མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁོར་ཡུག་ཉིན་མོ།

བོད་ཀྱི་དུས་བབ།
༢༠༡༠/༠༦/༠༥
Share on FacebookShare on TwitterShare on EmailShare on Whatsapp

བོད་བརྒྱུད་ནང་བསྟན་གྱི་དགེ་འདུན་པས་སྣེ་ཁྲིད་དེ་མང་ཚོགས་ནང་ཁོར་ཡུག་ཞབས་ཞུའི་གོ་རྟོགས་དང་ལས་འགུལ་སྤེལ་དགོས་ཟེར། 

དེ་རིང་ཞོགས་པར་གངས་དཀར་ཏི་སེ་ཁོར་ཡུག་གོ་རྟོགས་ལས་འགུལ་ཁང་གིས་རྒྱལ་སྤྱིའི་ཁོར་ཡུག་གི་ཉིན་མོ་དང་། གངས་དཀར་ཏི་སེ་ཁོར་ཡུག་གོ་རྟོགས་ལས་འགུལ་ཁང་གསར་འཛུགས་གནང་སྟེ་མི་ལོ་ལྔ་འཁོར་བའི་ཟུང་འབྲེལ་གྱི་ཉིན་མོ་དང་བསྟུན་ཏེ། བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་བོད་མི་མང་སྤྱི་འཐུས་བེ་རི་འཇིགས་མེད་དབང་རྒྱལ་མཆོག་དང་། བོད་གཞུང་ཕྱི་དྲིལ་ཁོར་ཡུག་སྡེ་ཚན་གྱི་ཉམས་ཞིབ་པ་དོན་འགྲུབ་སྒྲོལ་མ་ལགས་རྣམ་གཉིས་ཀྱིས་གཙོས། རྒན་ཚེ་རིང་ཆོས་འཕེལ་ལགས་དང་ངྷ་སྟེང་བོད་ཁྱིམ་སློབ་གྲྭའི་རྒན་བསྟན་འཛིན་ལགས། དེ་བཞིན་ངྷ་སའི་ཉེ་ཁུལ་གྱི་དགོན་སྡེ་ ༡༤ ནས་ཕེབས་པའི་གྲྭ་བཙུན་ ༢༨ ལྷག་གདན་ཞུའི་ཐོག  བོད་ཀྱི་དགེ་འདུན་པའི་ཁོར་ཡུག་གླེང་སྟེགས་ཞེས་པའི་བོད་བརྒྱུད་ནང་བསྟན་གྱི་དགེ་འདུན་པས་སྣེ་ཁྲིད་དེ་མང་ཚོགས་ནང་ཁོར་ཡུག་ཞབས་ཞུའི་གོ་རྟོགས་ཇི་ལྟར་སྤེལ་བའི་སྐོར་གྱི་བགྲོ་གླེང་ཤིག་གོ་སྒྲིག་གནང་ཡོད། 

སྐབས་དེར་བོད་མི་མང་སྤྱི་འཐུས་བེ་རི་འཇིགས་མེད་དབང་རྒྱལ་ལགས་ཀྱིས་སྲིད་པ་འཇིག་རྟེན་ཆགས་པ་ནས་བཟུང་སྣོད་བཅུད་ཀྱི་ཁྱད་པར་ཇི་ལྟར་བྱུང་ཚུལ་དང་། བཅུད་ཀྱི་སེམས་ཅན་གྱིས་ཁོར་ཡུག་ལ་ཕན་གནོད་གང་འདྲ་བྱུང་བའི་སྐོར། དེ་བཞིན་མི་འབོར་གྱི་དབང་གིས་གནོད་སྐྱོན་གང་འདྲ་བྱུང་ཡོད་མེད་སོགས་སྐོར་གྱི་གསུང་བཤད་གནང་བྱུང་བ་དང་འབྲེལ། ཁོང་གིས། མ་འོངས་པར་ང་ཚོ་བོད་མི་ཚོས་ཀྱང་ད་ལྟའི་འཛམ་གླིང་གི་ཛ་དྲག་པའི་ཁོར་ཡུག་གནས་བབ་ལ་གཟིགས་ཏེ། རང་ཉིད་ཀྱི་ངོས་ནས་ཁོར་ཡུག་བདག་གཅེས་ཐུབ་པར་བྱ་རྒྱུ་དང་། དེ་ནི་ང་ཚོ་འགྲོ་བ་མི་ཞིག་ཡིན་པ་དང་བོད་མི་རེ་རེའི་འོས་འགན་ཡིན་པའི་སྐོར་གྱི་གསུང་བཤད་གནང་བྱུང་།

བོད་ཀྱི་ཁོར་ཡུག་ཉམས་ཞིབ་པ་དོན་འགྲུབ་སྒྲོལ་མ་ལགས་ཀྱིས་བོད་འདི་འཛམ་གླིང་གི་ལྷོ་བྱང་སྣེ་གཉིས་ཕུད་པའི་འཁྱགས་ཀླུང་སྟོང་ཕྲག་ ༤༦ ཡོད་པའི་ཁྲོད་ཀྱི་ཆུའི་ཐོན་ཁུངས་མང་ཤོས་ཀྱི་ཡུལ་གྲུ་ཞིག་ཡིན་སྟབས། འཛམ་གླིང་གི་སྣེ་གསུམ་པ་ཞེས་འབོད་ཀྱིན་ཡོད་པ་དང་། བོད་ཀྱི་ཆུ་བོ་མང་ཆེ་བ་བོད་རང་གི་ཡུལ་གྲུ་ཙམ་མིན་པར་རྒྱ་ནག་དང་པ་ཀི་སི་ཐན། རྒྱ་གར། བྷེང་ལ་ཌེ་ཤི་སོགས་རྒྱལ་ཁབ་མང་པོ་ཞིག་ཏུ་བཞུར་གྱིན་ཡོད་པའི་ཁྲོད། ཨེ་ཤ་ཡའི་ཆུ་བོའི་བརྒྱ་ཆ་ ༥༠ ལྷག་དང་། རྒྱ་ནག་གི་ཆུ་བོའི་བརྒྱ་ཆ་ ༣༠ ལྷག་བོད་ནས་བཞུར་གྱིན་ཡོད་པ་སོགས་འདས་པའི་ཉམས་ཞིབ་ཀྱི་བརྒྱུད་རིམ་པར་རིས་དང་འབྲེལ་ངོ་སྤྲོད་གནང་བྱུང་བར་མ་ཟད། བོད་ཀྱི་ནགས་ཚལ་དང་རྩྭ་ཐང་། སྤང་ལྗོངས།  གཏེར་ཁ། འདམ་རྭ་སོགས་འདས་པའི་དུས་དང་བསྡུར་ན་ལོ་རེེར་ཉམ་ཆག་ཤུགས་ཆེར་འགྲོ་བཞིན་པ་དང་། ལྷག་པར་དུ་རྒྱ་ནག་གིས་བོད་བཙན་བཟུང་བྱས་པ་ནས་བཟུང་གནམ་གཤིས་འགྱུར་ལྡོག་དང་། ཁོར་ཡུག་གི་གནོད་སྐྱོན་གྱི་རྐྱེན་པས་ཉིན་རེར་རྨ་འབྲི་རྫ་གསུམ་གྱི་མགོ་ཁུངས་གཙོས་པའི་བོད་ནང་གི་སྣོད་བཅུད་ཡོངས་རྫོགས་ཉམ་ཆག་འགྲོ་བཞིན་པའི་སྐོར་དེར་ཡོད་གྲྭ་བཙུན་ཡོངས་ལ་ངོ་སྤྲོད་གནང་བྱུང་།
 
ཉིན་འདིའི་རྒྱལ་སྤྱིའི་ཁོར་ཡུག་གི་ཉིན་མོ་སྲུང་གཙི་བརྒྱུད་གངས་དཀར་ཏི་སེ་ཁོག་ཡུག་གོ་རྟོགས་ལས་འགུལ་ཁང་གིས། ལོ་ལྟར་མི་སྒེར་དང་ཚོགས་པ་ཁག་ལ་ཁོར་ཡུག་ཞབས་ཞུའི་བྱ་དགའ་འབུལ་བཞིན་པ་ལྟར། འདི་ལོའི་བྱ་དགའ་དེ་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཚོགས་པར་ཕུལ་ཡོད་ལ། དེ་དང་འབྲེལ་ལས་འགུལ་ཁང་རང་ནས་པར་བསྐྲུན་བྱས་པའི་སྐྱེ་ལྡན་ཞིང་ལས་ཀྱི་གལ་ཆེའི་རང་བཞིན་སྐོར་ངོ་སྤྲོད་དང་པི་ཝི་སི་འགྱིག་ཆས་དང་འབྲེལ་བའི་ཁོར་ཡུག་དང་འཕྲོད་བསྟེན་གྱི་དཀའ་ངལ། སྐྱེ་འགྲོ་ཡོངས་ཀྱི་འདུན་མའི་ཆེད་དུ་བསམ་མནོ་ཇི་ལྟར་གཏོང་བ་ཞེས་པའི་དཔེ་དེབ་གསུམ་དབུ་འབྱེད་གནང་བྱུང་བར་མ་ཟད། ཉིན་རྒྱབ་ཏུ་དགེ་འདུན་པ་རྣམས་ཀྱིས་ས་གནས་སོ་སོའི་དགོན་སྡེ་ཁག་གི་གྲྭ་བཙུན་དང་ཡུལ་མི་རྣམས་ལ་ཁོར་ཡུག་གོ་རྟོགས་ཇི་ལྟར་སྤེལ་ཚུལ་དང་། གད་སྙིགས་གཙང་སེལ་དང་ས་ཆུ་བདག་གཅེས། དུག་རླངས་ཉུང་འཕྲི་སོགས་ཀྱི་ཐབས་ལམ། ཆོས་ཕྱོགས་ནས་ཡུལ་ལྷ་བསང་གསོལ་དང་ས་བཅུད་བུམ་པ། ཆར་འབེབ་སོགས་ཀྱི་སྐོར་བཅས་བརྗོད་གཞི་བརྒྱད་ཀྱི་སྟེང་བགྲོ་གླེང་གོ་བསྡུར་གནང་ཡོད། 

གསར་འགོད་པ་དོན་གོ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

ཆུ་ཚོད་ ༡༢ སྔོན་ལ།
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 3

  1. རང་རྟོན། says:
    ལོ་ 16 སྔོན།

    ངས་བསམ་ན་འུ་ཚང་གི་ཁོར་ཡུག་འདི་དུས་དྲན་གཅིག་པོ་མ་གཏོགས་ཁོར་ཡུག་གི་རྒྱུན་ཤེས་མེད་པར་མ་ཟད།ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་མག་མོག་ཞིག་ཡོད་མེད་དོགས་པ་རེད།དེའི་ཕྱིར།ངེས་པར་དུ་ཁོར་ཡུག་སྐོར་གྱི་ཟབ་སྦྱོང་གང་མང་གནང་རྒྱུ་གལ་ཆེན་རེད་འདོད་གི།

    Reply
  2. ངག་དབང་རབ་རྒྱས། says:
    ལོ་ 16 སྔོན།

    དེ་རིང་འཛམ་གླིང་ཁོར་ཡུག་ཉིན་མོར་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་དགེ་ལས་སློབ་ཕྲུག་དང་དང་བླངས་བ་སོགས་ནས་མེ་ལོར་གཙུག་ལག་ཁང་གཡས་གཡོན་དང་གླིང་སྐོར་ལམ་སོགས་སུ་གཙང་མ་བཟོས་ཏེ་འཛམ་གླིང་ཁོར་ཡུག་ཉིན་མོར་སྲུང་རྩིས་ཞུ་ཡོད་པ་རེད།
    དེ་བཞིན་དྷ་སར་ས་གནས་འགོ་འཛིན་ལས་ཁུངས་ཀྱིས་གོ་སྒྲིག་འོག་དྷ་སར་ཡོད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་འགའ་ཤས་དང་མཉམ་འབྲེལ་གྱིས་འཛམ་གླིང་ཁོར་ཡུག་ཉིན་མོར་སྲུང་རྩིས་ཞུས་ཡོད་པ་དང༌། སྤྱིར་ཁོར་ཡུག་གཙང་བཟོ་བྱེད་རྒྱུ་དེ་ཁོར་ཡུག་ཉིན་མོར་ཙམ་མ་ཡིན་པར་རྒྱུན་དུ་ཁོར་ཡུག་ལ་བདག་གཅེས་ཚུལ་བཞིན་དུ་བྱེད་དགོས་པ་དེ་སྐྱེ་བོ་ཚང་མའི་འོས་འགན་ཡིན་ཞིང༌། དེ་སང་རྒྱལ་སྤྱིའི་ནང་ཁོར་ཡུག་གི་གནས་སྟངས་དེ་ཉིན་རེ་བཞིན་ཛ་དྲག་ཏུ་འགྲོ་བཞིན་ཡོད་པ་རེད། བོད་ཀྱི་བླ་ཆེན་རྣམ་པའི་སྣེ་ཁྲིད་ཏེ་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་མང་ཚང་སྤེལ་ཐུབ་དོན་ཕན་ལྡན་པ་ཡོང་སྲིད། ལྷག་པར་ཉེ་དུས་རྒྱ་གཞུང་འཛིན་བཟུང་བྱས་པའི་བོད་ནང་ཁོར་ཡུག་སྲུང་སྐྱོབ་ལས་འགུལ་བ་དང་གྲགས་ཅན་ཚོང་པ་ཀརྨ་བསམ་གྲུབ་ལགས་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་མགྱོགས་མྱུར་གློད་བཀྲོལ་ཡོང་བའི་རེ་འབོད་དང་རྒྱབ་སྐྱོར་མང་ཙམ་ཡོང་བ་ཞུ།

    Reply
  3. གནས་ཚང་། says:
    ལོ་ 16 སྔོན།

    བོད་གངས་ཅན་ཆུ་ཡི་མཛོད་ཡིན།
    རྒྱ་དཀར་ནག་དེ་ཡི་གཤེད་ཡིན།
    གཤེད་དེ་ཚོ་གདོང་ཐུག་བརྒྱབ་ན།
    སྐྱིད་མེད་ཀྱང་སྡུག་གིས་མི་མནར།
    དེ་རེད་དམ་མ་རེད་བཤད་རོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese