མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༼རྩོད་དུས་ཞེས་པའི་འགྲེལ་བཤད༽

བོད་ཀྱི་དུས་བབ།
༢༠༡༠/༠༦/༠༡
Share on FacebookShare on TwitterShare on EmailShare on Whatsapp

སྒོམ་སྡེ་ལྷ་རམས་པ་ཐུབ་བསྟན་བསམ་གྲུབ།

མ་ཧཱ་བྷཱ་ར་ཏའི་གཏམ་རྒྱུད་ (Mahābhārata महाभारत) ཀྱི་སྐབས་སུ་བྱུང་བའི་ཀུ་རུའི་ཡུལ་གྱི་དམག་འཐབ་(कुरुक्षेत्र युद्ध Kurukshetra War ཀུ་རུཀྵེ་ཏྲ། ཡུདྡྷ)ཅེས་པ་དེ་བྱུང་བ་ནས་བཟུང་། རྩོད་དུས་ཞེས་པ་དེ་འགོ་ཚུགས་པ་རེད། འདི་ལ་ལེགས་སྦྱར་དུ་“ཀ་ལི་ཡུག”ཟེར། གཡུལ་འཐབ་དེ་ཡང་“ཀཱཽ་ར་ཝ”(कौरव)འམ་དམག་བརྒྱ་པའི་བུ་དང་། “པཱཎ་ཌཝ”(पाण्‍डव)འམ་སྐྱ་སེང་བུ་ལྔ་སྟེ། བུ་སྤུན་རྒན་གཞོན་གྱི་བུ་ཕྲུག་cousinsགྱི་དབར་རྒྱལ་སྲིད་ཀྱི་དོན་དུ་ཁ་མ་འཆམས་པར་རྩོད་པ་བྱུང་ངོ་། །རྩོད་ལྡན་ལ་༤༣༢༠༠༠བཞི་འབུམ་སུམ་ཁྲི་ཉིས་སྟོང་ཡོད་པར་དུས་འཁོར་ལས་གསུངས། ཞེས་མངོན་བརྗོད་མཁས་པའི་རྣ་རྒྱན་ལས་གསུངས་མོད། འདི་ནི་ཧིནྡཱུའི་ཆོས་ལུགས་སུ་འབྱུང་བའི་ཐ་སྙད་དེ་རང་ནང་པས་ཚུར་བླངས་པའོ། །ཀུ་རུའི་ཡུལ་(ཀུ་རུཀྵེ་ཏྲ)ཞེས་པ་ནི། དེང་སང་རྒྱ་གར་གྱི་མངའ་སྡེ་“ཧ་རི་ཡཱ་ཎཱ”हरियाणा Haryanaཟེར་བ་དེ་ཡིན་པར་བཤད་དོ། །ཞར་བྱུང་དུས་གཞན་གསུམ་གྱི་འགྲེལ་བཤད་ནི།

༼རྫོགས་ལྡན་དུས༽<ཀྲྀ་ཏ་ཡུ་གཾ> བསྐལ་པ་དང་པོའི་དུས་སུ། དེར་དགེ་བཅུ་རྫོགས་པར་སྤྱོད་ཅིང་སྣོད་བཅུད་ཀྱི་དཔལ་ཆ་ཙམ་ཡང་མ་ཉམས་པར་གནས་པས་རྫོགས་ལྡན་ཞེས་བྱའོ། །

དེའི་ཡུན་ཚད་ལ་མི་ལོ་༡༧༢༨༠༠༠ས་ཡ་གཅིག་དང་བདུན་འབུམ་ཉི་ཁྲི་བརྒྱད་སྟོང་པར་དུས་འཁོར་ལས་གསུངས། ཞེས་མངོན་བརྗོད་མཁས་པའི་རྣ་རྒྱན་ལས་བཤད། རྫོགས་ལྡན་གྱི་བསྐལ་པ་དང་དོན་གཅིག

༼གསུམ་ལྡན་དུས༽ <ཏྲེ་ཏཱ་ཡུ་གཾ> བསྐལ་པ་དང་པོའི་དུས་སུ་དགེ་བཅུ་རྫོགས་པར་སྤྱོད་ཅིང་སྣོད་བཅུད་ཀྱི་དཔལ་ཆ་ཙམ་ཡང་མ་ཉམས་པར་གནས་པས་རྫོགས་ལྡན་ཞེས་བྱ་ཞིང༌། དེ་ནས་མི་རྣམས་ཀྱིས་འཁྲིག་པ་སྤྱོད་ཅིང་མ་བྱིན་པར་བླངས་པས་སྣོད་བཅུད་ཀྱི་དཔལ་ཆ་བཞིར་བགོས་པའི་གཅིག་བྲི་བས་གསུམ་ལྡན་ཞེས་བྱའོ། །

དེའི་ཡུན་ཚད་ནི་༡༢༩༦༠༠༠ས་ཡ་གཅིག་དང་ཉིས་འབུམ་དགུ་ཁྲི་དྲུག་སྟོང་ཡོད་པར་དུས་འཁོར་ལས་བཤད། ༼གཉིས་ལྡན་དུས༽ <དྭ་པ་ར་ཡུ་གཾ> རྫུན་སྨྲས་པས་སྣོད་བཅུད་ཀྱི་དཔལ་ཆ་གཉིས་བྲི་བས་གཉིས་ལྡན་ཞེས་བྱའོ། །དེའི་ཡུན་ཚད་ནི་གཉིས་ལྡན་ལ་༨༦༤༠༠༠བརྒྱད་འབུམ་དྲུག་ཁྲི་བཞི་སྟོང་ཡོད་པར་དུས་འཁོར་ལས་བཤད།

འབྲེལ་ཡོད་གསར་འགྱུར།

པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༧ སྔོན་ལ།
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡

མཆན། 10

  1. ངག་དབང་རབ་རྒྱས། says:
    ལོ་ 16 སྔོན།

    སྒོམ་སྡེ་ལྷ་རམས་པ་ཐུབ་བསྟན་བསམ་གྲུབ་ལགས། ཁག་གཅིག་ལ་དགེ་བཤེས་ཀྱི་གོ་མིང་ཡོད་པའི་སེར་མོ་བ་སྐྱར་བབས་རྗེས་ད་དུང་ཡང་དགེ་བཤེས་ཀྱི་གོ་མིང་དེ་རང་ཉིད་ཀྱི་མིང་གི་འགོར་སྦྱར་ཏེ་བེད་སྤྱོད་བྱེད་ཀྱི་འདུག་ན། དེའི་ཐད་ཁྱེད་ལ་དགོངས་ཚུལ་ག་འདྲ་ཡོད་དམ།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    སྒོམ་སྡེ་ལགས། རྩོད་མ་རྩོད་ཀྱི་དུས་དེ་ལས་གལ་ཆེ་བ་ནི། ཕྱི་ནང་གཉིས་ཀྱི་ལུགས་སུ་མིའི་ཚེ་ལོ་དཔག་མེད་སོགས་ཡོད་པ་ལུང་རིགས་གང་གིས་སྒྲུབ་ཐུབ་བམ།

    Reply
  3. སྒོམ་སྡེ་ལྷ་རམས་པ། says:
    ལོ་ 16 སྔོན།

    འགྲེལ་བཤད་སྣོན་མ་ཆུང་ཆུང་ཞིག་ལྷག་འདུག
    རྩོད་ལྡན་དུས། རྩོད་དུས། སྙིགས་དུས། སྙིགས་མའི་དུས། སྙིགས་མ་ལྔའི་དུས། སྙིགས་མ་ལྔ་བདོའི་དུས་རྣམས་དོན་འདྲའོ། །

    Reply
  4. སྒོམ་སྡེ་ལྷ་རམས་པ། says:
    ལོ་ 16 སྔོན།

    ཨ་འབྲུག་དཀོན་མཆོག་ལགས།
    ཁྱེད་ནས་རྒྱུན་ལྡན་ལྟར་དྲི་བ་ཡག་པོ་དྲིས་འདུག
    རེད་རེད། མིའི་འབྱུང་ཁུངས་ཡར་དེད་ན་དུད་འགྲོ་ཡིན་པ་ཚན་རིག་པ་སྨོས་ཅི་དགོས། ང་ཚོ་བོད་པས་ཀྱང་མི་ལོ་བརྒྱ་ཕྲག་མང་པོའི་སྔོན་ནས་བཤད་ཀྱིན་ཡོད་པ་རེད། འོན་ཀྱང་སྔོན་མ་དུད་འགྲོ་ཡིན་ཡང་ད་ལྟ་མི་རང་རེད། དེར་མ་ཟད་མི་དང་དུད་འགྲོ་ལ་རྣམ་རིག་བཀྲ་ལོས་དང་རླབས་ཆེ་ཆུང་སོགས་ཀྱི་ཁྱད་པར་ཆེན་པོ་ཡོད་པས། མི་རྩ་བ་ཆེ་བ་བརྩིས་པ་རེད།
    རྫོགས་སྙིགས་ཀྱི་ལོ་ཚད་དང་འགྲེལ་བཤད་འདི་དག་ནི་གོང་དུ་བཤད་པ་ལྟར་ཧིནྡཱུའི་ཆོས་ལུགས་སུའང་རང་རེའི་ནང་ཆོས་སུ་འབྱུང་བ་ལྟར་ཇི་མ་ཇི་བཞིན་གསུངས་འདུག ཁུངས་ལྡན་ཡིན་མིན་ནི་ཤོད་དཀའོ། །

    Reply
  5. སྒོམ་སྡེ་ལྷ་རམས་པ། says:
    ལོ་ 16 སྔོན།

    གཙང་ཕྲུག་སྟོབས་ལགས།
    ཁྱེད་རང་གི་དྲི་བ་དེས་ང་ལའང་དཔེ་ཆ་ཀློག་རྒྱུར་ཕན་ཐོགས་བྱུང་སོང་བས། ཐུགས་རྗེ་ཆེ།
    བདེ་བ་ཅན་གྱི་སྐོར་དེ་༼འཕགས་པ་བདེ་བ་ཅན་གྱི་བཀོད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ༽ལས་འགྲེལ་བཤད་གསལ་པོ་ཞེ་དྲག་གསུངས་ཡོད་རེད།
    དུམ་བུ་ཞིག་འོག་ཏུ་དྲངས་ཡོད་པ་གཟིགས་རོགས།

    ༼འཕགས་པ་བདེ་བ་ཅན་གྱི་བཀོད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ༽ལས། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་བཀའ་སྩལ་པ། ཤཱ་རིའི་བུ་སངས་རྒྱས་ཀྱི་ཞིང་འདི་ནས་ནུབ་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་འདས་པ་ན་འཇིག་རྟེན་གྱི་ཁམས་བདེ་བ་ཅན་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེ་དཔག་མེད་ཅེས་བྱ་བ་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏོ། །ཤཱ་རིའི་བུ་འདི་ཇི་སྙམ་དུ་སེམས། འཇིག་རྟེན་གྱི་ཁམས་དེ་ཅིའི་ཕྱིར་བདེ་བ་ཅན་ཞེས་བྱ་ཞེ་ན། ཤཱ་རིའི་བུ་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དེ་ན་སེམས་ཅན་རྣམས་ཀྱི་ལུས་ལ་སྡུག་བསྔལ་མེད། སེམས་ལ་སྡུག་བསྔལ་མེད་ཅིང་བདེ་བའི་རྒྱུ་ཚད་མེད་པར་ཡོད་དེ། དེའི་ཕྱིར་འཇིག་རྟེན་གྱི་ཁམས་བདེ་བ་ཅན་ཞེས་བྱའོ། །ཤཱ་རིའི་བུ་གཞན་ཡང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་ནི་ཁ་ཁྱེར་རིམ་པ་བདུན་དང༌། ཤིང་ཏ་ལའི་ཕྲེང་བ་རིམ་པ་བདུན་དང༌། དྲིལ་བུ་གཡེར་ཀའི་དྲ་བ་རྣམས་ཀྱིས་ཀུན་ནས་ཡོངས་སུ་བསྐོར་བ། བཀྲ་བ་བལྟ་ན་སྡུག་པའོ། །ཤཱ་རིའི་བུ་སངས་རྒྱས་ཀྱི་ཞིང་དེ་ནི་རིན་པོ་ཆེ་སྣ་བཞི་ལ་འདི་ལྟ་སྟེ། གསེར་དང༌། དངུལ་དང༌། བཻ་དཱུ་རྻ་དང༌། ཤེལ་དང༌། རྣམ་པ་དེ་ལྟ་བུའི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་དག་གིས་ལེགས་པར་བརྒྱན་པའོ། །ཤཱ་རིའི་བུ་གཞན་ཡང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་ན་རིན་པོ་ཆེ་སྣ་བདུན་གྱི་རྫིང་ཡན་ལག་བརྒྱད་དང་ལྡན་པའི་ཆུས་ཡོངས་སུ་གང་བ། རིན་པོ་ཆེའི་པད་མས་ཁེབས་པ། བྱ་རོག་གིས་བཏུང་དུ་རུང་བར་ཁ༌ད་ཆད་དུ་གྱུར་པ་གསེར་གྱི་བྱེ་མ་བདལ་བ་དག་ཡོད་དེ། རྫིང་དེ་དག་གི་ཕྱོགས་བཞི་ཀུན་ན་ཐེམ་སྐས་བཀྲ་བ། བལྟ་ན་སྡུག་པ། གསེར་དང༌། དངུལ་དང༌། བཻ་དཱུ་རྻ་དང༌། ཤེལ་དང༌། རིན་པོ་ཆེ་སྣ་བཞི་ལས་བྱས་པ་བཞི་བཞི་ཡོད་དོ། །རྫིང་དེ་དག་གི་འགྲམ་ན་རིན་པོ་ཆེའི་ཤིང་ལྗོན་པ་རིན་པོ་ཆེ་སྣ་བདུན་ལ་འདི་ལྟ་སྟེ། གསེར་དང༌། དངུལ་དང༌། བཻ་དཱུ་རྻ་དང༌། ཤེལ་དང༌། མུ་ཏིག་དམར་པོ་དང༌། རྡོའི་སྙིང་པོ་དང༌། སྤུག་གི་ཤིང་བཀྲ་བ། བལྟ་ན་སྡུག་པ་དག་སྐྱེས་སོ། །རྫིང་དེ་དག་ཀུན་ནས་པད་མ་སྐྱེས་པ་འདི་ལྟ་སྟེ་གསེར་དང༌། གསེར་གྱི་ཁ་དོག །གསེར་གྱི་འོད་འབྱུང་བ། གསེར་ལྟ་བུར་སྟོན་པ། སྔོན་པོ་ཁ་དོག་སྔོན་པོ། །འོད་སྔོན་པོ་འབྱུང་བ། སྔོན་པོ་ལྟ་བུར་སྟོན་པ། སེར་པོ་ཁ་དོག་སེར་པོ། །འོད་སེར་པོ་འབྱུང་བ། སེར་པོ་ལྟ་བུར་སྟོན་པ། དམར་པོ་ཁ་དོག་དམར་པོ། །འོད་དམར་པོ་འབྱུང་བ། དམར་པོ་ལྟ་བུར་སྟོན་པ། དཀར་པོ། ཁ་དོག་དཀར་པོ། །འོད་དཀར་པོ་འབྱུང་བ། དཀར་པོ་ལྟ་བུར་སྟོན་པ། བཀྲ་བ། ཁ་དོག་བཀྲ་བ། འོད་བཀྲ་བ་འབྱུང་བ། བཀྲ་བ་ལྟ་བུར་སྟོན་པ། ཤིང་རྟའི་འཕང་ལོ་ཙམ་དག་སྐྱེས་སོ། །ཤཱ་རིའི་བུ་སངས་རྒྱས་ཀྱི་ཞིང་དེ་ན་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་རྣམ་པ་དེ་ལྟ་བུ་དག་གིས་ལེགས་པར་བརྒྱན་པའོ། ཤཱ་རིའི་བུ་གཞན་ཡང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་ན་ལྷའི་སིལ་སྙན་གྱི་སྒྲ་རྟག་ཏུ་འབྱུང་ངོ། །ས་ཆེན་པོ་ནི་གསེར་གྱི་ཁ་དོག་ལྟ་བུ་སྟེ་ཉམས་དགའ་བའོ། །ཤཱ་རིའི་བུ་སངས་རྒྱས་ཀྱི་ཞིང་དེ་ནི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་རྣམ་པ་དེ་ལྟ་བུ་དག་གིས་ལེགས་པར་བརྒྱན་པའོ། །ཤཱ་རིའི་བུ་གཞན་ཡང་སངས་རྒྱས་ཀྱི་ཞིང་དེ་ན་ཉིན་ལན་གསུམ། མཚན་ལན་གསུམ་དུ་ལྷའི་མེ་ཏོག་མན་དཱ་ར་བའི་ལྷའི་མེ་ཏོག་གི་ཆར་འབབ་བོ། །དེར་སེམས་ཅན་གང་དག་སྐྱེས་པ་དེ་དག་ཀྱང་སྔ་དྲོ་གཅིག་བཞིན་དུ་སངས་རྒྱས་ཀྱི་ཞིང་གཞན་དང་གཞན་དུ་དོང་སྟེ་སངས་རྒྱས་བྱེ་བ་ཕྲག་འབུམ་ལ་ཕྱག་འཚལ་ཞིང༌། དེ་བཞིན་གཤེགས་པ་རེ་རེ་ལ་ཡང་མེ་ཏོག་སྐོན་བུ་བྱེ་བ་ཕྲག་འབུམ་མངོན་པར་འཐོར་ཏེ། གཏོར་ནས་ཉིན་མོ་གནས་པའི་ཕྱིར་སླར་འཇིག་རྟེན་གྱི་ཁམས་དེ་ཉིད་དུ་འདོང་ངོ། །ཤཱ་རིའི་བུ་སངས་རྒྱས་ཀྱི་ཞིང་དེ་ནི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་རྣམ་པ་དེ་ལྟ་བུ་དག་གིས་ལེགས་པར་བརྒྱན་པའོ། །ཤཱ་རིའི་བུ་གཞན་ཡང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་ན་ངང་པ་དང༌། ཁྲུང་ཁྲུང་དང༌། རྨ་བྱ་དག་ཡོད་པ་དེ་དག་ཀྱང་ཉིན་ལན་གསུམ། མཚན་ལན་གསུམ་འདུས་ནས་ཡང་དག་པར་བགྲོ་བར་བྱེད་དེ། རང་རང་གི་སྐད་དག་གིས་སྨྲའོ། །དེ་དག་སྨྲ་བ་ན་དབང་པོ་དང་སྟོབས་དང༌། བྱང་ཆུབ་ཀྱི་ཡན་ལག་གི་སྒྲ་དག་འབྱུང་ངོ། །སེམས་ཅན་གང་དག་དེར་སྐྱེས་པ་དེ་དག་གིས་སྒྲ་དེ་ཐོས་ནས་སངས་རྒྱས་ཡིད་ལ་བྱེད་པ་སྐྱེ། ཆོས་ཡིད་ལ་བྱེད་པ་སྐྱེ། དགེ་འདུན་ཡིད་ལ་བྱེད་པར་སྐྱེའོ། །ཤཱ་རིའི་བུ་འདི་ཇི་སྙམ་དུ་སེམས། སེམས་ཅན་དེ་དག་དུད་འགྲོའི་སྐྱེ་གནས་སུ་གྱུར་པ་ཡིན་སྙམ་དུ་སེམས་པ་ལྟ་ན་དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་སངས་རྒྱས་ཀྱི་ཞིང་དེ་ན་སེམས་ཅན་དམྱལ་བ་དང༌། དུད་འགྲོའི་སྐྱེ་གནས་དང༌། གཤིན་རྗེའི་འཇིག་རྟེན་དུ་སྐྱེ་བའི་མིང་ཡང་མེད་དོ། །བྱའི་ཚོགས་དེ་དག་ནི་དེ་བཞིན་གཤེགས་པ་ཚེ་དཔག་མེད་དེ་ཉིད་ཀྱིས་ཆོས་ཀྱི་སྒྲ་དབྱུང་བའི་ཕྱིར་སྤྲུལ་པ་དག་གོ༌། །ཤཱ་རིའི་བུ་སངས་རྒྱས་ཀྱི་ཞིང་དེ་ནི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་རྣམ་པ་དེ་ལྟ་བུ་དག་གིས་ལེགས་པར་བརྒྱན་པའོ། །ཤཱ་རིའི་བུ་གཞན་ཡང་སངས་རྒྱས་ཀྱི་ཞིང་དེའི་ཏ་ལའི་ཕྲེང་བ་དེ་དག་དང༌། དྲིལ་བུ་གཡེར་ཀའི་དྲ་བ་དེ་དག་ལ་རླུང་གིས་ཕོག་ཅིང་རླུང་གིས་བསྐྱོད་ན་སྒྲ་སྙན་པ་ཡིད་དུ་འོང་བ། ཉམས་དགའ་བ་འབྱུང་སྟེ། འདི་ལྟ་སྟེ་དཔེར་ན། རོལ་མོ་མཁན་གྱིས་ཡན་ལག་བྱེ་བ་འབུམ་དང་ལྡན་པའི་ལྷའི་སིལ་སྙན་བླངས་པ་བཞིན་ནོ། །དེར་མི་དེ་དག་གིས་སྒྲ་དེ་ཐོས་ནས་སངས་རྒྱས་རྗེས་སུ་དྲན་པ་དང༌། ཆོས་རྗེས་སུ་དྲན་པ་དང༌། དགེ་འདུན་རྗེས་སུ་དྲན་པ་ལུས་ལ་གནས་སོ། །ཤཱ་རིའི་བུ་སངས་རྒྱས་ཀྱི་ཞིང་དེ་ནི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པའི་རྒྱན་རྣམ་པ་དེ་ལྟ་བུ་དག་གིས་ལེགས་པར་བརྒྱན་པའོ། །ཤཱ་རིའི་བུ་འདི་ཇི་སྙམ་དུ་སེམས། ཅིའི་ཕྱིར་དེ་བཞིན་གཤེགས་པ་ཚེ་དཔག་ཏུ་མེད་ཅེས་བྱ་ཞེ་ན། ཤཱ་རིའི་བུ་དེ་བཞིན་གཤེགས་པ་ཚེ་དཔག་མེད་དེའི་ཚེའི་ཚད་དཔག་ཏུ་མེད་དེ། དེའི་ཕྱིར་དེ་བཞིན་གཤེགས་པ་ཚེ་དཔག་མེད་ཅེས་བྱའོ། །ཤཱ་རིའི་བུ་གཞན་ཡང་ཅིའི་ཕྱིར་དེ་བཞིན་གཤེགས་པ་དེ་འོད་དཔག་མེད་ཅེས་བྱ་ཞེ་ན། ཤཱ་རིའི་བུ་དེ་བཞིན་གཤེགས་པ་འོད་དཔག་མེད་དེའི་འོད་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཐོགས་པ་མེད་དེ། དེའི་ཕྱིར་དེ་བཞིན་གཤེགས་པ་འོད་དཔག་མེད་ཅེས་བྱའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་དཔག་མེད་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་བསྐལ་པ་བཅུ་ལོན་ནོ། །ཤཱ་རིའི་བུ་གཞན་ཡང་བཅོམ་ལྡན་འདས་དེའི་ཉན་ཐོས་ཀྱི་དགེ་འདུན་དག་པ་དགྲ་བཅོམ་པ་ཤ་སྟག་ཚད་མེད་དེ། དེ་དག་གི་ཚད་བརྗོད་པར་སླ་བ་མ་ཡིན་ནོ། །ཤཱ་རིའི་བུ་གཞན་ཡང་སངས་རྒྱས་ཀྱི་ཞིང་དེར་སྐྱེས་པའི་སེམས་ཅན་དག་ནི་ཕྱིར་མི་ལྡོག་པ། སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་དག་པ་ཤ་སྟག་གོ༌། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་དེ་དག་གི་ཚད་ནི་བརྗོད་པར་སླ་བ་མ་ཡིན་ཏེ། གཞན་དུ་ན་ཚད་མེད་གྲངས་མེད་ཅེས་བྱ་བའི་གྲངས་སུ་འགྲོའོ། །ཤཱ་རིའི་བུ་སངས་རྒྱས་ཀྱི་ཞིང་དེ་ནི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་རྣམ་པ་དེ་ལྟ་བུ་དག་གིས་ལེགས་པར་བརྒྱན་པའོ། ཤཱ་རིའི་བུ་དེ་ལྟ་བས་ན་རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་བྱ་བའི་ཕྱིར་དགེ་བའི་རྩ་བ་རྣམས་གུས་པར་ཡོངས་སུ་བསྔོ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སྐྱེས་བུ་དམ་པ་དེ་ལྟ་བུ་དག་དང་ཕྲད་པར་འགྱུར་བའི་ཕྱིར་རོ། །ཤཱ་རིའི་བུ་དགེ་བའི་རྩ་བ་ངན་ངོན་ཙམ་གྱིས་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཚེ་དཔག་མེད་དེའི་ཞིང་དུ་སྐྱེ་བར་མི་འགྱུར་རོ། །སོགས་གསུངས་སོ། །

    Reply
  6. གནས་ཚང་། says:
    ལོ་ 16 སྔོན།

    དོན་ལ་རྣམ་ཤེས་ཀྱི་རིགས་ལམ་འདི་བཞིན་གྲུབ་མཐའ་གཅེར་བུ་བས་གངས་རིན་པོ་ཆེ་ནས་ཁུར་ཡོང་བ་ཞིག་ཡིན་ཞིང་། དེ་ནས་ནང་བས་བེད་སྤྱོད་བཏང་ཡོད། དེ་བས། བོད་ཀྱི་བྱུང་བ་རྒྱ་གར་ལས་འཕྱི་མེད་པའི་ཁར། རྣམ་ཤེས་ཀྱི་རིགས་ལམ་བོད་ནས་རྒྱ་གར་ལ་དར་བ་ཞིག་ཡིན་པས། རྫོགས་ལྡན་རྩོད་ལྡན་སོགས་ཀྱི་བྱུང་བའང་ཤེས་རིག་ལ་འབྲེལ་བ་དམ་ཟབ་ཡོད་ལ། སྐྱ་སེང་བུ་ལྔ་སོགས་བོད་ལ་སྐྱབས་བཅོལ་དུ་ཡོང་མཁན་ལས་བོད་ཀྱི་མི་རྒྱུད་ཀྱི་འབྱུང་ཁུངས་མིན་པ་དང་རྩོད་ལྡན་ལ་སོགས་ཀྱི་དུས་བབས་ཤིག་གི་ཚུར་སྣང་ལས་ལྷ་སྒྲུང་དུ་སྦྱར་མི་རུང་། དཔེར་ན། བོད་མི་ཚོ་ཕྱི་ལོ ༡༩༥༨ལོར་སྐྱབས་བཅོལ་དུ་ཡོང་སྐབས། རྒྱ་གར་གྱི་གྲོང་གསེབ་ཁག་ནས་ལྷ་ཡུལ་ནས་ཡོང་བར་ངོས་འཛིན་གནང་སྟེ་གུས་བཀུར་བླ་མེད་བྱས་ཡོད་ནའང་། རྗེས་སོར་གླང་ཤ་བཟའ་བ་ཤེས་འཕྲལ་འདྲེ་རེད་ཅེས་འགྱུར་བ་ཐེབས་ཡོད། གང་ལྟར་འདི་ལས་ཤེས་ཐུབ་པ་ནི་བོད་འདི་རྒྱ་གར་གྱིས་ལྷ་ཡུལ་ལ་ངོས་འཛིན་གནང་ཡོད་པར་ལྟ་སྐབས། རྣམ་ཤེས་ཀྱི་རིགས་ལམ་འདི་བཞིན་བོད་ནས་རྒྱ་གར་ལ་དར་བའི་མཚོན་པའི་བོད་ཀྱི་ཤེས་རིག་གིས་རྒྱ་གར་ལ་ཤུགས་རྐྱེན་ངོས་ཅན་ཞིག་ཐེབས་མྱོང་བ་མཚོན་བཞིན་ཡོད། དེ་ལྟ་ཞིག་མ་རེད་དམ།

    Reply
  7. འཇིགས་བྲལ་བསྟན་འཛིན། says:
    ལོ་ 16 སྔོན།

    གསང་མིང་འོག་གི་འཇབ་རྒོལ་བ་དང་རྨས་མ་ཚོ།
    འདོན་སྤེལ། ༢༠༡༠/༠༥/༣༡
    ཞེས་པའི་གསར་འགྱུར་འདིའི་ཐད་ལ་བགྲོ་གླེང་བྱེད་པར་ཕེབས་ཤོག

    Reply
  8. གཙང་ཕྲུག་སྟོབས་ལགས། says:
    ལོ་ 16 སྔོན།

    སྡོམ་སྡེ་ལྷ་རམས་པ་ལགས། ཁྱེད་ལ་དྲི་བ་ཞིག་ཡོད། བདེ་བ་ཅན་གྱི་ཞིང་བཀོད་དེ་ཆོས་གཞུང་ནས་ཇི་ལྟར་གསུང་ཡོད་དམ།

    Reply
  9. ཨ་འབྲུག་དཀོན་མཆོག says:
    ལོ་ 16 སྔོན།

    རྩོད་དུས་དང་རྫོགས་ལྡན་ཞེས་པ་འདི་ཚོ་ཚིག་ངོས་ནས་འདི་ལྟར་ཡར་འདེད་བྱས་པ་ཞིབ་འཇུག་གི་གཞི་ལེགས་པོ་ཞིག་རེད།། འོན་ཀྱང་ལོ་གྲངས་འདི་འདྲ་མང་པོ་ཞིག་གི་ཡར་སྔོན་གྱི་ལོ་རྒྱུས་དེ་ཚོད་དཔག་ཆེན་པོ་ཞིག་ཡིན་རུང་ཁུངས་སྐྱེལ་བཙན་པོ་ཞིག་ནི་མེད་པ་འདྲ། རྒན་སྒོམ་སྡེ་བས་འདི་ཚོའི་སྐོར་འཚོལ་ཞིབ་གནང་བཞིན་པ་ལེགས་པོ་རེད།

    དེ་མིན་སྒོམ་སྡེ་བ་ལ་དྲི་བ་ཞིག་ཡོད། ང་ཚོས་དུད་འགྲོའི་སྐྱེ་གནས་ཀྱི་སྡུག་བསྔལ་དེ་གཅིག་ལ་གཅིག་གིས་གནོད་འཚེ་བྱེད་པ་དེ་གཙོ་བོར་འཇོག་གི་ཡོད། འཕེལ་འགྱུར་རིག་པའི་ལྟ་ཚུལ་བྱས་ན་འགྲོ་བ་མིའི་ཐོག་མའི་མེས་པོ་དེ་མཐར་གཏུགས་ན་དུད་འགྲོ་ཡིན་པ་འདྲ། དེ་བས་ན་ང་ཚོས་རྫོགས་སྙིགས་ཀྱི་ལྟ་ཚུལ་འདི་ཨུ་ཚུགས་ཙམ་ལས་ལོ་རྒྱུས་ཀྱི་ཁུངས་ལུང་ལྡན་པ་ཞིག་ཡིན་ནམ།

    Reply
  10. སྒོམ་སྡེ་ལྷ་རམས་པ། says:
    ལོ་ 16 སྔོན།

    རྫོགས་ལྡན་སོགས་དུས་བཞིའི་སྐོར་དང་ལོ་ཚད་རྣམས་ཧིནྡཱུའི་གཞུང་ལུགས་སུ་ནང་པ་མ་བྱུང་གོང་ལོ་ངོ་སྟོང་ཕྲག་མང་པོའི་སྔོན་ནས་བྱུང་ཞིང་། ཕྱིས་སུ་ནང་པས་ཐ་སྙད་དེ་རང་ཚུར་བླངས་སོ། །
    མདོར་ན་རྩོད་དུས་ནི་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་མ་བྱོན་གོང་མི་ལོ་ཉིས་སྟོང་ལྔ་བརྒྱ་ཙམ་གྱི་སྔོན་རོལ་ནས་བྱུང་ངོ་། །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese