མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གངས་འདབས་ཀྱི་སྡིག་ལས།

བོད་ཀྱི་དུས་བབ།
༢༠༡༠/༠༦/༠༡
Share on FacebookShare on TwitterShare on EmailShare on Whatsapp

༢༠༠༨ ལོའི་ཞི་རྒོལ་སྐོར་རྩོམ་པ་པོ་ཞོགས་དུང་རྒྱ་ལག་ཏུ་ཤོར། ཁོང་གིས་བྲིས་པའི་གནམ་ས་གོ་འབྱེད་ཅེས་པའི་དཔེ་དེབ་བཙན་བྱོལ་དུ་འབྱོར། དེའི་རྗེས་ལ་རྒྱ་ནག་བསྐྱར་དུ་ལོ་རྒྱུས་འབྲི་མགོ་བརྩམས།

བོད་ནང་གནམ་ས་གོ་འབྱེད་ཀྱི་དགག་ལན་ལྟ་བུའི་དཔེ་དེབ་གསར་པ་ཞིག་ཐོན་འདུག རྩོམ་པ་པོ་ནི་ཞུའོ་མིན་ཞུའོ་ཟེར་བའི་རྒྱ་མི་ཞིག་རེད། དེབ་མིང་ལ་༼གངས་འདབས་ཀྱི་སྡིག་ལས། བོད་ནང་གི་ཟིང་ཆའི་ཤུགས་རྐྱེན་༽ཞེས་བཏགས་ཤིང་། ཁྱོན་ལེའུ་ ༡༣ འདུག དཔར་མཁན་ནི་སི་ཁྲོན་ཤེས་རིག་དཔེ་སྐྲུན་ཁང་གིས་དཔར་བསྐྲུན་བྱས་འདུག

དེབ་འདིའི་ནང་དོན་གཙོ་བོ་ནི་ ༢༠༠༨ ལོའི་ཕྱི་ཟླ་ ༣ པའི་ཚེས་ ༡༤ ཉིན་གྱི་ཞི་རྒོལ་ཆེན་མོའི་སྐོར་ཡིན་ལ། དེབ་དེའི་ནང་དུ། ཏཱ་ལའི་རུ་ཚོགས་ཀྱི་དྲག་པོའི་ངོ་བོ་དང་ཁོང་ཚོའི་འཚེ་མེད་ཞི་བའི་རང་གཤིས་ཟེར་བ་སོགས་བཏོན་ཡོད་ཟེར་ལ། ད་དུང་དུས་རབས་ཉི་ཤུ་བའི་ནང་གི་ཟིང་ཆ་རེ་ཟུང་གི་སྐོར་ཡང་བྲིས་ཡོད་པར་བཤད།

ནམ་རྒྱུན་རྒྱ་ནག་གི་བཤད་སྲོལ་ལྟར། དེབ་དེའི་ནང་དུའང་ཆེད་ལས་མཁས་པ་ཡིས་བོད་ཀྱི་ལོ་རྒྱུས་དང་དངོས་ཡོད་གནས་སྟངས། བོད་ལྗོངས་ཀྱི་འཛུགས་སྐྲུན་དང་འཕེལ་རྒྱས་ལ་ཞིབ་འཇུག་ནན་མོ་དང་གཏིང་ཟབ་མོ་བྱས་ཡོད་ལུགས་དང་། བོད་ཀྱི་སྤྱི་ཚོགས་དང་ཆོས་ལུགས་ཀྱི་གནས་བབ། བོད་དོན་གྱི་ཐོག་མའི་བྱུང་སྟངས། རྒྱ་ནག་གཞུང་གིས་བོད་ཐོག་བཟུང་བའི་སྲིད་བྱུས། དབུས་སྲིད་གཞུང་གིས་བོད་དོན་ལ་བཟུང་བའི་རྣམ་འགྱུར་དང་ལངས་ཕྱོགས་བཅས་བཀོད་ཡོད་ཚུལ་འདུག

རྩོམ་པ་པོ་ཞུའོ་མིན་ཞུའོ་ཟེར་བ་དེས་ ༡༩༨༠ གྱ་གྲངས་ནང་དུ་བོད་ནང་ལས་ཀ་བྱས་པ་དང་། རྗེས་སུ་ཨ་རིར་སློབ་སྦྱོང་ལ་ཕྱིན་པ་དང་། དེང་སྐབས་རང་དབང་གི་རྩོམ་པ་པོ་ཞིག་ཡིན་པར་བཤད།

གསར་འགྱུར་འབྲི་མཁན། ལུང་རིགས་རྒྱལ།

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

ཆུ་ཚོད་ ༡༨ སྔོན་ལ།
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

ཆུ་ཚོད་ ༢༢ སྔོན་ལ།
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

ཆུ་ཚོད་ ༢༢ སྔོན་ལ།
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

ཆུ་ཚོད་ ༢༢ སྔོན་ལ།
Torrents of muddy water swiftly engulfed homes in Nanning city in southern China
Mobile App

རྒྱ་ནག་ནང་ཆུ་ལོག་དང་ས་རུད་བྱུང་སྟེ་མི་གྲངས་ ༦༥ འདས་གྲོངས་སུ་ཕྱིན་འདུག

༢༠༢༦/༠༧/༠༨
strategic missile launched by a submarine of the Chinese People’s Liberation Army Navy bursts out of the water during a test on Monday. Photograph: Xinhua/Shutterstock
Mobile App

རྒྱ་ནག་གིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་དམག་སྦྱོང་བྱས། 

༢༠༢༦/༠༧/༠༨

མཆན། 14

  1. seartsang jamyang says:
    ལོ་ 16 སྔོན།

    ༄༅།། རྒྱ་མིའི་རིགས་ཀྱི་རྩོམ་པ་པོ་ཁོང་དོན་ལྡན་གྱི་ར་དབང་རྩོམ་
    པོ་ཞིག་ཡིན་ན་གནས་ཚུལ་དངོས་ཡོད་རྣམས་གསལ་བཤད་བྱེད་དགོས་པ་
    ལས་དེ་ལས་ལྡོག་སྟེ་འཁྱོག་བཤད་བྱས་པར་ཤུགས་རྐྱེན་འདི་ཙམ་ཞིག་འཐེབ
    མི་སྲིད་པས་དྲ་གྲོགས་རྣམས་སྐྲག་དགོས་དོན་མེད།།

    Reply
  2. འཇིགས་བྲལ་བསྟན་འཛིན། says:
    ལོ་ 16 སྔོན།

    དྲ་གྲོགས་ཡོངས་ལ་ཞུ་རྒྱུ། དུས་བབ་དྲ་ངོས་སུ་སྨྲ་བརྗོད་རང་དབང་བེད་སྤྱད་དེ་གསར་འགྱུར་དང་ཟིན་བྲིས་སོ་སོ་ལས་འཕྲོས་པའི་འབྲེལ་ཡོད་བསམ་ཚུལ་གང་འདྲ་སྤེལ་ན་འགྲིག་པར་ངོས་འཛིན་བྱེད་ཀྱི་ཡོད་ལ། དེ་ནི་མ་འགྲིག་པ་ཞིག་ཏུ་མ་མཐོང། ཡིན་ནའང་ཚིག་གཅིག་ཞུ་རྒྱུ་ཡོད་པ་ནི། རྣམ་པ་ཚོ་སུ་ཡིན་པ་དེ་མ་མཐར་དུས་བབ་གསར་ཁང་གིས་ངེས་པར་ཤེས་དགོས་པར་འདུག དེ་མིན་ཉིན་གཅིག་རྣམ་པ་ཚོ་ཁག་ཅིག་གིས་དུས་བབ་ཁྲིམས་ལ་སྐྱེལ་བར་འདུག དོགས་སློང་གི་སྐད་ཆ་མིན། འདི་ནི་དངོས་འབྲེལ་ཡོང་སྲིད་ཀྱི་རེད་ལ། སྐབས་དེར་དུས་བབ་ལ་ཁུངས་སྐྱེལ་མེད་ན་དུས་བབ་གསར་ཁང་ངོ་ཚར་གཏད་པ་ཡིན་ལ། སྡུག་ན་སྒོ་རྒྱག་དགོས་ཐུག་སྲིད་པ་རེད། དེ་བས་རྣམ་པ་ཚོས་དུས་བབ་གསར་ཁང་གི་རྩོམ་སྒྲིག་པར་དེབ་སྐྱེལ་ཚད་ལྡན་ཁྲིམས་མཐུན་བྱེད་རོགས། འདི་ནི་རེ་བ་དྲོན་མོ་ཞིག་ཡིན།

    Reply
  3. བཀྲ་ཤིས་དོན་གྲུབ། says:
    ལོ་ 16 སྔོན།

    དེ་ནི་དམར་གཞུང་རྒྱབ་ལ་ཡོད་པས་ལན་འདེབས་ཤིག་ཡིན་ངེས་ཏེ། དེ་མིན་གཟུར་གནས་རྩོན་པ་པོ་ཞིག་དང་རང་དབང་གི་རྩོམ་པ་པོ་ཞིག་གིས་དེ་་་
    ལྟར་འབྲི་མི་སྲིད་དེ་ཁོ་རང་དབང་གི་རྩོམ་པ་པོ་ཡིན་པའི་ཕྱིར།

    Reply
  4. འཇིགས་བྲལ་བསྟན་འཛིན། says:
    ལོ་ 16 སྔོན།

    གསང་མིང་འོག་གི་འཇབ་རྒོལ་བ་དང་རྨས་མ་ཚོ།
    འདོན་སྤེལ། ༢༠༡༠/༠༥/༣༡
    ཞེས་པའི་གསར་འགྱུར་འདིའི་ཐད་ལ་བགྲོ་གླེང་བྱེད་པར་ཕེབས་ཤོག

    Reply
  5. རྟུལ་ཕོད། says:
    ལོ་ 16 སྔོན།

    རྩོམ་པ་པོ་ཚད་ལྡན་ཞིག་ཡིན་ན་དྲང་ཚུགས་ཤོར་ཡོད་རྒྱུ་མ་རེད་བསམ་གི་དེ་མིན་ན་རྒྱ་གཞུང་གི་མགྲིན་ཚབ་པ་ཞིག་ལ་ཅི་ཡང་སྐྲག་དགོས་དོན་མེད་འུ་ཚོ་ལ་བདེན་པ་ཡོད་དང་ཕྱི་གསལ་ནང་གསལ་ཡིན་ལབ་གི་མེད་དམ།

    Reply
  6. གནས་ཚང་། says:
    ལོ་ 16 སྔོན།

    རྒྱ་མི་འདིར་ཁག་མི་འདུག གོ་བ་ལོག་ས་རེད་ལ། སྡུག་གྱོང་ཉོ་མཁན་བོད་མི་ལས་གཞན་མི་འདུག རྒྱ་ཡིག་ནང་ཏཱ་ལའི་བླ་མས་ཉེ་སྔོན་ཨ་རི་ནས་བཅར་འདྲི་ཞིག་དང་ལེན་བྱེད་སྐབས། ༼བཙན་བྱོལ་གཞུང་ཞེས་པ་དེ་ཕྱི་ལོ ༢༠༠༡ལོ་ནས་མེད་པ་བཟོས་ཡོད། ད་ལྟ་ཕྱི་སྡོད་བོད་མི་ཆིག་འབུམ་ལྔ་ཁྲིར་བདག་སྐྱོང་བྱེད་མཁན་གྱི་སྒྲིག་འཛུགས་ཤིག་ལས་གཞན་མིན༽ཞེས༼དགའ་ལྡན་ཕོ་བྲང༽གི་ལོ་རྒྱུས་རྒྱུན་མཐུད་ཀྱང་བཅད་ཟིན་པས། འདིའང་སྡིག་ལས་ཤིག་མ་རེད་དམ།

    Reply
  7. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    ཆབ་སྲིད་ང་མཁས་ཟེར་མཁན་དང་ཡིག་རྩ་ང་བཟང་ཟེར་མཁན་ཚོས་ངེས་པ་ཏུ་དགག་ལེན་སྤྲོད་དགོས་མཐོང། གཞན་ནང་ཁུལ་དུ་སྟག་ངར་མ་བཞིན་དུ་བྱེད་བསྡད་ནས་ཅི་ཕན།་ཡིན་ད། ཕ་བཟང་གི་བུ་སུ་ཡོད་དམ།

    Reply
  8. འཇིག་རེྟན་གྱི་དུག། says:
    ལོ་ 16 སྔོན།

    གལ་ཏེ་ཁོ་རང་དབང་གི་རང་དབང་གི་རྩོམ་པ་པོ་ཞིག་ཡིན་ན་དངོས་ཡོད་ཚུལ་དག་བཤད་མི་ཐུབ་ཡ་དེ་ག་རེ་ཡིན་ན་

    Reply
  9. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    དྲིན་ཕ་མས་བྱམས་སྐྱོང་བྱེད་པ་བཞིན།
    གདོང་དགྲ་བོས་བྱམས་སྐྱོང་བྱེད་ལེ་མིན།

    བོད་མི་རིགས་ལྷག་བསམ་ཡོད་པ་བཞིན།
    དགྲ་དམར་པོས་ལྷག་བསམ་བྱེད་ལེ་མིན།

    བོད་མི་རིགས་དྲང་བདེན་བྱེད་པ་བཞིན།
    རྒྱ་ནག་པོས་དྲང་བདེན་བྱེད་ལེ་མིན།

    བོད་མི་རིགས་ཞི་བདེ་དགའ་བ་བཞིན།
    རྒྱ་མི་རིགས་ཞི་བདེ་དགའ་ལེ་མིན།

    Reply
  10. ཕུན་ཚོགས ། says:
    ལོ་ 16 སྔོན།

    དེ་འདྲའི་ཟེར་སྒྲོས་ཙམ་ཞིག་ངས་ཀྱང་གོ་སོང་།ཡིན་ཡང་གསལ་བོ་ཞིག་གོ་མྱོང་མེད།ངོ་མ་ཡིན་རྩོམ་པ་པོ་ཁོ་ནི་ཅུང་སྐད་གྲགས་ཡོད་པ་ཞིག་ཡིན་པས་ཤུགས་རྐྱེན་ཏོག་ཙམ་ཡོད་སྲིད་སྙམ།

    Reply
  11. ཉི་མ་རྒྱལ་མཚན says:
    ལོ་ 16 སྔོན།

    ཆུང་ཆེན་བཞིན་དུ་གཤོག་རྩལ་རྒྱས་པའི་དཔའ་བོ་དེ།།
    དབང་མེད་དགྲ་ཡི་ལག་ཏུ་ཤོར་ནས་གཙོང་ལ་བཅུག།།
    ཤ་ལན་མེད་པའི་གདོང་དམར་བུ་ཡི་མིང་སྐམ་དེའི།།
    རང་རིགས་མེ་པོས་བླ་སྲོག་རྒྱང་དུ་བཏང་།།

    Reply
  12. tenzen lhamo says:
    ལོ་ 16 སྔོན།

    ༄༅། རྒྱ་མི་རིགས་འདི་ནི་ང་རང་ཚོའི་དགྲ་བོ་རེད་ལ་དུས་དང་ནམ་རྣམ་ཀུན་ཏུ་ཡིད་ཆེས་བྱེད་མི་རུང་བ་ཞིག་ཀྱང་རེད།
    ཡིན་པ་ཡིན་ནའང་དེང་སང་བཙན་བྱོལ་ནང་དུ་ཏང་ཡ་རིགས་རྒྱུད་བུ་ཕྲུག་མང་པོ་འབྱོར་ཡོད་པས་པྭ་མགོ་དེ་ཚོ་རྒྱ་མི་རིགས་འདི་བོད་མི་ཆེད་དུ་ཡག་པོ་ཡོད་གསུངས་གི་འདུག་པ།
    དེ་ཚོ་ནི་ང་རང་ཚོའི་ནང་དུ་ཕྱི་དགྲ་ནང་ཁྲིད་བྱེད་པ་རང་རེད་། ཚང་མས་དོགས་ཟན་གནང་ཡ་གལ་ཆེ་རེད།

    Reply
  13. ནམ་མཁའ་བསྟན་འཛིན། says:
    ལོ་ 16 སྔོན།

    དེ་རིང་ཞོགས་པ་བྷིས་བྷིས་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན་ཞོགས་པའི་ཆུ་ཚོད་བཅུ་བ་ཡས་མས་སུ་རྒྱ་ནག་གི་ཧྭོའུ་ནན་ཞིང་ཆེན་ལིན་ལིན་རྫོང་གི་ཁྲིམས་ཁང་དུ་ལོ་ན་༤༦ལ་སོན་པའི་ཀྲོའུ་ཅོན་ཞེས་བའི་སྐྱེས་བ་ཞིག་གིས་མེ་མདའ་བརྒྱབས་ཏེ་ཁྲིམས་དཔོན་གཉིས་བསད་པ་དང་། ཁྲིམས་དཔོན་གསུམ་ལ་རྨས་སྐྱོན་བཏང་རྗེས་མེ་མདའ་གཉིས་བ་དེ་བླངས་ནས་རང་སྲོག་བཅད་འདུག

    Reply
  14. གནམ་ལྕགས། says:
    ལོ་ 16 སྔོན།

    སྡུག་ནག་དགུ་སྒྲིལ་ལས་ཀྱི་མཐར་ལྷུང་བའི།།
    དུས་རབས་ཉེར་གཅིག་ནང་གི་བཙན་བྱོལ་བ།།
    གདོང་དམར་ཁྲག་གི་མདུད་བརྒྱ་གྲོལ་བྱས་ཏེ།།
    རྣམ་དཔྱོད་རིག་པའི་སོ་ཁ་འདི་ལ་སྐོར།།

    ཕུ་ནུ་ནང་དམེ་བྱ་ལ་སྙིང་སྟོབས་ཅན།།
    ནང་ཁུལ་མཐུན་སྒྲིལ་གཏོར་བར་རྣམ་དཔྱོད་ཅན།།
    དཀར་བོའི་རུས་ལ་སེར་བོའི་རྐང་ཡོད་ན།།
    དེ་རིང་སྨྱུ་གུའི་མཚོན་རྩེ་འདི་ལ་སྐོར།།

    འཕངས་པའི་རྡོ་ཡི་རྗེས་ལ་ལག་ངར་བསྒྲེང་།།
    འཕོང་རྐྱེན་མདའ་མོའི་རྗེས་ལ་ཀི་ལྡིར་བྱེད།།
    ཕ་བསད་རོ་ཡི་སྟེང་ལ་རྒྱལ་རྔ་བརྡུང་།།
    རང་རེར་འདི་ལས་ཡོང་རྒྱུ་ཅི་ཞིག་ཡོད།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese