མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སི་ཊ་སི་སྦག་གི་གསུང་བཤད་ལ་མགོ་འཁོར་བསྡད་ན་ནོར་བ་རེད།

བོད་ཀྱི་དུས་བབ།
༢༠༡༠/༠༦/༠༥
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་༧གོང་ས་མཆོག་གིས་ངྷ་སྟེང་བོད་ཁྱིམ་དུ་བོད་རིགས་གཞོན་སྐྱེས་ཚོར་ནང་ཆོས་ངོ་སྤྲོད་གནང་བའི་གོ་སྐབས་དང་བསྟུན་ཏེ། ཉིན་མཐའ་མ་དེར་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་སློབ་ཕྲུག་ཚོར་བོད་པའི་ཆབ་སྲིད་སྐོར་ངོ་སྤྲོད་གནང་ཡོད་ཅིང་། སྐབས་དེར་བཀའ་ཁྲི་མཆོག་གིས་ཆོས་སྲིད་སྲུང་འབྲེལ་དང་འབྲེལ་ཏེ། བཙན་བྱོལ་བོད་གཞུང་གི་ལངས་ཕྱོགས་དབུ་མའི་ལམ་གྱི་ངོ་བོ་དང་བྱུང་རིམ། དབུ་མའི་ལམ་འཛིན་དགོས་པའི་རྒྱུ་མཚན། དབུ་མའི་ལམ་གྱི་གྲུབ་འབྲས་བཅས་ཀྱི་སྐོར་ངོ་སྤྲོད་གནང་ཡོད་པ་ལས་གཤམ་དུ་བསྡུས་འགོད་བྱས་ཡོད།

 

ཐོག་མར་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཆོས་སྲིད་ཟུང་འབྲེལ་སྐོར་གསུངས་དོན། སྤྱི་ཚོགས་ཀྱི་དཔལ་ཡོན་ཡར་རྒྱས་ཕྱིན་ཏེ་མི་རིགས་དང་རྒྱལ་ཁབ་ཀྱི་ངོ་བོ་གྲུབ་པ་ནས་བཟུང་། ཆབ་སྲིད་ཀྱི་འཕེལ་ཕྱོགས་དེ་ཡང་མི་སྡེའི་སྤྱི་ཚོགས་ཀྱི་འགྱུར་འགྲོས་དང་བསྟུན་ཏེ་ཡར་རྒྱས་སུ་ཕྱིན་ཞིང་། ཆོས་དར་རྒྱས་སུ་སོང་རྗེས་ཆབ་སྲིད་དང་ཆོས་གཉིས་འདྲེས་ཡོད། ཐོག་མར་ཆོས་ཀྱིས་ཆབ་སྲིད་བེད་སྤྱོད་བཏང་བ་དང་། དེའི་རྗེས་ཆབ་སྲིད་ཀྱིས་ཆོས་བེད་སྤྱོད་བཏང་བ་སོགས་བྱུང་ཞིང་། ནུབ་ཕྱོགས་སུ་ཡི་ཤུའི་ཆོས་དར་ཁྱབ་ཆེན་པོ་བྱུང་རྗེས་ཆབ་སྲིད་ཐོག་ལ་ཆོས་ཀྱི་ཤུགས་གནོན་ཧ་ཅང་ཆེན་པོ་སླེབས་ཏེ་ཆབ་སྲིད་ཀྱི་དབང་ཚུད་ཆ་ཚང་ཆོས་ཀྱིས་བཟུང་ཡོད། བོད་ནང་དུའང་ནང་ཆོས་མ་དར་གོང་ནས་བོན་དར་ཡོད། བོན་གྱིས་བོད་པའི་ཆབ་སྲིད་ལ་ཤུགས་གནོན་ཆེན་པོ་ཐེབས་ཡོད་ལ། བོད་དུ་ནང་ཆོས་དར་རྗེས་ཀྱང་ནང་ཆོས་ཀྱིས་ཆབ་སྲིད་ལ་ཤུགས་གནོན་ཆེན་པོ་སླེབས་ཏེ། རིམ་གྱིས་ཆོས་སྲིད་གཉིས་ལྡན་ཆགས་ཡོད། ཆོས་སྲིད་ཟུང་འབྲེལ་དང་ཆོས་སྲིད་གཉིས་ལྡན་གཉིས་ཕྲན་བུ་མི་འདྲ། ཆོས་ལུགས་རིས་མེད་དང་ཆོས་སྲིད་གཉིས་ལྡན་མཉམ་དུ་འགྲོ་ཐུབ་ཀྱང་། ཆོས་ལུགས་རིས་མེད་དང་ཆོས་སྲིད་ཟུང་འབྲེལ་གཉིས་མཉམ་དུ་འགྲོ་རྒྱུ་སྟབས་བདེ་བོ་མེད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་ཆོས་སྲིད་ཟུང་འབྲེལ་ཞེས་པའི་ཚིག་དེ་བཀོད་ཡོད་ཀྱང་། བཅའ་ཁྲིམས་ཀྱི་སྒྲོམ་གཞི་དེ་ཆོས་ལུགས་རིས་མེད་ལྟ་བུ་ཡིན། ཆོས་སྲིད་ཟུང་འབྲེལ་གྱི་ཆོས་དེ་གང་ཡིན་ངོས་འཛིན་མེད། ཅེས་གསུངས་བྱུང་།

 

དེའི་རྗེས་ཁོང་གིས་དབུ་མའི་ལམ་གྱི་ངོ་བོ་དང་དབུ་མའི་ལམ་གྱི་སྨྱུ་གུ་ཐོག་མར་འཁྲུངས་སྟངས་སྐོར་གསུངས་དོན། དབུ་མའི་ལམ་ཟེར་ན། ལམ་གྱི་དཀྱིལ་ཟེར་བ་ལྟ་བུ་རེད། མདོར་བསྡུས་ན་མཐའ་གཅིག་ལ་ལྷུང་བ་མ་ཡིན་པར་དཀྱིལ་ཞིག་ལ་ཟེར་གྱི་ཡོད། དབུ་མའི་ལམ་གྱི་ངོ་བོ་གང་རེད་ཟེར་ན། བོད་ཀྱི་གནས་བབ་ད་ལྟ་བཞིན་རྒྱ་ནག་གིས་དབང་སྒྱུར་འོག་སྡོད་རྒྱུ་མཐའ་གཅིག་རེད། བོད་རྒྱ་འོག་ནས་ལོགས་སུ་བུད་དེ་རང་བཙན་བསྐྱར་གསོ་བྱ་རྒྱུ་མཐའ་གཅིག་རེད། མཐའ་དེ་གཉིས་སྤངས་ཏེ། རང་བཙན་མིན་པར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་གྱི་སྒྲོམ་གཞིའི་འོག་འདུག་རྒྱུ་དང་། ད་ལྟའི་རྒྱ་ནག་གི་དབང་སྒྱུར་འོག་མ་ཡིན་པར་བོད་རིགས་ཡོངས་ལ་རང་སྲིད་རང་སྐྱོང་གི་གནས་བབ་ཆ་ཚང་ཡོད་པ། འདི་འདྲ་ཞིག་ལ་དབུ་མའི་ལམ་ཟེར་གྱི་ཡོད། སྲིད་བྱུས་འདི་བརྩོན་ལེན་བྱེད་པར་འདོར་མི་རུང་བའི་ཆ་རྐྱེན་གཉིས་ཡོད། དང་པོ། ལས་འགུལ་ག་འདྲ་ཞིག་སྤེལ་ཡང་འཚེ་མེད་ཞི་བའི་ལམ་ཁོ་ནར་བརྟེན་རྒྱུ། གཉིས་པ། བོད་རིགས་ཡོངས་རྫོགས་འཛིན་སྐྱོང་གཅིག་གི་འོག་གནས་རྒྱུ་དེ་རེད། ཅེས་དང་།

 

དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ས་བོན་ག་དུས་བཏབས་པ་རེད་ཟེར་ན། ལོ་ཉིས་བརྒྱ་ལྔ་བཅུའི་སྔོན་ནས་བཏབས་པ་རེད། ཆོས་རྒྱལ་མེས་དབོན་རྣམ་གསུམ་སྐབས། བོད་དེ་ཨེ་ཤ་ཡའི་ནང་དམག་དང་དཔལ་འབྱོར་གཉིས་ཐད་ནས་སྟོབས་ཆེན་རྒྱལ་ཁབ་ཅིག་ཆགས་ཡོད་ཀྱང་། རིམ་གྱིས་བོད་པ་ནང་ཁུལ་མ་འཆམ་པའི་དབང་གིས་དུས་རབས་དགུ་བ་ནས་བོད་སིལ་བུར་ཐོར་བ་རེད། ཕྱི་ལོ་ ༡༦༤༢ ལོར་བོད་རིགས་ཡོངས་ལ་ཁྱབ་པའི་དགའ་ལྡན་ཕོ་བྲང་བཙུགས་ཡོད། ༡༧༢༢ ལོར་དབུས་གཙང་ནང་འཁྲུག་བྱུང་སྟེ་མན་ཇུ་ཡི་ཐེ་ཇུས་ཐོག་མར་བོད་དུ་སླེབས་ཡོད། ཕྱི་ལོ་ ༡༩༡༣ ལོར་༧རྒྱལ་དབང་བཅུ་གསུམ་པའི་རང་བཙན་གསལ་བསྒྲགས་གནང་ཡོད་ཀྱང་། ༡༩༡༤ ལོའི་སིམ་ལའི་ཆིངས་ཡིག་ནང་བོད་ཐོག་རྒྱ་ནག་གི་མིང་ཙམ་གྱི་དབང་སྒྱུར་ཁས་ལེན་བྱས་པ་རེད། འཛམ་གླིང་དམག་ཆེན་གཉིས་པ་མཇུག་སྒྲིལ་སྐབས། ང་ཚོས་རྒྱལ་ཁབ་མང་པོར་བཀྲ་ཤིས་བདེ་ལེགས་ཞུ་བར་གཏོང་སྐབས། གོ་མིན་ཏང་གི་རྩ་ཁྲིམས་གཏན་འབེབས་སྐབས། རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་ནང་། ང་ཚོའི་སྐུ་ཚབ་འཚོས་མགོ་མ་འཚོས་པར་བོད་པའི་སྤྱི་འཐུས་ཀྱི་ཚུལ་དུ་བཞག་ཡོད། ༡༩༤༧ ལོའི་རྒྱ་གར་གྱི་ཨེ་ཤ་ཡའི་འབྲེལ་མཐུད་ཚོགས་ཆེན་སྐབས། རྒྱ་གར་གྱིས་བོད་པ་དང་རྒྱ་ནག་རྒྱལ་ཁབ་གཉིས་ཀྱི་ངོ་བོའི་ཐོག་ནས་གདན་འདྲེན་ཞུས་ཡོད། སྐབས་དེར་རྒྱ་གར་དང་གཞུང་ཚབ་གཏོང་རེས་ཀྱི་གོ་སྐབས་སྤྲད་ཡོད་ཀྱང་བོད་པས་གོ་སྐབས་འཛིན་ཐུབ་མེད། དེའི་རྗེས་གྲོས་མཐུན་དོན་ཚན་བཅུ་བདུན་འཇོག་དགོས་བྱུང་བ་རེད། འདི་དག་དབུ་མའི་ལམ་གྱི་ས་བོན་བཏབས་པའི་རིམ་པ་རེད། ཅེས་གསུངས་བྱུང་།

 

ཟམ་གདོང་རིན་པོ་ཆེ་ཡིས་༧གོང་ས་མཆོག་གིས་དབུ་མའི་ལམ་ལ་དགོངས་པ་འཁོར་ཕྱོགས་དང་། སྲིད་བྱུས་དེའི་ཐོག་མི་སྐྱོད་ཐབས་མེད་ཀྱི་གནས་བབ་གསུངས་དོན། དབུ་མའི་ལམ་གྱི་ལྟ་གྲུབ་ཀྱི་རྒྱབ་ལྗོངས་ནི། ༧རྒྱལ་བ་རིན་པོ་ཆེ་ཡིས་འཛམ་གླིང་དུ་བཀའ་གནང་གིན་ཡོད་པའི་གདམས་ངག་གི་གཙོ་བོ་འཇིག་རྟེན་ཀུན་ཁྱབ་སེམས་འཁུར་དང་གཉིས་མོས་མཛའ་མཐུན་གྱི་ཐོག་ནས་དཀའ་རྙོག་རིགས་སེལ་རྒྱུ། དུས་རབས་ཉེར་གཅིག་པ་དེ་བགྲོ་གླེང་དང་བཀའ་མོལ་གྱི་དུས་རབས་ཤིག་ཏུ་ངོས་འཛིན་གནང་གི་ཡོད། དེ་བཞིན་དུ་བོད་པའི་དཀའ་རྙོག་ཀྱང་རང་གཞན་མཉམ་པ་ལྟ་བུ་ཞིག་གི་ཐོག་ནས་སེལ་རྒྱུར་དགོངས་པ་བཞེས་ཀྱིན་ཡོད། སྔོན་མ་རྒྱལ་ཁབ་སོ་སོ་ཁེར་རྐྱང་བྱས་ཏེ་འགྲོ་རྒྱུའི་བསམ་ཚུལ་ཡོད་ཀྱང་། ད་ཆར་དུས་ཚོད་དེ་ཡོལ་ཚར་བ་རེད། ཡུ་རོབ་ནང་རྒྱལ་ཁབ་རང་བཙན་གྱི་དོན་དུ་མི་གསོད་ཁྲག་སྦྱོར་མང་པོ་བྱས་ཏེ་རང་བཙན་ཐོབ་ཡོད་ཀྱང་། ད་ཆར་ཁེ་ཕན་གྱི་དོན་དུ་རང་བཙན་བློས་བཏང་སྟེ་རྒྱལ་ཁབ་མཉམ་བསྲེས་བྱེད་ཀྱིན་ཡོད། འགྲོ་སྟངས་འདི་རིམ་གྱིས་འཛམ་གླིང་ཡོངས་སུ་ཁྱབ་འགྲོ་རྒྱུ་ཞིག་རེད། བོད་ཡུལ་ལ་མཚོན་ན་སྐམ་སའི་སྐོར་བའི་ཡུལ་ལུང་ཞིག་རེད། ཕྱིའི་རྒྱབ་སྐྱོར་ལ་མ་བརྟེན་པར་དཔལ་འབྱོར་ཡར་རྒྱས་ཡོང་ཐབས་མེད། དེ་བཞིན། བོད་དོན་ཐབས་རྩོད་རྒྱུན་སྐྱོང་དགོས་ན། རྒྱལ་ཁབ་ཁག་གི་གཞུང་གི་རྒྱབ་སྐྱོར་ལ་མ་བརྟེན་པར་ཡོང་ཐབས་མེད་ལ། བོད་དོན་བདེན་མཐའ་མ་གསལ་བར་བཙན་བྱོལ་སྒྲིག་འཛུགས་ཀྱང་གནས་དགོས། ཅེས་དང་།

 

ཁོང་གིས་མུ་མཐུད་གསུངས་དོན། ཕྱི་ལོ་ ༡༩༥༡ ལོར་བོད་རང་བཙན་ཤོར་སོང་ཟེར་བ་དེ་ད་ལྟའི་བོད་རང་སྐྱོང་ལྗོངས་གཅིག་པུ་རེད། དེར་བོད་མི་རིགས་ཀྱི་བརྒྱ་ཆ་ ༥༠ མ་ཟིན་ཙམ་ལས་ཚུད་མེད། བོད་མིའི་ཆ་ཤས་ཤིག་རྒྱ་ནག་ལས་ཁ་བྲལ་བྱེད་པ་ལས་བོད་རིགས་ཡོངས་གཅིག་གྱུར་གྱི་མིང་དོན་མཚུངས་པའི་རང་སྐྱོང་ཞིག་བྱུང་ན་འཕྲལ་ཕུགས་གཉིས་ཀར་ཁེ་ཕན་ཆེན་པོ་ཡོད། ལྷག་པར་དུ་བོད་ནང་ལེགས་བྱང་དང་མི་རིགས། ཁོར་ཡུག་སོགས་རྩ་སྟོང་དུ་འགྲོ་བཞིན་ཡོད་པ་དེ་གང་མགྱོགས་བསྐྱབ་མ་ཐུབ་ན། སྒུག་ལོང་མེད་པའི་གནས་སྟངས་ཆགས་ཡོད། རྒྱུ་མཚན་འདི་དག་ལ་གཟིགས་ཏེ་༧གོང་ས་མཆོག་གིས་དབུ་མའི་ལམ་ལ་དགོངས་པ་བཞེས་ཏེ་སྐབས་དེའི་བཀའ་ཤག་དང་སྤྱི་འཐུས་ལ་བཀའ་བསྡུར་གནང་ཡོད། ༡༩༨༧ ལོར་སྔོན་འགྲོའི་འཆར་སྣང་གི་ཚུལ་དུ་༧གོང་ས་མཆོག་གིས་ཞི་བའི་དོན་ཚན་ལྔ་ཟེར་བ་དེ་གསལ་བསྒྲགས་གནང་བ་རེད། འོན་ཀྱང་དེ་ནི་དབུ་མའི་ལམ་དང་ཐད་ཀར་འབྲེལ་བ་མེད། ༡༩༨༨ ལོའི་སི་ཊ་སི་སྦག་གི་གྲོས་འཆར་དེ་གསལ་བསྒྲགས་གནང་བ་རེད། དེ་ནི་དབུ་མའི་ལམ་གྱི་འགྲེལ་བཤད་དང་པོ་རེད། དེ་གསལ་བསྒྲགས་མ་གནང་གོང་དུ་ངྷ་རམ་ས་ལར་ཚོགས་ཆེན་བསྐངས་སྐབས། དབུ་མའི་ལམ་ལ་སྤྱི་མོས་ཀྱིས་ཐག་གཅོད་གཏན་འབེབས་བྱུང་ཡོད། ཚོགས་ཆེན་དེའི་སྟེང་གཞུང་འབྲེལ་མིན་པའི་ཚོགས་པ་ཚང་མ་ཡོད། ཅེས་གསུངས་བྱུང་།

 

བཀའ་ཁྲི་མཆོག་གིས་ད་ཆར་དབུ་མའི་ལམ་གྱི་ནང་དོན་ཐད། རྒྱ་གཞུང་ལ་སྤྲད་པའི་བསམ་འཆར་ཡིག་ཆ་དེ་རྩ་འཛིན་བྱ་དགོས་སྐོར་བསྟན་དོན། སི་ཊ་སི་སྦག་གི་གསུང་བཤད་དེ་རང་བཞིན་ནུས་མེད་དུ་ཕྱིན་པ་༧གོང་ས་མཆོག་གིས་ཐེངས་ཁ་ཤས་ལ་བཀའ་གནང་ཡོད། ད་དུང་སི་ཊ་སི་སྦག་གི་གསུང་བཤད་ལུང་འདྲེན་བྱས་ཏེ་མགོ་འཁོར་བསྡད་ན་ནོར་བ་རེད། ༢༠༠༨ ལོར་༼ བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར ༽ཟེར་བ་ཞིག་རྒྱ་གཞུང་ལ་སྤྲད་ཡོད། དེ་ནི་དབུ་མའི་ལམ་གྱི་འགྲེལ་བཤད་གསར་ཤོས་དེ་ཆགས་ཡོད། དེའི་ནང་། བོད་རིགས་ཡོངས་རྫོགས་གཅིག་གྱུར་དང་བོད་མིའི་མངོན་འདོད་ལ་བརྩི་བཀུར་དགོས་པ། བོད་ཀྱི་གཞི་རྩའི་དགོས་མཁོ་རང་སྲིད་རང་སྐྱོང་གི་དོན་གནད་ཁག་བཅུ་གཅིག་ཡོད་པ་དེ་དག་ལག་ལེན་བསྟར་དགོས་པ་དང་། དེ་ལ་གཅིག་གྱུར་གྱི་འཛིན་སྐྱོང་དགོས་པ། རང་སྐྱོང་གི་ངོ་བོ་དང་སྒྲོམ་གཞི། མ་འོངས་པའི་མདུན་སྐྱོད་བྱེད་སྟངས་ཀྱི་ཐབས་ལམ་བཅས་བཀོད་ཡོད། འོན་ཀྱང་། བསམ་འཆར་ཡིག་ཆ་དེར་རྒྱ་གཞུང་གིས་ལོག་འགྲེལ་མང་པོ་བྱས་ཡོད་སྟབས། ད་ལོའི་ཕྱི་ཟླ་ ༡ ནང་སྔར་གྱི་ཡིག་ཆ་དེར་འགྲེལ་བཤད་ཀྱི་ཡིག་ཆ་གཉིས་པ་ཞིག་སྤྲད་ཡོད། ད་ལྟའི་གནས་སྐབས་སུ་དབུ་མའི་ལམ་ལ་འགྲེལ་བཤད་རྒྱག་དགོས་ན། བསམ་འཆར་ཡིག་ཆ་དེར་གཟིགགས་དགོས་པ་ལས། སི་ཊ་སི་སྦག་གི་གསུང་བཤད་ལ་རྩ་འཛིན་གནང་རྒྱུ་ཡོད་པ་མ་རེད། ཅེས་ངོ་སྤྲོད་གནང་བྱུང་།

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་གྱི་འོས་མིར་ལང་རྒྱུ་ཡིན་འདུག

ཆུ་ཚོད་ ༡༨ སྔོན་ལ།
ཡུམ་ཆེན་གདུགས་དཀར་སྒྲོལ་མ་དང་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག པར་འབྲེལ་ཡོད་ནས་འདི་གར་མཁོ་སྤྲོད་གནང་། ཟླ་ཚེས་མི་གསལ།
Mobile App

ཧཱུྃ་ཀར་རྡོ་རྗེ་མཆོག་གི་མ་ཡུམ་གདུགས་དཀར་སྒྲོལ་མ་ལགས་སྐུ་གྲོངས།

༢༠༢༥/༠༥/༡༢
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འཁྲུལ་ཞིག་བླ་བྲང་དང་གདན་ས་རྫ་རོང་ཐུབ་བསྟན་སྨིན་གྲོལ་མདོ་སྔགས་ཆོས་གླིང་གཉིས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༥།༥།༡༢
༸གོང་ས་མཆོག གསར་འགྱུར།

འཁྲུལ་ཞིག་རིན་པོ་ཆེའི་ཡང་སྲིད་མཆོག་གི་ཁྲི་སྟོན་མཛད་སྒོ་སྟབས་བདེ་ཞིག་འཚོགས།

༢༠༢༥/༠༥/༡༢
Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩

མཆན། 42

  1. གནས་ཚང་། says:
    ལོ་ 15 སྔོན།

    ད་རེས་ཡིན་ན་གནད་ཡོད་མི་སྣ་དགྲ་ལྷ་རྩེ་བརྒྱད་ནས་ཆ་ཚང་ངོས་ལེན་གནང་ཤག ཁྱོད་ཀྱི་དྲིས་ལན་དང་པོ་དེ་ངས་གནད་དོན་ལྷགས་ཟིན་པ་རེད་ཟེར་དོན་ལ་ཐུག་ཡོད་དེ། ལན་དེས་ག་རེ་སྟོན་གྱི་ཡོད་པ་རེད་ཅེས་ན། རྒྱལ་ན་མཉམ་རྒྱལ་དང་ལྷུང་ན་གཟིར་རྩིས་སམ། འགན་ཆ་ཚང་ཏཱ་ལའི་བླ་མར་གཡོགས་འདུན་ཡོད་པ་མ་ཡིན་ནམ། དེ་ལྟ་མིན་ན༼འདས་པའི་ལོ་རྒྱུས་དང་ད་ལྟའི་གནས་བབ་གཉིས་མཚུངས་སྡུར་བྱེད་མི་རིགས་སོ༽ཟེར་དོན་ཅི།

    གཞན་གཅིག་དེ༼ཞིང་བྲན་ལམ་ལུགས༽བཤད་སྟངས་འདི་དགྱ་མི་ཚུར་བཙན་ཚུགས་ཀྱིས་སྦྱར་བ་ཞིག་ལས་བོད་པར་ངོས་ལེན་མེད་པར་མ་ཟད། ད་དུང་ཡང་ཏཱ་ལའི་བླ་མ་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཡིན་པར་ངོས་ལེན་རབ་དང་རིམ་པར་གནང་ཡོད། དེ་ལྟ་མིན་ན་དགྱ་མིས༼ཞིང་བྲན་བདག་པོར༽འབོད་ཀྱིན་པས། དེའང་ལམ་ལུགས་དེ་བསྐྱར་གསོ་ནས་རྒྱུན་སྐྱོང་གིན་པ་མིན་ནམ།

    དྲི་བ་གཉིས་ལས་མང་དྲག་ན་ཉོབ་ཀྱི་རེད། མུ་མཐུད་དུ་གོ་བསྡུར་བྱས་ཆོག

    Reply
  2. དགྲ་ལྷ་རྩེ་རྒྱལ། says:
    ལོ་ 15 སྔོན།

    ང་གནད་ཡོད་མི་སྣ་ཞིག་ཡིན་ད། ཁྱོད་རང་ཁ་ཕོར་ཤོར་ཡོང་། རྩེད་མོ་ཡིན།
    ཁྱོད་ཀྱི་དྲི་བ་དང་པོ་དེ་ལ་ལན་རྒྱག་རིན་གང་ཡང་མི་འདུག གང་ཡིན་ཟེར་ན་འདས་པའི་ལོ་རྒྱུས་དང་ད་ལྟའི་གནས་བབ་གཉིས་མཚུངས་སྡུར་བྱེད་མི་རིགས་སོ།།
    དྲི་བ་གཉིས་པ་ཡང་དེ་བཞིན་རེད། དེ་སྔོན་ལུགས་སྲོལ་ཡོད་མེད་དང་བསྡུར་རྒྱུ་རེད། ལམ་ལུགས་སྲོལ་ཟེར་ནས་འགྱུར་བ་གཏོང་རྒྱུ་མེད་པ་ཞིག་ཡིན་ན་ཞིང་བྲན་ལམ་ལུགས་རྒྱུན་སྐྱོང་བྱེད་རྒྱུ་ཡིན་ནམ་ཞེས་ངས་ཁྱོད་ལ་ཕར་དྲི་བ་འདི་བཏོན་པ་ཡིན།
    དྲི་བ་གསུམ་པའི་ཐད་ལན་མེད་པ་མ་ཟད། ད་དུང་ངས་ཁྱོད་ལ་གནད་དོན་ག་རེ་ལྷགས་སོང་། ཁྱོད་ཀྱིས་ནད་མ་ཐེག་པ་དེ་ག་རེ་རེད་ཅེས་ཕར་ཁྱོད་ལ་ཡང་བསྐྱར་དྲིས་པ་ཡིན།

    Reply
  3. གནས་ཚང་། says:
    ལོ་ 15 སྔོན།

    དགྲ་ལྷ་རྩེ་བརྒྱད་ཨེ། གནད་ཡོད་མི་སྣ་ཞིག་མིན་འགྲོ། ད་ཡིན་ན་ཡག་སོང་། ༡ བོད་ཀྱི་ལོ་རྒྱུས་སྒང་ཉེ་འཁོར་གྱི་ཞབས་གཡོག་པས་མ་འཇོན་པ་ལས་བླ་མ་མ་འགྲིག་པ་ཞིག་ཡོད་པ་ཐོས་མྱོང་ངམ།
    ༢ བོད་ཀྱི་ལོ་རྒྱུས་སྒང་ནང་ཚང་གཅིག་གི་མིར་མ་གྱུར་བའི་ཡར་སྔོན་ཕ་རོལ་བའི་ནང་ལ་ངའི་ནང་ཚང་ཞེས་འབོད་སྲོལ་ཞིག་ཡོད་དམ།
    ༣ གལ་སྲིད་དེ་ལྟའི་ལུགས་སྲོལ་མེད་ན་གནད་དོན་ལྷགས་ཟིན་པ་མ་ཡིན་ནམ། ཡོད་ན་ལུང་རིགས་ལག་ལེན་དང་བཅས་པའི་ལམ་ནས་གསལ་འགྲེལ་བསྐྱོན་རོགས།

    ད་རེས་དྲི་བ་གསུམ་ཡིན། མུ་མཐུད་དུ་གོ་བསྡུར་བྱེད་ཆོག

    Reply
  4. དགྲ་ལྷ་རྩེ་རྒྱལ། says:
    ལོ་ 15 སྔོན།

    དེང་སང་ཁྱོད་ཚོའི་གྲས་ཀྱིས་དགྱ་ཞེས་པའི་ཡི་གེ་ཞིག་འབྲི་ཡི་འདུག་ཀྱང་ངས་བོད་ཡིག་ནང་དུ་དེ་འདྲའི་འབྲི་སྟངས་ཤིག་ཡོད་པ་མ་ཤེས། གསར་གཏོད་བྱེད་འདོད་འདྲ་ཞིག་བྱས་ནས་བྱེད་མ་ཤེས་ན་གཡང་ལ་ཟགས་ཡོང༌།
    ད་ལྟ་བར་དུ་བོད་རྒྱ་ཞི་མོལ་བྱས་པ་དེར་མཐའ་མའི་གྲུབ་འབྲས་ཤིག་མ་ལོན་པ་མ་གཏོགས། དེ་ལ་ཕམ་ཁ་ཤོར་བ་མི་ཟེར། རྒྱལ་ཁབ་གཉིས་ཀྱི་རྩོད་གཞི་དེ་ལས་སླ་པོས་སྐད་ཆ་ཚིག་ཁ་ཤས་བཤད་པ་ཙམ་གྱིས་ཐག་ཆོད་སོང་ན། ཟམ་གདོང་བླ་མ་ལྟ་བུ་དགོས་དོན་ག་ལ་ཡོད། གནས་ཚང་ཟེར་མཁན་ཁྱོད་ལྟ་བུས་བོད་རྒྱ་ཞི་མོལ་བྱེད་ཐུབ་ཀྱི་རེད།
    འབྲས་བུ་མེད་བཞིན་དུ་རྒྱ་གཞུང་ལ་དབུས་གཞུང་འབོད་དོན་ཁེ་བཟང་ལ་ཐུག་ཡོད་པ་མིན་ནམ་ཟེར་ན། ཁྱོད་ཀྱིས་ག་རེ་ཟེར་གྱི་ཡོད། ག་རེའི་ཁེ་བཟང་། ནག་མེད་ཉེས་འཛུགས་ཀྱི་སྐད་ཆ་མ་རེད་དམ།
    མ་གཞི་ཁྱོད་རང་ལ་དེ་ལས་ལྷག་པའི་ཁ་ཕྱོགས་སྟོན་རྒྱུ་ཡོད་ན་སྟོན་ཤོག་དང་དགའ་བསུ་ཡོད། མ་གཞི་དབུ་མའི་ལམ་དེ་ཟམ་གདོང་བླ་མས་དང་པོ་བཟོས་པ་མ་རེད། དེ་ཁྱོད་ཀྱིས་ཤེས་པར་གྱིས། ༸གོང་ས་མཆོག་གིས་གསུངས་པ་བཞིན་སྦྱོར་དངོས་རྗེས་གསུམ་ཚང་བའི་འཆར་གཞི་ཞིག་ཁྱེར་ཤོག་དང༌། གཞན་མ་གཏོགས་ཁྱོད་རང་སྐྲ་དཀར་པོ་མ་ཆགས་བར་དུ་ཟམ་གདོང་བླ་མར་སྡིགས་ཀྱང་ཕན་ཐོགས་མེད། ཧ་གོ་ཨེ་སོང་།

    Reply
  5. གནས་ཚང་། says:
    ལོ་ 15 སྔོན།

    རྒྱ་གུང་ཁྲན་ཕ་མའི་ཕ་མ་རེད།
    དངུལ་རྡ་ཡང་ཆར་བ་འབབ་འབབ་ཡིན།
    རྗེ་ཟམ་གདོང་སྤྲིན་པ་རླུང་ཁྱེར་འདྲ།
    ལམ་དབུ་མ་རླུང་བུའི་གཤོག་པ་སྟེ།
    བོད་མགོ་ནག་སྐྱེལ་བའི་གཡོར་གྲུ་ཨང་།

    ཞེས་མཆོད་པར་བརྗོད་པའི་མདུན་བསུས་ཏེ། གོ་བ་མེད་པ་དང་རུས་པ་མེད་པའི་སྡེ་ལ་ཞུ་འབྲས། ལུང་རིགས་གཉིས་དགོས་ཡ་མི་འདུག ལག་ལེན་གྱི་སྒང་ནས་ཕམ་ཟིན་པ་མིན་ནམ། བོད་རྒྱ་ཞི་མོལ་གྱི་ཚོགས་གཙོ་སུ་རེད་དམ། ཐེངས་དགུ་ལ་ཕམ་ཁ་ཉོ་དོན་ཅི་ཡིན་ནམ། ཕམ་བཞིན་དུ་འབྲས་བུ་མེད་བཞིན་དུ་བོད་དོན་སེལ་མེད་བཞིན་དུ་རྒྱ་གཞུང་ལ༼དབུས་གཞུང༽འབོད་དོན་ཁེ་བཟང་ལ་ཐུག་ཡོད་པ་མ་ཡིན་ནམ། དགྲ་ལྷ་རྩེ་བརྒྱད་ཅན་དགྱ་ལྷ་རྩེ་བརྒྱད་ཅིག་མིན་ན་ལུང་རིགས་ལག་ལེན་གསུམ་གྱི་སྒང་ནས་ལན་འདེབས་ཡོང་བའི་རེ་བ་ཡོད།

    Reply
  6. དགྲ་ལྷ་རྩེ་རྒྱལ། says:
    ལོ་ 15 སྔོན།

    དྲ་གྲོགས་གནས་ཚང་ལགས། རྒྱ་ནག་གི་མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་བོད་བསྒྱུར་བྱས་པ་ལ་གཞི་བྱས་ནས་དབུ་མའི་ལམ་ལ་འགྲེལ་བཤད་རྒྱག་གི་འདུག་ཟེར། འོ་ན་ཁྱོད་ཀྱིས་བཅའ་ཁྲིམས་བོད་བསྒྱུར་བྱས་པ་དེ་ག་རེ་འགྲིག་མི་འདུག དྲ་གྲོགས་ཚོ་ལ་གསལ་བཤད་ཅིག་གྱིས་དང་། ལུང་རིགས་གཉིས་ཀྱི་སྒོ་ནས་དགག་པ་རྒྱོབས་དང་། གཞན་མ་གཏོགས་ཁྱོད་རང་མིག་ཚ་རོགས་ཡིན་འགྲོ།

    གནས་ཚང་བུ་ཡིས་གནས་ཚང་ངོ་མ་ཤེས།།
    རང་གི་དབུ་ཁྲིད་རང་གིས་ཁྱད་གསོད་བྱེད།།
    ཁྱོད་དང་འདྲ་བའི་ཁྱི་རྒན་མང་པོ་ཞིག །
    གནས་ལུགས་མེད་པར་གནས་ཚང་ཕུང་ལ་སྦྱར།།

    Reply
  7. གནས་ཚང་། says:
    ལོ་ 15 སྔོན།

    བཀའ་ཁྲི་ཟམ་གདོང་ལ་མཚོན་ན། ནང་ཆོས་མཁས་འོས་པ་ཞིག་རེད་ལ། སློབ་དཔོན་ཆེན་མོའི་མིང་དེ་ལས་སླ་བོའི་ལམ་ནས་ལོན་སྲིད་པ་ཞིག་མ་རེད། ཡིན་ནའི། རྒྱ་ནག་ཤེས་ཀྱི་མི་འདུག་ལ་སྐུ་དངོས་ཀྱིས༼རྒྱ་མིའི་མི་རིགས་ས་གནས་རང་སྐྱོང་བཅའ་ཁྲིམས༽བོད་བསྒྱུར་ཙམ་ལ་གཞི་བྱས་ལག་ལེན་དང་ཉམས་མྱོང་རྦད་དེ་གཡུགས་ནས་རང་འདོད་ཆེན་པོས༼དབུ་མའི་ལམ༽ལ་འགྲེལ་གསར་དང་། ལོ་རྒྱུས་དཀྱོགས་བཤད་བྱས་པ་ཞིག་ཡིན་པས། གཤམ་གྱི་འཇིགས་བྲལ་བསྟན་འཛིན་ལགས་ཀྱི་དྲི་བར་ལན་བསྐྱོན་རོགས་ཞུ་འདུན་བྱུང་སོང་། དེ་མིན་བོད་སྐྱེལ་འདོད་མཁན་ཚོར་མཚོན་ན། འདི་གོ་སྐབས་ཤིག་རེད་ལ་ཧུར་ཐག་གནང་རོགས།

    Reply
  8. ནད་པ says:
    ལོ་ 15 སྔོན།

    ༸ རྒྱལ་བ་སྐུ་འཕྲེང་བཅུ་གསུམ་པ་ཆེན་པོ་དགོངས་པ་བཞེད་དོན་དུ་གཤེགས་རྗེས་ནས་བཟུང་ད་ལྟའི་སྐུ་ཡི་འཕྲེང་བ་བཅུ་བཞི་པ་ཆེན་༸ གོང་ས་སྐྱབས་མགོན་ཆེན་པོའི་བཀའ་དགོངས་དང་། བཙན་བྱོལ་བོད་གཞུང་གི་མཛད་ཇུས། བོད་མི་རིགས་ལས་དབང་སོགས་ལ་སྔ་ཕྱིར་ལྷད་མེད་དངྭས་གཙང་གི་སྲི་ཞུ་རྣམ་དག་ཞུ་མཁན་གཙོ་གྲས་གཅིག་མི་དབང་བཀའ་ཁྲི་ཟམ་གདོང་རིན་པོ་མཆོག་ཡིན།

    ཁོང་ནི་ཤྰ་ཀྱའི་དགེ་སློང་རྣམ་དག་གཅིག་ཡིན་ལ་བོད་བརྒྱུད་ནང་བསྟན་ཆོས་ལུགས་ལ་མཁས་པ། བོད་ཀྱི་བརྡ་སྤྲོད་སྙན་གསུམ་ལ་མཁས་པ། ལོ་རྒྱུས་ལ་མཁས་པ། ཁྲིམས་ལུགས་ལ་མཁས་པ། ཆབ་སྲིད་ལ་མཁས་པ། སྐད་རིགས་ལ་མཁས་པ། རིག་གཞུང་ཐ་དག་ལ་མཁས་པ་སོགས་མདོར་ན། མཁས་པ། བརྩུན་པ། བཟང་བ་གསུམ་ལྡན་གྱི་དཔེ་མཚོན་གཅིག་དང་། ངོ་མཚར་ཆེ་བའི་བོད་རྒྱལ་ཁབ་དང་མི་རིགས་ཀྱི་མཛེས་རྒྱན་ཞིག་ཀྱང་ཡིན།

    བཀའ་སློབ་ཡག་པོ་གནང་འདུག་ཚང་མས་སེམས་ལ་ངེས་ནས་སློབ་སྦྱོང་ཡག་པོ་གནང་ཐུབ་པའི་རེ་བ་ཞུ།

    Reply
  9. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    ཟམ་གདོང་རིན་པོ་ཆེ་མཆོག་གིས་འདས་པའི་བཙན་བྱོལ་བོད་གཞུང་གི་མི་ལོ་ལྔ་བཅུ་ལ་ཉེ་བའི་སྲིད་བྱུས་དང་རྩ་བ་ནས་མི་འདྲ་བ་ཞིག་གསུང་བཞིན་ཡོད་པར་མཐོང་གི་འདུག ང་ཚོས་གནས་སྟངས་དེ་དོན་དངོས་སུ་ག་བར་སླེབས་ཀྱི་ཡོད་དམ་བསམ་ནས་སྡོད་བཟོད་པ་མི་འདུག ང་སྒེར་གྱི་ངོས་ནས་ཟམ་གདོང་རིན་པོ་ཆེ་མཆོག་ལ་ཚིག་གཅིག་ཤོད་དགོས་དོན་མི་འདུག

    Reply
  10. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    ༡༩༡༤ ལོའི་སིམ་ལའི་ཆིངས་ཡིག་ནང་བོད་ཐོག་རྒྱ་ནག་གི་མིང་ཙམ་གྱི་དབང་སྒྱུར་ཁས་ལེན་བྱས་པ་རེད། ཅེས་བཤད་འདུག ཡིན་ནའང་༸གོང་ས་མཆོག་གིས་འདིའི་འདི་འདྲ་ཞིག་གསུངས་འདུག
    དེ་ཡང་༸གོང་ས་མཆོག་གིས། དེ་རྗེས་ཕྱི་ལོ་ ༡༩༡༤ ལོའི་སིམ་ལར་བཞག་པའི་ཆིངས་ཡིག་དེ་རྒྱལ་སྤྱིའི་གྲོས་མཐུན་གལ་ཆེན་ཞིག་རེད། ཆིངས་ཡིག་དེའི་དོནཚན་དང་པོ་ནང་གསལ་དབྱིན་གཞུང་ནས་རྒྱ་ནག་གི་སུ་རྫ་རན་ཌི་ཞེས་པའི་མངའ་ཁོངས་ཡིན་པར་ཁས་ལེན་ཟིན་ཡོད་རུང་། རྒྱ་ནག་གཞུང་ནས་བོད་འདི་ཨོ་ཊོ་ནོ་མིན་ཞེས་པ་ནང་གི་རང་དབང་ཡོད་པར་ཁས་ལེན་ཟིན་པ་རེད། རྒྱ་ནག་གི་མངའ་ཁོངས་སུ་རྫ་རན་ཌིའི་ཐོག་ནས་བོད་འདི་རྒྱ་ནག་གི་ཞིང་ཆེན་དུ་བསྒྱུར་རྒྱུ་དང་། བོད་ཀྱི་སྲིད་དོན་དབང་ཆར་ཐེ་བྱུས་བྱེད་རྒྱུའི་དབང་ཆ་མེད་པ་གསལ་པོ་བསྟན་ཡོད་པ་མ་ཟད། རྒྱ་གཞུང་ནས་བོད་ལ་དམག་དཔུང་གཏོང་རྒྱུ་དང་། ཞི་དྲག་གི་དཔོན་རིགས་འཇོག་རྒྱུ། རྒྱ་རིགས་བོད་ནང་དུ་ཡུལ་སྤོས་ཏེ་སྡོད་རྒྱུ་བཅས་བཀག་འདོམས་ཡོད་པ་རེད། བཀག་འདོམས་དེ་རྣམས་ལ་པད་ཅིང་དང་། ལྷ་སའི་ཆིངས་ཡིག་ནང་རྒྱ་ནག་གི་དཔོན་རིགས་ལ་བཀག་འདོམས་མུ་མཐུད་བྱེད་རྒྱུ་གསལ་འཁོད་ཡོད་པ་རེད། ཆིངས་ཡིག་དེ་ལ་རྒྱ་ནག་སྐུ་ཚབ་ཀྱི་ས་ཡིག་རྒྱབ་ཡོད་ཀྱང་གཞུང་གི་རྟགས་ཐེལ་རྒྱབ་ཡོད་པ་མ་རེད། དེར་བརྟེན་ཆིངས་ཡིག་དེའི་དོན་གནས་གཞི་བཟུང་གི་བོད་ལ་རྒྱ་མིའི་སུ་རྫ་རན་ཌིའི་ཐོབ་ཐང་དང་། ལྷག་ཏུ་རྒྱ་མིའི་སོབ་རན་ཌི་ཞེས་པའི་ཐོབ་དབང་ཡོང་ཐབས་མེད་པ་གསལ་པོ་ཆགས་ཡོད་པ་དང་། ཆིངས་ཡིག་འདིར་རྒྱ་གཞུང་ནས་རྟགས་ཐེལ་རྒྱབ་མེད་སྟབས་བོད་རྒྱ་མིའི་སུ་རྫ་རན་ཌིའི་འོག་ཏུ་ཡིན་པའི་དོན་ཚན་དེ་དག་ལ་གནས་ཐབས་ཡོད་པ་མ་རེད། ཅེས་སོགས་ཧ་ཅང་གལ་གནད་ཆེན་པོ་མང་པོ་ཞིག་གསུངས་ཡོད་རེད། ༸གོང་ས་མཆོག་གི་གསུངས་པའི་བཀའ་སློབ་འདི་དག་ཁུངས་མེད་ལུང་མེད་ཆགས་པ་རེད་དམ། ཡང་ན་ང་ཤཱཀྱའི་དགེ་སློང་ཞིག་གིས་ལོ་རྒྱུས་ལ་བཟོ་བཅོས་བྱེད་ཤེས་ཀྱི་མ་རེད་ཅེས་གསུངས་པ་དེ་ཟམ་གདོང་རིན་པོ་ཆོས་མ་གསན་པ་ཡིན་ནམ།

    དེ་ནས་བཀའ་འདྲི་ཞུ་རྒྱུར། གལ་ཏེ་སིམ་ལའི་ཆིངས་ཡིག་ཏུ་བོད་ལ་མིང་ཙམ་གྱི་དབང་བསྒྱུར་ཡོད་པ་དེ་ཁྲིམས་མཐུན་དུ་བསྡད་ཡོད་ན། སྐུ་ཉིད་ནས་མེག་མོ་ཧན་གྱི་ས་ཐིག་ལྟར་ན་ཨ་རུ་ན་ཅལ་མངའ་སྡེ་རྒྱ་གར་གྱི་ཆ་ཤས་རེད་ཅེས་པ་དེའི་ཁུངས་གང་དུ་བཞག་ནས་གསུངས་ཀྱི་ཡོད་དམ།

    Reply
  11. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    ཕྱི་ལོ་ ༡༩༥༡ ལོར་བོད་རང་བཙན་ཤོར་སོང་ཟེར་བ་དེ་ད་ལྟའི་བོད་རང་སྐྱོང་ལྗོངས་གཅིག་པུ་རེད། དེར་བོད་མི་རིགས་ཀྱི་བརྒྱ་ཆ་ ༥༠ མ་ཟིན་ཙམ་ལས་ཚུད་མེད། ཅེས་གསུངས་འདུག ཡིན་ནའང་། དྲ་གྲོགས་ཚོ། དོན་ཚན་བཅུ་བདུན་ཞིབ་ཀློག་བྱོས་དང་། བོད་ཀྱི་མི་དམངས་ཞེས་དོན་ཚན་བཅུ་བདུན་དུ་ལབ་ཡོད་པ་ལས་ད་ལྟའི་བོད་རང་སྐྱོང་ལྗོངས་ཀྱི་ཁྱབ་ཁོངས་ཙམ་ཡིན་པ་དང་། ཡང་ན་མིན་པའི་ཁ་གསལ་གྱི་གནས་བབ་གང་ཡང་ཡིག་ཆ་དེའི་ནང་འཁོད་ཡོད་པ་མ་རེད།

    Reply
  12. གནས་ཚང་། says:
    ལོ་ 15 སྔོན།

    དེང་སྐབས་བོད་དོན་གླེང་མཁན་ངོ་མ་རྫོགས་སོང་བ་རེད་མ་གཏོགས་པཱ་ལེ་བའམ། བག་ལེབ་ཆེད་ལས་པ་ཞིག་ལ་མ་འཛོམས་པ་ཞེ་དྲག་ཡོག་མ་རེད། དེ་གཅིག་ཡིན།
    ཁྱེད་རང་སེམས་ཁམས་རིག་པ་ཞིག་ཡིན་མདོག་ཁ་བོ་རེད། དེ་ཧ་ཅང་གི་བཟང་གི ཡོན་ཏན་པ་ལ་གུས་བརྩི་ཡོད། ཡིན་ནའང་། ཐམས་ཅད་མཁྱེན་པ་ཡིན་མདོག་སྟོན་མཁན་ཚོར་ཡིད་ཆེས་མེད། གང་ལྟར་དྲི་བ་གཉིས་ཡོད།
    ༡ དེང་སྐབས་བོད་ཕྱི་ནང་གཉིས་ཀྱི་སེམས་ཁམས་གནས་སྟངས་ག་འདྲ་ཞིག་ཏུ་འདུག་གམ།
    ༢ གནས་སྟངས་དེར་འགྱུར་བ་གཏོང་དགོས་ན་སེམས་ཁམས་རིག་པས་རོགས་འདེགས་ག་རེ་བྱེད་ཐུབ་ཀྱི་འདུག་གམ།

    Reply
  13. སྟག་སྨྱོན། says:
    ལོ་ 15 སྔོན།

    ནོར་བཅོས། ་་་་་་་ཁྱེད་ལ་སྡུག་ཅག་བཤད་འདོད་པ་མིན།

    Reply
  14. སྟག་སྨྱོན། says:
    ལོ་ 15 སྔོན།

    གནས་ཚང་ཟེར་བར་ཁྱེད་ཀྱིས་ཚིག་རྣམས་ངས་བསམ་ཤེས་དང་བཟོད་སྒོམ་མ་ཐུབ་པ་མི་འདུག གཙོ་བོ་ཁྱེད་རང་གི་བསམ་ཚུལ་དེ་ཚོ་ཁྱེད་རང་གི་ཤེས་ཡོན་ངོ་མ་དེ་ཡིན་ན་འགྲིག་གི་རེད། ངས་མཐོང་སྣང་ལ་ཁྱེད་ཀྱི་སྐད་ཆ་དེ་ཚོ་དཀའ་ངལ་ཞིག་གི་ཤུགས་རྐྱེན་བྱས་ནས་བཤད་ཀྱི་ཡོད་པ་ལས། ཁྱེད་རང་གི་དེ་ལས་མ་ཤེས་པ་དང་ཡང་ཁྱེད་བཤད་བཞིན་པ་ཡོངས་སུ་བདེན་པ་ཡིན་བསམ་ཡིད་ཆེས་ཁྱེད་རང་གིས་བྱེད་ཨེ་ཡོད་དམ་བསམ་སོང་། གང་ལྟར་ཁྱེད་འདིར་འབྲི་བཞིན་པའི་སྐད་ཆ་དེ་ཚོའི་དམིགས་ཡུལ་ཕ་ཕྱོགས་ཀྱི་སེམས་ལ་ན་ཟུག་ཅིག་སློང་ཨེ་ཐུབ་ལྟ་གི་ཡོད་པ་འདྲ་བོ་འདུག ཁྱེད་ཀྱི་དམིགས་ཡུལ་ངོ་མ་དེ་འདྲ་ཡིན་མདོག་ཁ་བོ་མ་རེད། དཀའ་ངལ་ཞིག་གིས་ཁྱེད་རང་གཤིས་ཀ་དབང་བསྒྱུར་དང་བཀོལ་སྤྱོད་གཏོང་གི་ཡོད་ཚོད་འདུག་དྲན་ནས་བཤད་པ་ལས། ཁྱེད་ལ་སྡུག་ཅག་བཤད་འདོད་པ་ཡིན། ཁྱེད་རང་གཤིས་ཀ་དེ་ལ་སེམས་ཁམས་རིག་པའི་ནང་འགྲེལ་བཤད་ཡོད་པ་རེད།

    Reply
  15. གནས་ཚང་། says:
    ལོ་ 15 སྔོན།

    སྟག་སྨྱོན་ཟེར་བ་འདིའང་ཨ་རི་ན་ཡོད་པའི་མནའ་མ་བཙལ་མཁན་ཚོའི་གྲས་ཀྱི་གཅིག་ཡིན་པ་འདྲ། དེ་མ་གཏོགས་པཱ་ལེ་བ་ཞིག་གིས་ཀྱང་བོད་བསྐྱལ་བཞག་ཐལ་ཞེས་བོད་དོན་གླེང་སྐབས་ཁོ་རང་གིས་དགའ་རོགས་སམ་མནའ་མ་གླེང་གི་འདུག མ་གཞི་རུས་པ་མེད་པའི་མི་འདི་རིགས་ལ་འདི་ཙམ་ལས་བློ་བསྐྱེད་མེད་པའང་སེམས་ཐག་རེད། ད་ཡིན་ན་གཡོག་རྒྱུགས་མཁན་ཡག་པོ་ཞིག་འཁྱོངས་པའི་རེ་བ་ཡོད།

    Reply
  16. སྟག་སྨྱོན། says:
    ལོ་ 15 སྔོན།

    གནས་ཚང་ཟེར་བ་ལ། ངའི་ང་གི་ཆེད་ལས་ཀྱི་ཐོག་ནས་བཤད་ན་ཁྱེད་ཀྱི་མཆན་བུ་དེ་ཚོའི་ཐོག་ནས་ཁྱེད་རང་གནས་སྟངས་ཁག་པོ་ཞིག་གི་འོག་ཏུ་ཡོད་པ་དང་། འདོད་པ་མ་ཁེངས་པར་སེམས་ནང་ན་ཟུག་གི་ཚོར་བ་ཆེན་པོ་ཡོད་སྟབས། གཞན་པ་ཚོ་ལ་འཁེང་ར་དང་རྩོད་པ་བྱེད་འདོད་པ་དང་། གཞན་ཡང་བདེན་པ་མིན་པ་ཤེས་ནའང་ཆེད་དུ་གཞན་ལ་ཚིག་རྩུབ་བཤད་འདོད་པ་སོགས་ཡོང་གི་ཡོད་པ་རེད། སྔར་ལོ་ནས་ཁྱེད་ལ་འཚོ་བ་སོགས་ཀྱི་དཀའ་ངལ་ཞིག་ཡོད་སྲིད་པའི་ཚོར་བ་བྱུང་། ཡིན་ནའང་ཁྱེད་ཀྱི་སེམས་གཤིས་ད་དུང་ཡང་འགྱུར་མི་འདུག་པས་ཁྱེད་ལ་དཀའ་ངལ་རྒྱུན་རིང་པོ་དེ་འདྲ་ཞིག་ག་རེ་འཕྲད་ཀྱི་འདུག་གམ། སྐབས་རེ་དགའ་རོགས་མ་རག་པ་དང་། ཡང་ན་དགའ་རོགས་ཀྱིས་གཡུག་བཞག་པ་དང་། ཡང་འཚོ་བ་དཀའ་ངལ་ཡོད་པ་དང་། ཡང་ན་ན་གི་ཡོད་པ་དང། ཡང་ན་རང་གི་འདོད་པ་ནང་བཞིན་གྱི་ལས་ཀ་མ་རག་པ་སོགས་ཡོད་པ་རེད། ཁྱེད་ལ་དཀའ་ངལ་གང་རུང་ཞིག་ཡོད་པ་གསལ་བོ་རེད། ཁྱེད་རང་གིས་ལམ་སྟོན་བྱེད་མཁན་ཉམས་མྱོང་ཅན་ཞིག་བཙལ་ནས་རང་གི་དཀའ་ངལ་དེ་ཐོག་མར་སེལ་ཐུབ་བཙལ་དགོས་པ་རེད།

    Reply
  17. བྲག་འགོ་དཀོན་མཆོག་དར་རྒྱས། says:
    ལོ་ 15 སྔོན།

    མ་རེ་མ་རེད་་་
    མཁས་དབང་ཞོགས་དུང་མཆོག་གིས་་་་་
    དཔའ་བོའི་སྙིང་སྟོབས་གཟུགས་ཡིན་ན་་་་
    ས་གཞི་འདིའང་སྣོད་དུ་ཆུང་བའི་ཚུལ་འདི་ནི་་་་་
    ་མི་ལོ་སྟོང་ཕྲག་ཡུན་གྱི་་སྟོང་ཉིད་དང་བདག་མེད་བཤད་པའི་ཆོས་ཀྱི་ཞི་བས་མ་ཐུབ་ཅིང་་་་་་་
    མི་ལོ་ལྔ་བཅུ་རིང་གི་བཙན་གནོན་དང་ཚ་བཅུན་རྒོད་པའི་སྲིད་ཀྱིས་མ་ཐུབ་པར་་་་་
    ཞེས་པའི་ནང་ཁྱེད་རང་ཡང་འདུས་ཡོད་པར་ཤོགས་་་་་་་

    Reply
  18. གནས་ཚང་། says:
    ལོ་ 15 སྔོན།

    རྒྱ་གུང་ཁྲན་ཕ་མའི་ཕ་མ་རེད།
    དངུལ་རྡ་ཡང་ཆར་བ་འབབ་འབབ་ཡིན།
    རྗེ་ཟམ་གདོང་སྤྲིན་པ་རླུང་ཁྱེར་འདྲ།
    ལམ་དབུ་མ་རླུང་བུའི་གཤོག་པ་སྟེ།
    བོད་མགོ་ནག་སྐྱེལ་བའི་གཡོར་གྲུ་ཨང་།

    Reply
  19. ངག་དབང་རབ་རྒྱས། says:
    ལོ་ 15 སྔོན།

    བསྟན་འཛིན་ལྷ་མོ་ཁྱོད་ཚིག་རྩུབ་དང་ངག་འཁྱལ་གྱི་ཐ་སྙད་བེད་སྤྱོད་བྱེད་སྟངས་དེ་བཀའ་ཁྲི་མཆོག་ལ་སྐྱོན་བརྗོད་བྱེད་ཁུལ་ཡིན་པ་འདྲ། སྤྱིར་ངག་འཁྱལ་དང་ཚིག་རྩུབ་བེད་སྤྱོད་ཀྱིས་སྐྱོན་བརྗོད་བྱེད་སྟངས་དེ་རང་ཉིད་བླུན་པོ་ཡིན་པ་མངོན་རྟགས་སྟོན་གྱི་ཡོད། བསྐྱོན་བརྗོད་ཡང་དག་གཅིག་བྱེད་བསམ་ན་རྒྱུ་མཚན་དང་ལུང་རིག་གི་སྒོ་ནས་བྱེད་དགོས་པ་ཡིན། ཡིན་ནའང་ཁྱེད་གིས་རང་ཚིག་དེ་རིགས་བེད་སྤྱོད་བྱས་པ་ཙམ་གྱི་རིན་པོ་ཆེ་ལ་དམིགས་བསལ་སྐྱོན་བརྗོད་གང་ཡང་མ་རེད་མི་འདུག དེ་༸གོང་ས་མཆོག་ལ་ཐད་ཀར་ཟུར་ཟ་དང་ལྷག་པར་༸གོང་ས་མཆོག་དབུ་ཁྲིད་པའི་བཙན་གཞུང་གི་ཡང་དག་པའི་མང་གཙོ་ལམ་ལུགས་དང་རིན་པོ་ཆེ་བཀའ་ཁྲིར་འོས་འཕེན་མཁན་བཙན་བྱོལ་བོད་མའི་རྒྱ་ཆ་བརྒྱད་བཅུ་ལྷགས་ལ་མཐོང་ཆུང་དང་ཁྱད་བསད་བྱས་པ་ཞིག་རེད་འདུག ཁྱོད་དང་ཁྱོད་འདྲ་བའི་བླུན་རྨོངས་ཀྱི་རྗེས་འབྲང་པ་འགའ་རེ་མ་གཏོགས་ངག་འཁྱལ་གྱི་གཏབ་འདི་རིགས་ལ་སུ་ཡང་ཡིད་ཆས་བྱེད་སྲིད་ཀྱི་མ་རེད། དེ་ནི་ཁྱོད་རང་གི་སྟོང་བསམ་ཙམ་རེད།

    Reply
  20. བཙན་པོའི་བུ། says:
    ལོ་ 15 སྔོན།

    སྐུ་ཞབས་ཁ་བའི་མེ་ཏོག་ལགས། འབྲེལ་ཐག་དེ་མཁོ་སྤྲོད་གནང་བར་བཀའ་དྲིན་ཆེ། འོན་ཀྱང་། བོད་མི་དེའི་སྤྱོད་པ་ཁུར་སྟངས་ལ་སྐྱོན་མི་འདུག དེ་ནི་ཁོང་གིས་ཁ་ནང་ལ་དྲི་མ་མི་བྲོ་བའི་ཆེད་དང་། གལ་ཏེ་ཁོང་གི་ཁ་ནང་ལ་དྲི་བ་བྲོ་བ་ཡིན་ན། ཁོང་གིས་སྐད་ཆ་བཤད་དེ་༧གོང་ས་མཆོག་ཡིན་པས། དེ་ལྟར་གཟབ་གཟབ་བྱས་པར་ལེགས་པར་མཐོང་།

    Reply
  21. jampa says:
    ལོ་ 15 སྔོན།

    ལགས་རེད་ཐོས་དགའ་ལགས་

    Reply
  22. ཁ་བའི་མེ་ཏོག says:
    ལོ་ 15 སྔོན།

    དྲ་གྲོགས་རྣམས། འགྲེལ་ཐག་འདིར་བསྣུན་ནས་བོད་མིའི་དབུ་ཁྲིད་མཆོག་གིས་རྒྱ་བོད་གཞོན་སྐྱེས་ཚོར་གསུང་བཤད་གནང་སྐབས། ༧གོང་ས་མཆོག་གི་རྒྱབ་ཕྱོགས་ཀྱི་བོད་རིགས་སྐུ་དྲག་འདིའི་ཁ་ནས་འགྱིག་གི་སྤྱིས་རུལ་(Chewin gum)ཟ་སྟངས་དང་ཁོང་གི་སྤྱོད་པ་འཁྱེར་སྟངས་ལ་ལྟོས་དང་། ང་རང་དང་བསྡོམས་ནས་དྲ་ཐག་འདི་ལ་མི་རིགས་འདྲ་མིན་ཉིས་འབུམ་བརྒྱད་བརྒྱ་ལྷག་གི་ལྟོས་ཡོད་པ་དང་ཁོང་ཚོས་ག་རེད་བསམ་ཡོད་མེད་ངས་མིཤེས་ཡིན་ནའང་ངས་མི་འདིའི་སྤྱོད་པ་ཚུལ་མཐུན་ཞིག་མཐོང་མ་སོང་། མ་འོངས་པ་སྐུ་མདུན་གྱི་སྐུ་འཁོར་སུ་ཡིན་ཀྱང་འདི་འདྲའི་བྱ་སྤྱོད་ལ་གཟབ་གཟབ་གནང་རོགས་ཞུ་ཟེར་བ་ཡིན།
    http://tibetanavenue.com/2010/05/the-bridge-conference-live-1030-am-eastern-52310/

    Reply
  23. ཨ་འབྲུག་དཀོན་མཆོག says:
    ལོ་ 15 སྔོན།

    ངས་དྲི་བ་དེ་༸གོང་ས་མཆོག་ལ་འདྲི་དགོས་དོན་མེད། ༸གོང་ས་མཆོག་གིས་དབུ་མའི་ལམ་གྱི་སྐོར་ལ་གང་གསུངས་དང་། ག་འདྲ་བྱས་ནས་གསུང་གི་ཡོད་པ་ང་ལ་ཡང་རྒྱུས་ཕྲན་བུ་ཡོད།

    ངས་དྲི་བ་འདི་ང་དང་འདྲ་བའི་དོགས་པ་ཡོད་མཁན་ཚང་མར་དྲིས་པ་ཡིན། ང་རང་ཉིད་ལ་ཡང་དྲིས་པ་ཡིན། ངས་རང་ཉིད་ཀྱི་ཟིན་དེབ་ངོར་དྲི་བ་དང་དྲིས་ལན་གཉིས་ཀ་བཀོད་ཡོད།

    དེ་མིན་སུ་གཅིག་ལ་སྐྱོན་བརྗོད་བྱེད་ཀྱི་མེད། དོགས་འདྲི་ཙམ་ཡང་སྐྱོན་བརྗོད་དུ་མཐོང་གི་ཡོད་ན་ཐབས་ཤེས་མི་འདུག དགོངས་དག།

    Reply
  24. མདུང་རྩེ། says:
    ལོ་ 15 སྔོན།

    དེང་སང་སྤྱི་ཚོགས་ཀྱི་གནོན་ཤུགས་ཙམ་ལ་གཟུར་ནས་བཀའ་ཁྲིར་སྐྱོན་བརྗོད་བྱེད་ཁུལ་གྱིས་༧གོང་ས་མཆོག་ལ་མདའ་རྩེ་གཏོད་མཁན་མང་པོ་འདུག
    མི་དེ་དག་རང་ཚུགས་དང་དྲང་ཚུགས་མེད་པ། རྣམ་དཔྱོད་དང་སྒལ་ཚིགས་མེད་པ་ཤ་སྟག་རེད། འདིའི་རིགས་ལ་མཐའ་གཅིག་ཏུ་འགོག་རྒོལ་བྱེད་ངེས་ཡིནཇ།

    Reply
  25. མདུང་རྩེ། says:
    ལོ་ 15 སྔོན།

    ཨ་འབྲུག་དཀོན་མཆོག་ལགས། ཁྱེད་ཀྱིས་དྲི་བ་སུ་ལ་འདོན་གྱི་ཡོད། ཟམ་གདོང་བླ་མར་འདོན་གྱི་ཡོད་ན། ཐད་ཀར་༧གོང་ས་མཆོག་དྲིས་དང་དེ་སྟབས་བདེ་བོ་རེད།

    Reply
  26. བསྟན་འཛིན་ཚེ་དཔག says:
    ལོ་ 15 སྔོན།

    དོན་འགྲུབ་བཀྲ་ཤིས་ལགས།

    ཐུགས་ཆེ་གནངས། སེང་རྡོར་སོགས་ཀྱིས་གཤེ་མི་དགོས་པ་ཞིག་གི་ཆེད། མཁས་པ་ཀླད་ལོག་ཡིན་མིན་ཚང་མས་མཉམ་རུབ་འདི་འདྲ་མུ་མཐུད་དགོས་ནས་འདུག་ཅེས་ཞུའོ།།

    མེ་འོད་ཟེར་བ་འདི་ངོ་མཁྱེན་གྱི་ཡོད་ན་ནི། མཁས་པ་ཀླད་ལོག་གིས་ཞུ་སྐུལ་བྱས་པ་གཡུགས་བཞག་པས་གང་ལ་ཕན་ནམ། མཁས་པ་ཀླད་ལོག་ལ་མི་དགའ་བ་བྱེད་ཆོག་རྒྱུ་ཡང། ཡིག་ནོར་བརྡ་ནོར་ལ་མི་དགའ་བ་བྱ་སྟངས་གང་ཡང་མེད་པ་དེ་བས་ན། བྱིས་པའི་ལབ་བརྡོལ་འདི་འདྲ་ལའང་ཞེས་སྦྲན་རོགས་ཞུའོ།།

    Reply
  27. མདུང་རྩེ། says:
    ལོ་ 15 སྔོན།

    བསྟན་འཛིན་ལྷ་མོ་ཞེས་པའི་ཕོ་མིན་མོ་མིན་ལགས། སྐད་ཆ་གང་ཡིན་ནའང་རང་གི་བཤད་པས་འགན་ཁུར་ངེས་པར་དགོས། ཁྱེད་རང་ལ་མི་ལོ་དགུའི་རིང་བཙན་གཡེམ་བྱས་རབས་གླེང་གི་འདུག་ན། སོ་སོ་རང་ཉིད་ལ་སྟོབས་ཤུགས་དང་རྣམ་དཔྱོད་གང་ཡོད་སྤྱི་ཚོགས་ནང་དུ་སྟོན་དང་། ཟམ་གདོང་བླ་མ་ལས་ལྷག་པའི་རྣམ་དཔྱོད་ཅན་བཙན་བྱོལ་ནང་བསྐལ་བརྒྱར་བཙལ་ཡང་རྙེད་དུ་མེད། ཁྱོད་ལྟ་བུའི་ཀླད་མེད་ཀྱལ་སྟོང་ལ་སྙིང་པོ་ཅི་ཞིག་ཡོད། ཁྱོད་ཀྱིས་སྤྱི་ཚོགས་ཀྱི་ལམ་སྟོན་བྱེད་རྒྱུ་ལྟ་ཞོག ཐ་ན་བྱེད་འབྲེལ་གྱི་ཁྱད་པར་ཙམ་ཡང་འབྱེད་མི་ནུས་པ་ཞིག་གིས་མཁས་པའི་དབང་པོ་ཟམ་གདོང་བླ་མར་དམོད་པ་བོར་བ་འདི་ཐན་རྟགས་མིན་ན་ཅི་ཡིན།
    བསྟན་འཛིན་ལྷ་མོ་ལགས། ངས་བལྟས་ན་ཁྱེད་ཀྱིས་མི་རིགས་ཤིག་གི་བདེ་སྡུག་གླེང་རྒྱུ་ཕར་ཞོག རང་ཁ་རང་གིས་སོས་མིན་ཐེ་ཚོམ་གྱི་གནས་སུ་གྱར་རོ།

    Reply
  28. ཨ་འབྲུག་དཀོན་མཆོག says:
    ལོ་ 15 སྔོན།

    འོ་ཆད་སོང་བ་ཞིག་ལ། དགའ་ལྡན་ཕྲོ་བྲང་གི་ཐད་ཀའི་འཛིན་སྐྱོང་གི་འོག་ཏུ་མེད་པ་དེས་བོད་ཀྱི་ས་ཁུལ་གཞན་རྣམས་རྒྱ་ནག་གི་འོག་ཏུ་ཡོད་པ་མཚོན་གྱི་ཡོད་པ་རེད་དམ། འདི་གཞུང་འབྲེལ་གྱི་ཁས་ལེན་ཞིག་རེད་དམ།

    Reply
  29. ཨ་འབྲུག་དཀོན་མཆོག says:
    ལོ་ 15 སྔོན།

    དབུ་མའི་ལམ་འདི་ལོ་རྒྱུས་གཞིར་བཞག་གིས་སྲིད་བྱུས་ཤིག་མིན་པར་ལོ་རྒྱུས་ཟུར་བཞག་གིས་སྲིད་བྱུས་ཤིག་ཡིན་མོད། བར་སྐབས་ཤིག་ནས་དབུ་མའི་ལམ་སྲིད་བྱུས་ཀྱི་རྒྱབ་ལྗོངས་སུ་བོད་ཀྱི་ལོ་རྒྱུས་འདྲེན་མཁན་ཇེ་མང་དང། དེ་ཡང་ལོ་རྒྱུས་ཀྱི་ཆ་ནས་བོད་ལ་རང་བཙན་རྩོད་པའི་ཐོབ་ཐང་ཡོད་མེད་ཀྱི་སྐད་ཆ་དག་ཐོན་གྲབས་བྱེད་ཀྱི་འདུག འདི་ག་རེ་རེད་དམ།

    ཆབ་སྲིད་དང་འབྲེལ་བའི་གསུང་བཤད་ཅིག་གནང་བའི་སྐབས་སུ་ཡིན་གཅིག་མིན་གཉིས་དབུ་མ་དང་རང་བཙན་གང་རུང་བཤད་དགོས་ཀྱི་རེད་དམ། དེང་སྐབས་བོད་ཀྱི་སློབ་ཕྲུག་ཚོས་ཤེས་ཡོན་དང་རྩོམ་རིག་གི་བགྲོ་གླེང་གི་སྟེང་ནས་ཀྱས་རང་བཙན་དང་དབུ་མ་བཤད་ཡོང་གི་འདུག འདི་ག་རེས་ལན་པ་རེད།

    ལོ་ངོ་ཉིས་བརྒྱ་ལྔ་བཅུའི་སྔོན་གྱི་མན་ཇུ་བ་བོད་དུ་ཡོང་བ་དེ་དབུ་མའི་ལམ་དང་རྒྱུ་འབྲས་ཀྱི་འབྲེལ་བ་ཡོད་རབས་དང། ༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་ལྟ་གྲུབ་བམ་དགོངས་ཚུལ་ཕྱོགས་བསྡོམས་ཀྱིས་སྤྱི་སྦྲགས་གནང་བའི་ཞི་བའི་གྲོས་འཆར་དེ་དབུ་མའི་ལམ་དང་འབྲེལ་བ་མེད་ཚུལ་དེ་ཡང་བྱིས་སྒྲུང་གསར་པ་ཞིག་རེད། འདི་ག་འདྲ་ཡིན་ནམ།

    གྲོས་མཐུན་དོན་ཚན་བཅུ་བདུན་ནུས་མེད་དུ་བསྒྲགས་པ་དེ་ནུས་མེད་ཀྱི་གོ་མ་ཆོད་ཅིང་ཞི་བའི་གྲོས་འཆར་ནུས་མེད་དུ་གསུངས་པ་དེ་ནུས་མེད་ཀྱི་གོ་ཆོད་དགོས་དོན་གང་རེད་དམ།

    Reply
  30. tenzen lhamo says:
    ལོ་ 15 སྔོན།

    དྲ་གྲོགས་ཐོས་དགའ་ལགས།

    བོད་ཀྱི་བུ་མོ་ཚོ་རྒྱ་དམག་བཅོས་གྲོལ་དམག་མི་ཚོ་༥༩་ལོ་ནས་ད་ལྟར་བར་དུ་བཙན་གཡེམ་བྱས་བསྡད་པར་རེད། དེའི་རྒྱུ་མཚན་གྱིས་ང་ཡང་བཙན་བྱོལ་ནང་དུ་བསླེབས་པ་ཡིན་ཀྱང་འདི་པ་ལའང་ཟམ་གདོང་བླ་མས་བཙན་གཡེམ་བྱས་པ་ཏོག་ཙམ་ཁྱོན་ནས་མ་རེད།
    བྱས་ཙང་ང་རང་འདོད་པ་མེད་པར་བཙན་གཡེམ་བྱེད་པར་ཁྱོན་ནས་དགའ་པོ་མེད་པས་ཚིག་འདི་ཐལ་སོང་བས་དགོངས་འགལ་མེད་པ་ཞུ།

    Reply
  31. ཐོས་དགའ། says:
    ལོ་ 15 སྔོན།

    བསྟན་འཛིན་ལྷ་མོ་ཁྱོད་ལ་བཙན་གཡེམ་བྱེད་མཁན་ཞིག་སྒུག་བསྡད་ཡོད་ས་རེད། དེ་མིན་ཁྱོད་ལ་ཚིག་སྦྱོར་དེ་མ་གཏོགས་མེད་པ་རེད་དམ། ཁྱོད་ཀྱིས་འདོད་རུང་མི་འདོད་རུང་ཁོང་མི་མང་གིས་ཐེངས་གཉིས་ལ་བདམས་པའི་བཀའ་ཁྲི་རེད་ལ་སངས་རྒྱས་ཀྱི་ན་བཟའ་མནབས་པའི་བླ་མ་རེད། རྒྱ་བོད་པཎྚིཏ་དག་དང་མཁས་པ་མང་པོས་བཀུར་བའི་མཁས་དབང་རེད།

    Reply
  32. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ཆུ་ངོགས་གཏམ་རྒྱུད་དཔའ་པོ་བརྒྱ་དང་བརྒྱད།
    འགོ་དཔོན་སང་གིས་ཞི་འགུག་བདེ་འགོད་ཀྱིས།
    རྒྱ་ནག་གོང་མའི་འོག་ཏུ་མགོ་འབུལ་བྱས།
    མཐའ་མ་དུག་གིས་བསད་པར་མ་ཤེས་སམ།

    གཡོ་རྒྱུའི་རིག་གཞུང་ལྡན་པའི་རྒྱ་ནག་ལ།
    དྲང་བདེན་བོད་མིས་ཡིད་གཏད་བྱེད་པ་འདི།
    མི་དཔོན་དུག་གི་གསད་པས་སྔ་ལྟས་དང་།
    མི་རིགས་རྒྱ་ལ་འགྱུར་བས་ཕྱི་ལྟས་རེད།

    Reply
  33. བཀྲ་ཤིས་ཚེ་རིང་། says:
    ལོ་ 15 སྔོན།

    བོད་རིགས་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་དབུ་མའི་ལམ་ལ་འགྲེལ་བཤད་མང་པོ་མི་རྒྱག་པར་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུངས་པ་ལྟར། ( བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རིང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ།) དེ་རྩ་འཛིན་བྱ་རྒྱུ་གལ་ཆེན་རེད། ལྷག་པར་དུ་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་ལ་ཟེར་གྱི་ཡོད།

    Reply
  34. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    མི་ཡི་རྗེ་དཔོན་ཟམ་གདོང་མའི་དྲུང་།
    མི་ཡི་མཐའ་མ་ཅོ་རི་ཉི་མ་ཡིས།
    མི་རྗེའི་བཀའ་ཁྲིའི་དུས་ཡུན་མ་རྫོགས་བར།
    མི་གླེང་བོད་ལ་རང་བཙན་མི་གླེང་ཞུ།

    free tibet
    free tibet
    free tibet
    free tibet
    free tibet
    free tibet
    free tibet
    free tibet
    free tibet

    Reply
  35. མེ་འོད། says:
    ལོ་ 15 སྔོན།

    གསར་འགོད་པ་ལགས། བསྟན་འཛིན་ཚེ་དཔག་ཟེར་བ་འདི་ཝ་རཱ་སིའི་དཔེ་མཛོད་ཁང་གི་མཁས་དབང་ཀླད་ལོག་ཅིག་རེད། གཡུགས་ཞོག་་་་་་་་་ཧ་ཧ་ཧ་ཧ་ཧ་ཧ་་་་་་་་་་་་་་་་་་་་་་་་ཧ་ཧ་ཧ་ཧ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

    Reply
  36. དོན་འགྲུབ་བཀྲ་ཤིས། says:
    ལོ་ 15 སྔོན།

    བསྟན་འཛིན་ཚེ་དཔག་ཟེར་བའི་མྱི་སྐྱིད་འདིས་ཡང་བསྐྱར་མགོ་བརྩམས་སོང་། ཨ་ལ་ཀུ་རེ་ཡིན། ཐེངས་འདིར་ཁོས་གོང་གི་ངའི་གསར་འགྱུར་དེ་གཅིག་པུ་ལས་ཡིག་ནོར་དང་གཏག་ནོར་ ༡༢ ངོས་འཛིན་གནང་བ་ལས། ཡིག་ནོར་ ༥ དང་། གཏག་ནོར་ ༢ ། དོགས་གནས་ ༢ ། ནོར་སྐྱོན་མེད་པ་ ༣ བཅས་འདུག དེ་ཡང་ཀུ་རེ་ཡིན་པ་བྱོས། བསྟན་འཛིན་ཚེ་དཔག་ཏུ་མེད་པའི་བཀའ་ལུང་ལྟར་བཅོས་ཡོད།

    Reply
  37. བསྟན་འཛིན་ཚེ་དཔག says:
    ལོ་ 15 སྔོན།

    གཞིས་བཞུགས་པ་སེང་རྡོར་པས། ང་ཚོར་གཤམ་གྱི་འདི་ལྟར་བལྟས་འདུག་པར་ཡང་། རྒྱུ་མཚན་དང་གནས་ལུགས་ཁྱོན་ནས་མེད་པ་མ་རེད། དེ་རིང་ཁ་སང་། ཟི་ལིང་ན་ཡོད་པ་རེ་ཤས་ནས་གཟིགས་ཐུབ་མུས་ཀྱི་དུས་བབ་དྲ་ཚིགས་འདིར། ངེས་པར་བདག་གཅེས་དམ་དོན་དགོས་པ་གནད་དུ་འདུག་ཅེས་ཞུ་བ་ལགས་སོ།།

    དེབ་ཉོག་འགའ་རེ་བྲིས་པར་ཡིག་ནོར་མིན་པ་གཅིག་མེད། །
    རྩོམ་རྡུགས་སྐོར་རེ་སྤེལ་བར་གོ་བརྡ་འཕྲོད་པ་ཅང་མེད། །
    དྲ་ཚིགས་སྐད་པ་དག་ཀྱང་ངོས་གཙང་ཡིན་པ་དུ་ཡོད། །
    སྐད་ཆའི་རང་བཙན་ཙམ་ཡང་སྤགས་ཁུག་དེ་ཚོས་མི་ནུས། །

    ཞེས་སེང་རྡོར་པས་དྲ་ངོས་སུ་སྤེལ་ནས་འདུག་པར་བསམ་པ་ཙམ་ནི་རན་ནས་འདུག་ཅེས་ཀྱང་སྟབས་གཅིག་ཞུ་བ་ལགས་སོ།།

    Reply
  38. བསྟན་འཛིན་ཚེ་དཔག says:
    ལོ་ 15 སྔོན།

    དུས་བབ་རྩོམ་སྒྲིག་པ་ལགས།
    གཤམ་གྱི་འདི་ཚོ་བཟོ་བཅོས་ཤིག་གནང་རོགས་ཞུའོ།། གསར་འགྱུར་གལ་ཆེན་དུ་འདུག་སྟབས། འདི་ལྟར་བཟོ་བཅོས་ཀྱི་རེ་སྐུལ་ཞིག་ཞུ་དགོས་ཆགས་སོང་། དེ་མིན་ཉེ་བའི་ཆར་ནས་བཟོ་བཅོས་ཀྱི་རེ་སྐུལ་ལ་དྭང་ལེན་ཞུ་མཁན་མ་བྱུང་སྟབས། རེ་སྐུལ་མཚམས་འཇོག་གིས་ཡོད་ཞུའོ།། དགོངས་འགལ་མེད་པ་ཞུའོ།།

    ༼མི་སྡེ་སྤྱི་ཚོགས་༽ མི་༼སྡེའི༽་སྤྱི་ཚོགས་
    ༼ཡི་ཤུ་ཆོས་ ༽ ཡེ་༼ཤུའི་༽ཆོས
    ༼བཙན་བྱོལ་བོད་མའི་བཅའ་ཁྲིམས་ ༽ བཙན་བྱོལ་བོད་༼མིའི༽་བཅའ་ཁྲིམས་
    ༼རྩ་ཁྲིམས་གྱི་སྒྲོམ་གཞིའི་ ༽ རྩ་ཁྲིམས་༼ཀྱི་༽སྒྲོམ་གཞིའི
    ༼ཆོས་རྒྱལ་མེ་དབོན་རྣམ་གསུམ་ ༽ ཆོས་རྒྱལ་༼མེས༽་དབོན་རྣམ་གསུམ
    ༼ མགོ་མ་འཚོས་པར་ ༽ མགོ་མ་༼ཚོས༽་པར་
    ༼གདམ་ངག་ ༽ ༼གདམས༽་ངག༽
    ༼རྒྱལ་ཁབ་མཉམ་སྲེས་ ༽ རྒྱལ་ཁབ་མཉམ་༼བསྲེས་༽
    ༼ཕྱིའི་རྒྱལ་རྒྱབ་ལ་མ་བརྟེན་པར་ ༽ ཕྱིའི་རྒྱལ་༼ཁབ༽་ལ་མ་བརྟེན་པར་
    ༼ཐབས་རྩོད་རྒྱུན་བསྐྱང་ ༽ ༼འཐབ༽་རྩོད་རྒྱུན་༼སྐྱོང་ ༽
    ༼ཁོར་ཡུག་སོགས་རྩ་སྟུང་ ༽ ཁོར་ཡུག་སོགས་རྩ་༼སྟོང་༽
    ༼བསམ་འཆར་ཡིག་ཆ་དེར་གཟུགས་ ༽ བསམ་འཆར་ཡིག་ཆ་དེར་༼གཟིགས་༽

    Reply
  39. བཀྲ་ཤིས་དོན་གྲུབ། says:
    ལོ་ 15 སྔོན།

    སློབ་དག་གིས་འདིའི་སྐོར་ལ་དོ་སྣང་བྱེད་ཐུབ་བམ།

    Reply
  40. tenzen lhamo says:
    ལོ་ 15 སྔོན།

    ཟམ་གདོང་བླ་མས་༧གོང་ས་མཆོག་གི་བཀའ་ཡིག་མགོ་ཐོག་ཏུ་བཞག་ནས་བཙན་བྱོལ་མི་མང་ལ་བཙན་གཡབ་བྱས་པར་ག་དུས་མཇུག་སྒྲིལ་གྱི་རེད་དམ།

    མི་ལོ་དགུའི་རིང་བཙན་གཡབ་རྐྱང་བྱས་ནས་མི་ཚེ་བསྐྱལ་བ་རེད། ད་དུང་བོད་རྒྱལ་ཁབ་འདི་རྒྱ་ནག་གི་ཆ་ཤས་མིན་བཞིན་དུ་ཡིན་དགོས་པའི་བཙན་གཡབ་བྱས་ཀྱི་འདུག

    བུ་མོ་ལ་འདོད་པ་མེད་ན་བཙན་གཡབ་བྱས་ནས་བདེ་སྐྱིད་རག་ཐབས་བྱས་པར་འདི་ནི་འཛམ་གླིང་ཐོག་ཏུ་ཧ་ཅང་གི་ཐལ་ཤའི་རིགས་ཀྱི་མིའི་བྱ་སྤྱོད་ཤིག་རེད། ཟམ་གདོང་བླ་མ་ཡང་བཙན་བྱོལ་མི་དམངས་ལ་བཙན་གཡབ་བྱས་པར་གོམས་གཞི་ཡོད་པའི་མི་ཞིག་རེད་འདུག

    Reply
  41. ངག་དབང་རབ་རྒྱས། says:
    ལོ་ 15 སྔོན།

    འོ་ད་ཡང་བསྐྱར་བསྟན་འཛིན་མགོན་པོས་ཟམ་གདོང་རིན་པོ་ཆེ་ལ་གྲོས་ཚོགས་ཚོགས་དུས་རྗེས་མ་བཤད་རྒྱུ་རག་འདུག་ཧ། རྣམ་པ་ཚོ་གཟིགས་ཧ།

    Reply
  42. དུག་ཚེར། says:
    ལོ་ 15 སྔོན།

    རེད་དེ་ང་ཚོས་འདོད་ཆུང་ཆོག་ཤེས་ཅི་ཙམ་བྱས་ཀྱང་རྒྱབ་ཕྱོགས་ནས་དེ་ལས་སྡུག་ཏུ་བྱེད་ཀྱིན་ཡོད་པ་མྱོན་དུ་མེད་པ་ཞིག་རེད། དེས་ན་ང་ཚོས་ཀྱང་གནས་བབ་འདི་ལས་ལྡོག་སྟེ་ཆབ་སྲིད་ཀྱི་ལམ་ཁ་གསར་བ་ཞིག་སྩལ་ན་མི་བཟང་ངམ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese