མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རེ་བ་བཟང་ས་བརྒྱབ་ནས་གྲ་སྒྲིག་སྡུག་ས་ནས་བྱེད་ཀྱིན་འདུག ཆབ་བྲག་ལྷ་མོ་སྐྱབས།

བོད་ཀྱི་དུས་བབ།
༢༠༡༠/༠༦/༠༥
Share on FacebookShare on TwitterShare on EmailShare on Whatsapp

 

སྐུ་ཞབས་བློ་བཟང་སེང་གེ་ལགས་ཀྱི<བོད་གནས་ཡོད་ཀྱང་བོད་དོན་གྱི་ལས་འགུལ་གང་དུ་ཡོད>
ཅེས་པ་བཀླགས་རྗེས་ཀྱི་བསམ་ཚུལ་འགའ་ཞིག
སྤྱི་འཐུས་ཆབ་བྲག་ལྷ་མོ་སྐྱབས།

    “རེ་བ་བཟང་སར་རྒྱག་དགོས། གྲ་སྒྲིག་སྡུག་ས་ནས་བྱེད་དགོས་པའི་ལམ་སྟོན་འདིའི་འོག་ནས་ང་ཚོས་ཅི་ཐུབ་གང་ཐུབ་བྱས་དང་བྱེད་ཀྱིན་ཡོད།

    ཁོང་གིས་ང་ཚོ་ཁྲིད་ནས། རེ་བའི་ལམ་ལ་གོམ་པ་རིམ་བགྲོད་དང་ལྷན་གྲ་སྒྲིག་ཀྱང་འཐུས་ཚང་ཞིག་གནང་བཞིན་པར་མཐོང། ཁོང་གི་རེ་བ་བཟང་ས་ཟེར་བ་ནི་བོད་དོན་བདེན་མཐའ་གསལ་རྒྱུ་དེ་ལགས་ཤིང་དེ་དོན་རིམ་བཞིན་རྒྱལ་སྤྱིའི་གནད་དོན་ཅན་དུ་ཡང་འགྱུར་རེ་ཡོད་པ་འདི་རེད། གྲ་སྒྲིག་སྡུག་ས་ཟེར་བ་ནི་བདེན་མཐའ་མྱུར་སུ་མ་གསལ་བའམ་ཡོངས་སུ་མ་གསལ་ཡང་བཙན་བྱོལ་གཞུང་འདི་མུ་མཐུད་གནས་ཐབས་ཀྱིས་བོད་ཀྱི་མི་རིགས་དང་རིག་གཞུང་ཡུན་གནས་ཐུབ་ཐབས་ཀྱིས་བོད་དོན་བདེན་པ་ཇི་སྲིད་མ་བརླགས་པར་གནས་ཐུབ་རྒྱུ་འདི་ཡིན་སྙམ།

    དེས་ན་ང་ཚོའི”རེ་བ་བཟང་ས”གང་དེ་མངོན་འགྱུར་ཡོང་བའི་གཞི་རྩ་ནི་བོད་རིགས་ཡོངས་ལ་གཅིག་གྱུར་གྱི་མདོན་འདོད་ཅིག་ཆགས་པའི་ཐོག་བོད་ཆོལ་ཁ་གསུམ་པོས་ཆིག་སྒྲིལ་གྱི་ནུས་པ་འདོན་རྒྱུ་རེད། དེ་ཡང་བཙན་བྱོལ་གཞུང་དམངས་ཀྱི་ཐབས་ཇུས་དང་སྟོབས་ཤུགས་ལ་རག་ལས་ཡོད། བཙན་བྱོལ་བོད་མི་རྣམས་རྒྱལ་ཁབ་གང་སར་ཁ་འཐོར་གྱི་རྣམ་པར་གནས་ཀྱིན་ཡོད་ན་ཡང། བོད་མི་ཕལ་མོ་ཆེ་མི་རིགས་ཀྱི་ལར་ཞེན་ཞིག་གིས་སྦྲེལ་ཡོད་ལ། སྐད་ཡིག་དང་ཆོས་ལུགས་ཀྱི་སྦྱར་རྩི་ཞིག་གིས་འབྱར་ཡོད་པར་མ་ཟད། བཙན་བྱོལ་བོད་གཞུང་གི་དང་བླང་དཔྱ་ཁྲལ་ལག་དེབ་གཅིག་གི་འོག་ལ་འདུས་ཡོད། འདི་ནི་འཚོ་བ་ཁ་ཐོར་དང་སེམས་ཤུགས་ལྷན་བསྡེབས་ཀྱི་རྣམ་པ་ཞིག་རེད། དེ་ནས་བཙན་བྱོལ་གཞུང་ནི་ད་ཆ་ཆོས་སྲིད་གཉིས་ལྡན་གྱི་དམངས་གཙོའི་གཞུང་ཞིག་ཆགས་ཡོད། སྤྱི་འཐུས་དང་བཀའ་བློན་རྣམ་པའི་སྤུས་ཚད་ཀྱང་སྔོན་མ་ལས་ཕྱི་མ་ཇེ་བཟང་དུ་འགྲོ་བཞིན་ཡོད། དེའི་ཤེས་བྱེད་གཙོ་བོར། ནང་ནས་སློབ་གྲྭ་ཁག་དང་དཔལ་འབྱོར་གནས་བབ་ཡར་རྒྱས་འགྲོ་བཞིན་པ་དང། ཕྱི་ནས་བོད་དོན་འདི་འཛམ་གླིང་གི་མཐོ་སར་སྐྱོད་བཞིན་པ་འདིས་གསལ་མཚོན་ཐུབ་པ་ཞིག་རེད། ལོ་རྗེས་མའི་བཀའ་ཁྲི་དང་སྤྱི་འཐུས་རྣམ་པ་འོས་འདེམས་ཀྱི་སྤུས་ཚད་དམ་རྣམ་པ་ཡང་ཚགས་ཚུད་དུ་འགྲོ་ངེས་པ་ཞིག་རེད། རྒྱུ་མཚན་ནི་བོད་མི་མང་པོ་ཞིག་གཉིད་ལས་སད་དང་སད་བཞིན་ཡོད་པས་སོ།

    ང་ཚོའི་སེམས་རྟེན་གཅིག་ནི་༸གོང་ས་མཆོག་དང། གཉིས་ནི་གཞིས་ལུས་མི་དམངས་ཡིན། གལ་ཏེ་༸གོང་ས་མཆོག་མ་བཞུགས་ཀྱང། གཞིས་ལུས་བོད་དམངས་ནུབ་དཀའ། དེ་བས་ང་ཚོའི་འཕག་འཚག་གི་རྒྱབ་བརྟེན་གཙོ་བོ་ཧ་ཅང་བརྟན་པ་འདི་མདུན་སྐྱོད་དང་རྒྱལ་ཁའི་རྩ་བ་དེ་ཡིན། དེའི་མཚུངས་བོད་མི་ཚང་མས་རང་ཉིད་ཀྱང་ཆུང་ཆུང་ཞིག་མིན་པའི་འདུ་ཤེས་གསལ་བོ་དང་བརྟན་པོ་ཞིག་རྙེད་རེ་ཆེ་བས་ན་ང་ཚོས་ཕ་ཤུལ་བུས་འཛིན་གྱི་ལས་ཀ་ངེས་པར་བྱེད་ཐུབ་རྒྱུའི་གདེང་ཚོད་འདུག ངས་འདི་ལྟར་བལྟས་ན། ང་ཚོའི་”དེང་སང་གི་གནས་བབས་ལྟ་བུར་ཆ་མཚོན་ན་ང་ཚོ་གྲ་སྒྲིག་གི་མདུན་དུ་སླེབས་མེད་པ”ཞིག་གཏན་ནས་མ་རེད། འོན་ཀྱང་རེ་བ་བཟང་བོ་དེ་མཐོ་ཞིང་འཐོབ་དཀའ་བས་ན་ང་ཚོའི་གྲ་སྒྲིག་གི་ལས་ཀ་ད་དུང་ཡང་ཚགས་དམ་ཇེ་དམ་དང་སྤུས་ཇེ་དག་ཏུ་གཏོང་དགོས་ལ་གཏང་རྒྱུ་ཡང་ལོས་ཡོད།

    ཚང་མས་སོམས་དང། ༸གོང་ས་མཆོག་མེད་ན། བཙན་བྱོལ་བོད་གཞུང་མུ་མཐུད་གནས་ཐུབ་རྒྱུ་རེད་དམ། བོད་ཆོལ་ཁ་གསུམ་གྱི་ལག་གདང་ཞིག་རྒྱུ་རེད་དམ། ངས་བལྟས་ན་སྔར་ལས་ལྷག་ཏུ་འགྱུར་ཡང་སྲིད། དེ་ནི་ཐག་གཅོད་དཀའ་བ་ཞིག་མིན་ཏེ། ‘ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི’མི་རིགས་དེ་ད་དུང་དེ་བཞིན་ལགས་པ་དང། ཁོང་གི་ཐུགས་རྗེ་སྨོན་ལམ་གྱི་མཐུ་དང་འབྲེལ་བའི་བོད་ཀྱི་ལས་མཐའ་རྫོགས་མེད་པས་སོ། དེས་ན་མུ་མཐུད་དེ་དགའ་སྤོབས་ཆེར་སྐྱེད་ཀྱིས་ཐུན་མོང་གི་དོན་ཆེན་དང་འབྲེལ་རང་སོ་སོས་ཀྱང་རེ་བ་བཟང་ས་རེ་དང་ལྷན་གྲ་སྒྲིག་སྡུག་ས་རེ་བྱས་ན་ཅིས་མི་ལེགས།
༢༠༡༠།༠༦།༤། (མུ་མཐུད་གླེང་ཆོག)

འབྲེལ་ཡོད་གསར་འགྱུར།

 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧
Close view of Chinese PLA combat helicopter in Tibet_January 05 2021
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གཟིགས་ཞིབ་དགོས་པའི་རེ་སྐུལ་ཞུས། 

༢༠༢༥/༠༦/༢༦
Mobile App

མི་འགྱངས་བར་སྟོབས་ཆེན་རྒྱལ་ཁབ་ལྔ་ཡིས་ཚོགས་ཆེན་འཚོག་རྒྱུ་ཡིན་འདུག 

༢༠༢༥/༠༦/༢༦
ལྕམ་སྐུ་པེ་ལོ་སི་མཆོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

ཨ་རིའི་གྲོས་ཚོགས་ནང་༧སྐུའི་གོ་སྟོན་སྲུང་གཙི་གནང་།

༢༠༢༥/༠༦/༢༦

མཆན། 20

  1. lhamodondub says:
    ལོ་ 15 སྔོན།

    རྣམ་པ་ཚོས་ངོ་མ་དོན་ཆེན་སྐོར་གླེང་གིན་འདུག གླེང་སྟངས་ཀྱང་ཡག་པོ་རེད། མི་ཉག་བཙན་པོའི་དྲི་བ་དེ་ཚོར་ངོ་མ་འདང་རྒྱག་དགོས་པ་ཞིག་རེད། ལྷག་པར་དུ་ཡང་མི་ཉེས་ཅན་ཞིག་བཀའ་ཁྲིའི་འོས་གཞིར་ཇི་ལྟར་སླེབས་པ་ཡིན་ནམ། གནད་དོན་དེ་འདྲ་ཕྱི་གསལ་ནང་གསལ་བྱ་རྒྱུ་གལ་ཆེ། ང་ཡང་རང་གི་མི་རིགས་འདིར་བསྡད་ཀིན་བསྡད་ཀིན་རེ་བ་ཆེ་རུ་འགྲོ་གིན་འདུག ༸གོང་ས་མཆོག་གིས་བོད་དོན་འདི་རྒྱལ་སྤྱིའི་གླེང་སྟེགས་སུ་བཅུག་གནང་བ་དང། བཙན་བྱོལ་བ་ཉུང་ཤས་ཤིག་རྒྱལ་ཁམས་ལ་མ་ཐིམ་པར་ད་དུང་ངར་ངར་བྱེད་ཚུལ་འདི་དག་ལ་བལྟས་ན་ངོ་མ་ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་མི་རིགས་རང་རེད་སྙམ་བཞིན་དགའ་འོ། གང་ལྟར་ད་ཆ་གཞིས་ལུས་མི་དམངས་ཀྱིས་ཁྱེད་ཚོར་རེ་བ་བཅོལ་ཡོད་ལ། ཁྱེད་ཚོ་ཡང་གཞིས་ལུས་མི་དམངས་ལ་རེ་བ་ཡོད་པ་འདི་ང་ཚོའི་རྒྱལ་ཁའི་གཞི་རྩ་ཞིག་རེད། འདི་ཉམས་ཆག་སོང་ན་རེ་བ་ཡང་སྟོང་བར་འགྱུར་ངེས།

    Reply
  2. ཕྱོགས་གླང། says:
    ལོ་ 15 སྔོན།

    རྒྱ་ནག་གཞུང་གི་དབུ་འཁྲིད་འགའ་རེས་ཚོད་རྩིས་ཀྱིས་༧རྒྱལ་བ་རིན་པོ་ཆེ་མེད་ན་བོད་དོན་འཇའ་ལྟར་ཡལ་རྒྱུའི་བསམ་ཚུལ་བཤད་པ་བཞིན་ང་ཚོས་གཟབ་གཟབ་མ་བྱས་ན་ཉེན་ཁ་མེད་པ་མ་རེད། དཔེར་ན་སྔ་ལོའི་གྲོས་ཚོགས་སྐབས་གནས་ཚུལ་ཆུང་ཙག་ཅིག་གི་དོན་དུ་གྲོས་ཚོགས་མཇུག་སྐྱོང་མ་ཐུབ་པའི་གནས་ཚུལ་ལྷགས་པ་ཕྱི་ནང་ཚང་མས་ཤེས་གསལ་རེད། བྱས་ཙང་གལ་སྲིད་གཞིས་བྱེས་མཉམ་འཛོམས་གང་མྱུར་མ་བྱུང་ན་གྲ་སྒྲིག་སྡུག་ས་ནས་ག་རེ་བྱེད་དགོས་མེད་གཞུང་ཕྱོགས་ནས་ཉམས་ཞིབ་ཀྱིས་དངོས་ཡོད་གནས་ཚུལ་དང་འཚམས་པའི་ཐབས་ལམ་གང་ཡོད་ལམ་སྟོན་དང་། མང་ཚོགས་ནས་འཕྱར་གྲུ་མཉམ་འདེགས་ཀྱིས་ལས་འགུལ་ནང་ཞུགས་རྒྱུ་ནི་ཛ་དྲག་གི་གནས་ཚུལ་མ་རེད་པས།།

    Reply
  3. མི་ཉག་བཙན་པོ། says:
    ལོ་ 15 སྔོན།

    དྲ་གྲོགས་དག་གིས་གླེང་མོ་བྱས་པ་ལ་རྗེས་སུ་ཡི་རང་ཞུ།
    ཕྲན་གྱི་དོགས་འཆརའདི་ལ་བོད་དོན་ལ་ཕན་པའི་ལན་རེ་ཡོད་ན་དགའ་བསུ་ཡོད།།
    བློ་བཟང་སེང་གེ་ལགས་འབྱུང་འགྱུར་གྱི་བཀའ་ཁྲི་ལ་ཕེབས་ན་མི་གསར་པ་གཞི་གིས་རྟ་གསར་པ་ཞིག་བཞོན་པ་དང་མཚུངས་སོ་ཞེས་སྨྲས་སོ།
    ཟམ་གདོང་བླ་མས་མ་འོང་པའི་ཟབ་ཞིང་རྒྱ་ཆེའི་ལས་འཆར་ཟིནཐོ་ལ་ཡོད་པ་རྣམས་དང་
    ཕྱག་ལས་འཕྲོ་གང་ཡོད་འཇུག་སྐྱེལ་ཐུབ་མཁན་ཞིག་དགོས་པ་ལས་ཤེས་ཡོན་ཡོད་པ་ཙམ་གྱིས་མི་ཆོག་པ་ནི་
    ཤིན་ཏུ་གསལ་ལོ་།ཆབ་བྲག་ལྷ་མོས་ངལ་བ་བྱས་དོན་དེ་ལྟར་ཡིན་ནམ་སྙམ་མོ།
    གཞན་ཡང་བཀྲས་ཐོང་བསྟན་འཛིན་རྣམ་རྒྱལ་ལགས་མ་འོང་པའི་བཀའ་ཁྲི་ལ་ཕེབས་ན་དེ་བས་དགོད་བྲོའི་གནས་སུ་འགྱུར་རོ།་བཀྲས་ཐོང་ནི་བཀའ་ཟུར་ཞིག་རེད་ལ་།་བཀའ་ཁྲི་བྱས་པའི་སྐབས་ཀྱི་སྐྱུག་བྲོ་བའི་ལོ་སྒྱུ་ལ་བལྟས་ན་ནག་ཉེས་ཅན་ཞིག་ཆགས་ཡོད།
    ཉག་ཉེས་གང་བསགས་གསལ་བཤད་དགོས་པ་ནི་མ་མཐོང་།་དེ་ལྟ་བུའི་མི་བཀའ་ཁྲིའི་འོས་ལ་བསླེབས་པར་ངོ་རྒོལ་ཡོད།།་མི་རྗོགས་པ་ག་ལ་ཡིན་བསམ་མོ་།

    Reply
  4. ཁ་བའི་མེ་ཏོག says:
    ལོ་ 15 སྔོན།

    དྲ་གྲོགས་རྣམས། འགྲེལ་ཐག་འདིར་བསྣུན་ནས་བོད་མིའི་དབུ་ཁྲིད་མཆོག་གིས་རྒྱ་བོད་གཞོན་སྐྱེས་ཚོར་གསུང་བཤད་གནང་སྐབས། ༧གོང་ས་མཆོག་གི་རྒྱབ་ཕྱོགས་ཀྱི་བོད་རིགས་སྐུ་དྲག་འདིའི་ཁ་ནས་འགྱིག་གི་སྤྱིས་རུལ་(Chewin gum)ཟ་སྟངས་དང་ཁོང་གི་སྤྱོད་པ་འཁྱེར་སྟངས་ལ་ལྟོས་དང་། ང་རང་དང་བསྡོམས་ནས་དྲ་ཐག་འདི་ལ་མི་རིགས་འདྲ་མིན་ཉིས་འབུམ་བརྒྱད་བརྒྱ་ལྷག་གི་ལྟོས་ཡོད་པ་དང་ཁོང་ཚོས་ག་རེད་བསམ་ཡོད་མེད་མིཤེས་ཡིན་ནའང་། ངས་མི་འདིའི་སྤྱོད་པ་ཚུལ་མཐུན་ཞིག་མཐོང་མ་སོང་། མ་འོངས་པ་ཡིན་ན་སྐུ་མདུན་གྱི་སྐུ་འཁོར་སུ་ཡིན་ཀྱང་འདི་འདྲའི་བྱ་སྤྱོད་ལ་གཟབ་གཟབ་གནང་རོགས་ཞུ་ཟེར་བ་ཡིན།
    http://tibetanavenue.com/2010/05/the-bridge-conference-live-1030-am-eastern-52310/

    Reply
  5. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    རྒན་ལྷ་མོ་སྐྱབས་ལགས་ཀྱི་གསུང་པའི་བཀའ་མོལ་འདིའི་སྨྲ་མི་ཤེས་པའི་འཚོ་བ་ཞིག་སྦྱིན། བོད་མི་རྣམས་རྒྱལ་ཁབ་འདྲ་མིན་དུ་ཁ་ཐོར་དུ་གནས་ཡོད་ཀྱང་དེ་དག་ནི་༼སྐད་ཡིག་དང་ཆོས་ལུགས་ཀྱི་སྦྱར་རྩི་ཞིག་གིས་འབྱར་ཡོད་༽པའི་གསལ་སྟོན་གནང་ཡོད། ངའི་བསམ་པར་རང་རིགས་ཤེས་ཡོན་པ་དང་སྐབས་འཚོལ་བ་མང་པོས་སྦྱར་རྩིའི་ནང་ཆུ་བསྲེལ་ནས་ཕྱི་ཚོང་བྱ་བཞིན་པ་དང༌། ཆུ་བསྲེལ་བའི་སྦྱར་རྩི་དེ་དག་ང་ཚོའི་སྤྱི་ཚོགས་གང་སར་ཁྱབ་པས་སྦྱར་ཀྱང་གོལ་ཆོག་ཆོག་ཞིག་ཏུ་མཐོང༌། ༼ བཙན་བྱོལ་བོད་གཞུང་གི་དང་བླང་དཔྱ་ཁྲལ་ལག་དེབ་གཅིག་གི་འོག་ལ་འདུས་ཡོད།༽ཟེར། ད་ལྟའི་འཆར་དྭངས་བླངས་དཔྱ་དངུལ་མི་འབུལ་མཁན་གྱི་བཙན་བྱོལ་བོད་མི་ཇི་ཙམ་ཡོད་རྒན་ལགས་ནས་མཁྱེན་ནམ། ལོ་རེ་ནས་ལོ་རེར་དྭངས་བླངས་དཔྱ་དངུལ་མི་འབུལ་མཁན་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་པས་དེ་དག་ལག་དེབ་གཅིག་གི་འོག་འདུས་པ་ཡིན་ནམ། བཙན་བྱོལ་བོད་མི་རེར་ལག་དེབ་མ་མཐའ་གསུམ་བཞི་ཡོད་མཁན་མགོ་བདེ་དྲན་འཁྲུལ་བ་རྣམས་ཀྱང་ལག་དེབ་གཅིག་གི་འོག་ལ་ག་འདྲ་བྱས་འདུས་སམ།

    Reply
  6. ཤུལ་ལུང་རྡོ་རྗེ། says:
    ལོ་ 15 སྔོན།

    དཔེ་ཡག་པོ་གསུངས་འདུག་བཀའ་དྲིན་ཆེ་གནང་།

    Reply
  7. རིག་འཛིན་བཟང་པོ says:
    ལོ་ 15 སྔོན།

    ཆབ་བྲག་ཕོ་ཉའི་སྐད་ཆ་ཕྱེད་ཀ་བདེན་པ་རེད།ཁོང་ལ་ནམ་རྒྱུན་ནས་བཤད་ཕོད་པའི་སྤོབས་པ་ཅུང་ཟད་ཅིག་ཡོད་པ་ཡིད་ཆེས་ཡོད།ཡིན་ནའང་རྙོག་གཏམ་མང་དྲགས་ན་ལེགས་པའི་ཆ་གང་ཡང་མ་མཐོང་ངོ་།

    Reply
  8. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 15 སྔོན།

    རྒན་ལགས་ཀྱི༼བོད་མི་ཕལ་མོ་ཆེ་མི་རིགས་ཀྱི་ལར་ཞེན་ཞིག་གིས་སྦྲེལ་ཡོད་ཟེར། ངའི་སྦྲེལ་ཐག་ཏེ་ཟད་ནས་ཆད་ལ་ཁད་ཞིག་ཏུ་མཐོང་།་་རྒན་ལགས་ཀྱི༼ སྐད་ཡིག་དང་ཆོས་ལུགས་ཀྱི་སྦྱར་རྩི་ཞིག་གིས་འབྱར་ཡོད་པར་མ་ཟད་ཟེར། ངའི་བོད་མི་ཕལ་མོ་ཆེའི་སྦྱར་རྩི་དེ་རྙིང་རུལ་སོང་ནས་ཕན་མེད་ཞིག་དུ་སེམས་བཞིན་པ་མཐོང་། རྒན་ལགས་ཀྱི༼ དེ་ནས་བཙན་བྱོལ་གཞུང་ནི་ད་ཆ་ཆོས་སྲིད་གཉིས་ལྡན་གྱི་དམངས་གཙོའི་གཞུང་ཞིག་ཆགས་ཡོད་ཟེར། ངའི་ཆོས་སྲིད་ཟུང་འབྲེལ་དང་ཆོས་སྲིད་གཉིས་ལྡན་གཉིས་ལ་ཁྱད་པར་ཅུང་ཡོད་པར་མཐོང་། ཡོད་དམ་མེད་? རྒན་ལགས་ཀྱི༼ སྤྱི་འཐུས་དང་བཀའ་བློན་རྣམ་པའི་སྤུས་ཚད་ཀྱང་སྔོན་མ་ལས་ཕྱི་མ་ཇེ་བཟང་དུ་འགྲོ་བཞིན་ཡོདཟེར།ངའི་འགྲོ་དགོས་པ་རེད་ཞུས་རྒྱུ་ལས་ཇེ་བཟང་དུ་འགྲོ་བཞིན་ཡོད་པ་མ་མཐོང་།

    Reply
  9. ཤེལ་དཀར་བློ་བཟང་། says:
    ལོ་ 15 སྔོན།

    རྒན་ལྷ་མོ་སྐྱབས་ཀྱིས། ༼སྤྱི་འཐུས་དང་བཀའ་བློན་རྣམ་པའི་སྤུས་ཚད་ཀྱང་སྔོན་མ་ལས་ཕྱི་མ་ཇེ་བཟང་དུ་འགྲོ་བཞིན་ཡོད། ༽ ཅེས་པར་མོས་མཐུན་མེད་དེ་སྔོན་སྤྱི་འཐུས་རྣམ་པས་གནམ་གྲུའི་ལག་འཁྱེར་གཅིག་གི་དོན་དུ་ང་དང་ཁྱོད། ཤར་དང་ཕྱོ། ར་དང་ལུག་ཅེས་གནས་ཚུལ་ཆུང་ཆུང་ཞིག་ཆེན་པོར་བཟོས་ཏེ། ཕུ་དཀྲུགས་མདའ་དཀྲུགས་བྱས་པ་ད་གཟོད་དྲན་པའི་ཡུལ་ལས་འདས་པ་ཡིན་གྱི་མ་རེད།

    ཡང་།༼ ཚང་མས་སོམས་དང། ༸གོང་ས་མཆོག་མེད་ན། བཙན་བྱོལ་བོད་གཞུང་མུ་མཐུད་གནས་ཐུབ་རྒྱུ་རེད་དམ། བོད་ཆོལ་ཁ་གསུམ་གྱི་ལག་གདང་ཞིག་རྒྱུ་རེད་དམ། ༽ ཞེས་པའི་དྲི་བར་བསམ་ཞིབ་ཡག་པོ་བྱས་ནས་ལན་འདེབས་བྱེད་དགོས་པ་ཞིག་རེད། སྤྱིར་དྲ་གྲོགས་ཤ་ཁྲག་རུས་གསུམ་གྱིས་༸གོང་ས་མཆོག་གི་གསུང་ལུང་འདྲེན་གནང་བ་ལྟར་རེད། འོན་ཀྱང་ཕྱོགས་གཞན་ཞིག་ནས་བསམ་བློ་བཏང་ན། ང་ཚོར་གཞན་སུ་འདྲ་ཞིག་ལ་ཡང་མེད་པའི་དབུ་འཁྲིད་དམ་པ་འདི་ལྟ་བུ་ཞིག་ཡོད་བཞིན་དུ་གཡས་རེད་གཡོན་རེད་ཅེས་རྡོ་རྩ་གཅིག་སྒྲིལ་གྱི་ལམ་ལ་བསྐྱོད་མཁན་དཀོན་པ། དངུལ་དང་གཏམ་གྱི་ཆེད་དུ་རང་མགོ་གང་ཐོན་བྱེད་མཁན། མདོར་ན་དེང་སང་གི་སྤྱི་ཚོགས་ལ་གཞིགས་ན་ང་ཚོ་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་སྙིང་ལ་རུས་པ་བཅུག་དགོས་པའི་དུས་ལ་བསླེབས་འདུག་སྙམ།།

    Reply
  10. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ཧཧཧཧཧཧཧཧཧཧཧཧཧཧཧཧཧསྨྱོ་པ་ཆགས་འདུག་་་་་ངའི་རོགས་པ་ཚོས་གང་བྱུང་མ་བྱུང་བྱས་ནས་བཆན་བུ་ཐེངས་གཉིས་བཏབ་སོང་བས་དགོངས་མེད་པར་དང་།
    བྱ་ཞེས་པ་འདིར་་་་་་་་་་ཧ་ཧ་ཧ་

    Reply
  11. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ཕ་ཤུལ་བུ་ཡིས་འཛིན་བྱ་དགོས་ན།
    བུ་ལ་བདག་པོ་རྒྱབ་ན་ལེགས།
    བདག་མེད་ས་མཐའི་བུ་ཕྲུ་ལ།
    དམད་འབོད་བྱེད་པས་ཅི་ལ་ཕན།

    རྒྱལ་ཁབ་སུམ་ཅུ་སུམ་བདུན་ནང་།
    ཁྱི་ལྟར་འཁྱམས་བའི་བུ་ཕྲུ་ལ།
    འཚོ་བའི་ལམ་སྟོན་ཅི་འདྲ་ཡོད།
    འཛིན་སྐྱོང་བྱེད་ཕྱོགས་ཅི་འདྲ་ཡོད།

    རྒྱ་བལ་འབྲུག་གསུམ་འཁྱམ་བཞིན་པའི།
    ཁ་བ་རི་པའི་གཅེས་ཕྲུག་ལ།
    ཕུགས་ཀྱི་མདུན་ལམ་ཅི་འདྲ་ཡོད།
    འཚོ་བའི་ལྟ་གོས་ཅི་འདྲ་ཡོད།

    ཁ་བཤད་ཆུ་ཡི་འུར་བ་རེད།
    ལག་ལེན་གསེར་གྱི་ཐུག་པ་རེད།
    བཙན་བྱོལ་བོད་ཀྱི་སྤྱི་ཚོགས་ནང་།
    བཤད་མཁན་མང་ཡང་སྒྲུབ་མཁན་ཉུང་།

    Reply
  12. ཁ་བའི་མེ་ཏོག། says:
    ལོ་ 15 སྔོན།

    རེད་ཡ། དགེ་རྒན་བཟང་པོ་ལྷ་མོ་སྐྱབས་དང་དགེ་ཕྲུག་བཟང་པོ་མི་ཉག་སྐལ་བཟང་ལྟ་བུ་ཡོད་ན་གོང་གི་རེ་བ་བཟང་དང་གྲ་སྒྲིག་སྡུག་ས་གླེང་མ་དགོས་པ་ཁོང་གཉིས་ཀྱིས་སྒྲུབ་ཐུབ། ཧཧཧ

    Reply
  13. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ཕ་ཤུལ་བུ་ཡིས་འཛིན་དགོས་ན།
    བུ་ལ་བདག་པོ་རྒྱབ་ན་ལེགས།
    བདག་མེད་ས་མཐའི་བུ་ཕྲུ་ལ།
    དམད་འབོད་བྱེད་པས་ཅི་ལ་ཕན།

    རྒྱལ་ཁབ་སུམ་ཅུ་སུམ་བདུན་ནང་།
    ཁྱི་ལྟར་འཁྱམ་བའི་བུ་ཕྲུ་ལ།
    འཚོ་བའི་ལམ་སྟོན་ཅི་འདྲ་ཡོད།
    འཛིན་སྐྱོང་བྱེད་ཕྱོགས་ཅི་འདྲ་ཡོད།

    རྒྱ་བལ་འབྲུག་གསུམ་འཁྱམ་བཞིན་པའི།
    ཁ་བ་རི་པའི་གཅེས་ཕྲུག་ལ།
    ཕུགས་ཀྱི་མདུན་ལམ་ཅི་འདྲ་ཡོད།
    འཚོ་བའི་ལྟ་གོས་ཅི་འདྲ་ཡོད།

    ཁ་བཤད་ཆུ་ཡི་འུར་བ་རེད།
    ལག་ལེན་གསེར་གྱི་ཐུག་པ་རེད།
    བཙན་བྱོལ་བོད་ཀྱི་སྤྱི་ཚོགས་ནང་།
    བཤད་མཁན་མང་ཡང་སྒྲུབ་མཁན་ཉུང་།

    Reply
  14. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    ང་ཚོས་རེ་བ་བཟང་ས་བརྒྱབ་ནས་གྲ་སྒྲིག་སྡུག་ས་ནས་བྱེད་དགོས་པ་ནི་ལས་རིགས་ཐམས་ཅད་ལ་དགོས་ན་བོད་ཀྱི་སྤྱི་དོན་ལ་ཡང་སྨོས་ཅི་དགོས།

    Reply
  15. ཧོར་བུ་ཡེ་ཤེས says:
    ལོ་ 15 སྔོན།

    མ་འོངས་པར་༧གོང་ས་མཆོག་མ་བཞུགས་ཀྱང་ང་ཚོ་ལ་བཀའ་ཁྲི་དང་བོད་མི་མང་གི་སྤྱི་འཐུས་རྣམས་ཡོད་པའི་ཕ་ཤི་བུ་འཛིན་ཁོང་ཚོས་བྱ་ཐུབ་ལ་དེ་ཡི་ཐད་སེམས་ནད་བྱེད་མི་དགོས།
    ༧གོང་ས་མཆོག་མེད་དུས་བོད་གཞུང་གནས་མི་ཐུབ་པ་དང་བོད་མི་ཁ་བྲལ་དུ་འགྲོ་ཟེར་བ་ནི་རྒྱ་གཞུང་མི་སྣས་སྐྱིད་པའོི་སྨི་ལམ་ཞིག་རེད་ལ་སྨི་ལམ་དེ་ནམ་ཡང་འགྲུབ་མི་ཐུབ།

    Reply
  16. བཙན་པོའི་བུ། says:
    ལོ་ 15 སྔོན།

    མཁྱེན་ཡངས་སྐུ་ཞབས་ཆབ་བྲག་ལྷ་མོ་སྐྱབས་ཀྱིས་བཤད་པ་ལྟར། མཁས་དབང་བློ་བཟང་སེངྒེ་ལགས་ཀྱིས་རང་རེའི་མིི་རིགས་ཀྱི་བདེ་སྡུག་ལ་དུས་ལྟར་བསམ་བློ་གཏོང་གི་ཡོད་པ་མ་ཟད། དེ་བཞིན་གྲ་བསྒྲིགས་ཀྱང་བྱེད་དང་བྱེད་མུས་རེད། དེ་ལྟར་ན། གཞོན་སྐྱེས་ཤེས་འཇོན་གཉིས་ལྡན་མཁས་དབང་བློ་བཟང་སེངྒེ་ཁོང་ནི་ཅི་ནས་ཀྱང་ང་ཚོས་བཀའ་བློན་ཁྲི་བའི་བཞུགས་ཁྲིའི་སྟེང་དུ་གདན་འདྲེན་ཞུ་ཐབས་ལ་འབད་དགོས།

    Reply
  17. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 15 སྔོན།

    ༧གོང་ས་མཆོག་ནས་ཕྱི་རྒྱལ་གྱི་གསར་ལམ་ཁག་དུ་དྲི་ལན་འདི་འདྲ་ཞིག་གནང་དང་གནང་བཞིན་ཡོད་ལ། དེ་ཡང་རྩ་འཛིན་བྱས་ན་འགྲིག་ངེས་ཡིན།

    བོད་ཀྱི་གནད་དོན་ནི། ང་སྒེར་གྱི་གནད་དོན་མིན་ལ། བོད་མི་རིགས་ཀྱི་གནད་དོན་ནི་བོད་མི་ས་ཡ་དྲུག་གི་གཞི་རྩའི་ཐོབ་ཐང་གི་རང་དབང་ཞིག་ཡིན་དུས། བོད་མི་རིགས་ཇི་སྲིད་དུ་གནས་ངེས་ཡིན་ལ། ང་རང་ཡོད་མེད་ལ་རེག་ལས་མེད། ༧རྒྱལ་དབང་སྐུ་ཕྲེང་རིན་བྱོན་བྱུང་ནས་ལོ་ངོ་བརྒྱ་ཕྲག་ཁ་ཤས་ལས་འགྲོ་བཞིན་མེད། བོད་མི་རིགས་ནི་ལོ་ངོ་སྟོང་ཕྲག་ཁ་ཤས་ཡོད་པའི་མི་རིགས་ཤིག་ཡིན། འདི་ནི་ཚང་མས་གསལ་བོ་ཤེས་དགོས་པ་རེད་ཅེས་ལྗག་ལན་གསལ་ཐག་ཆོད་ཅིག་གནང་ཡོད་པ་རེད།

    Reply
  18. ཚེ་རིང། says:
    ལོ་ 15 སྔོན།

    ༧གོང་ས་མཆོག་མ་བཞུགས་ཀྱང། བོད་གནས་མི་ཐུབ་པའི་རྒྱུ་མཚན་ཅི་ཡང་མེད། དེ་ནི་རྒྱ་ནག་གིས་གླེན་བཤད་བྱས་པ་ཞིག་རེད། བོད་མི་རིགས་འདི་ཡར་རྒྱས་ཀྱི་སྐབས་མི་གཅིག་ལ་བརྟེན་མེད་ལ། ཉམ་ཆག་ཀྱང་མི་གཅིག་ལ་བརྟེན་མེད། ཐ་ན་ད་ལྟ་གནས་སྟངས་འདི་འདྲ་ཞིག་བྱུང་བ་ཡང་མི་གཅིག་ལ་བརྟེན་ནས། ཡར་རྒྱས་མིན་ལ། ཉམ་ཆག་ཀྱང་མིན།

    Reply
  19. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    བཤད་སྟངས་འདི་ལ་ངོས་ལེན་ཡོད་དམ།

    བོད་པས་སྐྱིད་མི་ཁྱག སྡུག་ཁྱག་ག

    Reply
  20. མཚོ་ཚང་བཀྲིས། says:
    ལོ་ 15 སྔོན།

    གོང་གི་རྩོམ་འདི་ཀློག་པས་ངང་ངམ་ཤུགས་ཀྱིས་དགའ་སྐྱོ་ཟུང་ལྷན་དུ་སྐྱེ་བྱུང༌ལ། སེམས་ཤུགས་དང་རེ་བ་གསར་པ་ཞིག་ཀྱང་ངམ་ངམ་ཐོབ་བྱུང༌། ངོ་མ་ཕན་པའི་བསླབ་རང་རེད། ཐུགས་རྗེ་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese