མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཐོག་འགོག་གི་ཡིན་ཟེར།

བོད་ཀྱི་དུས་བབ།
༢༠༡༠/༠༦/༠༥
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཚེས་ ༣ ཉིན་ཤིན་ཧྭ་བོད་ཡིག་དྲ་བས་གནས་ཚུལ་སྤེལ་བ་ལྟར་ན། བོད་ལྗོངས་སུ་གློག་དམར་འཁྱུག་པ་དང་ཐོག་རྒྱག་མང་བའི་དུས་སུ་སླེབས་པ་དང་བསྟུན་ནས། ཐོག་གིས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་གནོད་འཚེ་བཟོ་རྒྱུ་སྔོན་འགོག་བྱ་ཆེད། ཐོག་སྔོན་འགོག་ལྟེ་གནས་ཀྱིས་ཕྱི་ཟླ་དྲུག་པ་ནས་བཟུང་ཐོག་གི་སྔོན་བརྡ་གཏོང་རྒྱུ་རེད་ཅེས་དང་། བོད་རང་སྐྱོང་ལྗོངས་ཐོག་སྔོན་འགོག་ལྟེ་གནས་ཀྱི་འགན་འཁུར་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། ཐོག་སྔོན་འགོག་ལྟེ་གནས་ཀྱིས་བོད་རང་སྐྱོང་ལྗོངས་གནམ་གཤིས་ལས་ཁུངས་དང་མཉམ་ལས་བྱས་ཏེ། ཐོག་གི་གནོད་འཚེའི་སྔོན་བརྡ་བཏང་ནས་ཞིང་འབྲོག་མང་ཚོགས་ཚོས་ཐོག་གི་སྔོན་བརྡ་མཐོང་རྗེས་དུས་ཐོག་ཏུ་བྱ་ཐབས་བཟུང་ནས་ཐོག་གི་གནོད་འཚེ་སྔོན་འགོག་བྱེད་ཐུབ་པ་བྱེད་རྒྱུ་རེད་ཅེས་གསལ་འདུག

གནས་ཚུལ་དེའི་ནང་མུ་མཐུད་དེ་བཀོད་དོན། ད་ལྟ་ཐོག་སྔོན་འགོག་ལྟེ་གནས་ཀྱིས་ལྗོངས་ཡོངས་སུ་ཐོག་སྔོན་འགོག་ཚོད་ལྟའི་ཡོ་ཆས་བཅོ་བརྒྱད་སྒར་ཡོད་པ་དང་། སྔོན་འགོག་ཚོད་ལྟའི་ཡོ་ཆས་དེ་ཚོས་ཐོག་གི་གནོད་འཚེ་ཐོན་སའི་ས་ཆ་སྤྱི་ལེ་ཁྲི་ལྔའི་ནང་ཚུན་དུ་ཚད་ལེན་ཐུབ་ཀྱི་ཡོད་ཟེར།

ཡང་བོད་ལྗོངས་ཀྱི་དམིགས་བསལ་གནམ་གཤིས་ཁོར་ཡུག་གི་རྐྱེན་པས་ཐོག་གི་གནོད་འཚེ་ཡང་ཡང་ཐོན་གྱི་ཡོད་པ་དང་། ད་ལོའི་ཕྱི་ཟླ་ལྔ་པ་ཁོ་ནར་ལྷོ་ཁ་གོང་དཀར་རྫོང་ལ་ཐོག་ཐེངས་གཉིས་ལ་བརྒྱབས་ཡོད། རིགས་གཅིག་མཁས་པས་ད་ལྟ་རང་ལྗོངས་སུ་ཐོག་རྒྱག་མང་བའི་དུས་སུ་སླེབས་ཡོད་པས་ཚན་རིག་ལ་བརྟེན་ནས་ཐོག་སྔོན་འགོག་བྱ་རྒྱུ་དེ་གལ་ཆེན་པོ་ཡིན་པ་དང་། ལྷག་པར་དུ་འབར་གས་བྱེད་སླ་བའི་ཁུལ་དང་གྲོང་ཁྱེར་ནང་ཁུལ་གྱི་ཐོག་བརྩེགས་ཁང་ཆེན། སློབ་གྲྭ་སོགས་མི་མང་འདུ་འཛོམས་ཆེ་སར་མི་མངོན་པའི་ཉེན་ཁ་ལས་སེལ་རྒྱུར་དོ་སྣང་བྱེད་དགོས་པའི་དྲན་སྐུལ་བྱས་ཡོད་ཅེས་གསལ་འདུག
གསར་འགོད་པ། ཨ་རིག་འགྱུར་མེད།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

ཆུ་ཚོད་ ༢ སྔོན་ལ།
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

ཆུ་ཚོད་ ༢ སྔོན་ལ།
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 3

  1. བཟོད་པ་ལྷ་རྩེ། says:
    ལོ་ 16 སྔོན།

    ཐོག་སྔོན་འགོག་གི་ལེགས་འཆར་ཞིག་བོད་ནང་སྤེལ་བཞིན་ཡོད་པར་རིང་ཐང་ཇི་ཙམ་ཡོད་པ་དང། དེ་ལ་ནུས་པ་ཇི་ཙམ་ཡོད། དེ་སྔ་སྤྱི་ལོ་ 1988 འམ་ 1989 ནང་རྒྱ་གཞུང་ནས་སེར་བ་སྔོན་འགོག་གི་ལས་འགུལ་ཞིག་སྤེལ་ཡོད། དེ་ནི་སྤྲིན་ནག་འཁྲིགས་ས་དེར་འཕེན་བྱེད་ཀྱི་མེ་མགྱོགས་འདྲ་བོ་ཞིག་ཡོད། གྲོང་པ་རེ་ལ་མེ་མགྱོགས་འདྲ་བོ་དེ་འདྲ་གསུམ་རེ་དང་མདེའུ་བཅུ་རེ་སྤྲད་ཡོད། མེ་མགྱོགས་འདྲ་བོ་དེར་རིན་གོང་རྒྱ་སྒོར་ཉིས་སྟོང་དང་མདེའུ་རེ་རྒྱ་སྒོར་བཅུ་རེ་རེད་དེ་དག་ཚང་མ་ཞིང་པ་རྣམས་ཀྱི་སར་ནས་བསྡུས་ཡོད། དེ་བེད་དཔྱོད་བཏང་ནས་སེར་ར་བཀག་པའི་མི་ཚད་ཆར་པ་ཡང་བཀག་ནས་ཐན་པའི་རྐྱེན་གྱིས་ཞིང་པ་རྣམས་ལ་དཀའ་ངལ་སྣོན་མ་ཞིག་སྤྲད་ཡོད། ད་རེས་ཀྱི་ཐོག་སྔོན་འགོག་གི་ལས་འཆར་དེ་ཡང་ཞིང་འབྲོག་མི་མང་རྣམས་ཀྱི་དྲུང་ནས་དཔལ་འབྱོར་བསྡུ་རུབ་བྱེད་པའི་ལས་འགུལ་ཞིག་ལས་མི་མང་ལ་ཕན་པའི་ལས་དོན་ཞིག་ག་ལ་ཡིན་སྙམ།

    Reply
  2. བསྟན་འཛིན་ཤེས་རབ། says:
    ལོ་ 16 སྔོན།

    ས་ཡོམ་སོགས་ཀྱང་འགོག་ཐུབ་ན་ཇི་འདྲའི་བཟང་བ་ལའང་།

    Reply
  3. གནས་ཚང་། says:
    ལོ་ 16 སྔོན།

    མི་ལ་རྒོལ་བ། ས་ལ་རྒོལ་བ། གནམ་ལ་རྒོལ་བ་གསུམ་ནི་བོད་བཙན་འོག་ནས་གཏོང་འདུན་མེད་པའི་ལག་ཆ་རྣམ་གསུམ་ཡིན་པས། འདིའི་ཐད་ཤེས་ཡོན་པ་ཚོར་གྲགས་འགུལ་མེད་དོན་ཅི་ཡིན་ནམ། ༼མི་ཤེས༽ཞེས་པའི་མིང་ཚིག་དེ་ཡུལ་གྱར་བོད་པའི་སྤྱི་ཚོགས་ནང་ཧ་ལམ་བོར་ཟིན་པར་ངོས་འཛིན་བྱེད་ཆོག་མོད། དེ་རིང་ཡིན་ན་ཕྱིར་ཕེབས་ཟིན་པ་འདྲ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese