་ཡོངས་ཀྱི་ཆ༹བ་གནང་ནས་གསོལ་རས་རྒྱ་ཆེར་གནང་གི་ཡོད་པ་མ་ཆ༹ད་ཉེ་ལམ་ཧ་ཏེ་རྒྱལ་ཁབ་ལ་རོགས་སྐྱོར་སུད་སྒོར་འབུམ་གཅིག་གནང་ཟིན་པ་རེད།

    རོགས་རམ་གནང་བ།

    ད་ལམ་རང་རིགས་བོད་ཀྱི་ཡུལ་ཤུལ་ས་ཁུལ་ལ་ཡ་ང་བའི་གོད་ཆག་བྱུང་མ་ཐག་ཏུ་བོད་ཕྱི་ནང་གཉིས་ཀས་བོད་མི་རྩམ་ཟས་བ་ཡོངས་རྗོ༹གས་ཀྱི་གདུང་སེམས་མཉམ་བསྐྱེད་ཐོག་ ཡར་དཀོན་མཆོག་ལ་མཆོད་འབུལ་དང་མར་ཤུལ་ལུས་རྣམས་ཀྱི་ཆེད་དུ་རོགས་རམ་རྒྱ་ཆེར་གནང་བ་གསར་ལམ་ཁག་ནས་རྟོགས་པ་ངེས་སོ།

    སྣང་མེད་བཏང་བ།

    འོན་ཀྱང་དེང་དུས་སྤྱི་ཆོ༹གས་ཁྲོད་མི་ཆོ༹སབཤད་པ་ལྟར་ན། ༧གོང་ས་མཆོག་གིས་ཐུགས་སྨོན་གནང་བ་ལས་ཤུལ་ལུས་སྤུན་ཟླ་རྣམས་ཀྱི་ཆེད་དུ་གསོལ་རས་གནང་མེད་ལུགས་དང་ མ་ཟད་བོད་འབངས་ཡོངས་ཀྱི་སྐུ་ཆ༹བ་རྡ་སའི་མཇ༹ད་གཅོ༹་རྣམ་པས་དེ་ལས་སྣང་མེད་དུ་བཏང་འདུག་ཟེར།

    རྗེས་ལུས་ཐེབས་སོང།

    ཨོ་ཧོ་ད་དུང་དེ་ཡིས་ག་པར་ཆ༹ད་ ཕ་རོལ་པོ་རྒྱ་དམར་གིས་ཁོང་འདས་པོ་རྣམས་ཀྱི་ཆེད་དུ་ཡིན་ཟེར་ནས་མྱ་ངན་བྱས་འདུག་པ་མ་ཆ༹ད་ད་ལྟའི་འཇ༹མ་གླིང་ཡོངས་སུ་གྲགས། ང་ཆོ༹ས་མཇ༹ད་གཅོ༹་རྣམ་པས་ཅུང་ཟད་དྲན་པ་བརྗེད་རྗེས་ སླར་ཡང་ནམ་ལངས་ནས་ཤུལ་ལུས་སྤུན་ཟླ་རྣམས་ཀྱི་ཆེད་དུ་མྱ་ངན་བྱས་ཡིན་པར་འདྲ།།

     

    Reply
  14. སྐར་མདའ། says:
    ལོ་ 13 སྔོན།

    སྟན་འཛིན་ཤེས་རབ་ཀྱི་གསུངས་ལ་རྒྱབ་སྐྱོར་ཡོད། ཁྱེད་ནི་བོད་ཀྱི་སྐད་ཡིག་ལ་ཐུགས་ཁུར་བཞེས་མཁན་ཞིག་ཡིན་པར་མ་ཟད། སྐད་ཡིག་ལ་རྗེས་ལོན་བྱས་པའི་མཁས་དབང་ཞིག་ཀྱང་ཡིན་ངེས། དགོས་པ་དང་དགག་བྱ་ཡོད་ན་བཀའ་བཅོམ་ལོས་བཏང་།
    འདི་ནི་བོད་སྤྱི་ནང་གཉིས་ལ་བསླབ་བྱ་ཟབ་མོ་ཞིག་རེད། བླང་དོར་ཅི་ནུས་བྱེད་དགོས།

    Reply
  15. ཅོ་རི་ཉི་མ། says:
    ལོ་ 13 སྔོན།

    དགེ་ཆོས་མཆོག་གིས།

    མངོན་གྱུར་རྟགས་ཀྱི་བདེན་པ་ངོ་སྤྲོད་ཀྱང། ངོ་ནག་གཞན་གྱི་སྨྱེ་མ་མི་སངས་པར།

    མདོ་ན་ཕྲག་དོག་ཅན་གྱི་སྐྱེ་བོ་དེར། དགའ་བའི་དངོས་པོ་གཞན་གྱིས་རྒུད་པ་ཉིད།

    ཚིག་འདིར་ཚར་རེ་ཀློག་ཐུབ་ན་ཡག་པོ་ཡོད་རེད་ལྭོ།

    Reply
  16. ཅོ་རི་ཉི་མ། says:
    ལོ་ 13 སྔོན།

    ཨོ་ཧ་ཧ་ཧ་ཨོ་ཧཧཧ་་་་དེ་རིང་ཡིན་ན་དགོད་མོ་ཤོར་ནས་ཤི་ཁུ།
    དྲ་གྲོགས་བཟོད་པ་ལྷ་རྩེ་མཆོག་གིས།
    འོན་ཀྱང་དྲྭ་གྲོགས་ཅོ་རི་ལགས་ཀྱི་གསུང་བསྟང་དེ་ཅུང་མ་བདེ། འཛམ་གླིང་ནང་ཤིན་དཔྱོད་གོ་ཆེ་ཞིང་ཕུན་སུམ་ཚོགས་པའི་དབྱིན་སྐད་ནང་དུ་ཡང་རྒྱལ་ཁབ་དང་ཡུལ་ལུང་མིའི་མིང་སོགས་སྒྲ་སོར་བཞག་པ་ལས་བསྒྱུར་བ་ཧ་ཅང་ཉུང༌། དེ་དག་དོན་སྒྱུར་བྱས་ཀྱང་དགོས་པ་རྒྱུ་མཚན་ཅང་མེད་པ་ཡིན། ཞེས་གསུངས་འདུག་པ་འདི་ནི་ང་ཅོ་རི་ལ་དགག་པ་མ་རེད་རྒྱབ་སྐྱོར་རེད། བསྟན་འཛིན་ཤེས་རབ་ལ་དགག་པ་རྒྱག་པ་རེད་ད།་་་ཨོ་ཧ་ཧ་ཧ་ཧ་ཧ

    རྗེས་སུ་ང་ཅོ་རི་ལ་དགག་པ་རྒྱག་འདོད་ན་ངའི་རྩ་བའི་དམ་བཅའ་ཤེས་པ་གྱིས་མ་གཏོགས་ཡང་བསྐྱར་ཅོ་རི་ལ་རྒྱབ་སྐྱོར་ཆགས་ཡོང་།་ཨོ་ཧ་ཧ་ཧ་

    དངོས་གནས་ཧམ་བཤད་རང་རེད།
    འཇིག་རྟེན་གྱི་གཏམ་དཔེར་ལ།
    བསྟོད་མི་མཁན་གྱིས་བསྟོད་པ་ལས་སྨད་མི་ཤེས་མཁན་གྱིས་སྨད་ན་དགའ་ཟེར་བ་དེར་བདེན་ནོ།་་་་ཨོ་ཧ་ཧ་ཧ་་་་དྲ་གྲོགས་ཚོ་ལྟས་མོ་ལྟ་མཁན་ཕེབས་ཤོག

    Reply
  17. ཅོ་རི་ཉི་མ། says:
    ལོ་ 13 སྔོན།

    ཨོ་ཡང་བསྐྱར་མཁས་དབང་ཤ་ཀླན་འཇམ་དབྱངས་གྲགས་པ་ཕེབས་འདུག་པས་ཨ་རིའི་སྲིད་ཨོ་བྷ་མ་ལ་བོད་མིང་ཞིག་བཏགས་ནས་ཁུར་ཡོད་པར་འདྲ།་ཧ་ཧ་ཧ

    གང་ཟག་ལ་མ་ལྟ་ཆོས་ལ་ལྟོས་ལྭོ།ཧཧཧཧཧཧ

    Reply
  18. ཅོ་རི་ཉི་མ། says:
    ལོ་ 13 སྔོན།

    དངོས་མིང་དང་བཏགས་མིང་གི་མཚན་ཉིད་ཡང་ཡག་པོ་ཞིག་མ་ཤེས་པར་འདོད་རྒྱལ་གྱི་གོ་དོན་ཧ་མ་གོ་བའི་མི་རྣམས་ཀྱིས་སྐད་ཡིག་གི་སྐོར་རུ་འདི་དགོས་དང་འདི་མི་དགོས་གསུངས་ཁུལ་བྱེད་ན་མི་རིགས་ཀྱི་མདུན་ལམ་ལ་འགོག་རྐྱེན་འཕྲད་སྲིད་པས་ཡིད་གཟབ་གནང་དགོས།

    Reply
  19. ཤ་ཀླན་འཇམ་དབྱངས་གྲགས་པ། says:
    ལོ་ 13 སྔོན།

    ཡག་པོ་བྲིས་འདུག དངོས་གནས་ཡག་པོ་བྲིས་འདུག ངོ་མ་ཡག་པོ་བྲིས་འདུག
    བསྟན་ཤེར་ལགས་ཡར་རྒྱས་ཕྱིན་འདུག དེ་མ་གཏོགས་དེང་སང་ཆབ་སྲིད་མ་འགྲིག་པ་ཟམ་གདོང་བླ་མ་རེད་སྐད་ཡིག་མ་འགྲིག་མཁན་ཟམ་གདོང་བླ་མ་རེད། ཅེས་བཙན་བྱོལ་དུ་ཟམ་གདོང་བླ་མ་མ་གཏོགས་མེད་པ་ལྟར་གྱི་སྡུག་སྐད་བརྒྱབ་ན་ཡག་པོ་མ་རེད།

    Reply
  20. ཅོ་རི་ཉི་མ། says:
    ལོ་ 13 སྔོན།

    ཨོ་དེ་རིང་ལ་ཡང་མཁས་དབང་བསྟན་འཛིན་ཤེས་རབ་ཕེབས་མི་འདུག་བཤམ་གྱི་རྒྱལ་ཁབ་ཁག་ལ་བོད་མིང་འདོགས་མ་ཚར་བ་འདྲ།་ཧ་ཧཧཧཧ

    ཚོགས་བདག་ལགས་ཀྱི་ཙག་སྒྲ་བཟོ་མ་ཤེས་ཙག་སྒྲ་ཡག་པོ་སྤག་ཤེས་ཀྱིན་ཡོད་པར་འདྲ།

    དེ་རིང་ངས་དགག་ཕྱོགས་དང་སྒྲུབ་ཕྱོངས་གཉིས་ཀྱི་ནང་ནས་དང་པོ་སྒྲུབ་ཕྱོགས་ནས་བཤད་པ་ཡིན་ན་ཁྱེད་ཀྱིས་ཅིག་བྲིས་ཡོད་པ་འདིའི་ནང་དུ་དོན་དང་ལྡན་པ་ཞིག་ཡོད་པ་ནི་ཐ་སྙད་གསར་པ་རྣམས་ཀྱི་དག་ཆ་འབྲི་སྟངས་གཅིག་མཚུངས་དགོས་གསུངས་པ་འདི་རེད། དག་ཆ་གཅིག་མཚུངས་ཀྱི་ཚིག་མཛོད་རྩ་བ་བརྟེན་ས་ཞིག་དང་ཆ་འཇོག་ས་ཞིག་བཟོ་དགོས་མཁན་དང་འགན་ཁུར་དགོས་མཁན་ནི་བཙན་བྱོལ་བོད་གཞུང་མ་གཏོགས་སུ་གང་ཡོད་པ་མ་རེད།

    གཉིས་པ་དགག་ཕྱོགས་ནས་བཤད་ན་མིང་ཚིག་རྐྱང་པའི་ཐ་སྙད་གསར་པ་རྣམས་བོད་བསྒྱུར་བྱས་དགོས་གསུངས་པར་འདི་རེད། སྐད་ཡིག་ཞིག་སྐོར་རུ་འདི་དགོས་དང་འདི་མི་དགོས་གསུངས་མཁན་ཞིག་གིས་ངོས་ནས་ངེས་པ་ཏུ་ཡི་གེའི་མཚན་ཉིད་ཤེས་དགོས་པ་དང་སྒྲ་རྟོག་ཡུལ་ལ་འཇུག་ཚུལ་དང་མིང་བརྡའི་སྐོར་རུ་ངེས་པ་ཏུ་སློབ་སྦྱོང་བྱས་མྱོང་ཡོད་དགོས་པ་མ་ཟད་ཤེས་མཁན་ཞིག་དགོས།
    དེ་ཚོ་ནི་ཆ་རྐྱེན་དང་པོ་རེད།
    དཔེར་ན། ནུབ་ཕྱོགས་པའི་མཁས་དབང་རྣམས་ཀྱི་འདོད་ཚུལ་ལྟར་ན་མ་འོང་འཛམ་གླིང་འདིར་རིག་གཞུང་གཅིག་འགྱུར་དང་སྐད་ཡིག་གཅིག་འགྱུར་ཡོང་གི་རེད་གསུངས་ཀྱི་ཡོད།
    དེང་སང་གི་འཛམ་གླིང་ནང་དུ་གཅིག་འགྱུར་མང་པོ་ཡོད་པའི་ནང་ནས་གོས་ལ་ཆ་བཞག་ན་ཤར་ཕྱོགས་ཀྱི་གོས་དང་ནུབ་ཕྱོགས་ཀྱི་གོས་ལ་ཁྱད་པ་དེ་ཙམ་མེད། མི་ཚང་མས་གོས་གྱོན་སྟངས་གཅིག་པ་འདྲ་པོ་ཡོད། དེ་དང་དེ་བཞིན་དུ་རིག་གནས་གསར་པའི་སྐོར་རུ་ཡང་ཤར་ནུབ་དང་རྒྱལ་ཁབ་ཀྱི་ཁྱད་པ་ལ་མ་བརྟེན་པར་གཅིག་འགྱུར་ཡོད་པ་མང་པོ་རེད།

    འཛམ་གླིང་གི་ཁ་ཕྱོགས་ག་པ་འཁོར་ནས་འགྲོ་གི་ཡོད་པ་མ་ཤེས་ན་མ་འོང་པའི་མི་རིགས་ཤིག་གི་མདུན་ལམ་སྟོན་མི་ཐུབ་པ་འདི་ནི་དངོས་སྟོབས་རིག་པས་གྲུབ།
    ང་རང་ཚང་བོད་གངས་ཅན་པས་འཛམ་གླིང་སྤྱིའི་སྤྱོད་ཀྱི་ཐ་སྙད་ཅི་ཙམ་བེད་སྤྱོད་གཏོང་ཐུབ་པ་དེ་ཙམ་གྱི་འཛམ་གླིང་སྤྱིའི་སྤྱི་ཚོགས་ནང་དུ་གོམ་གང་མདུན་སྤོས་བྱེད་པ་རེད།
    དེ་ལྟར་མ་བྱས་པར་བྱ་དངོས་གསར་པ་རེ་ལ་བོད་ཀྱི་ཐུན་མོང་མ་ཡིན་པ་ཡིན་ཟེར་ནས་ཁྱབ་ཆེ་བའི་མིང་ཚིག་གི་ཐ་སྙད་རྣམས་རྒྱབ་ཏུ་སྐྱུར་ནས་བོད་མིང་རེ་འདོགས་ཁུལ་བྱེད་ཀྱང་བོད་མི་རྣམས་ཀྱིས་ཤེས་མི་སྲིད་ལ་འཛམ་གླིང་ཐོག་ཏུ་བེད་སྤྱོད་གཏོང་མི་ཐུབ།
    དེང་སང་གི་བོད་མི་རྣམས་ཀྱིས་སྔར་ཡོད་ཀྱི་ཐ་སྙད་རྣམས་མ་ཤེས་པའི་དཀའ་ངལ་ཆེ་བའི་ཐོག་ཏུ་གོ་མྱོང་རིག་མྱོང་མེད་པའི་མིང་རྐྱང་གི་ཐ་སྙད་གསར་པ་བཏགས་པ་ཡིན་ན་བོད་མི་རྣམས་ཀྱི་ཤེས་མི་ཐུབ་པ་མངོན་སུམ་གྱིས་གྲུབ།

    cola དང་tomato ཞེས་པ་ལྟ་བུ་ནི་འཛམ་གླིང་ནང་དུ་ཁྱབ་ཆེ་བ་དང་བོད་མི་རྣམས་ཀྱི་ཁ་ལ་གོམས་ཤུགས་ཆེ་བ་ཡོད་པས་འདིར་རྣམས་ལ་ཡང་ཐ་སྙད་གཞན་ཞིག་བརྡ་སྦྱར་ནས་བོད་མི་རྣམས་ཀྱིས་བེད་སྤྱོད་བྱ་ཐུབ་བསམ་མཁན་ཚོ་ནི་ལྐུགས་པ་ལུག་ལས་ཀྱང་ལྐུགས་བ་རང་རེད།
    བོད་ལ་ཡོད་པའི་གཞི་ལུས་བོད་མིའི་སྤྱི་ཚོགས་ནང་དུ་ཡང་cola ལ་ཁུ་ལ་ཞེས་དང་beerལ་སྦི་ར་ཞེས་བརྗོད་བཞིན་འདུག་མ་གཏོགས་གཞན་བོད་མིང་ཞིག་འབོད་བཞིན་མི་འདུག

    གལ་སྲིད་འཛམ་གླིང་གི་ཁ་ཕྱོགས་དང་ཐ་སྙད་ཀྱི་ཁྱབ་ཕྱོགས་ལ་མི་བརྟེན་པ་ཀླད་རྙིང་རྣམས་ཀྱི་འདོད་པ་ལྟར་གྲངས་ལས་འདས་པའི་ཅ་དངོས་རྣམས་ལ་བོད་མིང་འདོགས་གང་ཐུབ་བྱེད་པ་ཡིན་ན་མི་ལོ་བརྒྱ་ཡི་རྗེས་སུ་བོད་ཀྱི་སྐད་ཡིག་འདི་དགོན་སྡེ་ལྷ་ཁང་ནང་དུ་རྒད་ནས་ལྷག་འགྲོ་བ་མངོན་སུམ་ཡིན།

    བོད་ཀྱི་སྐད་ཡིག་འདི་ཚེ་རིང་པོ་གནས་དགོས་ན་ངེས་པ་ཏུ་ལྟོ་གོས་ཅན་ཞིག་ལ་བསྒྱུར་དགོས་པ་དང་འཛམ་གླིང་སྤྱི་ཚོགས་ནང་དུ་གོ་བརྡ་འཕྲད་ཐུབ་པ་ཞིག་ལ་འབད་བརྩོན་བྱ་དགོས་སྙམ།

    འདི་ཚོ་ནི་ཅོ་རི་ཀླད་མེད་ཀྱི་བསམ་ཚུལ་ཙམ་ལས་མཐའ་གཅིག་ཏུ་ཁ་ཚོན་བཅད་པ་ག་ལ་ནུས།
    ཐུགས་རྗེ་གཟིགས།

    Reply
  21. ཚོགས་བདག says:
    ལོ་ 13 སྔོན།

    བསྟན་འཛིན་ཤེས་རབ་མཚན་ཅན་ཁྱེད་ཀྱིས་རང་གི་སྐད་ཡིག་ལ་ཐུགས་ཁུར་གནང་བ་བཟང་། སྐད་ཡིག་གཉིས་ཆ་སྤུས་གཙང་ཡོང་དགོས་པ་ཧ་ཅང་གལ་ཆེན་རེད། བོད་མི་ཡིན་ནོ་ཅོག་གིས་བསམ་ཚུལ་འདི་ལ་རྒྱབ་སྐྱོར་ལོས་བྱེད། འོན་ཀྱང་སྐུ་ཉིད་དེ་འདྲའི་ཁོང་ཁྲོ་ལང་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ། ཁྱེད་བོད་མི་ས་ཡ་དྲུག་གི་སྟེང་ལ་ཁོང་ཁྲོང་ལང་བཞིན་ཡོད་དམ། ཤེས་ཡོན་ཅན་དག་ལ་ཁོང་ཁྲོ་ལང་བཞིན་ཡོད། ཡང་ན་མི་རེ་ཟུང་གི་ཐོག་ལ་དེ་གསལ་པོར་བྱས་ན་རྩོམ་གྱི་རིན་ཐང་དངོས་གནས་ཐོན་ཐུབ། དེ་མིན་ཁྲོ་གཏམ་དྲག་པོ་དེ་འདྲ་གསུངས་ན་ཕན་པ་ལས་གནོད་ཆེ་གི་རེད། ཞིང་བྲན་ལམ་ལུགས་ཀྱི་མཇུག་རྫོགས་ཟིན་ཙང་། སྐུ་དྲག་དང་གྲྭ་པ་ཚོ་ལ་ཆབ་སྲིད་ཐོག་དམིགས་བསལ་དབང་ཚད་མེད་ཙང་། ཚོགས་གཏམ་བཏང་པ་དེ་ནོར་བ་རེད་དྲན་གྱི།

    དམིགས་བསམ་ཁྱེད་ཀྱིས། འདི་དག་ནི་བློ་གཟུ་བོར་གནས་པའི་དཔྱོད་ལྡན་རྣམ་པར་རྟིང་སྐུལ་ཙམ་དུ་ཕུལ་བ་ལས། ཁོག་ན་དུ་ནག་འཕྱུར་ཞིང་མིག་ཟུང་ནད་ཀྱིས་སྒྲིབ་པ་དག་ལ་ནི་ཅི་ཡང་ཞུ་ཡི་མེད་དོ། ། ཞེས་བྲིས་པ་འདི་ཇི་འདྲའི་གཏུམ་སྤྱོད་ལྡན་པ་ཞིག་རེད་ཨང་། འདི་འདྲའི་གསལ་འདེབས་ཞིག་གིས་མི་སེམས་འགུག་ཐུབ་པར་བསམ་པ་དེ་ཧ་ཅང་འཁྲུལ་ཚབས་ཆེ་པ་ཞིག་རེད།

    ད་དུང་ཁྱེད་ཀྱིས།
    བྱེད་སྟངས་དེ་ནི་ནག་ཉེས་ཀྱི་ཁོངས་སུ་བགྲང་བ་ལས་མཛད་རྗེས་ཀྱི་ཁོངས་སུ་དུས་ནམ་ཡང་བགྲང་ཐུབ་པ་ཞིག་མ་རེད། ཞེས་བཤད་འདུག་ག
    ཡང་སྐྱར་ཁྱེད་ཀྱིས་བསམ་བློ་ཞིག་ཐོངས་དང་། ནག་ཉེས་ཟེར་པ་དེ་ཁྲིམས་ལ་ཟེར་གྱི་ཡོད་རེད། དམངས་ཁྲིམས་དང་ཉེས་ཁྲིམས་གཉིས་ལས་ཉེས་ཁྲིམས་ཀྱི་ཁོངས་གཏོགས་རེད། ཉེས་ཁྲིམས་ཆགས་ཚར་ན་ཤེས་ཡོན་ཅན་དང་འབྲེལ་བ་ཡོད་མ་རེད། ཁྲིམས་ཁང་དང་ཐད་ཀར་འབྲེལ་བ་ཡོད་རེད། བོད་གཞུང་གི་ཆེས་མཐོའི་ཁྲིམས་ཁང་ཟེར་པ་འདི་ཚོས་ཉེས་ཁྲིམས་ལ་ལག་པ་འཆང་ཆོག་གི་མ་རེད།

    ད་འོ་ན་དེ་འདྲའི་ཁྲིམས་འགལ་ཉེས་ཅན་པ་དེ་སུ་རེད་ཟེར་གྱི་ཡོད་དམ། ཁ་གསལ་བཟོ་དགོས་པ་གལ་ཆེན་རེད།

    ཐ་སྙད་གཅིག་གྱུར་མེད་པ་དེ་ལུང་པ་རང་བཙན་མེད་པའི་མཚོན་རྟགས་རེད། ང་ཚོའི་སྐད་ཡིག་ལ་ཁྲིམས་ཀྱིས་ཁེག་ཐེག་མེད་པ་དེ་ལ་ཐུག་པ་ཡིན་དུས། ཁྱེད་ཀྱིས་ཚོ་དྲ་ཐོག་མི་ཚང་མ་ལ་ཁ་རྡུང་ཚབས་ཆེན་བཏང་པ་འདི་དྲ་གྲོགས་ཡོངས་ཀྱིས་བཟོད་སྒོམ་བྱེད་འོས་པ་ཞིག་མ་རེད་དྲན།

    Reply
  22. རྭ་ལྷུན། says:
    ལོ་ 13 སྔོན།

    སྤྱི་ཡོངས་ནས་བལྟས་ན། གཞན་དབང་ལུང་པའི་ནང་ནས་རང་སྐད་སྲུང་སྐྱོབ་བྱེད་རྒྱུ་ཧ་ཅང་དཀའ་གནས་ཤིག་ཡིན་མོད། འོན་ཀྱང་། རང་སྐལ་རུས་པ་ཡིན་རུང་བཏོགས་དགོས། ། ཕ་ཞིང་ལྕམ་པ་ཡིན་རུང་རྨོ་དགོས། ། ཞེས་པ་ལྟར་རང་གི་སྐད་ཡིག་སྲུང་སྐྱོབ་འཐུས་ཚང་དུ་གཏོང་དགོས་པ་ནི། ང་ཚོའི་མི་རིགས་སྤྱི་ཡོངས་ཀྱི་ཕྲག་ཏུ་བབས་པའི་ལས་འགན་ཞིག་ལྕི་མི་ཞིག་ཡིན་སྟབས་བཤོལ་དུ་ག་ལ་བཏུབ། དེ་འདྲ་ཡིན་དུས། དེང་དུས་ཀྱི་ཅ་དངོས་ཐོན་གསར་རྣམས་ལ་ཐ་སྙད་གསར་བཟོ་དང་གཅིག་གྱུར། དེ་མིན་རྒྱུན་ཤེས་སྐོར་གྱི་བསྒྱུར་རྩོམ་གང་མང་བསྒྱུར་རྒྱུ་དང་ཁྱབ་སྤེལ་བྱེད་རྒྱུ་ལ་སོགས་མ་འདང་བའི་ཕྱོགས་ལ་ཁ་སྐོང་བྱེད་རྒྱུ་ནི་དགོས་གཏུགས་ཀྱི་ལས་ཀ་ཞིག་ཡིན་པས་ན། བཀུར་འོས་ཤེས་ལྡན་པའི་གཙོས་བོད་མི་སྤྱི་ཡོངས་ཀྱི་ཕྱར་བ་མཉམ་འདེགས་བྱེད་རྒྱུ་ཧ་ཅང་གི་དགོས་མཁོ་ཆེ་བ་ཞིག་ཏུ་འཁུམས་སོ།།

    Reply
  23. སྣང་རྒྱལ་ཤེར་དགེ says:
    ལོ་ 13 སྔོན།

    ཐུགས་རྗེ་ཆེ། གནད་ལ་འཁེལ་བ་ཞིག་གསུང་འདུག

    Reply
  24. མི་རྐྱང་སྨྱོན་པ། says:
    ལོ་ 13 སྔོན།

    ཅོ་རི་ལགས། ཁྱེད་ཀྱིས་ངེས་པར་སྒྲ་བསྒྱུར་བྱེད་དགོས་པར་འདོད་ན་ལྡུམ་སྒོང་ལ། ཀྲོ་མ་ཀྲོ་ཞེས་འབྲི་བ་ལས་གྲོ་མ་གྲོ་ཞེས་བཏགས་ན་ཅུང་གོ་རྒྱུ་ཡོད་པ་ཞིག་ཏུ་མི་འགྱུར་རམ།

    Reply
  25. མི་རྐྱང་སྨྱོན་པ། says:
    ལོ་ 13 སྔོན།

    ཅོ་རི་ལགས། འདོད་རྒྱལ་མཁན་པོས་ཀྱང་འདི་ལྟར་རང་ཉིད་ཀྱིས་ཀྱང་མི་གོ་བའི་བརྡ་སྦྱར་སྲིད་དམ། དོན་ངོ་མར་རང་ཉིད་ཀྱིས་འདོད་འདོད་ཅིག་བོས་ན་ཁྱོད་ཀྱིས་འདོད་རྒྱལ་ཡིན་པར་འདོད་དམ། དེ་ན་མི་རང་རང་གིས་ཅི་འདོད་འདོད་ལྟར་བོས་དང་སྐད་ཡིག་གཅིག་གྱུར་ལ་ཕན་པ་གདོན་མི་ཟ།

    Reply
  26. ཅོ་རི་ཉི་མ། says:
    ལོ་ 13 སྔོན།

    དོན་དེ་ལ་འདོད་རྒྱལ་མཁན་པོས་བརྡ་སྦྱར་བ་ཞེས་པའི་འདོད་རྒྱལ་ཟེར་ན་ག་རེ་རེད་དམ།

    འདོད་རྒྱལ་ཞེས་པའི་དོན་མ་གོ་ན་་་དོན་ལ་ཐ་སྙད་བརྡ་སྦྱར་སྟངས་སྐོར་རུ་བཤད་ནས་ཅི་ཕན། ་་སྨྱོན་པ་ཁྱོད་ཀྱིས་འདོད་རྒྱལ་མཁན་པོས་ཐོག་མ་བརྡ་སྦྱར་བ་ཞེས་པ་འདིར་དོན་འགྲེལ་ཞིག་མ་རྒྱག་མ་ཐུབ་ན་ངས་ཁྱོད་ལ་རྩོད་པ་རྒྱག་མི་འདོད་དོ།

    Reply
  27. མི་རྐྱང་སྨྱོན་པ། says:
    ལོ་ 13 སྔོན།

    ཁྱོད་ཀྱི་ཟིན་བྲིས་སུ་ཉུལ་ཡང་མ་ཉུལ་ཡང་དོན་དངོས་དེ་ལྟར་མ་ཡིན་ནམ།

    Reply
  28. ཅོ་རི་ཉི་མ། says:
    ལོ་ 13 སྔོན།

    ལགས་གསོལ་ལགས་གསོལ་ལགས་ལེགས་གསོལ།་་་་་དགོངས་པ་ཞུ་གི་ཡིན།་་་བདེ་མོ།

    Reply
  29. མི་རྐྱང་སྨྱོན་པ། says:
    ལོ་ 13 སྔོན།

    ཅོ་རི་ལགས། ཁྱེད་ཀྱིས་བྲིས་པའི་མཆན་བུ་དག་ལ་རང་ཉིད་ཀྱིས་མིག་ཟུང་ཆེ་རུ་བསྒྲད་ནས་ཐེངས་གཅིག་གཟིགས་རོགས་ཞེས་ཞུ་འདོད་ཀྱང་ཞོར་དུ་བྱུང་སོང་།

    Reply
  30. མི་རྐྱང་སྨྱོན་པ། says:
    ལོ་ 13 སྔོན།

    ཁྱོད་ཀྱི་ཟིན་བྲིས་སུ་ཉུལ་ཡང་མ་ཉུལ་ཡང་དེ་ལྟར་མ་ཡིན་ནམ།

    Reply
  31. ཅོ་རི་ཉི་མ། says:
    ལོ་ 13 སྔོན།

    སྨྱོན་པ་འོག་ཏུ་ངའི་མཆན་བུ་ཡག་པོ་བྱེད་ནས་ཚར་གཅིག་ཀློག་རོགས་དེ་ནས་སྐད་ཆ་བཤད་ན་ཕན་ཆེ།

    Reply
  32. མི་རྐྱང་སྨྱོན་པ། says:
    ལོ་ 13 སྔོན།

    ཅོ་རི་ལགས། ངས་ཀྲོ་མ་ཀྲོ་ཞེས་ཟེར་བ་ལས་ལྡུམ་སྒོང་ཞེས་བོས་ན་དོན་ཞིག་ངེས་པར་གོ་ཐུབ་ཀྱི་འདུག་ལ། ང་ཙམ་མ་ཟད་བོད་མི་བོད་སྐད་ཤེས་མཁན་ཡོངས་ཀྱིས་གོ་བདེ་བ་ཞིག་རེད་འདོད་ཀྱིན་འདུག ཁྱོད་ཀྱིས་བྱ་ཚིག་སོགས་ལས་དོན་བསྒྱུར་མ་བྱས་པར་སྒྲ་ཐད་བསྒྱུར་རྐྱང་བྱ་ན་རྒྱལ་ཁབ་གང་གི་སྐད་ལ་གཞིར་བཞག་གིས་སྒྲ་བསྒྱུར་བྱ་ངེས་ཡིན། ཡོད་ཚད་དབྱིན་སྐད་ལ་བསྟུན་ནམ། ཡང་ན་རྒྱ་ནག རྒྱ་གར། བལ་བོ། ཉི་ཧོང་སོགས་རྒྱལ་ཁབ་གང་གི་སྐད་སོར་བཞག་གིས་བསྒྱུར་ངེས་ཡིན། ངོ་མ་དགོད་བྲོ་བའམ་ངུ་བྲོ་བ་ཞིག་ཏུ་མི་འགྱུར་རམ།

    Reply
  33. བཟོད་པ་ལྷ་རྩེ། says:
    ལོ་ 13 སྔོན།

    དྲྭ་གྲོགས་བསྟན་འཛིན་ཤེས་རབ་ལགས་ཀྱི་གསུང་པར་རྒྱབ་བསྐྱོར་ཡོད། རང་མི་རིགས་དང་བོད་ཀྱི་སྐད་ཡིག་ལ་དུང་སེམས་ཀྱི་མ་བཟོད་པའི་གསུང་མོལ་ཞིག་རེད། འོན་ཀྱང་དྲྭ་གྲོགས་ཅོ་རི་ལགས་ཀྱི་གསུང་བསྟང་དེ་ཅུང་མ་བདེ། འཛམ་གླིང་ནང་ཤིན་དཔྱོད་གོ་ཆེ་ཞིང་ཕུན་སུམ་ཚོགས་པའི་དབྱིན་སྐད་ནང་དུ་ཡང་རྒྱལ་ཁབ་དང་ཡུལ་ལུང་མིའི་མིང་སོགས་སྒྲ་སོར་བཞག་པ་ལས་བསྒྱུར་བ་ཧ་ཅང་ཉུང༌། དེ་དག་དོན་སྒྱུར་བྱས་ཀྱང་དགོས་པ་རྒྱུ་མཚན་ཅང་མེད་པ་ཡིན། བཟའ་རིགས་དང་འཕྲུལ་རིགས་སོགས་ཀྱི་མིང་མང་པོ་ཞིག་ད་ལྟ་བོད་སྐད་ནང་མེད་པ་རྣམས་རྗེས་གྲུབ་ཐ་སྙད་གསར་བ་བཟོས་ནས་བོད་སྐད་ཐོག་གཅིག་འགྱུར་གྱི་བསྐོལ་ཐུབ་པ་བྱུང་ན་བོད་སྐད་འདི་ཉིད་ཇེ་ཕྱུག་ཏུ་གྱུར་ན་དེ་ནི་ང་ཚོར་དགོས་ཡས་དེ་མ་ཡིན་ནམ། དེ་ཡང་མི་གཅིག་གཉིས་ཀྱི་བཟོས་པ་ལྟ་བུ་མ་ཡིན་པར་བསྒྲིགས་འཛུགས་ཞིག་གི་གཏན་ལ་ཕབ་ཏེ་བསྙན་འཕྲིན་དང་གསར་ཤོག་རླུངས་འཕྲིན་སོགས་ཀྱིས་ཡང་ནས་ཡང་དུ་ཁྱབ་བསྒྲགས་གནང་བ་ཡིན་ན་ཏན་ཏན་ཕན་དོགས་ཡོང་བའི་ཡིད་ཆེས་ཡོད།

    Reply
  34. ཅོ་རི་ཉི་མ། says:
    ལོ་ 13 སྔོན།

    དྲ་གྲོགས་མི་རྐྱང་སྨྱོན་པ་ལགས་ཁྱེད་ཀྱིས་ང་ཅོ་རིའི་ཐ་སྙད་གསར་པའི་སྐོར་གྱི་བསམ་ཚུལ་ཤེས་འདོད་ན་ངའི་ཟིན་བྲིས་ནང་དུ་ཐ་སྙད་གསར་པ་ཞེས་པའི་རྩོམ་ཅིག་ཡོད་དེར་གཟིགས་ཐུབ་ན་ཤེས་ངེས་རེད།

    Reply
  35. ཅོ་རི་ཉི་མ། says:
    ལོ་ 13 སྔོན།

    དྲ་གྲོགས་མི་རྐྱང་སྨྱོན་པ་ལགས་གཞན་སྐད་ཡོད་ཚོད་སྒྲ་སོར་བཞག་བྱེད་ན་ག་ལ་འགྲིག་བྱ་ཚིག་དང་མིང་ཚིག་བྱ་ཚིག་གཉིས་ཀ་ཡིན་པ་རྣམས་ངེས་ཏུ་དོན་བསྒྱུར་བྱེད་དགོས། མིང་རྐྱང་གི་ཐ་སྙད་རྣམས་སྒྲ་རང་འཇོག་བྱེད་ན་དགའ་སྙམ། མ་གཏོགས་དོན་བསྒྱུར་བྱེད་ན་བོད་མི་རྣམས་ཀྱིས་གོ་མི་ཐུབ། དཔེར་ན་་་ཀྲོ་མ་ཀྲོ་ཞེས་པར་ལྡུམ་སྒོང་ཞེས་བཏགས་ན་ཁྱེད་ཀྱིས་གོ་ཐུབ་པ་འདུག་གམ།

    Reply
  36. མི་རྐྱང་སྨྱོན་པ། says:
    ལོ་ 13 སྔོན།

    སྤྱིར་བསྒྱུར་ཚུལ་ལ་མི་འདྲ་བ་དུ་མ་རེད་ཡོད་སྲིད་ནའང་བོད་རང་སྐད་ཀྱིས་དོན་ཞིག་སྟོན་ཐུབ་པ་ཞིག་ངེས་པར་དུ་དགོས་པར་འདོད། རྒྱལ་ཁབ་ཀྱི་མིང་དང་མིའི་མིང་སོགས་སོར་བཞག་གིས་བསྒྱུར་ན་ལེགས་ཏེ་གོ་ལ་ཧྲིལ་བོར་གཅིག་གྱུར་གྱིས་ཕལ་ཆེར་ཐད་བསྒྱུར་བྱེད་ཀྱིན་ཡོད་པ་འདྲ། དེ་མིན་ཅ་དངོས་ཡོད་ཚད་ཐད་ཀར་སྒྲ་བསྒྱུར་རྐྱང་བྱས་ན་བོད་རང་གིས་སྐད་ཀྱིས་གོ་ཐུབ་པའི་ཐ་སྙད་ཅིག་མེད་སོང་བ་མིན་ནམ།

    Reply
  37. མི་རྐྱང་སྨྱོན་པ། says:
    ལོ་ 13 སྔོན།

    དྲ་གྲོགས་ཅོ་རི་ལགས། ཁྱེད་ཀྱིས་གསུང་སྟངས་ལ་གཞིག་ན་གཞན་སྐད་ཡོད་ཚད་སྒྲ་བསྒྱུར་བྱས་པ་ལེགས་པར་འདོད་པ་རེད་དམ། ཁྱེད་ཀྱིས་བྲིས་པའི་གློག་ཀླད་ཀྱི་མིང་དེ་ཇི་ལྟར་གཏགས་ཡོད་པར་གཟིགས་དང་། དེ་ལྟར་བཀོལ་ན་བོད་སྐད་དུ་དོན་ཅི་ཞིག་སྟོན་གྱིན་ཡོད་དམ།

    Reply
  38. ཅོ་རི་ཉི་མ། says:
    ལོ་ 13 སྔོན།

    བཤམ་གྱི་རྒྱལ་ཁབ་རྣམས་ཀྱི་མིང་དེར་བོད་བསྒྱུར་བྱ་མ་ཐུབ་ན་ཀམ་པུང་དྲར་ལ་ཡང་སྒྲ་སོར་བཞག་བྱེད་རོགས།

    དང་པོ་ཁྱེད་རང་གིས་བཤམ་རྒྱལ་ཁབ་༡༩༢་ལ་མིང་རེ་འདོགས་མ་ཐུབ་ན་ཁྱེད་ཀྱིས་མིང་ཚིག་གི་ཐ་སྙད་གསར་པ་རྣམས་བོད་བསྒྱུར་བྱ་དགོས་གསུངས་བ་དེར་ལག་ལེན་མེད་པའི་སྐད་ཆ་རེད། ཀམ་པུང་དྲར་ཞེས་པ་འདི་བོད་ཀྱི་ཐ་སྙད་མིན་པའི་རྒྱུ་མཚན་ཁྱེད་ལ་བཤད་རྒྱུ་ཡོད་དམ། yak ཞེས་པའི་མིང་ཚིག་གི་ཐ་སྙད་འདི་དབྱིན་ཇུའི་ཐ་སྙད་མིན་པའི་རྒྱུ་མཚན་ཡོད་དམ།་་་་ཧ་ཧ་ཧཧ་

    ཐ་སྙད་གསར་པའི་སྐོར་རུ་བཤད་འདོད་ན་་་འདོད་རྒྱལ་ཞེས་པའི་འདོད་པ་རྒྱལ་སྟངས་ཅི་འདྲ་ཡིན་མིན་ཤེས་དགོས་པར་རེད།

    Reply
  39. ཅོ་རི་ཉི་མ། says:
    ལོ་ 13 སྔོན།

    བཤམ་གྱི་རྒྱལ་ཁབ་རྣམས་ཀྱི་མིང་དེར་བོད་བསྒྱུར་བྱ་མ་ཐུབ་མ་ན་ཀམ་པུང་དྲར་ལ་ཡང་སྒྲ་སོར་བཞག་བྱེད་རོགས།

    དང་པོ་ཁྱེད་རང་གིས་བཤམ་རྒྱལ་ཁབ་༡༩༢་ལ་མིང་རེ་འདོགས་མ་ཐུབ་ན་ཁྱེད་ཀྱིས་མིང་ཚིག་གི་ཐ་སྙད་གསར་པ་རྣམས་བོད་བསྒྱུར་བྱ་དགོས་གསུངས་བ་དེར་ལག་ལེན་མེད་པའི་སྐད་ཆ་རེད། ཀམ་པུང་དྲར་ཞེས་པ་འདི་བོད་ཀྱི་ཐ་སྙད་མིན་པའི་རྒྱུ་མཚན་ཁྱེད་ལ་བཤད་རྒྱུ་ཡོད་དམ། yak ཞེས་པའི་མིང་ཚིག་གི་ཐ་སྙད་འདི་དབྱིན་ཇུའི་ཐ་སྙད་མིན་པའི་རྒྱུ་མཚན་ཡོད་དམ།་་་་ཧ་ཧ་ཧཧ་

    ཐ་སྙད་གསར་པའི་སྐོར་རུ་བཤད་འདོད་ན་་་འདོད་རྒྱལ་ཞེས་པའི་འདོད་པ་རྒྱལ་སྟངས་ཅི་འདྲ་ཡིན་མིན་ཤེས་དགོས་པར་རེད།

    Reply
  40. ཅོ་རི་ཉི་མ། says:
    ལོ་ 13 སྔོན།

    བསྟན་འཛིན་ཤེས་རབ་ལགས་་་ཁྱེད་དེ་འདྲ་འཇོན་པོ་ཡོད་ན་བཤམ་གྱི་རྒྱལ་ཁབ་རྣམས་ལ་བོད་མིང་རེ་བཏགས་རོགས་

    དེ་ནས་ཐ་སྙད་གསར་སྐོར་རུ་ཇི་ལྟར་བྱ་དགོས་མིན་ཧ་གོ་ཡོང།་་་་དེ་ལས་འགྲེལ་བཤད་རྒྱག་ན་ཁ་ན་རོགས་རེད། མ་ཟད་གནས་ཚུལ་འདིའི་རིགས་ཀྱི་ཐ་སྙད་དུང་ཕྱུར་མང་པོ་ཡོད་མིང་ལྷག་བཏགས་ནས་བཏགས་ཚོད་ཡོད་དམ།
    Afghanistan 19-11-1946
    Albania 14-12-1955
    Algeria 08-10-1962
    Andorra 28-07-1993
    Angola 01-12-1976
    Antigua and Barbuda 11-11-1981
    Argentina 24-10-1945
    Armenia 02-03-1992
    Australia 01-11-1945
    Austria 14-12-1955
    Azerbaijan 02-03-1992
    B

    Bahamas 18-09-1973
    Bahrain 21-09-1971
    Bangladesh 17-09-1974
    Barbados 09-12-1966
    Belarus* 24-10-1945
    Belgium 27-12-1945
    Belize 25-09-1981
    Benin 20-09-1960
    Bhutan 21-09-1971
    Bolivia (Plurinational State of) 14-11-1945
    Bosnia and Herzegovina* 22-05-1992
    Botswana 17-10-1966
    Brazil 24-10-1945
    Brunei Darussalam 21-09-1984
    Bulgaria 14-12-1955
    Burkina Faso 20-09-1960
    Burundi 18-09-1962
    C

    Cambodia 14-12-1955
    Cameroon 20-09-1960
    Canada 09-11-1945
    Cape Verde 16-09-1975
    Central African Republic 20-09-1960
    Chad 20-09-1960
    Chile 24-10-1945
    China 24-10-1945
    Colombia 05-11-1945
    Comoros 12-11-1975
    Congo 20-09-1960
    Costa Rica 02-11-1945
    Côte D’Ivoire 20-09-1960
    Croatia* 22-05-1992
    Cuba 24-10-1945
    Cyprus 20-09-1960
    Czech Republic* 19-01-1993
    D

    Democratic People’s Republic of Korea 17-09-1991
    Democratic Republic of the Congo * 20-09-1960
    Denmark 24-10-1945
    Djibouti 20-09-1977
    Dominica 18-12-1978
    Dominican Republic 24-10-1945
    E

    Ecuador 21-12-1945
    Egypt* 24-10-1945
    El Salvador 24-10-1945
    Equatoral Guinea 12-11-1968
    Eritrea 28-05-1993
    Estonia 17-09-1991
    Ethiopia 13-11-1945
    F

    Fiji 13-10-1970
    Finland 14-12-1955
    France 24-10-1945
    G

    Gabon 20-09-1960
    Gambia 21-09-1965
    Georgia 31-07-1992
    Germany* 18-09-1973
    Ghana 08-03-1957
    Greece 25-10-1945
    Grenada 17-09-1974
    Guatemala 21-11-1945
    Guinea 12-12-1958
    Guinea Bissau 17-09-1974
    Guyana 20-09-1966
    H

    Haiti 24-10-1945
    Honduras 17-12-1945
    Hungary 14-12-1955
    I

    Iceland 19-11-1946
    India 30-10-1945
    Indonesia* 28-09-1950
    Iran (Islamic Republic of) 24-10-1945
    Iraq 21-12-1945
    Ireland 14-12-1955
    Israel 11-05-1949
    Italy 14-12-1955
    J

    Jamaica 18-09-1962
    Japan 18-12-1956
    Jordan 14-12-1955
    K

    Kazakhstan 02-03-1992
    Kenya 16-12-1963
    Kiribati 14-09-1999
    Kuwait 14-05-1963
    Kyrgyzstan 02-03-1992
    L

    Lao People’s Democratic Republic 14-12-1955
    Latvia 17-09-1991
    Lebanon 24-10-1945
    Lesotho 17-10-1966
    Liberia 02-11-1945
    Libyan Arab Jamahiriya 14-12-1955
    Liechtenstein 18-09-1990
    Lithuania 17-09-1991
    Luxembourg 24-10-1945
    M

    Madagascar 20-09-1960
    Malawi 01-12-1964
    Malaysia* 17-09-1957
    Maldives 21-09-1965
    Mali 28-09-1960
    Malta 01-12-1964
    Marshall Islands 17-09-1991
    Mauritania 27-10-1961
    Mauritius 24-04-1968
    Mexico 07-11-1945
    Micronesia, Federated States of 17-09-1991
    Monaco 28-05-1993
    Mongolia 27-10-1961
    Montenegro* 28-06-2006
    Morocco 12-11-1956
    Mozambique 16-09-1975
    Myanmar 19-04-1948
    N

    Namibia 23-04-1990
    Nauru 14-09-1999
    Nepal 14-12-1955
    Netherlands 10-12-1945
    New Zealand 24-10-1945
    Nicaragua 24-10-1945
    Niger 20-09-1960
    Nigeria 07-10-1960
    Norway 27-11-1945
    O

    Oman 07-10-1971
    P

    Pakistan 30-09-1947
    Palau 15-12-1994
    Panama 13-11-1945
    Papua New Guinea 10-10-1975
    Paraguay 24-10-1945
    Peru 31-10-1945
    Philippines 24-10-1945
    Poland 24-10-1945
    Portugal 14-12-1955
    Q

    Qatar 21-09-1971
    R

    Republic of Korea 17-09-1991
    Republic of Moldova 02-03-1992
    Romania 14-12-1955
    Russian Federation* 24-10-1945
    Rwanda 18-09-1962
    S

    Saint Kitts and Nevis 23-09-1983
    Saint Lucia 18-09-1979
    Saint Vincent and the Grenadines 16-09-1980
    Samoa 15-12-1976
    San Marino 02-03-1992
    Sao Tome and Principe 16-09-1975
    Saudi Arabia 24-10-1945
    Senegal 28-09-1960
    Serbia* 01-11-2000
    Seychelles 21-09-1976
    Sierra Leone 27-09-1961
    Singapore* 21-09-1965
    Slovakia* 19-01-1993
    Slovenia* 22-05-1992
    Solomon Islands 19-09-1978
    Somalia 20-09-1960
    South Africa 07-11-1945
    Spain 14-12-1955
    Sri Lanka 14-12-1955
    Sudan 12-11-1956
    Suriname 04-12-1975
    Swaziland 24-09-1968
    Sweden 19-11-1946
    Switzerland 10-09-2002
    Syrian Arab Republic* 24-10-1945
    T

    Tajikistan 02-03-1992
    Thailand 16-12-1946
    The former Yugoslav Republic of Macedonia* 08-04-1993
    Timor-Leste 27-09-2002
    Togo 20-09-1960
    Tonga 14-09-1999
    Trinidad and Tobago 18-09-1962
    Tunisia 12-11-1956
    Turkey 24-10-1945
    Turkmenistan 02-03-1992
    Tuvalu 05-09-2000
    U

    Uganda 25-10-1962
    Ukraine 24-10-1945
    United Arab Emirates 09-12-1971
    United Kingdom of Great Britain and Northern Ireland 24-10-1945
    United Republic of Tanzania* 14-12-1961
    United States of America 24-10-1945
    Uruguay 18-12-1945
    Uzbekistan 02-03-1992
    V

    Vanuatu 15-09-1981
    Venezuela, Bolivarian Republic of 15-11-1945
    Viet Nam 20-09-1977
    Y

    Yemen* 30-09-1947
    Z

    Zambia 01-12-1964

    Reply
  41. བསྟན་འཛིན་ཆོས་རྒྱལ says:
    ལོ་ 13 སྔོན།

    ཁྱེད་ཀྱིས་བཤད་པ་བདེན་ནོ། འོན་ཀྱང་བཤད་པ་ཙམ་རེད། གང་ཡིན་དཔེར་ན། ངས་ཡི་གེ་ཞིག་འབྲི་སྐབས་མང་ཆེ་བས་དེའི་མིང་དབྱིན་སྐད་དུ་འབོད། སྐབས་དེར་དབྱིན་ཡིག་ཁོ་ནས་འབྲི་འམ། བོད་ཡིག་ཏུ་སྒྲ་སྒྱུར་བྱེད། ཡང་ན་ངས་ཆ་ཆོལ་དུ་བསྒྱུར་རམ་སྟོང་བར་འཇོག
    བོད་ནང་དུ་དུས་དེབ་སོགས་སུ་ཐ་གསར་བཀོད་པ་ཤེས་པ་དེ་ཚོ་དུས་བབ་ཀྱི་ཟུར་དུ་སྤེལ་ན་ལེགས་སྙམ་མོ། དེ་མིན་ཅིག་ན་ཅིག་ཡོད་མདོག་མདོག་བཤད་པ་ཙམ་གྱིས་ཅི་ཕན།

    Reply
  42. བྲ་རྡོར says:
    ལོ་ 13 སྔོན།

    བསྟན་འཛིན་ཤེས་རབ་ལགས།ཐུགས་རྗེ་ཆེ།དེ་དོན་སྙིང་ལྡན་པ་ཞིག་བྲིས་འདུག
    རྒྱབ་སྐྱོར་ཡོད།

    Reply
  43. ནགས་མེ། says:
    ལོ་ 13 སྔོན།

    འདི་ཐད་སེམས་ཁུར་གནང་བ་ཐུགས་རྗེ་ཆེ། རེད། བཙན་བྱོལ་སྤྱི་ཚོགས་འདི་ནས་མི་རྣམས་ཀྱི་ཉིན་རེ་ཉིན་རེའི་འཚོ་བའི་ནང་སྤྱོད་སྒོ་ཡངས་པའི་དེང་རབས་ཀྱི་ཅ་དངོས་འདི་ཚོ་བོད་སྒྱུར་བྱས་ཡོད་པ་མཐོང་རྒྱུ་མེད། དེ་འཇོན་གྱི་མེད་ནའང་། བོད་ནང་ནས་བོད་སྒྱུར་བྱས་པའི་རིགས་དེ་འདི་ནས་གཅིག་གྱུར་བྱས་ཏེ་ཁྱབ་བསྒྲགས་བྱས། སློབ་སྦྱོང་བྱ་དགོས་ངེས་རེད་མོད། དེ་ལས་ལྡོག་ཏེ་བོད་ནང་ནས་དཀའ་ལས་བརྒྱབས་ཏེ་བོད་སྒྱུར་བྱས་པའི་ཐ་སྙད་འགའ་རེ་འདི་ནས་དང་ལེན་མེད་མདོག་བྱེད། དཔེར་ན། གློག་ཀླད་ལྟ་བུ། ཕྱིན་ཕྱི་ལོག་ཁོ་ན་བྱས་ནས་ཀམ་པུ་ཊར་འབྲི་བཞིན་ཡོད། ཁྱོད་ཀྱིས་དེང་རབས་ཀྱི་དངོས་པོ་གྲངས་ཀས་མི་ཟིན་པ་འདི་ཚོ་ཚང་མ་སྒྲ་སྒྱུར་བྱ་ཕོད་ས་ཨེ་རེད། ཕོད་ན་ཁྱོད་ཀྱིས་བརྙན་འཕྲིན་ལ་ཀྲིས་ཝིས་དང་། ཁ་པར་ལ་ཧྥུམ་སོགས་འབྲི་མི་འདོད་པ་ཅི། གནས་ཚུལ་འདི་ཚོ་ཡག་པོ་མ་རེད། སེམས་ཐག་པ་ནས་ཀ་ཁ་ལ་ཤ་ཚ་མེད་རྟགས་རེད། ཡ་ང། ཤ་ཚ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist