མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཚོགས་གཙོར་བསྐོ་བཞག

བོད་ཀྱི་དུས་བབ།
༢༠༡༠/༠༦/༡༠
Share on FacebookShare on TwitterShare on EmailShare on Whatsapp

བོད་མི་ངག་དབང་ཆོས་འཕེལ་ལགས་རྒྱལ་སྤྱིའི་ནང་ངོས་འཛིན་མ་ཐོབ་པའི་རྒྱལ་ཁབ་དང་མི་མང་གི་ཚོགས་པའི་ཚོགས་གཙོར་བསྐོ་གཞག་གནང་ཡོད་འདུག

གསར་ལམ་དུ་གནས་ཚུལ་སྤེལ་བ་ལྟར་ན། སྐབས་བཅུ་བའི་རྒྱལ་སྤྱིའི་ངོས་འཛིན་མེད་པའི་རྒྱལ་ཁབ་དང་མི་མང་གི་ཚོགས་པ་ UNPO ཡི་ལོ་འཁོར་ཚོགས་ཆེན་དེ་ཟླ་སྔོན་མའི་ཕྱི་ཚེས་ ༢༧ ནས་ ༣༠ བར་ཨི་ཊ་ལིའི་རྒྱལ་ས་རོམ་ནང་སྐོང་འཚོགས་གནང་ཡོད་འདུག་ལ། ཚོགས་འདུའི་མཇུག་སྡོམ་སྟེང་བོད་མི་ངག་དབང་ཆོས་འཕེལ་ལགས་ཚོགས་པ་འདི་ཉིད་ཀྱི་ཚོགས་གཙོར་བསྐོ་གཞག་དང་།  ཨབ་ཀཱ་ཛའི་ Abkhazia  ཡི་ལྕམ་ལཱ་ན་ཨ་གྷར་བྷ་ལགས་ཚོགས་གཞོན་དུ་བསྐོ་གཞག་གནང་ཡོད་པ་རེད། ཐེངས་འདིའི་ལོ་འཁོར་ཚོགས་ཆེན་དང་སྟབས་བསྟུན་ཚོགས་པ་འདིས་མ་འོངས་པར་བོད་དོན་རྒྱབ་སྐྱོར་གྱི་སྐོར་ལ་གྲོས་ཆོད་ཁག་ཅིག་བཞག་ཡོད་པ་དང་། དེའི་ནང་བོད་དང་སོག་པོ། ཡུ་གུར་མི་རིགས་བཅས་ཀྱི་རང་དབང་འཐབ་རྩོད་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་ཞུ་རྒྱུ་དང་། དེ་བཞིན་གོང་གསལ་གྱི་ཡུལ་གྲུ་དེ་དག་ནང་རྒྱ་རིགས་མང་པོ་གནས་སྤོར་གྱི་སྲིད་བྱུས་ལག་བསྟར་བྱས་རྐྱེན། ཆོས་དང་རིག་གཞུང༌། མི་རིགས་ཀྱི་ངོ་བོ་བཅས་པ་རྩ་བརླག་ཏུ་འགྲོ་རྒྱུའི་ཉེན་ཁ་ཡོད་པའི་སྐོར་ཡང་བརྗོད་ཡོད་པ་རེད། 

རྒྱལ་སྤྱིའི་ངོས་འཛིན་མ་ཐོབ་པའི་རྒྱལ་ཁབ་དང་མི་མང་གི་ཚོགས་པ་དེ་ནི། ཕྱི་ལོ་ ༡༩༩༡ ལོར་གསར་འཛུགས་གནང་བའི་ཚོགས་པ་ཞིག་ཡིན་ཞིང་། ད་སྐབས་རྒྱལ་སྤྱིའི་ནང་གི་ཚོགས་པ་ཆེན་པོ་ཞིག་ཏུ་གྲུབ་ཡོད་ཀྱང་། མཉམ་འབྲེལ་རྒྱལ་ཚོགས་ལྟ་བུ་རྒྱལ་སྤྱིའི་གླེང་སྟེགས་ནང་ངོས་འཛིན་ཐོབ་ཐུབ་ཀྱི་མེད་པ་རེད། ད་ལྟའི་ཆར་ཚོགས་པ་དེའི་ནང་རྒྱལ་ཁབ་དང་མི་མང་གི་ཚོགས་མི་ ༦༠  ཙམ་ཡོད་འདུག་ལ། ཚོགས་མི་དེ་དག་ཀྱང་གདོད་མའི་མི་རིགས་དང་གྲངས་ཉུང་མི་རིགས། རྒྱལ་སྤྱིའི་ངོས་འཛིན་མ་ཐོབ་པའམ་བཙན་འཛུལ་བྱས་པའི་ཡུལ་གྲུ་ཁག་གི་ཚོགས་མི་ཤ་སྟག་ཡིན་འདུག ཚོགས་མི་རྣམས་ཀྱིས་སོ་སོའི་རྒྱལ་ཁབ་དང་ས་ཆའི་ནང་འགྲོ་བ་མིའི་ཐོབ་ཐང་དང་རིག་གཞུང༌། ཁོར་ཡུག་སྲུང་སྐྱོབ་དང་རྩོད་རྙོག་སོགས་འཚེ་བ་མེད་པའི་ལམ་ནས་སེལ་ཐབས་ལ་འབད་བརྩོན་བྱེད་ཀྱིན་ཡོད་པ་རེད། ཐེངས་འདིར་ཚོགས་གཙོ་བསྐོ་བཞག་གནང་བའི་བོད་མི་ངག་དབང་ཆོས་འཕེལ་ལགས་ནི།  སྔོན་མ་བཙན་བྱོལ་བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་ལས་ཀྱི་གནས་རིམ་ཐོག་ཕྱག་ལས་གནང་མྱོང་བ་དང་།  ཕྱིས་སུ་ ༢༠༠༥ ལོར་སུད་སི་རྒྱལ་ས་ཇི་ནི་ཝའི་ནང་རྟེན་གཞི་བྱས་པའི་བོད་ཀྱི་དོན་གཅོད་ཁང་དུའང་ལོ་ངོ་དུ་མའི་རིང་ཕྱག་ལས་གནང་མྱོང་བར་མ་ཟད། བོད་དོན་དང་འབྲེལ་བའི་གནས་ཚུལ་གང་མང་ཞིག་རྒྱལ་ཁབ་གཞན་གྱི་སྐུ་ཚབ་བརྒྱུད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྡིངས་ཆའི་སྟེང་ཕུལ་བར་འབད་བརྩོན་གནང་མྱོང་མཁན་གྱི་མི་སྣ་ཞིག་ཡིན་འདུག

གསར་འགོད་པ་དོན་གོ། 

འབྲེལ་ཡོད་གསར་འགྱུར།

Mobile App

མཉམ་འབྲེལ་གྱི་གཞི་རྩའི་ནང་བསམ་བློ་མཉམ་འབྲེལ་གྱིས་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་དང་གཅིག་ཕན་གཅིག་རོགས་དགོས་གལ་ཆེ་སྐོར་གསུངས།

ཆུ་ཚོད་ ༡༠ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག དགའ་ལྡན་ཕོ་བྲང་གི་སྐུ་པར།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐུགས་གསོའི་གསུང་འཕྲིན་བསྩལ།

ཆུ་ཚོད་ ༡༡ སྔོན་ལ།
Image from CCTV footage shows the border in Gyirong, Tibet, China, August 26, 2026
Mobile App

ར་སུ་ཝ་དགེ་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་མི་རྒྱུ་གཉིས་ལ་ཆུ་ལོག་གི་གནོད་འཚེ་ཤུགས་ཆེན་ཐེབས། 

ཆུ་ཚོད་ ༡༥ སྔོན་ལ།
 (Image: Cheng Xin/Getty Images)
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་འགྲོ་འོང་གི་ཁྲིམས་ཡིག་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༨/༢༦
The Gao brothers (pictured) rose to prominence in China's art scene during the 1990s and 2000s, earning a global reputation for works that skewered the politics of their homeland
Mobile App

མའོ་ཙེ་ཏུང་ལ་ཟུར་ཟ་བྱས་པའི་ཉེས་མིང་འོག་སྒྱུ་རྩལ་བ་ཞིག་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

༢༠༢༦/༠༨/༢༦
པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

༢༠༢༦/༠༨/༢༦

མཆན། 9

  1. སེར་སྨད་བློ་དགའ། says:
    ལོ་ 16 སྔོན།

    ཚོགས་པ་འདི་དང་འདི་འདྲ་བས་མི་རིགས་མཐུན་འབྲེལ་དང་དེས་ཟམ་པ་བྱས་ནས་བོད་རྒྱ་མི་རིགས་གཉིས་ཀྱི་གནད་དོན་སེལ་དགོས་ཀྱི་ཡོད་པ་ཡིན་དུས། ཚོགས་པ་དེར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ངང་གིས་ཞུ་དགོས་བྱུང་ལ་དགའ་བཞིན་སྤྲོ་བཞིན་དུ་ཞུ་ཡི་ཡིན།

    Reply
  2. ལུང་རྟོགས། says:
    ལོ་ 16 སྔོན།

    ངག་དབང་ཆོས་འཕེལ་ལགས་ལ་འཚམ་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ།

    Reply
  3. རང་རྟོན། says:
    ལོ་ 16 སྔོན།

    དགའ་བསུ་ཞུ།
    ཨ་མའི་བུ།
    ཤུ་རེ་བྱོས།
    རེ་བ་ཡོད།

    Reply
  4. བཟོད་པ་ལྷ་རྩེ། says:
    ལོ་ 16 སྔོན།

    བོད་མི་ཞིག་ལ་རྒྱལ་སྤྱིའི་ཚོགས་པ་དེ་འདྲ་ཞིག་གི་ཚོགས་གཙོ་རེག་པ་དགའ་བསུ་དང་སེམས་ཏིང་ནས་བཀྲིས་བདེ་ལེགས་ཞུ་བཞིན་ཡོད་ལའང་ལས་དོན་ནུས་པ་སྒྲུབ་ཐུབ་པའི་སྨོན་འདུན་བཞུ༎

    Reply
  5. རྟོག་སད་ཀྱི་སྨྱུ་བུ། says:
    ལོ་ 16 སྔོན།

    སྐུ་ཉིད་རྒྱལ་སྤྱི་ནང་ངོས་འཛིན་མ་ཐོབ་པའི་རྒྱལ་ཁབ་དང་མི་མང་གི་ཚོགས་པའི་ཚོགས་གཙོ་བསྐོས་གཞག་བྱུང་བ་དེ་ལ་འཚམས་འདྲི་ཞུ་བ་དང་ཆབ་ཅིག་མ་འོངས་བོད་ཀྱི་ལས་དོན་ལ་གྲུབ་འབྲས་ཐོན་པའི་ལས་ཀ་ཞིག་བྱེད་ཐུབ་པའི་རེ་བ་ཡོད།།

    Reply
  6. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 16 སྔོན།

    ངག་དབང་ཆོས་འཕེལ་ལགས་ལ་སྙིང་ནས་རྟེན་འབྲེལ་དང་ལས་དོན་རྣམས་རེ་བ་བཞིན་འགྲུབ་པའི་སྨོན་ལམ་ཞུ།

    Reply
  7. མིག་གསུམ་པ། says:
    ལོ་ 16 སྔོན།

    ང་ཚོ་བོད་མི་རིགས་ཀྱི་ནང་ལ་འདི་འདྲའི་མི་འཇོན་ཐང་ཅན་ཡོད་ན། བོད་འགྱེལ་ས་ནས་ལངས་ཐུབ་པའི་རེ་བ་མི་དམན་པ་ཡོད་ཀི ཁོང་གི་བྱ་བ་ལམ་འགྲོ་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ།

    Reply
  8. སྣང་རྒྱལ་ཤེར་དགེ says:
    ལོ་ 16 སྔོན།

    གཏམ་བཟང་ཐོས་པས་སེམས་པ་དགའ། དོན་བཟང་འགྲུབ་པའི་སྔ་ལྟས་འདི། བོད་ཀྱི་ལས་དབང་འདེགས་པ་ཡི། ཀ་བ་ཞིག་ཏུ་འགྱུར་བར་སྨོན།

    Reply
  9. བློ་གྲོས་རྒྱལ་པོ། says:
    ལོ་ 16 སྔོན།

    ངས་འདི་གསལ་བོ་ཞིག་མགོ་འཚོས་མ་སོང་། བོད་འདི་ངོས་འཛིན་མ་ཐོབ་པའི་རྒྱལ་ཁོངས་་་་་་་་་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese