མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལི་ཕིན་གྱི་དྲུག་བཞིའི་ཉིན་ཐོའི་སྐོར།

བོད་ཀྱི་དུས་བབ།
༢༠༡༠/༠༦/༠༧
Share on FacebookShare on TwitterShare on EmailShare on Whatsapp

དྲུག་བཞིའི་ལས་འགུལ་བྱུང་ནས་ལོ་འཁོར་ ༢༡ འདས་པའི་རྗེས་སུ། དེ་དུས་ཀྱི་སྲིད་བློན་ལི་ཕིན་གྱིས་དོན་རྐྱེན་དེ་དང་འབྲེལ་ནས་བྲིས་པའི་མི་སྒེར་གྱི་ཉིན་ཐོ་དེ་པར་བསྐྲུན་འགྲེམས་འཆར་བྱུང་འདུག  ཉིན་ཐོ་དེའི་ནང་ལི་ཕིན་གྱིས་རང་ཉིད་འཆི་དགོས་ལ་ཐུག་རུང་། ༨༩ ལོའི་སྟངས་འཛིན་དཀའ་བའི་སློབ་མའི་དམངས་གཙོའི་ལས་འགུལ་ལ་བཀག་འགོག་བྱ་རྒྱུ་དང་།  ཁོས་དྲུག་བཞི་དམངས་གཙོའི་ལས་འགུལ་དེ་ནི། རིག་གནས་གསར་བརྗེ་ཆེན་པོའི་ཟིང་འཁྲུགས་ལྟ་བུར་ངོས་འཛིན་བྱ་རྒྱུ་ཡིན་པ་སོགས་བཀོད་ཡོད་འདུག  

ཉིན་ཐོའི་དེབ་དེ་ནི་ལི་ཕིན་གྱིས་ ༡༩༨༩ ལོའི་ཟླ་ ༤ ཚེས་ ༡༥ ནས་ཟླ་ ༦ ཚེས་ ༢༤ བར་ལ་རང་ཉིད་ཀྱིས་དངོས་སུ་ཟིན་ཐོར་བཏབས་པའི་ཉིན་ཐོ་དག་ཕྱོགས་སྒྲིག་བྱས་པ་ཞིག་ཡིན་འདུག ཧོང་ཀོང་གི་པར་སྐྲུན་ཁང་ཞིག་ལ་ད་ལོའི་ཟླ་དང་པོའི་ནང་ཉིན་ཐོ་དེའི་མ་ཕྱི་ལག་སོན་བྱུང་བ་དང་། ཟླ་འགའི་རིང་བརྟག་དཔྱད་རྩད་གཅོད་བརྒྱུད་དཔང་འཕེར་བྱུང་རྗེས་ཕྱི་ཟླ་ ༦ པའི་ཚེས་ ༢༢ ཉིན་ཧོང་ཀོང་དུ་པར་བསྐྲུན་བྱ་གཏན་འཁེལ་ཡོད་པ་རེད།

ཉིན་ཐོ་དེའི་ནང་དུ། རྒྱ་ནག་དམར་ཤོག་དཔོན་རིགས་ནང་ཁུལ་དུ་སློབ་མའི་ངོ་རྒོལ་ལས་འགུལ་ཇི་ལྟར་ཐག་གཅོད་མིན་ཐད་རྣོ་ངར་ཅན་གྱི་འགལ་ཟླ་བྱུང་བའི་སྐོར་ཞིབ་ཕྲ་བྲིས་ཡོད་པ་དང་། ལི་ཕིན་རང་ཉིད་དང་དོན་རྐྱེན་རྗེས་སུ་གོ་གནས་ཕབ་ཟིན་པའི་དེ་སྔའི་སྤྱི་ཁྱབ་སྲིད་འཛིན་ཀྲའོ་ཙི་ཡང་གཉིས་བར་བྱུང་བའི་མངོན་གསལ་གྱི་འགལ་བ་དང་།  ལི་ཕིན་ཁོ་རང་ཉིད་དངོས་སུ་ངོ་རྒོལ་ལས་འགུལ་བཀག་སྡོམ་ལག་བསྟར་གྱི་ལས་གཞིའི་ནང་ཞུགས་པའི་བརྒྱུད་རིམ་དང་། དམག་མིར་བཀའ་ཕབ་སྟེ་ཐེན་ཨན་མིན་ཐང་ཆེན་གྱི་ལས་འགུལ་བ་རྣམས་ལ་དྲག་གནོན་བྱེད་མཁན་གྱི་ཏིན་ཞའོ་ཕིན་གྱི་སྐབས་དེའི་འགན་ཁུར་ལེན་གྱི་རྣམ་འགྱུར་སོགས་བཀོད་ཡོད་འདུག 
 
མ་ཕྱི་དེར་བསྡོམས་པས་ཤོག་ངོས་ ༢༧༩ དང་། ཁ་བྱང་ལ་<<འགག་རྩའི་དུས་ཀྱི་ལི་ཕིན་གྱི་ཉིན་ཐོ>>ཞེས་བཀོད་ཡོད་འདུག ཧོང་ཀོང་དུས་གསར་པར་བསྐྲུན་ཁང་གི་དཔེ་བསྐྲུན་བ་པའོ་ཕུའུ་ནི་དེ་སྔའི་རྒྱ་ནག་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་དྲུང་ཆེ་སྟེ་ཀྲའོ་ཙི་ཡང་ལ་རྒྱབ་སྐྱོར་གནང་མཁན་གྱི་པའོ་ཏན་གྱི་བུ་ཡིན་པ་རེད།  ཁོས་བར་གནས་ཀྱི་མི་ཞིག་བརྒྱུད་ནས་ཉིན་ཐོ་དེའི་མ་ཕྱི་ལག་སོན་བྱུང་བ་དང་། དེབ་དེ་རྒྱ་ནག་གི་སྲོལ་རྒྱུན་ཟོར་ཡིག་ཐོག་པར་བསྐྲུན་དང་དེབ་ཀྱི་མིང་ལ་ << ལི་ཕིན་གྱི་དྲུག་བཞིའི་ཉིན་ཐོ>> ཞེས་བཏགས་ཡོད་སྐོར་འགྲེལ་བརྗོད་བྱས་ཡོད་པ་ལས། ཉིན་ཐོའི་མ་ཕྱི་མཁོ་སྤྲོད་གནང་མཁན་དེ་སུ་ཡིན་མིན་གསལ་ཁ་བཏོད་མེད་པ་རེད།

གཞན་ཡང་ཁོས་བརྗོད་རྒྱུར། བར་གནས་མི་དེས་དེབ་དེ་བཙལ་ནས་ང་ལ་སྤྲོད་དོན་ནི། ཁོ་རང་ཉིད་ཀྱིས་སྔོན་ཆད་ཀྲའོ་ཙི་ཡང་གི་སྐོར་གྱི་དཔེ་དེབ་པར་བསྐྲུན་བྱས་མྱོང་བའི་རྐྱེན་གྱིས་ཡིན་པ་དང་། ཟླ་བ་མང་པོར་བརྟག་དཔྱད་རྩད་གཅོད་བྱས་མཐར། ཁོ་རང་ཉིད་དང་རྩོམ་སྒྲིག་པ་གཞན་པ་ཚང་མས་རྫུན་མ་མིན་པར་ཡིད་ཆེས་རྙེད་པའི་སྐོར་ཀྱང་འགྲེལ་བརྗོད་བྱས་ཡོད། 

དེབ་དེའི་སྔོན་གླེང་ནི། ལི་ཕིན་གྱིས་ཕྱི་ལོ་ ༢༠༠༣ ཟླ་ ༡༢ ཚེས་ ༦ ཉིན་བྲིས་པའི། “ཐེངས་དེའི་ཟིང་འཁྲུགས་སྐབས་རང་ཉིད་ཀྱིས་ཤེས་རྟོགས་བྱུང་བའི་དོན་དངོས་དག་ཡི་གེར་བཀོད་དེ་གནད་ཡོད་ཀྱི་ལོ་རྒྱུས་ལ་བདེན་དཔང་བྱ་རྒྱུའི་འོས་འགན་དེ་ང་ལ་ཡོད་པར་སེམས། ༽ཞེས་པའི་ཚིག་དུམ་དེ་བཀོད་ཡོད་འདུག

ཤེས་རྟོགས་བྱུང་བ་ལྟར་ན།  མ་གཞི་ལི་ཕིན་གྱི་དེབ་དེ་ཕྱི་ལོ་ ༢༠༠༤ ལོར་དྲུག་བཞི་དམངས་གཙོའི་ལས་འགུལ་ལ་ལོ་འཁོར་ ༡༥ འཁོར་བའི་སྐབས་དང་བསྟུན་ནས་པར་བསྐྲུན་བྱ་འཆར་ཡོད་འདུག    རྒྱུ་མཚན་ནི་ཕྱིའི་རྒྱལ་ཁབ་དག་ཏུ་ལི་ཕིན་ནི་དམག་མིར་བཀའ་མངགས་བཏང་སྟེ་ལས་འགུལ་ལ་དྲག་གནོན་གྱིས་མང་ཚོགས་དམར་གསོད་གཏོང་མཁན་གྱི་བྱེད་གཏེ་དེ་ཡིན་པར་སེམས་ཀྱིན་ཡོད་པར་བརྟེན། ལི་ཕིན་གྱིས་ཁོ་རང་ཉིད་ཀྱི་དེབ་དེ་སྔ་མོ་ནས་འདོན་ཐུབ་རྒྱུར་རེ་བ་འཆང་ཡོད་ནའང། ཧའོ་ཅིན་ཐའོ་དང་ཝུན་ཇ་པའོ་ཡིས་བཀག་འགོག་བྱས་པའི་རྐྱེན་གྱིས་འདོན་ཐུབ་མེད་པ་རེད། ད་ལྟ་ལོ་ ༨༡ ལ་སོན་ཡོད་པའི་ལི་ཕིན་གྱིས་མཚོ་འགག་གསུམ་གྱི་ལས་གཞི་འཛུགས་བསྐྲུན་ཐད་ཀྱི་ཉིན་ཐོ་ཞིག་དེ་སྔོན་པར་བསྐྲུན་བྱས་ཟིན་པ་རེད།
 
གསར་དུ་འདོན་འཆར་གྱི་དེབ་དེའི་ཁྲོད། ལི་ཕིན་གྱིས་ཕྱི་ལོ་ ༡༩༨༩ ལོའི་ཟླ་ ༥ ཚེས་ ༢ ཀྱི་ཉིན་ཐོའི་ནང་དུ། “ཟིང་འཁྲུག་བྱུང་མགོ་བརྩམས་པ་ནས་བཟུང་། ངས་ཆེས་སྡུག་ས་ནས་འཆར་གཞི་བཏང་ཟིན་པ་ཡིན། རང་ཉིད་དང་ནང་མི་ཡོངས་ཀྱི་ཚེ་སྲོག་བློས་གཏོང་དགོས་ནའང་། ངེས་པར་དུ་རྒྱ་ནག་ལ་ཡང་བསྐྱར་རིག་གནས་གསར་བརྗེ་ལྟ་བུའི་སྐྱོ་གར་ཅིག་འབྱུང་རྒྱུ་བཀག་སྡོམ་བྱ་རྒྱུ་ཡིན།” ཞེས་དང་། ཡང་ཕྱི་ཟླ་ ༤ པའི་ཚེས་ ༢༧ གྱི་ཉིན་ཐོའི་ནང་དུ། “ངའི་རླངས་འཁོར་རང་ཁྱིམ་དུ་ལོག་པའི་ལམ་བར་དུ་ངོ་རྒོལ་བྱེད་མཁན་གྱི་སློབ་མ་དག་གིས་བཀག་འགོག་བྱས་བྱུང་། སྟབས་ལེགས་པ་ཞིག་ལ་རླངས་འཁོར་ཁ་ལོ་བ་དང་ཉེན་སྲུང་པ་གཉིས་ཀྱིས་རླངས་འཁོར་ཁ་ཕྱིར་བསྐོར་ནས་ལས་འགུལ་གྱི་ཡུལ་དངོས་དང་རང་དུ་གྱེས་ཐུབ་པ་བྱུང” ཞེས་བྲིས་ཡོད།

དེབ་དེའི་ནང་དྲུག་བཞི་སློབ་མའི་དོན་རྐྱེན་ཇི་ལྟར་ཐག་གཅོད་མིན་ཐད་རྒྱ་ནག་གི་དམར་ཤོག་མགོ་ཁྲིད་རིམ་པའི་བར་བྱུང་བའི་འགལ་ཟླའི་སྐོར་དང་།  ལྷག་པར་དུ་ལི་ཕིན་དང་ཀྲའོ་ཙི་ཡང་གི་འགལ་ཟླའི་སྐོར་བརྗོད་དོན།  ཕྱི་ཟླ་ ༤ པའི་ཚེས་ ༡༨ ཉིན། དེ་སྔའི་སྤྱི་ཁྱབ་སྲིན་འཛིན་ཧའོ་ཡའོ་པང་འདས་ཀྲོངས་སུ་གྱུར་རྗེས་ཀྱི་ཉིན་གསུམ་པར་སློབ་མའི་ངོ་རྒོལ་དོན་རྐྱེན་བྱུང་བ་དང་། ལི་ཕིན་དང་ཀྲའོ་ཙི་ཡང་གཉིས་ཀྱིས་ཆབ་སྲིད་ལྷན་ཁང་དང་ཆབ་སྲིད་རྒྱུན་ལས་འཐུས་མིའི་ཚོགས་ཐོག་ཏུ་ཕན་ཚུན་ལ་ཁ་ལན་སློག་དགོས་བྱུང་ཞིང་། ལི་ཕིན་གྱིས་ངོ་རྒོལ་ལས་འགུལ་འདིའི་དམིགས་ཡུལ་ནི་དམར་ཤོག་སྲིད་དབང་མགོ་རྟིང་སློག་རྒྱུ་དེ་ཡིན་པས། གསར་བརྗེ་ངོ་ལོག་གི་རང་བཞིན་ཏུ་གཏན་འཁེལ་བྱེད་རྒྱུ་དང་། ཀྲའོ་ཙི་ཡང་གིས་སློབ་མ་རྣམས་ནི་མེས་རྒྱལ་ལ་དགའ་ཞེན་ཡོད་ངེས་ཡིན་པས། ཞི་འཇམ་གྱི་སྒོ་ནས་ཐག་གཅོད་བྱེད་རྒྱུའི་ལངས་ཕྱོགས་འཛིན་དགོས་པ་བརྗོད་པའི་སྐོར་བཀོད་ཡོད། 

པེ་ཅིན་མཁར་དུ་དམག་མི་འགྲེམས་གཏོང་སོགས་གནད་འགག་གི་ཐག་གཅོད་མཐའ་དག་ནི་ཏིན་ཞའོ་ཕིན་གྱི་བཀོད་མངགས་ཡིན་པའི་སྐོར་ཉིན་ཐོའི་ནང་བྲིས་དོན། ཏིན་ཞའོ་ཕིན་གྱིས་དམག་དཔུང་པེ་ཅིན་མཁར་དུ་འཛུལ་རྒྱུའི་ཐག་གཅོད་དེ་ནི། ཕྱི་ཟླ་ ༥ ཚེས་ ༡༧ ཉིན་ཏིན་ཞའོ་ཕིན་གྱི་ཁྱིམ་དུ་ཚོགས་འདུ་ཞིག་སྐོང་འཚོགས་བྱས་ཏེ། ཚོགས་འདུའི་སྟེང་ལི་ཕིན་སོགས་ཆབ་སྲིད་ལྷ་ཁང་གི་རྒྱུན་ལས་མགོ་ཁྲིད་ ༥ དང་།  སྐབས་དེའི་རྒྱལ་ཁབ་ཀྱི་སྲིད་འཛིན་ཡཱང་ཧྲང་ཧོང་ཡང་ཞུགས་ཡོད་ལ།  སྐབས་དེར་ཀྲའོ་ཙི་ཡང་མ་གཏོགས་གཞན་ཚང་མས་ཏིན་ཞའོ་ཕིན་ལ་རྒྱབ་སྐྱོར་བྱས་ཡོད་པར་མ་ཟད། ཀྲའོ་ཙི་ཡང་གིས་སྐད་ཆར་སྤྱི་ཡོངས་ཀྱི་ངོས་ནས་ལྟ་སྟངས་ལོག་པ་བསྟན་ཡོད་ནའང་གནད་དོན་མཇུག་འབྲས་ལ་སེམས་ཁུར་ཆེན་པོ་བྱུང་ལུགས་དང་། ཁོ་ཚོ་ཏིན་ཞའོ་ཕིན་གྱི་ཁྱིམ་ནས་ཕྱིར་ཐོན་སྐབས་ལི་ཕིན་རང་ཉིད་ལ་ངར་སེམས་དང་བློ་སྟོབས་ཆེན་པོ་སྐྱེས་ཡོད་ནའང་། ཀྲའོ་ཙི་ཡང་བློ་ཕམ་ཡིད་ཆད་གྱི་གནས་སུ་ལྷུང་ཡོད་ཚུལ།  དེ་བཞིན་ཕྱི་ཟླ་ ༥ ཚེས་ ༡༩ ཡི་ཉིན་ཐོའི་ནང་དུ།  ཏིན་ཞའོ་ཕིན་གྱིས་དམག་མིས་དྲག་གནོན་སྐབས་ཅི་ཡོང་གང་ཡོང་གིས་གནོད་ཚབས་ཉུང་དུ་གཏོང་དགོས་མོད། ཡིན་ནའང་། ཁྲག་བཞུར་རྒྱུར་སྟ་གོན་བྱེད་དགོས་ཞེས་བརྗོད་ཡོད་ཚུལ་དང་།  ཡང་ཉིན་དེའི་ཉིན་ཐོའི་ནང་དུ་ལི་ཕིན་གྱིས་གསལ་འདོན་བྱས་དོན། ཅང་ཙེ་མིན་ཉིན་དེར་སྲིད་འཛིན་གསར་བར་བསྐོ་འཇོག་བྱ་རྒྱུར་མིང་འདོན་བྱས་པ་ཡིན་པ་དང་། ཚོགས་འདུ་མ་ཚོགས་སྔོན་ལ་ཏིན་ཞོའོ་ཕིན་གྱིས་ལི་ཕིན་ལ་ཁྱེད་ཀྱིས་མུ་མཐུད་སྲིན་བློན་གྱི་འགན་འཁུར་དགོས་རྒྱུ་དང་། ཅང་ཙེ་མིན་སྲིད་འཛིན་གསར་བར་སྐོ་འཇོག་ཐད་བསར་འཆར་དྲིས་པར། ལི་ཕིན་རང་ནས་ནུས་བ་གང་ཡོད་ཀྱིས་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་བསྟན་ཚུལ་དང་།   ཐེངས་དེའི་ཚོགས་འདུའི་སྟེང་ཏིན་ཞའོ་ཕིན་གྱིས་དངོས་སུ་ལི་ཕིན་དང་མགོ་ཁྲིད་གཞན་དག་ལ་ཅང་ཙེ་མིན་སྲིད་འཛིན་གསར་བར་བསྐོ་འཇོག་བྱས་པ་ཁྱབ་བསྒྲགས་བྱས་པའི་སྐོར་བྲིས་ཡོད་ལ།  དེ་རྗེས་ཅང་ཙེ་མིན་ཟླ་ ༥ པའི་ཚེས་ ༣༡ ཉིན་གནམ་གྲུར་བསྡད་དེ་པེ་ཅིན་དུ་ཐོན་པ་དང་། ཏིན་ཞའོ་ཕིན་གྱིས་ཉིན་དེ་རང་ལ་ཁོ་རང་སྲིད་འཛིན་གསར་བར་བསྐོ་འཇོག་དང་འབྲེལ་བའི་ཐག་གཅོད་ཀྱི་སྐོར་ཅང་ཙེ་མེན་ལ་བརྗོད་པར། ཅང་ཙེ་མིན་གྱིས་ལས་འགན་དེ་འཁུར་རྒྱུར་ཕྱི་བྱོལ་གྱིས་ཏང་གི་རྩ་འཛིན་ཡིག་ཆའི་གཏན་འབེབས་ལྟར་སྲིད་གཞུང་དང་ཏང་གི་འོས་འདེམས་བྱས་རྗེས་ད་གཟོད་ལས་འགན་དེ་ཁུར་རྒྱུ་ཡིན་ཚུལ་དང་། མ་མཐར་ཡང་ལི་ཕིན་གྱིས་ཟླ་ ༦ པའི་ཟླ་དཀྱིལ་བར་དུ་མུ་མཐུད་སྲིད་ཀྱི་འགན་དབང་འཁུར་དགོས་ཚུལ་བརྗོད་སྐོར་བྲིས་ཡོད་ལ།  ཟླ་ ༦ པའི་ཚེས་ ༣ གྱི་དགོང་མོར་ལི་ཕིན་རང་ཉིད་ཀྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་དམག་དཔུང་མངགས་གཏོང་རྩ་འཛུགས་ཀྱི་ཚོགས་འདུ་གཙོ་སྐྱོང་གནང་བཞིན་ཡོད་ལ། སྐབས་དེར་ཅང་ཙེ་མིན་གྱིས་ཉེ་འཁྲིས་ཀྱི་བཟོ་བསྐྲུན་ཐོག་ཁང་ཞིག་གི་བཞི་ཐོག་ཏུ་ཐེན་ཨན་མེན་ཐང་ཆེན་གྱི་གནས་ཚུལ་དངོས་ལ་ལྟ་ཞིབ་བྱེད་ཀྱིན་ཡོད་པའི་སྐོར་བཅས་བྲིས་ཡོད་འདུག  

གཞན་ཡང་། དྲུག་བཞི་སློབ་མའི་ལས་འགུལ་ལ་ཁྲག་དྲི་བྲོ་བའི་དམར་གསོད་དྲག་གནོན་བྱས་ཏེ་ལོ་འཁོར་ ༢༡ འཁོར་བའི་དུས་དྲན་གྱི་སྐབས་དང་བསྟུན་ནས། རྒྱལ་ཁབ་ཕྱི་ནང་གི་རྒྱ་རིགས་གཙོས་པའི་དམངས་གཙོ་དོན་གཉེར་བ་དག་གིས་འཛམ་གླིང་ཡུལ་ཕྱོགས་གང་སར་རྗེས་དྲན་གྱི་ལས་འགུལ་འདྲ་མིན་སྣ་ཚོགས་སྤེལ་བཞིན་ཡོད་པ་དང་། དེ་བཞིན་དམངས་གཙོ་ལས་དོན་ལ་བློ་མོས་ཅན་གྱི་འཛམ་གླིང་གི་གནད་ཡོད་མི་སྣ་དག་གིས་ཀྱང་རྣམ་པ་འདྲ་མིན་གྱི་ལམ་ནས་དམངས་གཙོ་འཐབ་རྩོད་བ་དག་ལ་རྒྱབ་སྐྱོར་གྱི་རྣམ་པ་བསྟན་ཡོད་པ་རེད།

ལོ་འདིའི་ཕྱི་ཟླ་ ༦ ཚེས་ ༣ ཉིན་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ནེན་སེ་ཕེ་ལའོ་སེ་མཆོག་གིས་ཡིག་ཐོག་ནས་གསལ་བསྒྲགས་སྤེལ་དེ། ལོ་ངོ་ ༢༡ གི་ཡར་སྔོན་གྱི་དེ་རིང་། རྒྱ་ནག་གི་སློབ་མ་དང་བཟོ་བ། གྲོང་མི་སྟོང་ཕྲག་མང་པོ་ཐེན་ཨན་མེན་ཐང་ཆེན་དུ་འདུ་འཛོམས་ཀྱིས། སྲིད་གཞུང་གི་རུལ་སུངས་དག་ཐེར་དང་དམངས་གཙོ་བཅོས་བསྒྱུར་ཐད་རྒྱལ་ཁབ་ཀྱི་མགོ་ཁྲིད་དང་ཐད་ཀར་གླེང་མོལ་བྱ་རྒྱུའི་རེ་འདུན་བཏོན་ཡོད། འོན་ཀྱང་། སྲིད་གཞུང་གིས་དམག་དཔུང་ལ་བཀའ་མངགས་བཏང་སྟེ་རང་ཉིད་ཀྱི་མི་དམངས་ལ་དྲག་གནོན་བྱས་པ་རེད། ང་ཚོས་ད་དུང་སྐྱོ་གར་དེ་བརྗེད་མེད། དྲུག་བཞིའི་སྙིང་སྟོབས་དེ་སྐུ་ཞབས་ལིག་ཞའོ་པའོ་སོགས་མི་མང་པོའི་སེམས་ཁོང་དུ་གསོན་པོར་གནས་ཡོད་པར་མ་ཟད། ཁོ་ཚོས་བློ་སྤོབས་ཆེན་པོའི་རང་དབང་གི་སྐད་སྒྲ་བསྒྲོག་བཞིན་ཡོད། ཉེ་ལམ་ཧོང་ཀོང་གི་དམག་མིས་དམངས་གཙོའི་ལས་འགུལ་བ་རྣམས་འཇུ་བཟུང་བྱས་ཡོད་པར་མ་ཟད་རང་དབང་ལྷ་མོའི་སྐུ་བརྙན་དེ་བཙན་འཕྲོག་བྱས་ཡོད། ཨ་རི་ནི་ངེས་པར་དུ་དམངས་གཙོ་དང་། སྨྲ་བརྗོད་རང་དབང་། འདུ་འཛོམས་རང་དབང་བཅས་རྩོད་ལེན་བྱེད་མཁན་གྱི་ཧོང་ཀོང་མི་དམངས་ཀྱི་ཕྱོགས་སུ་ལངས་དགོས” ཞེས་བརྗོད་ཡོད་པ་རེད།

གསར་འགྱུ་རའབྲི་མཁན། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

 (Image: Cheng Xin/Getty Images)
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་འགྲོ་འོང་གི་ཁྲིམས་ཡིག་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་འདུག

སྐར་མ ༣༧ སྔོན་ལ།
The Gao brothers (pictured) rose to prominence in China's art scene during the 1990s and 2000s, earning a global reputation for works that skewered the politics of their homeland
Mobile App

མའོ་ཙེ་ཏུང་ལ་ཟུར་ཟ་བྱས་པའི་ཉེས་མིང་འོག་སྒྱུ་རྩལ་བ་ཞིག་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

ཆུ་ཚོད་ ༡ སྔོན་ལ།
པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

ཆུ་ཚོད་ ༡༧ སྔོན་ལ།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༥
Mobile App

སྲིད་སྐྱོང་མཆོག་གིས་ས་གནས་མགོ་འཛིན་རྣམས་ཆོལ་ཁའི་རྩོད་རྙོག་ཁྲོད་འཛུལ་མི་ཉན་པར་དཀྱིལ་དུ་བསྡད་དགོས་པའི་སྐུལ་མ་གནང་། 

༢༠༢༦/༠༨/༢༥
On May 21, climbers seen on top of Mt Everest with Tibetan flag and photo of Dalai Lama. Photo: Kalachakra by His Holiness the Dalai Lama/Facebook
Mobile App

རྒྱ་ནག་གཞུང་གིས་བོད་ཕྱོགས་ནས་ཇོ་མོ་གླང་མར་འཛེགས་རྒྱུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༢༥
TT
Mobile App

བོད་མི་ཡོངས་ནས་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་ལས་འགུལ་སྤེལ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ།

༢༠༢༦/༠༨/༢༥

མཆན། 5

  1. ལྷ་མ་ཡིན། says:
    ལོ་ 16 སྔོན།

    ལིའི་ཕུན་ནི་མི་གསོད་ཁྲག་བཞུར་བྱེད་མཁན་གྱི་ལག་དམར་ཞིག་རེད།

    Reply
  2. ཚེ་རིང་། says:
    ལོ་ 16 སྔོན།

    ལི་ཕིན་གྱི་ཉིན་ཐོ་འདི་པར་འགྲེམས་བྱས་པ་ཙམ་གྱིས་ལི་ཕིན་དཀར་པོ་ཡིན་པ་སྒྲུབ་དཀའ་མོད། ཡིན་ནའང་། ཉིན་ཐོ་འདི་ལི་ཕིན་མ་ཤི་སྔོན་ལ་ས་ཁར་བུད་པ་འདིས་རྒྱ་ནག་དཔོན་རིགས་ཚོའི་ནང་འགལ་ཇེ་ཆེ་རུ་སོང་སྟེ་ཛ་དྲག་གི་གནས་སྟངས་ལ་གྱར་ཡོད་པ་མཐོང་ཐུབ་པར་སེམས། འདིས་རྒྱ་ནག་གཞུང་དམངས་གཉིས་ཀ་གཅིན་བྱེད་ཀྱི་ཏང་གི་སྒྲིག་གཞི་དང་། ཏང་གི་དམ་བཅའ། ཏང་གི་རྩ་འཛུགས་ཡོད་ཚད་ནུས་མེད་དུ་གྱུར་ཏེ་འཐོར་ལ་ཉེ་ཞིང་། ཐ་ན། ཏང་ནང་ཁུལ་གྱི་དཔོན་རིགས་མཐོན་པོ་རྣམས་ཀྱིས་ཀྱང་གཅིག་སྐོང་གཅིག་གིས་བྲིས་ཏེ་རང་མགོ་གང་ཐོན་བྱེད་བཞིན་པའི་སྣང་ཚུལ་དེ་ཇེ་གསལ་ཏུ་གྱུར་ཡོད།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    ་་་ལས་འགུལ་ལ་དྲག་གནོན་གྱིས་མང་ཚོགས་དམར་གསོད་གཏོང་མཁན་གྱི་བྱེད་གཏེ་དེ་ཡིན་པར་སེམས་ཀྱིན་ཡོད་པར་བརྟེན། ལི་ཕིན་གྱིས་ཁོ་རང་ཉིད་ཀྱི་དེབ་དེ་སྔ་མོ་ནས་འདོན་ཐུབ་རྒྱུར་རེ་བ་འཆང་ཡོད་ནའང། ཧའོ་ཅིན་ཐའོ་དང་ཝུན་ཇ་པའོ་ཡིས་བཀག་འགོག་བྱས་པའི་རྐྱེན་གྱིས་འདོན་ཐུབ་མེད་པ་རེད། །་་་་

    Reply
  4. ནམ་མཁའ་བསྟན་འཛིན། says:
    ལོ་ 16 སྔོན།

    ཚེ་རིང་རྒྱལ་ལགས་ཀྱིས་གནས་ཚུལ་འདི་ཞིབ་ཚགས་ངང་མཁོ་སྤྲོད་གནང་བར་ཐུགས་རྗེ་ཆེ། ཚེས་བཞིའི་ཉིན་གནས་ཚུལ་འདི་བྷིས་བྷིས་སིས་ནས་སྤེལ་བ་དང་ལས་ཞོར་ནས་བདག་གི་ཟིན་བྲིས་སུ་ངོ་སྤྲོད་ཐུང་ངུ་ཞིག་སྤེལ་ཡོད་ཀྱང་མང་པོ་དོ་སྣང་བྱུང་མི་འདུག རྒྱུ་མཚན་ང་ཚོའི་ཟིན་བྲིས་བའི་ནང་བརྒྱུན་པར་དྲ་ཚིགས་གཞན་བསྔོགས་ད་དུང་ཉུང་ངུ་ཡིན་པ་འདྲ། གོང་གི་གནས་ཚུལ་འདིའི་སྟེང་ནས་ང་ཚོས་ང་ཕོད་འདས་བོ་ལ་ཕྱིར་དྲན་ཐེངས་གཅིག་བྱས་ན་འོས། ལིས་ཕིན་ལོ་གྱ་གཅིག་ལ་སླེབས་རྗེས་མཐར་གནས་ཚུལ་གལ་ཆེན་ཞིག་ཕྱི་ལ་བཏོན་པ་རེད། འོན་ཀྱང་ང་ཕོད་ལོ་བཅུ་དགུ་ཡིས་མང་བར་བསྡད་པའི་རིང་བོད་གནས་ཉམ་ཞིབ་པ་ཚོས་རེ་བ་ཞིག་བཅིངས་བ་རེད། འོ་ལིས་ཕིན་ད་དུང་འཆི་ཡོད་པ་མ་རེད། སྨན་ཁང་ཞིག་ཏུ་ཡོད་འདུག

    Reply
  5. གངས་རྡེའུ། says:
    ལོ་ 16 སྔོན།

    ཨ་མའི་བུ་ཞིག་གིས་ཉིན་ཐོ་འདི་ཡང་བོད་ཡིག་ལ་བསྒྱུར་ཐུབ་སོང་ན་ངས་ཀྱང་ཀློག་ཐུབ་རྒྱུ་རེད། ཧ་ཅང་བཟང་གི ཐུགས་རྗེས་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese