མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བོད་གནས་ཐུབ་པ་འདི་བོད་དོན་ལས་འགུལ་ཡོད་པས་ཡིན། ཆབ་བྲག་ལྷ་མོ་སྐྱབས།

བོད་ཀྱི་དུས་བབ།
༢༠༡༠/༠༥/༣༡
Share on FacebookShare on TwitterShare on EmailShare on Whatsapp

 

སྐུ་ཞབས་བློ་བཟང་སེང་གེ་ལགས་ཀྱི<བོད་གནས་ཡོད་ཀྱང་བོད་དོན་གྱི་ལས་འགུལ་གང་དུ་ཡོད>
ཅེས་པ་བཀླགས་རྗེས་ཀྱི་བསམ་ཚུལ་འགའ་ཞིག
སྤྱི་འཐུས་ཆབ་བྲག་ལྷ་མོ་སྐྱབས།

    བོད་གནས་ཡོད་མེད་དང་གནས་ཐུབ་མིན། བོད་དོན་ལས་འགུལ་གང་ཡིན་མིན་དང། ལས་འགུལ་ཇི་ལྟར་སྤེལ་གྱི་ཡོད་མེད། བོད་ཀྱི་གནས་བབ་དང་རྩ་དོན་འཐབ་རྩོད་བཅས་ནི་ངེས་པར་གླེང་དགོས་པ་ཞིག་རེད་ལ། ངོས་འཛིན་ཡང་མ་ནོར་བ་ཞིག་གིས་གླེང་དགོས། དེ་བས་སྐུ་ཉིད་ཀྱིས་གནད་དོན་འདི་དག་གི་སྐོར་ལ་གླེང་སློང་གནང་བར་རྗེས་སུ་ཡི་རངས་ཞུ་བས་ཐོག་དྲངས་ཏེ། བསམ་ཚུལ་འགའ་ཞིག་ཚང་མར་བསམ་གཞིགས་ཀྱི་ཆེད་དུ་འབུལ་བར་བརྩོན།

    བོད་གནས་ཡོད་པ་བོད་པས་ཤེས་ལ་རྒྱལ་སྤྱིས་ཀྱང་ཤེས། ལྷག་པར་དུ་རྒྱ་ནག་གཞུང་གིས་གསལ་བོར་ཤེས། འོན་ཀྱང་ཤེས་ཚུལ་ལ་ཁྱད་པར་ཡང་ཧ་ཅང་ཆེ་སྟེ། བོད་པས་བོད་འདི་རང་གི་ས་ཐོག་ན་ཤི་མ་གསོན་དུ་གནས་པར་སྙམ། རྒྱལ་སྤྱིས་བོད་འདི་འགྱེལ་ས་ན་ལངས་བཞིན་ཡོད་པ་ཚོར། རྒྱ་གཞུང་གིས་བོད་འདི་མནན་ཡང་མི་ནོན་པའི་རོ་ལངས་པ་ཞིག་ཡིན་སྙམ་འཇིགས། འདི་ཚང་མ་བོད་ཀྱི་ད་ལྟའི་གནས་བབ་ངོ་མ་ཞིག་ཀྱང་མ་རེད་དམ།

    ང་ཚོ་ཤི་མ་གསོན་དུ་གནས་ཡོད་ན། མ་ཤི་གསོན་ཐབས་མ་ནུས་ཀྱང་གསོན་ཡུན་རིང་ཙམ་ལ་འབད་དགོས། ང་ཚོ་འགྱེལ་ས་ནས་ལངས་བཞིན་ཡོད་ན། བརྟན་ཞིང་འགྱུར་མེད་ངང་ལངས་ཏེ་མདུན་དུ་སྐྱོད་རྒྱུར་དམིགས་དགོས། ང་ཚོ་མནན་ཀྱང་མི་ནོན་པའི་རོ་ལངས་ཤིག་ཡིན་ན། ང་ཚོས་དགའ་སྤོབས་དང་བཅས་ཏེ་གནོན་མཁན་རྡོག་བརྫིས་གཏོང་བར་འབད་དགོས། འདི་འདྲའི་ཆོད་སེམས་ཤིག་དང་དམིགས་ཡུལ་ཞིག་ཡོད་ན། ང་ཚོ་གསོན་ཐུབ་པར་མ་ཟད་ལངས་ཐུབ་ལ། ལངས་ཐུབ་པར་མ་ཟད་སྐྱོད་ཐུབ།

    དཔེ་འཇོག་འདིའི་གོ་དོན་གསལ་བོར་རྟོགས་ཐབས་དེ་ནི། རང་གིས་རང་ཉིད་ནི་ཤི་མ་གསོན་གྱི་བོད་པ་ཞིག་རེད་དམ། ཡང་ན་འགྱེལ་ས་ན་ལངས་བཞིན་པ་ཞིག་རེད། ཡང་ན་མནན་ཀྱང་མི་ནོན་པའི་མི་ཞིག་རེད་བསམ་བློ་ཡག་པོ་གཏོང་རྒྱུ་དེ་རེད། རང་གིས་རང་ངོ་ཤེས་རྗེས་ད་གཟོད་མི་གཞན་དང་གཞན། སྤྱི་ཚོགས་ཁྱོན་ཡོངས་ལ་དཔྱད་སྡུར་གྱིས་བསམ་གཞིགས་བཏང་ན་ཚོད་ཐིག་གི་རེད། མ་མཐའ་ཡང་བཀའ་བློན་ཁྲི་བའི་ཁྲི་སར་འགྱིངས་མཁན་ཞིག་བྱེད་ན་ངེས་པར་གནས་བབ་འདི་ཚོད་དཔག་ཐུབ་དགོས། དེ་ཐུབ་ན་ད་གཟོད་འགྱིག་རྡེའུ་རེ་རེ་བཞག་ན་དམག་འཐབ་རྒྱལ་བའི་རེ་བ་ཡང་ཡོད།

    ང་ཚོའི་བོད་དོན་ལས་འགུལ་གྱི་རྣམ་གྲངས་མང་བས་ལས་རིགས་བྱེ་བྲག་པའི་མིང་ཡང་མང། འོན་ཀྱང”བོད་རང་བཙན”དང”དབུ་མའི་ལམ”གཉིས་ནི་ཆབ་སྲིད་ཀྱི་ཆེད་སྤྱོད་མིང་བརྡ་གཉིས་ཆགས་ཡོད་ལ་ཡོངས་ཁྱབ་ཀྱང་ཡིན། ལས་འགུལ་སྤྱི་ཁྱབ་ཀྱི་གཏན་འབེབས་མིང་ནི། བཅའ་ཁྲིམས་རིན་པོ་ཆེར་གཏན་ལ་ཕབ་གནང་བའི”བོད་དོན་བདེན་མཐའ་གསལ་ཐབས”ཞེས་པ་འདི་ལགས། དེ་བས་མིང་བརྡ་འདིའི་ཁྱབ་ཁོངས་སུ་མ་འདུས་པའི་ལས་རིགས་ཤིག་དཀོན་པས། ཆེད་སྤྱོད་གཞན་ཞིག་གཏན་འབེབས་གནང་མི་དགོས་སྙམ།   

གྷུའུ་གྷལ་དྲ་གནས་སུ་སྐུ་ཉིད་ལ”བོད་ཀྱི་ལས་འགུལ”ཞེས་པའི་ཐ་སྙད་ཅན་ཞིག་མ་རྙེད་པ་ཙམ་ལས། བོད་དོན་ལས་འགུལ་གྱི་སྐོར་ཅིག་མ་རྙེད་པ་ཅི་ལ་ཡིན། དེང་སང”ཏཱ་ལའི་བླ་མ”ཞེས་པའི་མཚན་གནས་རྗེས་འབྲེལ་དང་བཅས་པ་ཆབ་སྲིད་ཀྱི་ཐ་སྙད་ཅིག་ཏུ་གྲུབ་པར་མ་ཟད”བོད”ཅེས་པའི་མིང་འདི་ཡང་སྲིད་དོན་གྱི་ཐ་སྙད་ཅིག་ཏུ་ཚོར་གྱིན་ཡོད། དེ་བས་ལྷ་ལྟ་བུའི་གྷུའུ་གྷལ་ལས་ཀྱང་ལྷ་ལས་ལྷག་པའི་མི་དམངས་ཀྱི་སེམས་དང་ཁ་ན་ང་ཚོ་གསོན་བཞིན་ཡོད་པས་ང་ཚོ་ང་ཚོས་མ་འཇོན་ཡང་གཞན་གྱིས་ང་ཚོ་དེང་རབས་དྲ་གནས་སུ་བསུ་བཞིན་པ་ནི(Twitter)ལྟ་བུས་གསལ་མཚོན་ཐུབ་པ་ཞིག་རེད།   

སྐུ་ཉིད་ཀྱིས་གླེང་བའི་བོད་ཀྱི་རྩ་དོན་འཐབ་རྩོད་ཀྱི་ནུས་པ་བཅུ་ཞེས་པའང་བོད་དོན་ལས་འགུལ་ཅི་སྤེལ་གྱི་འབྲས་བུ་སྨིན་དང་སྨིན་བཞིན་པ། སྨིན་རྒྱུ་ཡིན་པའི་ནུས་པ་དག་ཡིན་པ་འདིས་ཀྱང། “བོད་དོན་གྱི་ལས་འགུལ་གང་དུ་ཡོད”ཅེས་པར་རང་གིས་རང་ལ་ལན་བཏབ་ཡོད་པར་ཚོར། དེ་ལྟར་ཡིན་ཏེ། “ད་ཆར་བོད་དོན་འཛམ་གླིང་གི་མཐོ་ས་ཞིག་ལ་བསྐྱལ་ཡོད”པས་སོ།།
(དེ་རིང་དེ་ཙམ་གྱིས་མུ་མཐུད་གླེང་ཆོག)

མཆན། 18

  1. མགར་རྟོགས་སད says:
    ལོ་ 13 སྔོན།

    སྒེར་འཐུས་བྲག་གཅིན་ལྷ་མོ་སྐྱབས་ལགས།
    ཁྱེད་རང་གི་མཁས་པ་ཚོ་དང་བགྲོད་གླེང་གནང་བ་འདི་ཧ་ཅང་ཧམ་པ་ཆེས་དྲག་འདུག བོད་དོན་ཁ་འཁྱེར་གྱི་སྒེར་དོན་སྒྲུབ་པའི་ཐབས་ལམ་ཡག་པོ་ཞིག་རྙེད་ན་
    རང་གི་དམིགས་ཡུལ་འགྲུབ་སོང་ནི་རེད།

    Reply
  2. ཉི་མ་རྒྱལ་མཚན says:
    ལོ་ 13 སྔོན།

    རང་རང་གི་སེམས་ཀྱི་བསམས་ཚུལ་བརྗོད་པ་ཡག་པོ་འདུག་ཡིན་ན་ཡང་ཐེན་ཕྱིར་དང་རང་རྒྱལ་གཞན་ཕམ་གྱི་སྐད་ཆ་དེ་མེད་པ་མི་རིགས་འདི་ཉིད་ཀྱི་མ་འོངས་དང་ད་ལྟའི་གནས་བབས་ལ་གཟིགས་རོགས། སྤུབ་ཟླ་་ཚོ་གཉིདསད་ཤོགས་

    རང་ཡུལ་བདེན་པའི་ཉི་མ་བ་ལ།།
    རང་རིགས་ཉི་མའི་འོད་ཟེར་འདྲ་བ་དགོས།།
    འཛམ་གླིང་ཞི་བདེས་བུ་སྐྱོང་བ་ལ།།
    སྙིང་སྟོབས་ལ་རྒྱའི་གོམ་ཁ་སྒྲིགས་ནས་འགྲོ།།
    མ་འོངས་བོད་ཀྱི་སྲོག་རྩ་འཛིན་པ་ལ།
    མི་རིགས་ལ་རྒྱའི་རིག་རྩལ་རྒྱས་ནས་འགྲོ།།
    བདེན་པའི་བོད་ཀྱི་རང་བདང་ལན་བ་ལ།།
    བོད་པས་སྙིང་སྟོབས་མེ་ལྕེ་དབར་ནས་འགྲོ།།
    ཆོལ་གསུམ་གཅིག་གྱུར་བདེན་པའི་རི་མོ་དང་།།
    རང་དབང་བདེན་པའི་ཉི་མའི་འོད་ཟེར་སོགས།།
    རང་ལ་དགོས་ན་གཉིད་ལས་སད་རེན་འདུག།།
    ད་ལྟའི་བཀའ་ཁྲི་མ་ནོར་ལག་ཏུ་གཟུང་།།
    བཙན་པོ་གདུང་རྒྱུད་མ་ནོར་ལག་དུ་གཟུང་།།
    བོད་མིའི་དཔོན་པོ་མ་ནོར་ལག་དུ་གཟུང་།།
    བདེན་པའི་ར་དགྲི་མ་ནོར་ལག་དུ་གཟུང་།།

    Reply
  3. རྟུལ་ཕོད། says:
    ལོ་ 13 སྔོན།

    ཐོག་མར་འུ་ཚོ་བོད་པ་ཞིག་ཡིན་མིན་མ་བལྟས་གོང་ལ་སོ་སོ་མི་ཞིག་ཡིན་མིན་བལྟ་དགོས་པ་གནད་འགག་ཅིག་ཡིན་ཡིན་པས་ལྟ་རྒྱ་ཐོས་རྒྱ་ཆེ་རུ་སྐྱེད་ནས་རང་ཉིད་མི་ཡིན་མིན་ལ་འཚོལ་བཤེར་བྱེད་དགོས་པ་གལ་ཆེན་ནང་གི་དོན་རེད།རང་ཉིད་མི་རུ་མ་རྙེད་གོང་ལ་བོད་པ་ཞིག་རྙེད་རྒྱུ་མེད་པའི་ཁྱབ་མཐའ་ཡོད་པས་མི་རུ་མ་རྙེད་གོང་ལ་བོད་པ་འཚོལ་ངལ་བ་འབྲས་མེད་ཅིག་མ་ཡིན་ནམ?

    Reply
  4. མགར་རྟོགས་སད says:
    ལོ་ 13 སྔོན།

    རྨོག་རུ་བསྟན་པ་འདི་མཐོང་རྒྱ་ཅན་ཤེས་རྒྱ་ཅན་ཞིག་རེད་ཡ།
    ཆོལ་ཁ་ཆོས་ལུགས་ཀྱི་ཕྱོགས་རིས་ཀྱི་དྲི་མའི་མ་གོས་པའི། བོད་རྩ་དོན་གྱི་ཆེད་ལ་ལྷག་བསམ་གཙང་མའི་དམ་བཅའ་བརྟན་པོ་ཡོད་མཁན་ཞིག་རེད།

    Reply
  5. བོད་ཀྱི་མཛེས་མ། says:
    ལོ་ 13 སྔོན།

    ང་རང་ཁ་སང་སྐུ་ཞབས་བློ་བཟང་སེང་གེའི་གསུང་བཤད་ཉན་དུ་བཅར་བ་ཡིན།
    ཁོང་གི་གསུང་བཤད་ཀྱི་ནང་དོན་གཙོ་བོ་ནི་སྟོབས་ཤུགས་བཅུའི་སྐོར་རེད།
    ངས་ཁོང་གི་ཆུ་ཚོད་གཉིས་ཙམ་རིང་གི་གསུང་བཤད་ཉན་པ་དང་སྦྲགས་ཁོང་མ་འོངས་པའི་བཀའ་ཁྲིའི་འོས་བབས་ཡོད་མེད་སྐོར་ཅུང་ཟད་རྟོག་ཞིབ་བྱས་པ་ཡིན།

    ཁོང་ནི་གཟུགས་སྟོབས་ཆེ་ལ།ཉམས་དོད་པའི་གཞོན་སྐྱེས་སྟག་ཤར་པ་ཞིག་རེད་འདུག་་ད་དུང་གཟུགས་ཚད་རིང་ཞིང་བལྟ་བའི་ཆོག་མི་ཤེས་པར་མོ་བརྒྱ་སེམས་པ་འགུག་པ་ཞིག་འདུག
    ཁོང་གི་གསུང་བཤད་ནི་དེ་བས་ཀྱང་སྙན་འཇེབས་དང་གོ་དོན་ཟབ་པ།་ཚིག་རྙོག་མ་འདྲེས་ཤིང།སྐྱེ་བོ་མཆོག་དམན་ཀུན་ལ་གོ་བདེ་བ།རང་བཞིན་ནས་ཤོད་ཉམས་ཆེ་བ་བཅས་ཁོ་བོ་ཡིད་ཀྱི་བརྟནཔ་དབང་མེད་དུ་འཕྲོག་སོང།
    ད་དུང་མུ་མཐུད་བཤད་ན།གསུང་བཤད་ཀྱི་ཚིག་འབྲུ་རེ་རེ་ནས་ཤེས་ཚོད་ལ་ཁོང་ནི་རྒྱལ་སྤྱིའི་གནས་ལུགས་མཁས་པའི་ཁྱུ་མཆོག་ཡིན་པར་དེ་མུར་ཤེས་ཐུབ་ཅིང།་བོད་ཀྱི་འདས་མ་འོངས་ད་ལྟ་བཅས་ཀྱི་གནས་བབ་ལའང་རྒྱུས་མངའ་ཟབ་པ་བཅས་འབད་པ་མེད་པར་བདེ་བླག་ངང་ཤེས་བྱུང།
    ད་ནི་ཐེ་ཚོམ་མེད་པར་ཁོང་སྐབས་བཅུ་བཞི་པའི་བཀའ་ཁྲི་བསྐོ་རྒྱུ་རང་ངོས་ནས་ཐག་གཅོད་ཟིན་པ་དང།ཁོང་ལྟ་བུ་ཐེངས་རྗེས་མའི་བཀའ་ཁྲིར་མ་སླེབས་ན་ང་ལ་བློ་ཕངས་ཆེན་པོ་ཡོང་ངེས་ཚོད་དཔག་བྱེད་ཐུབ།

    Reply
  6. karma dorje says:
    ལོ་ 13 སྔོན།

    བོད་གནས་ཐུབ་པ་བོད་དོན་ལས་འགུལ་ལས་བྱུང་།
    བོད་དོན་ལས་འགུལ་ནི་བོད་པའི་ཤེས་འཇོན་ལས་བྱུང་།
    བོད་པའི་ཤེས་འཇོན་ནི་བོད་པའི་ལ་རྒྱ་དང་འབད་བརྩོན་ལས་བྱུང་བས།
    དེས་ན་བོད་པའི་ལ་རྒྱ་དང་འབད་བརྩོན་མ་བརླག་པ་ནི་ཤིན་ཏུ་གལ་ཆེའོ། །

    Reply
  7. མཐུ་སྟོབས says:
    ལོ་ 13 སྔོན།

    དངོས་གནས་བདེན་པ་རེད་བསམ་ཀྱིན་འདུག སྐྱུར་མོ་གཅིག་དང་མ་འཕྲད་ན། མངར་མོ་ཚང་མ་ཅང་ཅང་རེད་ཅེས་དཔེ་ལྟར་། རང་སོ་སོས་རྣམ་དཔྱོད་བེད་སྤྱོད་མ་བྱས་ན། རེ་ཟུང་གིས་ཚིག་སྙན་པོ་དང་འདྲ་ཆགས་པོ་རེ་བཤད་དེ་མི་མང་གང་སར་བླུས་ཐུབ་རེད་ཤག མདོ་དོན་ང་ཚོ་མི་རིན་པོ་ཆེ་ཡིན་སྟབས་ཡག་སྡུག་ངེས་པར་དབྱེ་འབྱེད་ཐུབ་པ་དགོས་ལ། ཡང་སྒོས་སོ་སོས་རྣམ་དཔྱོད་ངེས་པར་བེད་སྤྱོད་གཏང་དགོས། དེ་མིན་གུང་ཁྲན་ཏང་ལ་ཐབས་རྩོད་མ་བྱས་པར་དབུ་མའི་ལམ་དང་རང་བཙན་གཉིས་དབར་ནང་ཁུལ་འཁྲུག་རྩོད་རང་རྒྱབ་ཏེ་དུས་ཚོད་བསྐྱལ་རྒྱུ་ཡིན་འདུག ད་ལོངས་ཤོག་བོད་མི་ཚོ། ལོངས་ནས་ ༸རྒྱལ་བ་རིན་པོ་ཆེའི་བཀའ་ལ་ཤར་སྐྱོད་ཕེབས་ཤོག སྐུ་མཁྱེན་དག་ཆ་ནོར་ཡོད་ན་དགོངས་འགལ་མེད་པ་ཞུ། ལྷ་མོ་སྐྱབས་ལགས། ཁྱེད་ཀྱིས་མུ་མཐུད་དེ་གླེང་ཆོག་ལ་སྒུག་བསྡད་ཡོད།

    Reply
  8. ཞེ་འདང་མཚོ། says:
    ལོ་ 13 སྔོན།

    འཇིགས་བྲལ་གྱི་ཁྱི་སྐད་འདི་གང་ནས་མཐོང་ན་ཉོབ་འགྲོ་གི ཤེས་ཡོན་གྱི་རྨང་གཞི་ཅི་ཡང་མེད་པར་ཡི་གེ་འགའ་འབྲི་ཤེས་བ་དེ་ཤེས་ཡོན་ལ་བློམ་མཁན་འདི་འདྲས་དྲ་བའི་ཁོར་ཡུག་ལ་གནོད་ཀྱིན་འདུག
    འཇིགས་བྲལ་ལགས། རང་གིས་ཅི་ཡང་མི་ཤེས་བ་དེ་ཤེས་བར་གྱིས། གོ་ན་སེམས་གཏམ་ཡིན།

    Reply
  9. རྨོག་རུ་བསྟན་པ། says:
    ལོ་ 13 སྔོན།

    རྒན་ལགས།
    ཁྱེད་མཁས་དབང་ཚོས་བགྲོ་གླེང་དང་། བཤད་སྦྱངས། གྲོས་བསྡུར་སོགས་གནང་ན་མང་པོ་ཞིག་ལ་ཕན་ངེས་ཅན་རེད། དེང་སང་ཁ་ཤས་ཤིག་ལ་ཅི་ཞིག་བཤད་ན་ཕྱོགས་རིས་སུ་འགྱུར་གྱིན་འདུག

    གང་ཟག་ལ་མི་དགའ་བ་རྒྱུ་མཚན་དུ་བྱས་ནས་ཡོད་ཚད་་ལ་སྡང་ཟུག་བྱས་ན་ནོར་བ་མིན་འགྲོ་བསམ།
    མུ་མཐུད་ནས་བགྲོ་གླེང་དུ་ཕེབས་པའི་རེ་བ་ཡོད།

    Reply
  10. རྟ་མགྲིན། says:
    ལོ་ 13 སྔོན།

    yag po baris adug. thugs rje che.

    Reply
  11. མི་ཉག་བཙན་པོ། says:
    ལོ་ 13 སྔོན།

    Haaaaaaaaa I can’t use worlds freely this is same as chiness intenet because he is ?

    Reply
  12. ཕུན་ཚོགས ། says:
    ལོ་ 13 སྔོན།

    གསུང་སྐད་འདི་ཐོས་དུས་དགེན་ཚེ་རིང་དོན་གྲུབ་ཀྱི་གསུང་ཞིག་ཡིད་ལ་འཁོར་བྱུང་།འཇར་ཕན་གྱི་སློབ་གསོ་སྐྱོན་སྟངས་ནི་ཉེན་ཁའི་སློབ་གསོ་བསྐྱོན་སྟངས་ཡིན།ཉེན་ཁའི་སློབ་གསོ་རྒྱག་སྟངས་ནི་ང་ཚོར་ཅི་ཡང་མེད་ཚུལ་དང་ས་རྒྱ་ཆུང་བ།གཏེར་ཁའི་ཐོན་ཁུངས་ཉུང་བ།ང་ཚོས་ཅི་ཡང་འཇོན་གྱི་མེད་ཚུལ་དང་འདི་ལྟར་བསྡད་ན་མཐར་འཇིགས་ཉེན་ཆེ་ཚུལ་གྱི་ཉེན་ཁའི་སྐུལ་ལྕོགས་བྱེད་ཀྱི་ཡོད་པ་རེད།དེས་ནི་་སོས་དལ་ནས་སྡོད་དབང་སྟེར་གྱི་ཡོད་མ་རེད།ང་ཚོའི་བོད་པའི་སློབ་གསོ་བསྐྱོན་སྟངས་ནི་གཟེངས་བསྟོད་སློབ་གསོ་བསྐྱོན་སྟངས་རེད།ང་ཚོར་པོ་ཏ་ལ་ཡོད་ཚུལ་དང་རྩྭ་ཐང་དང་སྤང་ལྗོངས་ཡངས་པོ་ཡོད་ཚུལ།ང་ཚོར་རྒྱལ་རབས་དང་ལོ་རྒྱུས་རྒྱུན་རིང་ཚུལ་སོགས་རེད།འདིས་ནི་མི་རྣམས་སོས་དལ་ཞིང་བག་ལྷོད་པོར་སྡོད་དུ་འཇུག་གི་རེད།
    ང་ཚོས་ཀྱང་ཉེན་ཁར་ཐུག་པའི་སྒང་འདིར་ཉེན་ཁའི་སློབ་གསོས་ཀི་རིང་ཐེངས་ཤིག་བཏབ་ན་རེད།་དེ་མ་གཏོགས་སྒྱིད་ལུགགི་ཉལ་ཐུལ་འོག་ནས་ལངས་ཐུབ་ས་མ་རེད་ཡ།རྒན་ལགས།

    Reply
  13. འཇིགས་བྲལ་བསྟན་འཛིན། says:
    ལོ་ 13 སྔོན།

    བཀུར་འོས་སྤྱི་འཐུས་ཆབ་བྲག་ལྷ་མོ་སྐྱབས་ལགས། མི་ལ་དགག་པ་བྱེད་པ་ལ་ག་རེ་གསུང་བཞིན་པ་དེའི་གནད་འགག་ངོ་འཕྲོད་རྒྱུ་གལ་ཆེན་རེད།

    Reply
  14. གནམ་ལྕགས། says:
    ལོ་ 13 སྔོན།

    བོད་མི་རིགས་འདི་བོད་ཀྱི་ས་ཐོག་ནས་ཤི་འདུག་པ་མཐོང་ན་བོད་གནས་མེད་སོང་བ་རེད། དེ་ནི་གསལ་བོ་མ་རེད་དམ། ད་རེའི་རྒན་ཆབ་བྲག་གི་བསམ་ཚུལ་འདི་ལ་ལགས་སོ་ཟེར་མི་ཐུབ་ས་མང་བོ་འདུག

    Reply
  15. ཆུ་ཤུར་མིག་དམར་ says:
    ལོ་ 13 སྔོན།

    ཡ་ཡ་་་སེང་ཆབ་གཉིས་འགྲོ་གླེང་ཡག་པོ་ཞིག་བྱེད་དང་ང་ཚོས་བློ་སྐྱེད་འདྲ་ཐོབ་རྒྱུ་ཨེ་འདུག་བལྟ་ཆོག

    Reply
  16. མགར་རྟོགས་སད says:
    ལོ་ 13 སྔོན།

    འཁྱོག་བཤད་རྐྱང་རྐྱང་རེད་འདུག

    Reply
  17. བློ་གྲོས་རྒྱལ་པོ། says:
    ལོ་ 13 སྔོན།

    ཡག་པོ་བྲིས་འདུག ཐུགས་རྗེ་ཆེ་ཞུ།

    Reply
  18. བཟོད་པ་ལྷ་རྩེ། says:
    ལོ་ 13 སྔོན།

    ཡག་པོ་གསུང་འདུག་ཐུགས་རྗེ་ཆེ་མུ་མཐུད་མང་ཙམ་གླེང་རོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist