མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དམག་དོན་འགྲོ་སོང་ཆེ་ཤོས།

བོད་ཀྱི་དུས་བབ།
༢༠༡༠/༠༦/༠༣
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་སི་ཝེ་ཌན་སུ་ཊོ་ཁུ་ཧོལ་ཞི་བདེ་ཞིབ་འཇུག་ལྟེ་གནས་ཞེས་པའི་སྙན་ཐོ་ཞིག་བཏོན་ཡོད་པའི་ནང་། ༢༠༠༩ ལོའི་འཛམ་གླིང་རྒྱལ་ཁབ་ཁག་གི་དམག་དོན་འགྲོ་སོང་དེ་འདས་པའི་ལོ་རྒྱུས་ནང་ཚད་མཐོ་ཤོས་སུ་སླེབས་ཡོད་འདུག་ལ། རྒྱ་ནག་ནི་མུ་མཐུད་དམག་དོན་འགྲོ་སོང་ཆེ་ཤོས་ཨང་གཉིས་པ་དེ་ཆགས་ཡོད་འདུག    ༢༠༠༩ ལོར་གོ་ལ་ཧྲིལ་པོར་དཔལ་འབྱོར་གྱི་དཀའ་ངལ་ཞིག་འཕྲད་ཡོད་ཀྱང་། རྒྱལ་ཁབ་ཁག་གི་དམག་དོན་འགྲོ་སོང་དེ་ ༢༠༠༨ ལོ་དང་ཞིབ་བསྡུར་བྱས་པ་ཡིན་ན། བརྒྱ་ཆ་ ༥༌༩ ཙམ་གྱི་མཐོ་རུ་ཕྱིན་ཡོད། ཨ་རི་དེ་སྔོན་མ་བཞིན་འཛམ་གླིང་ཐོག་དམག་དོན་འགྲོ་སོང་ཆེ་ཤོས་སུ་གྱུར་ཡོད་ལ།  ན་ནིང་ལོའི་དམག་དོན་འགྲོ་སོང་ཨ་སྒོར་དུང་ཕྱུར་ ༦༦༡༠ ལ་སླེབས་ཏེ། འཛམ་གླིང་སྤྱིའི་དམག་དོན་འགྲོ་སོང་གི་བརྒྱ་ཆ་ ༤༣ ཙམ་ཟིན་གྱི་ཡོད། ༢༠༠༩ ལོའི་ཨ་རིའི་དམག་དོན་འགྲོ་སོང་དེ་ལོ་སྔོན་མ་ལས་ཨ་སྒོར་དུང་ཕྱུར་ ༤༧༠ ཙམ་གྱི་ཁ་སྣོན་བྱས་ཡོད་ལ། དེས་འཛམ་གླིང་སྤྱིའི་བརྒྱ་ཆ་ ༥༤ ཙམ་ཟིན་གྱི་ཡོད། རྒྱ་ནག་ནི་འཛམ་གླིང་ཐོག་དམག་དོན་འགྲོ་སོང་ཆེ་ཤོས་ཨང་གཉིས་པར་སླེབས་ཡོད་ཚུལ་བརྗོད་ཀྱི་ཡོད་ཀྱང་། པེ་ཅིན་ཕྱོགས་ནས་དམག་དོན་འགྲོ་སོང་གི་རྩིས་ཁྲ་ཁ་གསལ་ཞིག་རག་ཐུབ་ཀྱི་མི་འདུག་ཅེས་སྙན་ཐོ་དེའི་ནང་བཀོད་འདུག དེ་ལྟ་ནའང་། ཁོང་ཚོས་རོབ་རྩིས་བརྒྱབ་པ་ལྟར་ན། རྒྱ་ནག་གི་ལོ་སྔོན་མའི་དམག་དོན་འགྲོ་སོང་དེ་ཨ་སྒོར་དུང་ཕྱུར་ ༡༠༠༠ ལ་སླེབས་ཡོད་འདུག་ལ། ཧྥ་རན་སི་ཡང་དམག་དོན་འགྲོ་སོང་ཆེ་ཤོས་ཨང་གསུམ་པའི་གྲས་སུ་སླེབས་ཡོད་པར་མ་ཟད། ཡུལ་དེའི་ན་ནིང་ལོའི་དམག་དོན་འགྲོ་སོང་ཨ་སྒོར་དུང་ཕྱུར་ ༦༣༩ ཙམ་ཡིན་འདུག  ༢༠༠༩ ལོར་འཛམ་གླིང་ཧྲིལ་པོར་དམག་དོན་འགྲོ་སོང་ཇེ་ཆེར་སོང་བའི་རྒྱུ་མཚན་ནི། ཞི་བདེའི་ལས་དོན་དང་ཨབ་གྷན་གྱི་བདེ་འཇགས་གནས་སྟངས་ཆེད་ཡིན་པ་རེད་ཅེས་སྙན་ཐོ་དེའི་ནང་བསྟན་ཡོད་པ་རེད།

གསར་འགོད་པ། དཔལ་ལྡན་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

ཆུ་ཚོད་ ༡༢ སྔོན་ལ།
ཉིན་གསུམ་རིང་གི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་ཆེན་གྱི་མཇུག་སྡོམ་མཛད་སྒོ་འཚོགས། ༢༠༢༦།༣།༩། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

འཛམ་གླིང་ཡོངས་ཀྱིས་བོད་དོན་ཐོག་ཆུ་ཚོད་མང་པོ་བཏང་ནས་ལས་ཀ་བྱེད་དགོས་སྐོར་གསུངས།

༢༠༢༦/༠༣/༠༩
Photo Credit: UYGHUR HUMAN RIGHTS PROJECT
Mobile App

ཨི་ཊ་ལིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱེད་མཁན་རྒྱ་རིགས་ ༨ ཕྱིར་ཕུད་བཏང་།

༢༠༢༦/༠༣/༠༩
Prayerwheel being used for Chinese Propaganda in Chushul county, Tibet, Photo: Tibet Times
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཨ་རིས་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྙན་ཐོ་བཏོན། 

༢༠༢༦/༠༣/༠༩
Mobile App

རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་འདུ་དབུ་འཛུགས་གནང་སོང་།

༢༠༢༦/༠༣/༠༧
བོད་དོན་རྒྱབ་སྐྱོར་བ་ཝི་ཇི་ཀ་རིན་ཏི་ལགས་ཀྱིས་རྩོམ་སྒྲིག་བྱས་པའི་བོད་དུ་རྒྱ་ནག་གི་མི་སེར་སྤེལ་བའི་རྩེད་མོ་ཞེས་དཔེ་དེབ་ཅིག་དབུ་འབྱེད་གནང་། ༢༠༢༦།༣།༠༦ དུས་བབ་ཀྱི་པར།
Mobile App

བོད་དུ་རྒྱ་ནག་གི་མི་སེར་སྤེལ་བའི་རྩེད་མོ་ཞེས་པའི་དེབ་ཅིག་བཏོན།

༢༠༢༦/༠༣/༠༦

མཆན། 6

  1. གྱི་ན་བ says:
    ལོ་ 16 སྔོན།

    འདི་དག་ཚད་རིག་པའི་བྱས་རྗེས་རེད། ད་དུང་རaེཇས་མ་མུ་མཐུད་ནས་ཡོང་གི་རེད་ལྟད་མོ་ལྟ་མཆོག ཤི་བོ་ཚོ་སྙིང་རྗེ་དྲ་གྲོགས་ཚོས་མ་ནི་གང་མང་གསུང་རོགས་ཞུ།

    Reply
  2. བཟོད་པ་ལྷ་རྩེ། says:
    ལོ་ 16 སྔོན།

    དམག་དོན་གྱི་ཆེད་དུ་འགྲོ་མགྲོན་ཇི་ཙམ་མང་དེ་ཙམ་གྱི་མི་མང་དབུལ་ཞིང་འཕོང་བ་ནི་དེ་ཙམ་གྱི་མང་དུ་འགྲོ་བ་ཆོས་ཉིད་རེད།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    འཛམ་གླིང་ཐོག་དམག་དོན་འགྲོ་སོང་ཆེ་ཤོས་ཨང་གཉིས་པར་སླེབས་པའི་རྒྱ་ནག་དམར་གཞུང་ལགས། བོད་ཀྱི་གཏེར་ཁ་ཚང་མ་བརྔོག་བཏོན་གྱིས་བོད་ཀྱི་ས་བཅུད་ཉམས་བཅུགས་པ་དང་། དམག་དོན་འགྲོ་སོང་ཆེ་དྲགས་པའི་བོད་རིགས་དང་རྒྱ་རིགས་མང་པོ་སྤྲང་པོ་མ་བཟོ་རོགས་ཞུ།

    Reply
  4. ནད་པ says:
    ལོ་ 16 སྔོན།

    ཨ་རིས་ཞི་བདེ་འགྲོ་བ་མིའི་ཐོབ་ཐང་དུས་རབས་མཚམས་པར་ཁ་ལ་འཁྱེར་ནས་དམག་དོན་གྱི་ལས་གནད་གཙོ་གནད་དུ་བཟུང་ནས་གང་ལྟར་འཛམ་གླིང་ནང་གི་རྒྱལ་ཁབ་གཞན་དག་ཡར་ལང་དུ་མ་བཅུག་པར་འབུར་འཇོམས་བྱེད་ཀྱི་ཡོད་པ་རེད།

    རྒྱ་ནག་ཡང་ད་ཆ་ཨ་རི་དང་འདྲ་དམག་དོན་གྱི་སྟོབས་ཕྱོགས་ནས་རྒྱས་བཞིན་ཡོད་སྟབས་འགྲོ་གྲོན་མ་བཏང་ཀ་མེད་རེད།

    གང་ལྟར་སོ་སོའི་རྒྱལ་ཁབ་གཅིག་དང་མི་རིགས་གཅིག་གི་ཆབ་སྲིད་ཀྱི་ཁེ་ཕན་ཐད་ལ་ཐུག་ན་དེ་མ་ཐག་ཏུ་ལམ་སེང་འབུར་འཇོམས་བྱེད་རྒྱུ་ལས་གཞན་གང་གི་འགྲོ་ལམ་མེད།

    འགྲོ་ལམ་འདི་ནི་རྒྱལ་ཁབ་གཅིག་གི་རྩ་དོན་ལ་ཐུག་ཡོད་སྟབས་གང་ལྟར་ཁ་ནས་ག་རེ་བཤད་ཀྱང་རུང་མཐར་གཏུགས་ན་དམག་དོན་དཔལ་འབྱོར་གྱི་སྟོབས་ཤུགས་ལ་ཐུག་ཡོད་པའི་རྐྱེན་གྱིས་རེད།

    Reply
  5. གངས་ཅན། says:
    ལོ་ 16 སྔོན།

    ཧྥ་རན་སི་དམག་དོན་འགྲོ་སོང་དེ་ཨ་སྒོར་༦༣༩ ཡིན་རྒྱུ་མ་རེད། ཕལ་ཆེར་དེའི་བར་ནས་དུང་ཕྱུར་ཆད་མིན་ནམ། གོང་གི་དེ་ཡིན་ན་ཁྱིམ་ཚང་གི་ཞིག་གི་འགྲོ་སོང་དེ་ལས་མང་རྒྱུ་རེད། ཕལ་ཆེར་གསར་འགོད་པས་ཐུགས་ཉམས་མ་བཞག་པར་ཡིན་པ་འདྲ།

    Reply
  6. བློ་གྲོས་རྒྱལ་པོ། says:
    ལོ་ 16 སྔོན།

    གསར་འགྱུར་འདིར་འབྲེལ་བ་མེད་ཀྱང་ཞུ་རྒྱུ་ཞིག་ལ།
    དུས་བབ་རྩོམ་སྒྲིག་པ་ལགས། དུས་བབ་གསར་ཁང་ནས་རྒྱལ་སྤྱིའི་གསར་འགྱུར་གལ་ཆེ་ཁག་ཅིག་ལ་སྐབས་འགར་ལྷོད་ཡངས་དང་འཐུས་ཤོར་གྱི་རྣམ་པ་འདུག དཔེར་ན། དེང་སྐབས་ཨེ་སི་རལ་གྱིས་པ་ལེ་སཱི་ཐན་ལ་དབོར་འདྲེན་བྱེད་བཞིན་པའི་སྐྱོབ་གསོའི་གྲུ་གཟིངས་གཏོར་བ་ལ་བརྟེན་ནས་ཁ་ཆེ་སྤྱི་ཚོགས་གཙོས་པའི་ནུབ་ཕྱོགས་པའི་རྙོག་གླེང་དང་། ཨེ་སི་རལ་གྲོས་ཚོགས་ཀྱི་རྙོག་གླེང་སོགས་ལྟ་བུ་རེད། དེ་དག་སྐབས་འཕྲལ་བོད་ཡིག་གློག་མཁན་རྣམས་ལ་ངོ་སྤྲོད་གནང་གལ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese