མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཛིན་གྲྭ་བཅུ་གཉིས་ཀྱི་ཡིག་རྒྱུགས་གྲུབ་འབྲས།

བོད་ཀྱི་དུས་བབ།
༢༠༡༠/༠༥/༢༡
Share on FacebookShare on TwitterShare on EmailShare on Whatsapp






















དེ་རིང་ཕྱི་དྲོར་འདི་གའི་གསར་འགོད་པས་བོད་གཞུང་ཤེས་རིག་ལས་ཁུངས་ནས་ཤེས་རྟོགས་བྱུང་བ་ལྟར་ན། འདི་ལོའི་འཛིན་རིམ་བཅུ་གཉིས་ཀྱི་མཇུག་མཐའི་གྲུབ་འབྲས་ནང་གྷོ་པལ་པུར་བོད་ཁྱིམ་གྱིས་ཡིག་རྒྱུགས་ཀྱི་མཇུག་མཐའི་གྲུབ་འབྲས་བརྒྱ་ཆ་བརྒྱ་བླངས་ཏེ་ཨང་དང་པོ། མོན་གྷོ་ཊི་གཏན་སློབ་ཀྱིས་མཇུག་མཐའི་སྐར་གྲངས་བརྒྱ་ཆ་ ༩༨་༧༣ བླངས་ཏེ་ཨང་གཉིས་པ། ཀ་ལོན་སྤུག་གཏན་སློབ་ཀྱིས་མཇུག་མཐའི་སྐར་གྲངས་ ༩༧་༠༦ བླངས་ཏེ་ཨང་གསུམ་པ་བླངས་ཡོད་འདུག

ཚན་རིག་གི་བརྒྱ་ཆ་མཐོ་ཤོས་ཧལ་པ་པུར་གཏན་སློབ་ཀྱི་སློབ་མ་ Monika Chauhan ཡིན་པ་དང་མཇུག་མཐའི་ཐོབ་སྐར་བརྒྱ་ཆ་ ༩༡།༠༤ ཡིན་འདུག རྩིས་རིག་གི་བརྒྱ་ཆ་མཐོ་ཤོས་སྦེལ་ཀོབ་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་ཆོས་སྒྲོན་ཡིན་པ་དང་། མཇུག་མཐའི་ཐོབ་སྐར་བརྒྱ་ཆ་ ༩༠་༠༦ ཡིན་འདུག སྒྱུ་རྩལ་སྡེ་ཚན་གྱི་བརྒྱ་ཆ་མཐོ་ཤོས་གྷོ་པལ་པུར་བོད་ཁྱིམ་གྱི་སློབ་མ་པདྨ་སྒྲོལ་དཀར་ཡིན་པ་དང་། མཇུག་མཐའི་ཐོབ་སྐར་བརྒྱ་ཆ་ ༨༩་༠༦ ཡིན་འདུག ལས་རིགས་སྡེ་ཚན་གྱི་བརྒྱ་ཆ་མཐོ་ཤོས་མོན་གྷོ་ཊི་གཏན་སློབ་ཀྱི་སློབ་མ་བསྟན་འཛིན་བཟང་མོ་ཡིན་པ་དང་། མཇུག་མཐའི་ཐོབ་སྐར་བརྒྱ་ཆ་ ༨༧་༠༨ བཅས་ཡིན་འདུག 

ཚན་རིག་གི་བརྒྱ་ཆ་མཐོ་ཤོས། 











རྩིས་རིག་གི་བརྒྱ་ཆ་མཐོ་ཤོས།











སྒྱུ་རྩལ་སྡེ་ཚན་གྱི་བརྒྱ་ཆ་མཐོ་ཤོས། 











ལས་རིགས་སྡེ་ཚན་གྱི་བརྒྱ་ཆ་མཐོ་ཤོས།

གསར་འགྱུར་འབྲི་མཁན། ཨ་རིག་འགྱུར་མེད།

འབྲེལ་ཡོད་གསར་འགྱུར།

Mobile App

 མགོན་པོ་སྐྱིད་ལགས་ཀྱིས་སླར་ཡང་རང་སྲོག་བློས་གཏོང་གིས་ལས་འགུལ་སྤེལ།

ཆུ་ཚོད་ ༢༡ སྔོན་ལ།
ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཡེ་ཤུའི་ལྷ་ཁང་གྲགས་ཅན་ MONTSERRAT ནས་གདན་ཞུས་གནང་ལྟར་ཆོས་ཁང་དུ་ཕེབས་ཏེ་ཆོས་ལུགས་འཆམ་མཐུན་དང་འཛམ་གླིང་ཞི་བདེའི་སྐོར་ལ་བཀའ་མོལ་ལྷུག་པོ་གནང་། ༢༠༢༥།༡༡།༠༤ པར་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱི་ངོ་དེབ་ནས་བླངས།
Mobile App

ཀུན་བདེ་གླིང་རྟ་ཚག་རྗེ་སྤྲུལ་རིན་པོ་ཆེ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་མཛད་འཕྲིན་སྐྱོང་བཞིན་པ།  

༢༠༢༥/༡༡/༠༥
༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་ཞུས་ཏེ་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་དམངས་གཙོའི་གཟེངས་རྟགས་བཞེས་པ། ༢༠༢༥།༡༡།༤ དྲ་ལམ་གྱི་པར།
Mobile App

འདི་ལོའི་དམངས་གཙོའི་གཟེངས་རྟགས་༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་སོགས་ལ་ཕུལ།

༢༠༢༥/༡༡/༠༥
Aftab Pureval accepts congratulations following his reelection as Mayor of Cincinnati. Photo by Xiaojie Zavon
Mobile App

བོད་རིགས་ཀརྨ་ལགས་སླར་ཡང་ཨ་རིའི་སིན་སིན་ན་ཊི་གྲོང་ཁྱེར་སྤྱི་ཁྱབ་པར་བདམས་ཐོན་བྱུང་།

༢༠༢༥/༡༡/༠༥
Photo Credit: Global Peace Prayer Festival
Mobile App

འབྲུག་གི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དངོས་སུ་དབུ་འཛུགས་གནང་།

༢༠༢༥/༡༡/༠༤
Setti Warren directed the Harvard Institute of Politics out of the Harvard Kennedy School since 2022. By Claire Yuan
Mobile App

སྲིད་སྐྱོང་མཆོག་གིས་ཧྭ་ཝར་ཌིའི་སྐུ་ཞབས་ཝ་རན་ལགས་འདས་གྲོངས་སུ་ཕྱིན་པར་ཐུགས་གསོ་གནང་།

༢༠༢༥/༡༡/༠༤

མཆན། 16

  1. སྒྲོལ་དཀར་བུ says:
    ལོ་ 15 སྔོན།

    བོད་པའི་བོད་ཡིག་གི་རྒྱུགས་འབྲས་མེད་པ་ག་རེ་ཡིན་ནམ་
    ཁོངས་ཚོ་བོད་པ་མིན་ནམ་ཡང་ན་བོད་ཡིག་སྦྱང་གི་མེད།
    ཡང་ན་བོད་ཡིག་འདི་དགོས་མཁོ་མེད་པ་རེད།
    ངོ་མ་སེམས་གཏིང་ནས་སྐྱོ་སོང་།

    ཕྱི་སྡོད་བོད་མིར་བོད་ཡིག་མི་མཁོ།
    གཞིས་ལུས་བོད་མི་རང་དབང་མི་འདུག།
    གང་ལྟར་བོད་ཡིག་བེད་སྤྱོད་མེད་པས།།
    བོད་ཡིག་ཕྱི་མའི་ལམ་ལ་འཆས་འགྲོ།

    Reply
  2. མཐུ་སྟོབས་མཇུག་གནོན་བྱུང་བ། says:
    ལོ་ 15 སྔོན།

    སྐུ་མཁྱེན། སློབ་ཚན་ལ་ཨང་ལོན་པ་དང་འདྲ་པར། སྤྱི་ཡོངས་ཀྱི་བསམ་བློ་མཐོ་ཚད་ཀྱང་གཅིག་མཙུངས་ཡར་རྒྱས་ཕྱིན་ཡོད་པར་ཤོག

    Reply
  3. karma dorje says:
    ལོ་ 15 སྔོན།

    “བོད་ཀྱི་སྐད་ཡིག་ཡིག་རྒྱུགས་སྐོར།” ??????????????????????????????

    Reply
  4. བློ་དཔལ། says:
    ལོ་ 15 སྔོན།

    ཡིག་རྒྱུག་བཏང་བ་ཡག་པོ་རེད་ཡིནའང་བརྒྱ་ཆ་ཡག་པོ་ལེན་ཐུབ་མི་འདུག

    Reply
  5. དབྱངས་བུ། says:
    ལོ་ 15 སྔོན།

    འདི་ལོའི་འཛིན་རིམ་བཅུ་གཉིས་ཀྱི་རྒྱལ་ཡོངས་ཡིག་རྒྱུགས་ཀྱི་གྲུབ་འབྲས་ལ་བལྟས་ཚེ། ངོ་མ་དགའ་འོས་པ་ཞིག་རེད། དེ་ཡང་ཚན་རིག་སྡེ་ཚན་དང། འབྱུང་རིགས་སྡེ་ཚན། ཚོང་རིགས་སྡེ་ཚན་གསུམ་ཀའི་ཡིག་རྒྱུགས་ཨང་རིམ་དང་པོ་ལེན་མཁན་བུ་མོ་རེད་འདུག་ལ། ལྷག་པར་ཨང་རིམ་དང་པོའི་ཁུངས་ནས་ཚན་རིག་སྡེ་ཚན་ཨང་དང་པོ་རེད་འདུག 
    བོད་སློབ་ཁག་་༡༤སློབ་མ་ཁྱོན་བསྡོམས་གྲངས་ ༡༣༣༧་ཡོད་པ་ལས། ཡིག་རྒྱུགས་ནང་དངོས་སུ་བཞུགས་མཁན་སློབ་མ་གྲངས་་༡༢༨༠ དང། ཡིག་རྒྱུགས་འཕྲོད་པ་སློབ་མ་གྲངས་ ༡༡༠༧ ཡིག་རྒྱུགས་གྲུབ་འབྲས་མ་སོན་པ་གྲངས་ ༣༩ ཡིག་རྒྱུགས་ནང་མ་བཞུགས་མཁན་སློབ་མ་གྲངས་ ༥༧ བསྐྱར་རྒྱུགས་གཏོང་དགོས་པའི་སློབ་མ་གྲངས་༡༣༤ཡོད་འདུག

    Reply
  6. དོན་འགྲུབ་ says:
    ལོ་ 15 སྔོན།

    ༄༅། འདི་ལོའི་འཛིན་གྲྭ་ ༡༢ གྱི་ལོ་འཁོར་ཡིག་རྒྱུགས་དམིགས་གསལ་མོན་གྷོ་དབུས་བོད་སློབ་ཀྱི་ཡིག་རྒྱུགས་ལེགས་འཐོན་གྱི་བརྒྱ་ཆ་ ༩༨:༧༣% ལོན་པ་ཤིན་ཏུ་ནས་དགའ་པོ་བྱུང། ངོས་ནས་འདི་ལྟ་བུའི་བསྒྲུབ་འབྲས་ལེགས་པོ་ཡོང་བའི་རེ་བ་བྱས་མེད། གང་ཡིན་ཟེར་ན། སློབ་གྲྭའི་བསྐོར་ར་འཁོར་ཡུག་ནང་གི་བསླབ་པ་སློབ་གཉེར་་གྱི་གནས་སྟངས་དེ་དགོས་ངེས་ཀྱི་ཞི་བདེ་ལྷིང་འཇགས་སྤྲོ་སྣང་མེད་པར་འཇིགས་སྣང་དང་དངངས་བསྐྲགས་འོག་རྒྱུན་དུ་གནས་དགོས་པ་མཐོང་ཆོས་སུ་ལགས་པས་དེས་སློབ་ཕྲུག་གི་ཚར་ལོངས་བྱེད་བཞིན་པའི་སེམས་ལ་ཤིན་ཏུ་གནོད་པས་སློབ་སྦྱོངས་སྦྱངས་བརྩོན་ལའང་དོ་ཕོག་འགྲོ་ངེས་ཡིན། འབྲེལ་ཡོད་སློབ་ཕྲུག་ཡོངས་ལ་དགའ་བསུ་དང་ལེགས་གསོལ་ཞུ་གི་ཡིན།

    Reply
  7. སྨྲ་ཤེས་དོན་གོ། says:
    ལོ་ 15 སྔོན།

    བསམ་ཆུ༹ལ།

    འཇ༹མ་གླིང་ས་ཕྱོགས་གང་སར་རང་བྱུང་ཁོར་ཡུག་ལ་གོད་ཆག་བྱུང་ཆེ༹། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་སྨོན་དང་བོད་འབངས་ཡོངས་ཀྱི་ཆ༹བ་གནང་ནས་གསོལ་རས་རྒྱ་ཆེར་གནང་གི་ཡོད་པ་མ་ཆ༹ད་ཉེ་ལམ་ཧ་ཏེ་རྒྱལ་ཁབ་ལ་རོགས་སྐྱོར་སུད་སྒོར་འབུམ་གཅིག་གནང་ཟིན་པ་རེད།

    རོགས་རམ་གནང་བ།

    ད་ལམ་རང་རིགས་བོད་ཀྱི་ཡུལ་ཤུལ་ས་ཁུལ་ལ་ཡ་ང་བའི་གོད་ཆག་བྱུང་མ་ཐག་ཏུ་བོད་ཕྱི་ནང་གཉིས་ཀས་བོད་མི་རྩམ་ཟས་བ་ཡོངས་རྗོ༹གས་ཀྱི་གདུང་སེམས་མཉམ་བསྐྱེད་ཐོག་ ཡར་དཀོན་མཆོག་ལ་མཆོད་འབུལ་དང་མར་ཤུལ་ལུས་རྣམས་ཀྱི་ཆེད་དུ་རོགས་རམ་རྒྱ་ཆེར་གནང་བ་གསར་ལམ་ཁག་ནས་རྟོགས་པ་ངེས་སོ།

    སྣང་མེད་བཏང་བ།

    འོན་ཀྱང་དེང་དུས་སྤྱི་ཆོ༹གས་ཁྲོད་མི་ཆོ༹སབཤད་པ་ལྟར་ན། ༧གོང་ས་མཆོག་གིས་ཐུགས་སྨོན་གནང་བ་ལས་ཤུལ་ལུས་སྤུན་ཟླ་རྣམས་ཀྱི་ཆེད་དུ་གསོལ་རས་གནང་མེད་ལུགས་དང་ མ་ཟད་བོད་འབངས་ཡོངས་ཀྱི་སྐུ་ཆ༹བ་རྡ་སའི་མཇ༹ད་གཅོ༹་རྣམ་པས་དེ་ལས་སྣང་མེད་དུ་བཏང་འདུག་ཟེར།

    རྗེས་ལུས་ཐེབས་སོང།

    ཨོ་ཧོ་ད་དུང་དེ་ཡིས་ག་པར་ཆ༹ད་ ཕ་རོལ་པོ་རྒྱ་དམར་གིས་ཁོང་འདས་པོ་རྣམས་ཀྱི་ཆེད་དུ་ཡིན་ཟེར་ནས་མྱ་ངན་བྱས་འདུག་པ་མ་ཆ༹ད་ད་ལྟའི་འཇ༹མ་གླིང་ཡོངས་སུ་གྲགས། ང་ཆོ༹ས་མཇ༹ད་གཅོ༹་རྣམ་པས་ཅུང་ཟད་དྲན་པ་བརྗེད་རྗེས་ སླར་ཡང་ནམ་ལངས་ནས་ཤུལ་ལུས་སྤུན་ཟླ་རྣམས་ཀྱི་ཆེད་དུ་མྱ་ངན་བྱས་ཡིན་པར་འདྲ།།

     

    Reply
  8. མཁའ་དབུགས་གསར་བ says:
    ལོ་ 15 སྔོན།

    བཙན་བྱོལ་སྤྱི་ཚོགས་ཀྱི་སློབ་གསོ་སྒྲིག་འཛུགས་ལ་རྒྱུས་ལོན་ཅུང་ཙམ་ཡོད་མཁན་ཞིག་ཡོད་ན་ཕྲན་གྱིས་ཨ་རིག་འགྱུར་མེད་ལ་བཏང་བའི་དྲི་བ་དེ་དག་ལ་ལན་ཞིག་འདེབས་རོགས་གནང་། གུས་ཞུ།

    Reply
  9. jiang qing says:
    ལོ་ 15 སྔོན།

    good luck for your exam

    Reply
  10. dorjee damdul says:
    ལོ་ 15 སྔོན།

    ལོ་རེ་ནས་ལོ་རེར་ཡར་རྒྱས་ཀྱི་རྣམ་པ་ཤུགས་ཆེན་པོ་མཐོང་བས་ན་དངོས་ནས་དགའ་འོས་པ་ཞིག་རེད་འདུག་་ཚང་མར་བཀྲིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུ།

    Reply
  11. ཤེལ་དཀར་བློ་བཟང་། says:
    ལོ་ 15 སྔོན།

    དགེ་སློབ་ཡོངས་ལ་འདི་ལོའི་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་གྲུབ་འབྲས་ཧ་ཅང་ལེགས་པོ་བྱུང་བར་བསྔགས་བརྗོད་ཞུ་བ་དང་ཆབས་ཅིག
    ཨང་ཀི་དང་པོ་གཉིས་པ་སོགས་ཀྱི་འབྲས་རྟགས་བཟང་པོ་ཐོབ་མཁན་རྣམས་ལ་དམིགས་བསལ་གྱི་འཚམས་འདྲི་ཡོད།
    བུ་དང་བུ་མོ་གཉིས་ཀྱི་ནང་ནས་བྱ་དགའ་ལེན་མཁན་ཕལ་མོ་ཆེ་བུ་མོ་རེད་འདུག་ཧ་ཅང་དགའ་བོ་བྱུང་། ཁ་སྟོང་པའི་བུད་མེད་ཀྱི་ཐོབ་ཐང་རྩོད་པ་ལས་དོན་དངོས་ཀྱི་བྱ་བར་འཇུག་ན་མིང་དོན་མཚུངས་པའི་ཕོ་མོ་འདྲ་མཉམ་ཆགས་ཆགས་པ་རེད།

    Reply
  12. འབྲོང་བུ་ཟླ་བ། says:
    ལོ་ 15 སྔོན།

    གྲུབ་འབྲས་ཡག་པོ་བྱུང་འདུག དགའ་བསུ་ཡོད།

    Reply
  13. མཁའ་དབུགས་གསར་བ says:
    ལོ་ 15 སྔོན།

    ཨ་རིག་འགྱུར་མེད་ལགས་ལ་ཆེད་ཞུ།
    གསར་འགྱུར་འདི་སྤེལ་པར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་བ་ཡིན།
    ཡིན་ཡང་ཕྲན་གྱིས་་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་སློབ་གསོ་གནས་སྟངས་དང་སྒྲིག་འཛུགས་སོགས་གསལ་བོར་མི་ཤེས་པས། གསར་འགྱུར་འདི་ལ་རྒྱུས་ལོན་ལེགས་པོ་ཞིག་བྱེད་མི་ཐུབ་པ་རེད། དེ་བས་གཤམ་གྱི་དྲི་བ་དག་ལ་ལེན་གསལ་བོ་ཞིག་འདེབས་རྒྱུ་རེ་བ་མི་ཆུང་བར་ཞུ།
    གཅིག འདིར་བརྗོད་ཀྱིན་པའི་འཛིན་གྲྭ་བཅུ་གཉིས་ཀྱི་ཡིག་རྒྱུགས་ཟེར་བ་ནི་རྒྱ་གར་རྒྱལ་ཡོངས་གཅིག་གྱུར་གྱི་མཐོ་རྒྱུགས་ཏེ་སློབ་གྲྭ་ཆེན་མོར་རྒྱུགས་སྤྲད་པའི་གྲུབ་འབྲས་ལ་གོ་བ་རེད་དམ།
    གཉིས། ཁྱེད་ཀྱིས་བཀོད་པའི་རེའུ་མིག་འདི་ལ་གཟིགས་ན་རྒྱ་གར་བོད་མིའི་སློབ་གྲྭ་ཡོངས་ཀྱི་རྒྱུགས་འབྲས་ཕྱོགས་སྡོམ་ཞིག་ཡིན་པར་འདོད་པས། སློབ་གྲྭ་འདི་དག་ནི་རྒྱ་གར་བཙན་བྱོལ་གྱི་ཡུལ་གྲུ་ཁག་གི་སློབ་གྲྭ་ཡོངས་ཡིན་ན་ད་རུང་འདི་མ་བཀོད་པའི་སློབ་གྲྭ་ཡང་ཡོད་པ་རེད་དམ།
    གསུམ འདི་བརྗོད་པའི་ཡིག་རྒྱུགས་འཕྲོད་པའམ་མ་འཕྲོད་ཟེར་བ་འདི་སློབ་གྲྭ་ཆེན་མོར་གོ་བ་ཡིན་ན། བོད་མི་ཚོའང་རྒྱ་གར་བ་དང་འདྲ་མཉམ་དོ་མཉམ་གྱི་ཡིག་རྒྱུགས་གཏོང་གིན་ཡོད་པ་རེད་དམ། རྒྱ་གར་བའི་ཡིག་རྒྱུགས་ཀྱི་གྲུབ་འབྲས་དང་བསྡུར་ན་བོད་མི་ཚོར་གྲུབ་འབྲས་ག་འདྲ་རེད། བོད་ནང་དུ་མཚོན་ན་བོད་མི་སློབ་མའི་རྒྱུགས་འབྲས་དེ་རྒྱ་མི་རིགས་ཀྱི་སློབ་མ་ལས་ཆ་སྙོམས་བྱས་ན་བརྒྱ་ཆའི་༦༠(རྒྱ་མི་རིགས་སློབ་མའི་སྐར་འབྲས་བརྒྱ་ཆའི་༡༠༠ཡིན་པའི་དབང་དུ་བཏང་ན)།
    བཞི བོད་ནང་གི་སློབ་མ་ཚོ་ཕལ་ཆེར་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་སློབ་ཆེན་ཁག་ལས་པེ་ཅིན་སློབ་ཆེན་དང་ཆིན་ཧྭ་སློབ་ཆེན་སོགས་རྒྱའི་ནང་དྭ་སྐད་གྲགས་ཆེ་བའི་སློབ་ཆེན་ཁག་ཏུ་ཡིག་ཚད་འཕྲོད་མཁན་ཉིན་མོའི་སྐར་མ་བཞིན་ཧ་ཅང་ཉུང་། བཙན་ངྱོལ་སློབ་མ་ཚོ་རྒྱ་གར་གྱི་སྐད་གྲགས་ཆེ་བའི་སློབ་ཆེན་(ནེ་ཡོ་སྡེ་ལེ)ཁག་ཏུ་ཡིག་ཚད་འཕྲོད་མཁན་བརྒྱ་ཆའི་ག་ཚོད་ཡོད་པ་དང་སྔོན་ཐོན་རྒྱལ་ཁབ་ཁག་ཏུ་བཙན་བྱོལ་གཞུང་ངོས་ནས་ལོ་རེ་སློབ་མ་ག་ཚོད་རེ་གཏོང་གིན་ཡོད་པ་རེད།
    ལྔ། ཁྱེད་ཀྱིས་རེའུ་མིག་ལས་བརྒྱ་ཆའི་ཚད་མཐོ་ཤས་ནང་དུ་སློབ་ཕྲུགས་བུ་མོ་ཚོ་ཧ་ཅང་མང་པས། ད་ལོའི་ཡིག་རྒྱུགས་ལ་ཞུགས་མཁན་ཕོ་ག་ཚོད་་དང་མོ་ག་ཚོད་ཡོད་པ་རེད། བཙན་བྱོལ་སྤྱི་ཚོགས་སུ་ཆོས་ལུགས་དད་མོས་རང་དབང་ཡིན་པས་སློབ་ཕྲུག་ཕོ་ཡི་ཁྲོད་དུ་ཆུང་དུས་ནས་དགོན་སྡེ་ཁག་ཏུ་ཞུགས་ནས་སློབ་གྲྭ་སྤྱི་ཡོངས་སློབ་མའི་ཁ་གྲངས་ལས་སློབ་ཕྲུག་ཕོ་ཡིས་ཁ་གྲངས་ཉུང་བ་ལྟ་བུའི་གནང་ཚུལ་འདུག་གམ
    དྲུགས དྲ་གྲོགས་ཁང་གསར་རྡོ་རྗེ་ཡི་དྲི་བ་དག་དང་བཅས་ལན་གསལ་བོ་ཞིག་རྒྱགས་པར་རེ་འདུན་དང་བཅས།
    ཉི་ཧོང་དུ་ཡོད་པའི་བོད་མི་ཞིག་ནས

    Reply
  14. ཨ་རིག་འགྱུར་མེད། says:
    ལོ་ 15 སྔོན།

    ཁང་སར་རྒད་པོ་འདིར་ཡོང་བར་ངས་བཀྲ་ཤིས་བདེ་ལེགས་ཞུ་བ་ཡིན་ལ། ཞོར་དུ་རྒད་པོའི་རེ་འདུན་ཆུ་ལ་མི་སྐུར་ཟེར་དུ་ཡོང་བ་ཡིན། ཡིན་ནའང་། གནས་སྐབས་རྒད་པོར་གསལ་འདེབས་ཤིག་བྱས་ནས་རང་སོར་འཇོག་དགོས་བྱུང་།

    དཔེར་ན། དེ་རིང་ངས་ཤེས་རིག་ལས་ཁུངས་ནས་གསར་འགྱུར་འདི་བླངས་དུས་ཕྱི་དྲོའི་དུས་ཚོད་ ༣ དང་སྐར་མ་ ༣༠ ཡས་མས་ཡིན། ང་ལས་ཁུངས་སུ་འབྱོར་མཚམས་འབྲི་མགོ་བརྩམས་པ་ཡིན་ལ། ང་ལ་མཚོན་ན་གསར་འགྱུར་འབྲི་སྤེལ་གྱི་དུས་ཚོད་ ༡ དང་ཕྱེད་ཀ་མ་གཏོགས་མེད། གོང་གི་རེའུ་མིག་དེ་དག་ད་དུང་དྲ་ངོས་སུ་མཐུན་རྐྱེན་འཛོམས་མིན་གྱི་དབང་གིས་པར་ལྟར་བཟོས་ཏེ། རེ་རེ་བཞིན་བཀོད་པ་ཡིན། མདོར་ན་རེའུ་མིག་ལྔ་དེ་པར་ལྔ་བཀོད་པ་ལྟར་བཟོ་དགོས་བྱུང་ཡོད། དེ་གཅིག་རེད།
    གཉིས་ཀྱི་ཆ་ནས་ང་ཚོའི་གསར་ཤོག་དང་དྲ་རྒྱ་གཉིས་མི་འདྲ་ས་ཞིག་ཡོད་པ་དྲ་རྒྱའི་ནང་དུ་ཁ་ཐུག་གི་གནས་ཚུལ་འགོད་གི་རེད། གསར་ཤོག་ནང་དུ་གནས་ཚུལ་དེའི་རྒྱས་བཤད་འགོད་ཀི་རེད། གནས་ཚུལ་ཡོངས་ལ་རྒྱས་བཤད་བྱེད་དགོས་པའི་ངེས་པ་ནའང་། རྒྱས་བཤད་དགོས་པའི་གནས་ཚུལ་རིགས་དེ་ལྟར་རེད། དཔེར་ན། རྒྱས་བཤད་ཀྱི་ནང་དུ་ལོ་སྔོན་མའི་ཡིག་རྒྱུགས་ཀྱི་གྲབ་འབྲས་དང་འདི་ལོའི་གྲུབ་འབྲས་གཉིས་གཤིབ་བསྡུར་བྱེད་པ་སོགས་ཡོང་གི་རེད།
    དེ་བཞིན་ཚན་རིག་སྡེ་ཁག་ཏུ་ཨང་རིམ་མཐོ་ཤོས་རྒྱ་གར་གསུམ་བྱུང་ཡོད། ནམ་རྒྱུན་ཡིན་ན་ཨང་རིམ་མཐོ་ཤོས་གསུམ་ལས་ལོགས་སུ་དགར་གི་མེད་ནའང་། ཐེངས་འདིར་ཨང་རིམ་མཐོ་ཤོས་གསུམ་གྱི་ནང་དུ་བོད་རིགས་སློབ་མ་བསླེབས་མེད་སྟབས། ཨང་རིམ་ལྔ་པ་བར་དུ་འཇོག་དགོས་བྱུང་ཡོད། དེའི་སྟེང་དུ་མོན་གྷོ་ལས་རིགས་རྩེད་ཕུད་པ་ཡིན་དོན་མོན་གྷོ་ལས་སློབ་གྲྭ་གཞན་པར་དམིགས་བཀར་གྱི་ལས་རིགས་སློབ་ཚན་མེད་སྟབས་ཡིན།
    ཡིན་འང་། ཁ་ཐུག་ཁ་ཐུག་ཏུ་སྤེལ་དགོས་པའི་གསར་འགྱུར་ཞིག་གིས་འདི་དག་ཚང་མ་དཔྱད་བསྡད་ན་དུས་ཚོད་མང་བོ་དགོས་ཐོག གསར་འགྱུར་གསར་འགྱུར་ལྟར་སྤེལ་བར་བརྩོན་མཁན་ཞིག་གི་ངོས་ནས་དེ་ཚང་མ་དེ་ཙམ་གལ་ཆེན་ཡང་ཆགས་མེད།
    ཡིན་ནའང་། རྒྱས་བཤད་ཀྱི་ནང་དུ་འདི་དག་རིམ་གྱིས་ཡོང་གི་རེད། གསར་འགྱུར་འདི་གཅིག་པུ་མ་རེད། དུས་ཚོད་ཀྱིས་དེད་ཡོང་བའི་གསར་འགྱུར་མང་བོ་ཞིག་འདི་ལྟར་དང་པོ་གནས་ཚུལ་སྤེལ་བ་དང་རིམ་གྱིས་དཔྱད་བསྡུར་དང་། རྒྱས་བཤད། སྣོན་འཕྲི་སོགས་ལ་ཁ་ཕྱོགས་ཀི་རེད།
    འདི་གསལ་འདེབས་ཙམ་ཡིན།

    Reply
  15. ཁང་གསར་རྡོ་རྗེ། says:
    ལོ་ 15 སྔོན།

    ད་འདི་ལ་དཔྱད་པ་ཞིག་གནང་ཐུབ་ན་ཡག་པོ་འདུག དཔེར་ན།
    ༡༽ ལོ་སྔོན་མ་དག་དང་བསྡུར་ན་རྒྱུཌ་འབྲས་འཕར་ཆག་ཅི་བྱུང་དང་དེའི་རྒྱུ་མཚན།
    ༢༽ སློབ་ཚན་རིཌ་གཅིག་གི་རྩེ་ཕུད་རྒྱ་གར་བ་ཤ་སྟག་ཡིན་དོན།
    ༣༽ བོད་ཕྲུག་ཁོངས་ནས་རྩེ་ཕུད་མང་ཆེ་བ་བོད་ཁྱིམ་ཡིན་དོན།
    ༤༽ མོན་གྷོ་ལས་རིཌ་རྩེ་ཕུད་ཡིན་དོན་གང་ལ་ཐུག་པ་སོགས།

    ང་ནི་འདི་རིགས་ལ་དབྱིངས་ཞེ་དྲག་ཡོད་དེ། དཔྱད་གཏམ་སྤེལ་བར་དཔྱད་གཞི་འཛོམས་ཀི་མི་འདུག མ་འོངས་སོན་རྩའི་ཤེས་ཡོན་གནད་འགག་ཆེ་ཤོས་རེད།

    Reply
  16. བྲག་འགོ་དཀོན་མཆོག་དར་རྒྱས། says:
    ལོ་ 15 སྔོན།

    བོད་མི་རིགས་ཀྱི་སོན་རྩན་རྩ་ཚོས་སྐད་གྲགས་བཞག་འདུག་
    སེམས་པ་རྣམ་དག་གིས་བཀྲ་ཤིས་བདེ་ལེགས་ཞུ་བཞིན་ཡོད་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese