མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆོས་རྣམ་ཀུན་བཏུས་ཀྱི་ཚོང་ཁེ་ཟ་མཁན། བཀྲ་ཤིས།

བོད་ཀྱི་དུས་བབ།
༢༠༡༠/༠༥/༢༡
Share on FacebookShare on TwitterShare on EmailShare on Whatsapp

(ཆོས་རྣམ་ཀུན་བཏུས་)ཚོང་བསྒྱུར་བྱས་ཏེ་ཁེ་བཟང་ཟོས་པ།

བཀྲ་ཤིས་ནས།

ཕུལ་བྱུང་གི་མཁས་པ་ནོར་བྲང་ཨོ་རྒྱན་ལགས་ཀྱིས་བརྩམས་གནང་མཛད་པའི་(གངས་ཅན་རིག་བརྒྱའི་སྒོ་འབྱེད་ཆོས་ཀྱི་རྣམས་གྲངས་མཐོང་ཚད་ཀུན་ལས་བཏུས་པ་ངོ་མཚར་འཕྲུལ་གྱི་ལྡེ་མིག་ཆེན་མོ།) ཞེས་བྱ་བ། བསྡུས་མིང་ལ་(ཆོས་རྣམས་ཀུན་བཏུས་)ཞེས་པའི་བོད་ཀྱི་ཚིག་མཛོད་ངོ་མཚར་རྨད་དུ་བྱུང་བ་ཞིག ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་ཡོད་ལ། ཚིག་མཛོད་དེ་ནི་ད་ལྟའི་བར་དུ་བོད་ཀྱི་ཆོས་ཀྱི་རྣམ་གྲངས་ཆེ་ཤོས་སམ་གྲ་རྒྱས་ཤོས་དེ་ཡིན་པ་རེད། ཚིག་མཛོད་དེའི་ནང་དུ་རིག་པའི་གནས་ལྔ་སྤྱི་དང་ཁྱད་པར་དུ་ནང་ཆོས་ཀྱི་གཞུང་ནས་བཤད་པའི་ཆོས་ཀྱི་རྣམ་གྲངས་ཤིན་ཏུ་མང་པོ་ཞིག་དཀའ་ལས་ལ་མ་ལྟོས་པར་བསྡུ་རུབ་བྱས་ཏེ་གངས་ལྗོངས་མི་རབས་གསར་བ་དག་གི་རིག་པའི་སྒོ་འཕར་འབྱེད་པའི་ལེགས་སྐྱེས་ཕུན་སུམ་ཚོགས་པ་ཞིག་ཀྱང་ཡིན། ཚིག་མཛོད་འདི་རྩོམ་པ་པོ་ལ་མཚོན་ན་དེང་སང་ཆོས་མེད་སྨྲ་བ་དམར་ཤོག་ཚོགས་པའི་རྗེས་ཟློས་ཅུང་ཟད་བྱས་པ་ལ་མཁས་པའི་འུད་སྒྲོག་པའི་བྱབ་ཆུང་དག་དང་མི་འདྲ་བར་བོད་ཀྱི་རིག་པའི་གནས་ལྔ་སྤྱི་ལ་མཁྱེན་པའི་སྤྱན་རས་ཡངས་པའི་གནའ་དེང་ཤེས་ཡོན་གཉིས་ལྡན་གྱི་བོད་མི་བྱས་རྗེས་ཅན་མཁས་པ་ཆེན་པོ་ནོར་བྲང་ཨོ་རྒྱན་རེད། ཁོང་གིས་གསུངས་གསལ་ལ་༼ཆོས་རྣམ་ཀུན་བཏུས་འདིའི་ནང་ཆོས་ཀྱི་རྣམ་གྲངས་སྡེ་ཚན་གཅིག་ནས་སྡེ་ཚན་ལྔ་སྟོང་བཞི་བརྒྱ་རྩ་གསུམ་བར་ཡོད་པའི་ནང་འགའ་ཞིག་ལ་ལྡབ་པ་དང་བཅས་ཁྱོན་ཆོས་ཀྱི་རྣམ་གྲངས་ཀུན་བཏུས་ཆེན་མོ་འདིར་ཤེས་བྱའི་དབྱེ་བའམ་དོན་ཕྲན་ཆིག་འབུམ་སུམ་ཁྲི་ཉིས་སྟོང་བདུན་བརྒྱ་བཞི་ཞེ་གསུམ་ལས་གྲུབ་པ་རྩ་བའི་ཆོས་ཀྱི་རྣམ་གྲངས་ཆིག་ཁྲི་ཉིས་སྟོང་བརྒྱ་དང་བདུན་བཅུ་དོན་དྲུག་ཡོད་སྐོར་དང་། ཡན་ལག་གི་དོན་ཕྲན་སུམ་སྟོང་བརྒྱད་བརྒྱ་ལྔ་བཅུ་ལས་གྲུབ་པ་ལན་ལག་གི་ཆོས་ཀྱི་རྣམ་གྲངས་བདུན་བརྒྱ་བདུན་ཅུ་སྐོར། རེའུ་མིག་སྣ་ཚོགས་གྲངས་བཅུ་བདུན་བཅས་ཡོད་ཅིང་། (ཆོས་རྣམ་ཀུན་བཏུས་)འདིར་ཁྱོན་ཡིག་འབྲུ་ས་ཡ་དྲུག་ཟིན་པའོ། ༽ཞེས་བཀོད་འདུག  དེ་ལྟ་བུའི་རྩོམ་དེབ་འདིའི་ནང་དོན་གྱི་ཆ་ནས་བལྟས་ན་ཤིན་ཏུ་ཁུངས་དག་པ་དང་ལུང་ཚིག་རེ་རེ་བཞིན་གང་ནས་བཏུས་པའི་ལུང་ཁུངས་ཤོག་གྲངས་ཚུན་ཆད་གསལ་བོ་བྲིས་ཡོད་པ། དེ་བཞིན་ཆོས་ལུགས་ཕྱོགས་ལྷུང་ལྟ་བུའི་སྐྱོན་གྱིས་མ་བསླད་པ། རིག་པའི་གནས་ལྔ་སྤྱི་ལ་མཐོང་རྒྱ་ཧ་ཅང་ཆེ་བ་བཅས་ཀྱི་ཁྱད་ཆོས་བརྗོད་ན་མི་ཚར་བའི་གསུང་རྩོམ་ཞིག་རེད།   འོན་ཀྱང་། ཆེས་བློ་ཕངས་པ་ཞིག་ལ་ལྡི་ལིར་ཡོད་པའི་བོད་ཀྱི་དཔེ་དེབ་ཁང་ཟེར་བས་(ཆོས་རྣམ་ཀུན་བཏུས་)བསྐྱར་པར་བྱས་ཏེ་རིན་གོང་ཧ་ཅང་ཆེ་དྲག་པའི་ཚོང་བསྒྱུར་བྱེད་ཀྱི་ཡོད་པ་རེད། དེབ་ཆེན་གསུམ་ཡོད་པའི་ཚིག་མཛོད་ཚར་གཅིག་ལ་ཧིན་སྒོར་གཅིག་ཁྲི་བྱེད་ཀྱི་ཡོད་པ་ཧ་ལས་དགོས་པའི་གནས་ཚུལ་ཞིག་རེད། སྔོན་མ་ཡིན་ན་དུང་དཀར་ཚིག་མཛོད་ཆེན་མོ་བོད་གཞུང་ཤེས་རིག་ལས་ཁུངས་གིས་བསྐྱར་པར་བྱས་ཏེ་ཧིན་སྒོར་དྲུག་སྒོར་བརྒྱ་ལ་བཙོང་བ་རེད། དེ་ལ་བལྟས་ན་དུང་དཀར་ཚིག་མཛོད་དང་ (ཆོས་རྣམ་ཀུན་བཏུས་) གཉིས་ཀྱི་དབར་ལ་དེབ་ཆེན་གཅིག་ལ་ཆོས་རྣམ་ཀུན་བཏུས་ཆེ་བ་ལས་གཞན་འདྲ་འདྲ་རེད། དེར་བརྟེན་ཆེས་རིན་ཐང་དང་ལྡན་པའི་ཚིག་མཛོད་འདི་ཤེས་རིག་ལས་ཁུངས་ལྟ་བུ་ཞིག་གིས་བསྐྱར་པར་གནང་སྟེ་ཧིན་སྒོར་གཅིག་སྟོང་ཡས་མས་བྱས་ཏེ་ཚོང་འགྲེམས་བྱེད་ཐུབ་ན་བོད་ཀྱི་རིག་གཞུང་ཞབས་ཞུ་བླ་ན་མེད་པ་ཞིག་དང་། སློབ་སྦྱོང་ལ་དོན་གཉེར་ཡོད་པའི་བོད་ཕྲུག་མང་པོ་ཞིག་ལ་ཕན་པའི་གསོས་སུ་འགྱུར་ངེས་སོ།

འབྲེལ་ཡོད་གསར་འགྱུར།

Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

ཆུ་ཚོད་ ༡༡ སྔོན་ལ།
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨

མཆན། 19

  1. བོད་ཀྱི་མཛེས་མ། says:
    ལོ་ 16 སྔོན།

    དུས་ཚོད་གཉང་འཕྲང་འདི་འདྲའི་སྐབས་སུ་བོད་ཚང་གི་རིག་གཞུང་ཉམས་པ་སོར་ཆུད་དང༌། མི་ཉམས་གོང་སྤེལ་གཏོང་མ་ཐུབ་ནའང་བོད་མི་རིགས་ཀྱི་ཞབས་མ་འདྲེན་པ་ཞིག་བྱེད་དགོས་རྒྱུ་ནི་བོད་མི་ཀུན་ལ་འཁྲི་བའི་ལྡོག་ཏུ་མེད་འགན་ཁྲེལ་ལྕི་མོ་ཞིག་ཡིན། དགོས་མཁོ་ཆེ་ལ། དོན་ཕན་ལྡན་པའི་དེབ་གསར་ཞིག་ཐོན་ཚད་རང་ངམ་རང་གི་ཚོགས་པ་ག་གེ་མོའི་དཔལ་འབྱོར་གྱི་ཡོང་འབབ་ཁོ་ནའི་ཆེད་བསྐྱར་དཔར་བྱས་པ་མ་ཡིན་པར་དོ་སྣང་ཡོད་ཚད་ལ་བལྟ་ཀློག་ཐུབ་པའི་ཀུན་སློང་འཁྱེར་དགོས། ད་དུང་འབྱུང་ན་རིན་གོང་ཅུང་དམའ་བའི་ཚུལ་གྱིས་འཚོང་འགྲིམ་བྱེད་པའམ་ཐ་ན་སློབ་ཕྲུག་རྣམས་ཀྱི་ལག་ཏུའང་གསོན་ཐབས་ལ་འབད་བརྩོན་བསྟེན་དགོས། དེ་ལྟར་བྱུང་ན་བོད་ཚང་གི་རིག་གཞུང་ལ་འགན་ཞིག་ཁྱེར་བ་རེད་ལ། ྋགོང་ས་མཆོག་གི་དགོངས་གཞི་དང་མཐུན་པའི་བྱ་བ་རླབས་ཆེན་ཞིག་ཀྱང་བསྒྲུབ་པ་རེད་སྙམ།

    Reply
  2. གྱི་ན་བ says:
    ལོ་ 16 སྔོན།

    རང་གི་ཁེ་བཟང་ལ་རྔམ་ནས་ཁ་ནོར་ཤོར་བ་ཡིན་རྒྱུ་རེད་ཡ། ཡིན་མི་སྲིད་པ་རེད། མ་གཞི་་་་་་་་་་་་་་་་་་་་སྲིད་་་་་་་་་་་་་་་ཧ་ཧ་ཧ་ཧ་ཧ

    Reply
  3. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 16 སྔོན།

    ༄༅།། ཆོས་རྣམ་ཀུན་བཏུས་འདི་ང་ལ་མཚོན་ན་མིག་གི་ལྟན་མོ་རང་རེད།་
    རྒྱལ་བའི་བཀའ་བསྟན་གཉིས་ལས་ཀྱང་གོང་ཆེ་བ་འདུག
    ཆོས་རྣམ་ཀུན་བཏུས་བླུ་མཁན་ཞིག་ཡོད་ཚེ།་ དོན་དངོས་ཐོག་རིགས་གཞུང་ལ་འགན་ཁུར་མཁན་ཞིག་སེམས
    ལྡོག་ཕྱོགས་ནས་བཤད་ན། གླེན་པ་ཞིག་ཡང་རེད

    Reply
  4. བཀྲ་ཤིས། says:
    ལོ་ 16 སྔོན།

    དབྱངས་བུ་ལགས། གོང་གི་རྩོམ་་ཡིག་ནང་དུ། (དེབ་ཆེན་གསུམ་ཡོད་པའི་ཚིག་མཛོད་ཚར་གཅིག་ལ་ཧིན་སྒོར་གཅིག་ཁྲི་བྱེད་ཀྱི་ཡོད་པ་ཧ་ལས་དགོས་པའི་གནས་ཚུལ་ཞིག་རེད།) ཅེས་བྲིས་འདུག་པ་དེ་རིན་གོང་གི་ཚད་རེད་འདུག (ཆོས་རྣམ་ཀུན་བཏུས་) སྟོད་ཆ། སྨད་ཆ། བར་ཆ་སྟེ་དེབ་ཆེན་གསུམ་ཡོད་རེད། དེབ་གསུམ་ག་ལ་ཧིན་སྒོར་གཅིག་ཁྲི་ ༡༠༠༠༠ ཐམ་པ་རེད་བཞག །

    Reply
  5. རིག་འཛིན། says:
    ལོ་ 16 སྔོན།

    ཡིན་ད་དྲ་གྲོགས་ཚོ། འགྱོན་ན་ཁྱོད་ཚད་ཀྱང་ཁེ་སང་དགོས་ངེས་ལ་ཨེ་འགྱོན་ལྟོས་དང་།
    རིག་གཞུང་ལ་ཞབའ་ཞུ་རེད་ཡག་ལ་སོ་སོ་ལ་ཕན་ཐོག་ཀྱང་འདུག

    Reply
  6. དབྱངས་བུ། says:
    ལོ་ 16 སྔོན།

    བཀྲ་ཤིས་ལགས།
    ལྡི་ལིར་ཡོད་པའི་བོད་ཀྱི་དཔེ་དེབ་ཁང་གིས་(ཆོས་རྣམ་ཀུན་བཏུས་)ལ་རིན་གོང་ག་ཚོད་བྱེད་ཀྱི་འདུག་གམ། རིན་གོང་ཧ་ཅང་ཆེ་དྲགས་པ་ཟེར་ན་ག་ཚོད་རེད་དམ། ཉིད་ཀྱི་དངོས་སུ་མཐོང་བྱུང་ངམ། དུང་དཀར་ཚིག་མཛོད་ཤེས་རིག་དཔར་ཁང་ནས་བསྐྱར་དཔར་བྱས་པའི་རིན་ཚད་གསལ་པོ་བརྗོད་ཐུབ་འདུག་ཀྱང། ཆོས་རྣམ་ཀུན་བཏུས་བསྐྱར་དཔར་བྱས་པའི་རིན་ཚད་གཏན་འཁེལ་བརྗོད་མི་ཐུབ་པ་རེད་དམ། ཡང་ན་བརྗོད་རྒྱུར་སྐྲགས་པ་རེད། རིན་ཚད་ཁ་གསལ་བརྗོད་ཚེ་ང་དང་ང་འདྲ་བའི་མི་ཚོས་ཉོ་དང་མི་ཉོ་ལ་ཁྱད་པར་ཡོང་ས་རེད།

    Reply
  7. སྨྲ་ཤེས་དོན་གོ། says:
    ལོ་ 16 སྔོན།

    བསམ་ཆུ༹ལ།

    འཇ༹མ་གླིང་ས་ཕྱོགས་གང་སར་རང་བྱུང་ཁོར་ཡུག་ལ་གོད་ཆག་བྱུང་ཆེ༹། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་སྨོན་དང་བོད་འབངས་ཡོངས་ཀྱི་ཆ༹བ་གནང་ནས་གསོལ་རས་རྒྱ་ཆེར་གནང་གི་ཡོད་པ་མ་ཆ༹ད་ཉེ་ལམ་ཧ་ཏེ་རྒྱལ་ཁབ་ལ་རོགས་སྐྱོར་སུད་སྒོར་འབུམ་གཅིག་གནང་ཟིན་པ་རེད།

    རོགས་རམ་གནང་བ།

    ད་ལམ་རང་རིགས་བོད་ཀྱི་ཡུལ་ཤུལ་ས་ཁུལ་ལ་ཡ་ང་བའི་གོད་ཆག་བྱུང་མ་ཐག་ཏུ་བོད་ཕྱི་ནང་གཉིས་ཀས་བོད་མི་རྩམ་ཟས་བ་ཡོངས་རྗོ༹གས་ཀྱི་གདུང་སེམས་མཉམ་བསྐྱེད་ཐོག་ ཡར་དཀོན་མཆོག་ལ་མཆོད་འབུལ་དང་མར་ཤུལ་ལུས་རྣམས་ཀྱི་ཆེད་དུ་རོགས་རམ་རྒྱ་ཆེར་གནང་བ་གསར་ལམ་ཁག་ནས་རྟོགས་པ་ངེས་སོ།

    སྣང་མེད་བཏང་བ།

    འོན་ཀྱང་དེང་དུས་སྤྱི་ཆོ༹གས་ཁྲོད་མི་ཆོ༹སབཤད་པ་ལྟར་ན། ༧གོང་ས་མཆོག་གིས་ཐུགས་སྨོན་གནང་བ་ལས་ཤུལ་ལུས་སྤུན་ཟླ་རྣམས་ཀྱི་ཆེད་དུ་གསོལ་རས་གནང་མེད་ལུགས་དང་ མ་ཟད་བོད་འབངས་ཡོངས་ཀྱི་སྐུ་ཆ༹བ་རྡ་སའི་མཇ༹ད་གཅོ༹་རྣམ་པས་དེ་ལས་སྣང་མེད་དུ་བཏང་འདུག་ཟེར།

    རྗེས་ལུས་ཐེབས་སོང།

    ཨོ་ཧོ་ད་དུང་དེ་ཡིས་ག་པར་ཆ༹ད་ ཕ་རོལ་པོ་རྒྱ་དམར་གིས་ཁོང་འདས་པོ་རྣམས་ཀྱི་ཆེད་དུ་ཡིན་ཟེར་ནས་མྱ་ངན་བྱས་འདུག་པ་མ་ཆ༹ད་ད་ལྟའི་འཇ༹མ་གླིང་ཡོངས་སུ་གྲགས། ང་ཆོ༹ས་མཇ༹ད་གཅོ༹་རྣམ་པས་ཅུང་ཟད་དྲན་པ་བརྗེད་རྗེས་ སླར་ཡང་ནམ་ལངས་ནས་ཤུལ་ལུས་སྤུན་ཟླ་རྣམས་ཀྱི་ཆེད་དུ་མྱ་ངན་བྱས་ཡིན་པར་འདྲ།།

     

    Reply
  8. བསྟན་འཛིན་ཚེ་འཚོ། says:
    ལོ་ 16 སྔོན།

    དེས་སང་དུས་རབས་ཉེར་གཅིག་ཟེར་བཞིན་ཚང་མས་གང་ལ་གང་མགྱོགས་ཀྱི་བླ་མ་བཙོང་ནས་ཡོང་འབབ་བསྡུ་བཞིན་ཡོད་ལ། དཔེ་ཆོས་བཙོང་ནས་ཁེ་བག་ལེན་༜བཞི་འདུག ད་དཔེ་དེབ་ཞིག་འབུམ་གཅིག་བྱས་ནས་བཙོང་ན་ཡང་ཧ་ལེ་ཧོན་ཐོར་ཡ་ཞེ་དྲག་མི་འདུག སྤྱི་ཚོགས་ཀྱི་རྣམ་པ་དང་མིའི་ཀུན་སྤྱོད་སོགས་དེ་འདྲ་ཞིག་ཆགས་འདུག་པས་ཡིན། ཆུ་ཐིགས་ལགས་ཀྱིས་བརྗོད་པ་ལྟར་ཚང་མའི་དཔེ་དེབ་དེ་མ་ཉོས་ན་ཁེ་བག་ལེན་མཁན་རང་བཞིན་གྱི་ཕམ་ངེས་རེད།

    Reply
  9. ཆུ་ཐིགས་སྔོན་མོ། says:
    ལོ་ 16 སྔོན།

    རྩོམ་པ་པོས་ཡིག་ནོར་ཤོར་ནའང་རྩོམ་སྒྲིག་པས་ཞུ་དག་གཏོང་དགོས་པ་རེད། གོང་དུ་རྩོམ་སྒྲིག་པས་སྣང་དུ་མེད་དུ་མངགས་པ་ཡིན་ནམ་གང་ལྟར་ཡིག་ནོར་མང་དག་ཅིག་ཡོད་པས་ཐུགས་གཟབ་གནང་རོགས་ཞེས་ཞུ་བཞིན་ཡོད།
    ཆོས་འཚོང་པའི་ཚོགས་པར་ང་ཚོས་ངོ་རྒོལ་བྱེད་དགོས་པ་རེད། ཡང་གནས་སྐབས་གཅིག་ཀྱང་མི་ཉོ་བར་འཇོག་དགོས་པ་རེད།
    ཧཧཧ་ཆོས་ཕུང་འདིས་དབུལ་ཕུངས་ཀྱི་སྡུག་བསྔལ་རེ་སེལ་བ་ཤོག

    Reply
  10. བྱམས་རྒྱལ། says:
    ལོ་ 16 སྔོན།

    ཨམ་མ་མ་ ཨ་ཁ་ཁ་ དེ་འདྲ་གོང་ཆེན་པོ།

    Reply
  11. བཀྲ་ཤིས། says:
    ལོ་ 16 སྔོན།

    ༼ཆོས་རྣམ་ཀུན་བཏུས་༽ཀྱི་དཔེ་དེབ་འདི་ནི་ཧ་ལས་དགོས་པའི་ཚིག་མཛོད་ཕུན་སུམ་ཚོགས་པ་ཞིག་རེད། ལྡི་ལི་ནས་བསྐྱར་པར་བྱས་པ་དེ་རྒྱུ་ཆ་ཁྱོན་ནས་ཡག་པོ་མི་འདུག དྷ་རམ་ས་ལ་ལ་སླེབས་དུས་ནས་དེབ་ཀྱི་རྒྱབ་ཤ་འཐོར་ཡོང་གི་འདུག
    དེང་སང་མང་པོ་ཞིག་གིས་ཆོས་ལུགས་དང་འབྲེལ་བ་མེད་པའི་རྩོམ་དེབ་ཁག་གི་མིང་ལ་ཆེ་གེ་མོའི་བརྩམ་ཆོས་གསུང་གི་འདུག་མོད། ཆོས་རྣམ་ཀུན་བཏུས་ནི་དེ་དང་མི་འདྲ་བར་ནོར་བྲང་ཨོ་རྒྱན་གྱི་བརྩམ་ཆོས་ཞེས་བརྗོད་ན་ཆོག་འདུག ཁོང་གིས་ཚིག་མཛོད་དུ་བཀའ་འགྱུར་བསྟན་འགྱུར་གྱི་ལུང་དྲངས་སྟངས་་དེ་ལ་གཅིག་བལྟས་དུས་མཁན་པོ་དགེ་བཤེས་མང་ཆེ་བ་ཚོ་ངོ་དགོས་པ་ཞིག་བཟོས་འདུག

    Reply
  12. བཀྲ་ཤིས། says:
    ལོ་ 16 སྔོན།

    དེབ་ཀྱི་རྒྱ་ཆ་དེ་ཙམ་བཟང་གྱི་མེད་རུང་་་་་་་་་་རེད་རུང་་་མེད་རུང་ལ་་ནོར་བཅོས།

    Reply
  13. བཀྲ་ཤིས། says:
    ལོ་ 16 སྔོན།

    དུང་དཀར་ཚིག་མཛོད་ཆེན་མོ་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་པར་བསྐྲུན་བྱས་པ་དེ་དེབ་ཀྱི་རྒྱུ་ཆ་དེ་ཙམ་བཟང་གྱི་རེད་རུང་གོང་ཁེ་བྱས་ཏེ་ཚོང་འགྲེམས་པ་བྱས་པ་རེད། དེས་ཕན་ཐོགས་ཆེན་པོ་བྱུང་སོང་།

    Reply
  14. རྭ་ལྷུན། says:
    ལོ་ 16 སྔོན།

    དང་པོ། སྤྱི་སེམས་མེད་པའི་སྐྱོན་ཞིག་རེད་ལ། གཉིས་པ། ཆོས་བཀུར་མེད་པའི་སྐྱོན་ཞིག་ཀྱང་རེད། གསུམ་པ། ཕན་སེམས་མེད་པའི་སྐྱོན་ཞིག་རེད་ལ། བཞི་པ། ལྷག་བསམ་མེད་པའི་སྐྱོན་ཞིག་ཀྱང་རེད།
    གང་ལྟར། དེ་འདྲའི་དབང་ཤུགས་ཀྱིས་བོད་མི་རིགས་སྤྱི་ཡོངས་ཀྱི་མགོ་གྱེན་དུ་འཇོག་ཐུབ་ཀྱི་ཡོད་པ་མ་རེད་བསམ་གྱི་འདུག

    Reply
  15. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 16 སྔོན།

    2008 ལོ་ཡང་དེབ་ཁང་འདི་རང་ནས་ཤར་དུང་རི་ཞེས་བའི་དེབ་ཆུང་དེ་ལ་ཧུན་སྒོར༣༠༠།་རེ་བྱེད་བཞིན་འདུག

    Reply
  16. སྣང་རྒྱལ་ཤེར་དགེ says:
    ལོ་ 16 སྔོན།

    འདི་ཚོ་ནམ་ཡང་འདི་འདྲ་རེད། གོ་ཐོས་ལ་ཁོང་ཚོའི་དེབ་ཚོང་དེ་ནག་ཚོང་ལས་ཀྱང་ཁེ་བཟང་ཆེ་ཟེར། དེབ་ཉོ་མཁན་མང་ཆེ་བ་དབུལ་པོ་ཡིན་ལ་དེབ་འཚོང་མཁན་མང་ཆེ་བ་འདོད་རྔམ་ཅན་རེད། ད་ཅི་ཞིག་བྱའམ།

    Reply
  17. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 16 སྔོན།

    ༄༅་དེབ་དེ་གསེར་བྲིས་རེད་དམ་དངུལ་བྲིས་རེད། ང་ལ་མཚོན་ལ་དེབ་ཞིག་བླུ་ཡོན་ལ་༡༠༠༠༠། ཟེར་བ་གོ་བ་དང་པོ་ཡིན

    Reply
  18. བློ་གྲོས་རྒྱལ་པོ། says:
    ལོ་ 16 སྔོན།

    བཀྲ་ཤིས་ལགས་དེ་དེ་བཞིན་དེ། དེ་དེ་བཞིན་ནོ།།

    Reply
  19. karma dorje says:
    ལོ་ 16 སྔོན།

    དེ་དེ་བཞིན་དུ་ལེགས་སོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese