མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སློབ་ཕྲུག་ཚོས་མ་ཎི་འདོན་མི་ཆོག་ཟེར།

བོད་ཀྱི་དུས་བབ།
༢༠༡༠/༠༥/༢༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གིས་རྨ་ཆུ་རྫོང་བོད་ཡིག་སློབ་འབྲིང་དང་བོད་རིགས་སློབ་ཆུང་གཉིས་སུ་༸པཎ་ཆེན་སྐུ་ཕྲེང་བཅུ་བའི་སྐུ་པར་བཤམས་མི་ཆོག་པ་དང་མ་ཎི་བགྲང་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་འདུག

རྨ་ཆུའི་སྒྲོལ་དཀར་སྐྱབས་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། འདི་ལོའི་ཕྱི་ཟླ་ ༣ པའི་ནང་རྨ་ཆུ་རྫོང་བོད་ཡིག་སློབ་འབྲིང་དང་རྨ་ཆུ་རྫོང་སློབ་ཆུང་གི་སློབ་མ་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་བར་བརྟེན།  ཉེ་བའི་དུས་ནས་བཟུང་རྒྱ་གཞུང་གིས་རྨ་ཆུ་རྫོང་བོད་ཡིག་སློབ་འབྲིང་དུ་༸པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གཙོས། མཁས་དབང་དགེ་འདུན་ཆོས་འཕེལ་དང་དཔལ་དོན་འགྲུབ་རྒྱལ་བཅས་རླབས་ཆེན་གྱི་མི་སྣ་དག་གི་འདྲ་པར་བཤམས་པར་བཀག་འགོག་བྱས་ཡོད་པར་མ་ཟད། སློབ་གྲྭའི་ནང་མ་ཎི་འདོན་པ་དང་ཕྱག་ཕྲེང་སོགས་ཆོས་ཕྱོགས་ཀྱི་ཅ་དངོས་ཅི་ཡང་ཉར་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་འདུག་ལ།  དགེ་རྒན་གྱི་སློབ་གསོའི་ལས་དོན་འཐུས་ཤོར་གྱི་དབང་གིས་ཐེངས་འདིའི་ངོ་རྒོལ་གྱི་ལས་འགུལ་བྱུང་ཚུལ་བརྗོད་དེ། སློབ་གྲྭའི་དགེ་རྒན་བློ་བཟང་དར་རྒྱས་དང་པདྨ་རྡོ་རྗེ་རྣམ་གཉིས་ཀྱི་ལོ་ལྔའི་གླ་ཕོགས་གཞུང་བཞེས་དང་། གཞན་དགེ་རྒན་ཁག་ཅིག་གིས་ལོ་ ༣ གྱི་གླ་ཕོགས་གཞུང་བཞེས་བཏང་ཡོད་པ་མ་ཟད། དགེ་རྒན་ཁག་ཅིག་ལ་ཟླ་རེའི་གླ་ཕོགས་རྒྱ་སྒོར་བདུན་བརྒྱ་སྤྲོད་ཀྱིན་ཡོད་འདུག་ལ། བསྡོམས་པའི་དགེ་རྒན་ ༢༡  ལ་ཐེངས་འདིའི་ལས་འགུལ་དང་འབྲེལ་བའི་ཉེས་ཆད་བཅད་ཡོད་འདུག་ལ། གཞན། ཉེ་ཆར་ལས་སྣེ་ནས་ཕྱིར་ཕུད་བཏང་ཟིན་པའི་བོད་ཡིག་སློབ་འབྲིང་གི་སློབ་གཙོ་གཞོན་པ་ཆོས་སྐྱོང་ཚེ་བརྟན་ལགས་ད་ལྟའི་ཆར་ཡང་བཀག་ཉར་འོག་གནས་ཡོད་པ་དང་། སློབ་གཙོ་སྐྱབས་ཆེན་བདེ་གྲོལ་དང་སློབ་གཙོ་གཞོན་པ་རྡོ་རེད་གཉིས་རྨ་ཆུ་རྫོང་སློབ་གསོ་སྡེ་ཁག་ནས་རྨ་ཆུ་རྫོང་ཆུ་གློག་ས་ཚིགས་ཞིག་ཏུ་ལས་བཟོ་བ་དཀྱུས་མའི་ལས་སྣེ་སྤྲད་ཡོད་འདུག་ལ། ཉེ་ཆར་ལས་སྣེ་ལས་ཕྱིར་ཕུད་བཏང་བའི་རྨ་ཆུ་རྫོང་སྤྱི་བདེ་ལས་ཁུངས་ཀྱི་མགོ་གཙོ་ལགས་གནས་གཞན་དུ་གནས་སྤོར་བཏང་ཡོད་པའི་གནས་ཚུལ་འགྲེལ་བརྗོད་གནང་བྱུང་བར་མ་ཟད། སློབ་མའི་ངོ་རྒོལ་སྐབས་གཙོ་བོའི་སྣེ་ཁྲིད་མཁན་དངུལ་རྭ་རུ་གསར་སྡེ་བའི་དབང་ཕྱུག་ཚང་གི་ཚེ་རིང་དོན་འགྲུབ་༼དམའ་འབྲིང་གསུམ་པའི་སློབ་མ༽དང༌། མུ་ར་སྔགས་སྐོར་སྡེ་བའི་རྟམ་བྷོ་ཚང་གི་ཐུབ་བསྟན་ཉི་མ་༼དམའ་འབྲིང་གཉིས་པའི་སློབ་མ༽གཉིས་སློབ་གྲྭ་ནས་ཕྱིར་འབུད་མ་བཏང་སྔོན་ནས་བཀག་འགོག་བྱས་ཏེ། ཟ་མ་དང་ཆུ་སོགས་འཐུང་མ་བཅུག་པར་མནར་གཅོད་དང་གློག་རྒྱུགས་བཙུགས་ཏེ་གཅར་རྡུང་བྱས་ཡོད་འདུག

ད་ལྟའི་ཆར་རྒྱ་གཞུང་གིས་ཞི་བའི་ངོ་རྒོལ་གྱི་སྣེ་འཁྲིད་མཁན་མང་ཆེ་བ་བོད་སྐད་ཡིག་འཇིག་ཉེན་སླར་གསོ་ཚོགས་པའི་ཚོགས་མི་ཡིན་པ་དང་། ཕ་སྐད་ཚོགས་པ་འདི་ཉིད་ལ་ཆབ་སྲིད་ཀྱི་རྒྱབ་ལྗོངས་ངེས་ཅན་ཞིག་ཡོད་པར་འགྲེལ་བརྗོད་ཀྱིས་ཚོགས་གཙོ་ཚེ་རིང་དོན་འགྲུབ་དང་ཚོགས་གཞོན་ཐུབ་བསྟན་ཉི་མ་གཉིས་ལ་འབྲེལ་མེད་ཀྱི་ནག་ཉེས་དེ་བཙན་འགེལ་བྱེད་ཀྱིན་ཡོད་འདུག་ལ། སློབ་གྲྭའི་ནང་གོང་རིམ་ནས་བཀོད་མངགས་ལྟར་ཆབ་སྲིད་དང་ཁྲིམས་ལུགས་ཀྱི་སློབ་གསོ་ཚན་ཆུང་ཟེར་བ་ཞིག་བཙུགས་ཏེ། ཆབ་སྲིད་དང་ཁྲིམས་ལུགས་ཀྱི་སློབ་གསོ་གཏོང་མུས་སུ་ཡོད་འདུག

གསར་འགོད་པ། དོན་གོ།

འབྲེལ་ཡོད་གསར་འགྱུར།

Some Chinese students celebrate graduation in New York. Photo: IC
Mobile App

རྒྱ་ནག་དང་འབྲེལ་འདྲིས་ཡོད་པའི་ཨ་རིའི་སློབ་ཆེན་ཁག་ལ་རོགས་དངུལ་སྤྲོད་ལེན་མི་ཆོག་པའི་ཁྲིམས་འཆར་བཏོན།

ཆུ་ཚོད་ ༡༡ སྔོན་ལ།
Volker Türk, High Commissioner for Human Rights, welcomes the journalist at the Palais Wilson. 17 October 2022. UN photo by Violaine Martin
Mobile App

གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་རྩིས་མེད་གཏོང་བའི་སྲིད་ཇུས་རྣམས་མཚམས་འཇོག་དགོས་པ་ནན་བརྗོད་གནང་།

ཆུ་ཚོད་ ༡༤ སྔོན་ལ།
མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་རིང་མཚམས་འཇོག་བྱ་རྒྱུའི་གསལ་བསྒྲགས། དྲ་ལམ་གྱི་པར། ༢༠༢༦།༦།༡༨
Mobile App

མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་མཚམས་འཇོག་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༦/༢༢
རྒྱ་ནག་གིས་བཀག་སྡོམ་བྱས་པའི་ཨ་རིའི་དམག་དོན་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ ཡི་ལས་རྟགས། ༢༠༢༦།༦།༢༢ པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

རྒྱ་ནག་གིས་ཨ་རིའི་རྒྱལ་སྲུང་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ བཀག་སྡོམ་བྱས།

༢༠༢༦/༠༦/༢༢
Mobile App

ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ངག་དབང་འཕེལ་རྒྱལ་ལགས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༦/༢༢
ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩

མཆན། 6

  1. མི་ཞུན། says:
    ལོ་ 16 སྔོན།

    མ་ཎི་ཡང་འདོན་མི་ཆོག་པ་ལ་དངོས་གནས་དགོད་སྤྱད་ཀྱི་ལས་འགུལ་ཞིག་རེད་ཨང་། སློབ་ཕྲུག་ཚོས་སེམས་ནས་མ་ཎི་བཏོན་ན་ཁོང་ཚོས་ག་འདྲ་བྱས་ནས་འགོག་ཐུབ་ཀྱི་རེད། དངོས་གནས་གླེན་པ་གླེན་ནག་རེད། རྒྱ་རྒན་དེ་ཚོ། ཉེས་མེད་ཀྱི་སློབ་ཕྲུག་དེ་གཉིས་དངོས་གནས་སྙིང་རྗེ་ཨང་།

    Reply
  2. གཡང་ལགས། says:
    ལོ་ 16 སྔོན།

    དམངས་ཁྲོད་ནས་ཡུལ་ཤུལ་དུ་རོགས་སྐྱོར་གུར་མང་པོ་ཞིག་སྤྲད་པ་དང་། གུར་གྱི་གྲངས་ཚད་ཀྱང་མི་ཚང་རེར་གུར་རེ་འདང་ལྷག་ཡོད་མོད་ད་ལྟ་སྐྱེ་རྒུ་མདོར་གུར་མེད་པའི་མི་གང་སར་མཐོང་རྒྱུ་ཡོད་སྐད། ཡུལ་ཤུལ་དུ་ཕྱིན་པ་འགས་འབོད་སྐུལ་འདི་འདྲ་བྱེད་པ་སྟེ། ཆུ་ཕོར་པ་གང་ལས་རོགས་པ་མེད་ཀྱང་དེ་ཉིད་ཡུལ་ཤུལ་གྱི་ས་ཐོག་ཏུ་འབོ་བ་ལས་སྲིད་གཞུང་གི་ལག་ཏུ་མ་སྤྲོད་ཟེར་གྱི་འདུག དེས་ན་སྐུ་ཚབ་རྣམ་པ་ཕེབས་ཐུབ་ན་རོགས་དངུལ་དེ་དག་ས་གནས་ས་ཐོག་གི་མི་ལ་འཕྲོད་པར་བྱེད་གལ་ཆེ། ཡུལ་ཤུལ་དུ་གདུང་སེལ་ཚོགས་ཆུང་ཕེབས་ཐུབ་པ་དང་གང་ཅིར་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུ།

    Reply
  3. karma dorje says:
    ལོ་ 16 སྔོན།

    མ་ཎི་འདོན་ན་རྒྱ་ལ་གནོད་བགྱིད་ཡོད་ན། གཤམ་འདི་འདོན་བཅུག་རོགས། འདི་ནི་རྒྱ་ནག་གི་ཆོས་ཀྱང་རེད།

    གང་གིས་ཐུགས་བརྩེ་ཉེར་ བཟུང་ནས། །
    ལྟ་བ་ཐམས་ཅད་སྤངས་པའི་ ཕྱིར། །
    དམ་པའི་ཆོས་ནི་སྟོན་མཛད་ པ། །
    གོའུ་ཏམ་དེ་ལ་ཕྱག་འཚལ་ལོ། །

    ཨོཾ་མུནི་མུནི་མཧྰ་མུནཡེ་སྭྰཧྰ། །

    དགེ་བ་འདི་ཡིས་མྱུར་དུ་བདག །
    ཤྰཀྱའི་རྒྱལ་པོ་འགྲུབ་གྱུར་ནས། །
    འགྲོ་བ་གཅིག་ཀྱང་མ་ལུས་པ། །
    དེ་ཡི་ས་ལ་འགོད་པར་ཤོག །

    Reply
  4. གངས་ལྷ་མེ་ཏོག says:
    ལོ་ 16 སྔོན།

    ད་དངོས་གནས་བོད་པ་ལ་ཐབས་ག་རེ་ཡོད་དམ།

    Reply
  5. བསེ་རུ། says:
    ལོ་ 16 སྔོན།

    ཏང་དང་རྒྱལ་ཁབ་ཀྱིས་ཆོས་དད་རང་དབང་ཡོད་ཅེས་ས་གྲགས་གནམ་གྲགས་བྱས་ན་ཡང་།
    བོད་མི་ཚོར་ལག་ཏུ་ཕྲེང་བ་ཙམ་ཡང་ཉར་མི་ཆོག་པའི་ཁྲིམས་ལུགས་སུ་ཞིག་གིས་བཟོས་སམ།
    ཐ་ན་བཙོན་ཁང་ནང་དུའང་ཆོས་དད་རང་དབང་ཡོད་སྐོར་འུད་སྒྲོག་བྱེད་ཀྱིན་ཡོད། འོན་ཀྱང་། ཁ་བཤད་དོན་ལ་མི་གནས་པའི་རྒྱ་ནག་ཁྲིམས་འོག་ནས་བོད་མི་ཚོར་བདེ་སྐྱིད་ཅིག་ནམ་ཞིག་འབྱུང་སྲིད་དམ། །

    Reply
  6. དུས་ཀྱི་དགོས་མཁོ། says:
    ལོ་ 16 སྔོན།

    ༄༅། ། འཁྲེལ་མེད་ལུགས་མེད་རང་རེད། པཎ་ཆེན་སྐུ་འཕྲེང་བཅུ་པ་མཆོག་དང་མཁས་དབང་དགེ་འདུན་ཆོས་འཕེལ། དོན་འགྲུབ་རྒྱལ་སོགས་ནི་རྒྱ་མིའི་འདོད་ཚུལ་ལྟར་ན། ཀྲུབ་ཧྭ་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་སེར་འཁྲུལ་མེད་ཡིན་པས། ཁོང་དག་གི་པར་བཤམས་མི་ཆོག་ཟེར་བ་ནི། མི་གསོན་པོ་རྒྱལ་ཁབ་ཏུ་འདུག་ཆོག་ལ་པར་ཤོག་གུ་རྒྱལ་ཁབ་ཏུ་འདུག་མི་ཆོག་ཟེར་བ་མ་རེད་དམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese