མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དབྱིན་ཡུལ་དུ་དམར་གསོད།

བོད་ཀྱི་དུས་བབ།
༢༠༡༠/༠༦/༠༣
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་དོན་ལྟར་ན། ཁ་སང་ཉིན་གུང་དབྱིན་ཡུལ་ལྷོ་ནུབ་ཀྱི་ཁམ་བྷི་རི་ཡར་ Cumbria རང་ལོ་ ༥༢ ཅན་གྱི་ཁ་ལོ་བ་བྷིར་ཌི་ Bird ཟེར་བ་ཞིག་གིས། ཐུང་མདའ་བེད་སྤྱོད་ཀྱིས་དུས་གཅིག་ལ་མི་ ༡༢ དམར་གསོད་དང་། མི་ ༢༥ ལ་རྨས་སྐྱོན་ཚབས་ཆེན་བཟོས་ཡོད་འདུག འདིས་ཐད་ས་གནས་ཉེན་རྟོག་པས་བརྗོད་དོན། གླ་བྱེད་རླངས་འཁོར་ཁ་ལོ་བ་ཞིག་གིས་རང་གི་ལས་རོགས་བསད་རྗེས། མཚོ་འགྲམ་དུ་རླངས་འཁོར་སྐོར་ཡོང་སྟེ་ཚམ་ཚོམ་མེད་པར་མི་ཚོཊ་ཁྲོད་མེ་མདས་བརྒྱབ་ཡོད་ལ། རྗེས་སུ་ཁོ་རང་ཉེ་འགྲམ་གྱི་ཤིང་ནགས་སུ་སོང་སྟེ་རང་ཤི་བརྒྱབ་ཡོད་ཚུལ་བརྗོད་ཡོད།  ཉེན་རྟོག་པས་ཁོང་གི་བེམ་པོའི་སྟེང་ཐུང་མདའ་གཉིས་རྙེད་དེ་དོན་དངོས་ར་འཕྲོད་བྱུང་ཡོད་ནའང་། དོན་རྐྱེན་དེ་ནི་དམིོགས་ཡུལ་ཡོད་པ་ཞིག་གམ་གློ་བུར་བ་ཞིག་ཡིན་མིན་ཐད། ད་ལྟ་ཚོད་དཔག་ཐུབ་ཀྱི་མི་འདུག་ཅེས་ཉེན་རྟོག་པས་བརྗོད་ཡོད་འདུག འདི་ནི་འདས་པའི་ལོ་ ༢༣ ནང་དབྱིན་ཡུལ་དུ་བྱུང་བའི་མེ་མདའི་དམར་གསོད་དོན་རྐྱེན་ཆེ་ཤོས་དེ་ཆགས་ཡོད་འདུག ཕྱི་ལོ་ ༡༩༨༧ ལོར་ཡང་མེ་མདའ་ཐོགས་མཁན་ཞིག་གིས་ཡུལ་དེའི་ལྷོ་ཤར་བྷག་ཤི་རིར་ Berkshire ཁུལ་དུ་མི་ ༡༦ དམར་གསོད་བྱས་སྟབས། དེ་ནས་བཟུང་དབྱིན་གཞུང་གིས་མེ་མདའི་ཐོག་སྔར་ལས་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་པ་རེད།           གསར་འགོད་པ། དཔལ་ལྡན་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

གཟིམ་པ་མེད་པའི་མེ་ལྕེ། དཔའ་བོ་རང་བཙན་བློ་དགའ་དང་ཐུབ་བསྟན་དངོས་གྲུབ་དྲན་པ།

ཆུ་ཚོད་ ༡༤ སྔོན་ལ།
ལས་འགུལ་བ་སྐལ་བཟང་མཐར་ཕྱིན་ལགས། པར་ཁོང་གི་ངོ་དེབ་ལས་བླངས།
Mobile App

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཞི་བའི་གོམ་བགྲོད་མཚམས་འཇོག་བྱས། 

༢༠༢༦/༠༨/༢༡
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་ཏེ་སྐུ་གྲོངས་ནས་ཞག་ཞེ་དགུའི་ཉིན་མོ་སྲུང་གཙི་ཞུས། 

༢༠༢༦/༠༨/༢༠
པར་འགྲེལ། དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

འཛམ་གླིང་ས་ཕྱོགས་གང་སར་ངོ་རྒོལ་གྱི་ལས་འགུལ་སྤེལ།

༢༠༢༦/༠༨/༢༠
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Editorials

ལེའུ་གསར་པ་འདིའི་མཇུག་སྐྱོང་མཁན་ནི་ང་ཚོ་ཡིན།

༢༠༢༦/༠༨/༢༠
Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

༢༠༢༦/༠༨/༡༩

མཆན། 11

  1. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    འདི་དངོས་གནས་བསམ་བློ་ཡག་པོ་བཏང་ན་སེམས་མ་དུལ་བའི་དབང་གིས་བྱུང་བ་གསལ་པོ་རེད། དེ་ལ་བལྟོས་ན་ནང་པ་སྤྱི་དང་ལྷག་པར་ང་ཚོ་བོད་པ་སྤོབ་པ་སྐྱེ་འོས་པ་ཞིག་རེད། ང་ཚོ་རང་ཡུལ་དགྲ་ལག་ཏུ་ཤོར་ཏེ་ཅི་བྱ་གཏོལ་མེད་དུ་གྱུར་ཡང་། རང་ཤི་རྒྱག་རྒྱུའི་མཚོན་པའི་བསམ་བརྗོད་ལས་འདས་པའི་བྱ་ངན་མང་དག་ཅིག་ལ་ཁྱད་གསོད་ཀྱིས་སེམས་ནང་འ་ཆད་འུ་ཐུག་གི་རྣམ་པ་ལས་རྒྱལ་ནས། མ་འོངས་རང་དབང་སླར་གསོའི་དོན་གང་ཐུབ་བརྩོན་བཞིན་གནས་འདུག།

    སྤྱོད་འཇུག་ལས།
    སྡུག་བསྔལ་དོར་འདོད་སེམས་ཡོད་ཀྱང་།
    སྡུག་བསྔལ་ཉིད་ལ་མངོན་པར་རྒྱུགས།
    བདེ་པ་འདོད་ཀྱང་གཏི་མུག་པས།
    རང་གི་དགེ་བ་དགྲ་ལྟར་འཇོམས།

    Reply
  2. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    ནམ་མཁའ་བསྟན་འཛིན་གྱིས་གསུངས་པ་འདི་གླེང་རིན་ཆེན་པོ་འདུག རྒྱ་ནག་གིས་མི་ལེགས་པའི་གནས་ཚུལ་ཚང་མ་འགེབས་སྲུང་ནན་མོ་བྱེད་ཀྱི་རེད།

    Reply
  3. ནམ་མཁའ་བསྟན་འཛིན། says:
    ལོ་ 16 སྔོན།

    ཁ་སང་རྒྱ་ནག་གི་ཧོའུ་ནན་ཞིང་ཆེན་དུ་སྐྱེས་པ་ལོ་༤༦ཞིག་ཞོགས་པའི་ཆུ་ཚོད་བཅུ་ཡས་མས་སུ་རྫོང་གི་ཁྲིམས་ཁང་དུ་སོང་ནས་གློ་བུར་དུ་མེ་མདའ་རྒྱབ་ཏེ་ཁྲིམས་དཔོན་གསུམ་བསད་པ་དང་། གཞན་ཁྲིམས་དཔོན་འགར་རྨས་སྐྱོན་བཏང་རྗེས་མེ་མདའ་གཞན་ཞིག་བླངས་ཏེ་རང་སྲོག་བཅད་འདུག འདི་གླེང་རིན་མེད་པ་ཞིག་རེད་དམ།

    Reply
  4. གངས་ལྷ་མེ་ཏོག says:
    ལོ་ 16 སྔོན།

    ཞི་བདེ་ཟེར་བ་བཟང་ངན་ཅི་ཡིན་དབྱེ་འབྱེདམི་ཤེས་མཁན་དེ་འདྲ་
    ད་དུང་འཛམ་གླིང་ན་གནས་དཀའ་སྙམ།

    Reply
  5. གདོང་ཕྲུག says:
    ལོ་ 16 སྔོན།

    དངོས་གནས་མི་བློ་སྟོབས་ཆེན་པོ་རེད་འདུག དེ་འདྲ་བ་བོད་ལ་མང་པོ་ཞིག་ཡོད་དགོས་ས་རེད།

    Reply
  6. རོ་བདག says:
    ལོ་ 16 སྔོན།

    ཨོཾམཎེཔདྨེཧུཾ། ཨོཾམཎེཔདྨེཧུཾ། ཨོཾམཎེཔདྨེཧུཾ། ཨོཾམཎེཔདྨེཧུཾ། ཨོཾམཎེཔདྨེཧུཾ། ཨོཾམཎེཔདྨེཧུཾ། རྒྱ་ནག་ནངལ་བྱུང་ན་འགྲིག་འདུག་ ཡིན་ན་ཡང་ཞི་བདེ་རྒྱལ་ཁབ་ནང་ལ་བྱུང་འདུག

    Reply
  7. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    ཀུན་གྱི་སྙིང་དབུས་སུ་འཚེ་བ་མེད་ལ། ཞི་བདེ་རྒྱས་གྱུར་ཅིག །

    Reply
  8. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    དབྱིན་ཡུལ་དང་ཨ་རི་གཉིས་ལ་ནམ་ཡང་བདེ་བའི་དུས་ཡོད་ཀྱི་མ་རེད།

    Reply
  9. གངས་ཅན། says:
    ལོ་ 16 སྔོན།

    ནུབ་ཕྱོགས་ནས་མི་རྒན་རྣམས་སྡེབ་གསོད་རྒྱག་པ་དང། རྒྱ་ནག་ནང་ནས་བུ་ཕྲུག་སྟེང་གྲི་ཁྱེར་ནས་སྡེབ་གསོད་བྱེད་ཀྱི་འདུག ཀོ་རི་ཡ་ནས་མི་དར་མ་མང་པོ་སྡེབ་ལ་རང་ཤི་རྒྱག་པ་འདི་དག་ཡག་ཉེས་ཅི་ཞིག་ཡིན་ནམ། སྤྱི་ཚོགས་གསར་པ་མིའི་བསམ་བློ་མཐོ་རུ་འགྲོ་གི་ཡོད་པས་ཁུལ་མ་རེད་དམ། འདི་འདྲའི་སློབ་གསོ་སྡེ་ཁག་བཙུགས་ཀྱང་ད་དུང་སློབ་གསོ་ཡི་མ་འདང་བ་ཡིན་ནམ།

    Reply
  10. མཚོ་ཚང་བཀྲིས། says:
    ལོ་ 16 སྔོན།

    དབྱིན་ཇིའི་བྱེའུ་དེ་<<ཆུ་ངོག་བཏམ་རྒྱུད་>>ནང་གི་དཔའ་བརྟུལ་ཞིག་གི་རྣམ་ཤེས་ཡིན་ས་རེད།
    ཝུའུ་སུང་གིས་ “གཅིག་བསད་ཀྱང་བསད་པ་རེད་བཅུ་བསད་ཀྱང་བསད་པ་རེད།” ཅེས་པའི་གཏམ་དེ་ལག་བསྟར་བྱས་འདུག་གཱ
    ཚེ་སྲོག་ཤོར་མཁན་ཚོར་སྨོན་ལམ་རེ་འདེབས། ཨོཾམཎེཔདྨེཧུཾ། ཨོཾམཎེཔདྨེཧུཾ། ཨོཾམཎེཔདྨེཧུཾ།

    Reply
  11. བློ་གྲོས་རྒྱལ་པོ། says:
    ལོ་ 16 སྔོན།

    གསར་འགྱུར་འདིར་འབྲེལ་བ་མེད་ཀྱང་ཞུ་རྒྱུ་ཞིག་ལ།
    དུས་བབ་རྩོམ་སྒྲིག་པ་ལགས། དུས་བབ་གསར་ཁང་ནས་རྒྱལ་སྤྱིའི་གསར་འགྱུར་གལ་ཆེ་ཁག་ཅིག་ལ་སྐབས་འགར་ལྷོད་ཡངས་དང་འཐུས་ཤོར་གྱི་རྣམ་པ་འདུག དཔེར་ན། དེང་སྐབས་ཨེ་སི་རལ་གྱིས་པ་ལེ་སཱི་ཐན་ལ་དབོར་འདྲེན་བྱེད་བཞིན་པའི་སྐྱོབ་གསོའི་གྲུ་གཟིངས་གཏོར་བ་ལ་བརྟེན་ནས་ཁ་ཆེ་སྤྱི་ཚོགས་གཙོས་པའི་ནུབ་ཕྱོགས་པའི་རྙོག་གླེང་དང་། ཨེ་སི་རལ་གྲོས་ཚོགས་ཀྱི་རྙོག་གླེང་སོགས་ལྟ་བུ་རེད། དེ་དག་སྐབས་འཕྲལ་བོད་ཡིག་གློག་མཁན་རྣམས་ལ་ངོ་སྤྲོད་གནང་གལ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese