མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཛམ་གླིང་རྐང་སྤོལ་གསེར་བུམ་འགྲན་རྩོད།

བོད་ཀྱི་དུས་བབ།
༢༠༡༠/༠༦/༡༡
Share on FacebookShare on TwitterShare on EmailShare on Whatsapp

 

༢༠༡༠ ལོའི་འཛམ་གླིང་རྐང་སྤོལ་རྩེད་འགྲན་ནི་དེ་རིང་ཕྱི་དྲོའི་ཆུ་ཚོད་ ༧ དང་སྐར་མ་ ༣༠ སྟེང་ལྷོ་ཨ་ཧྥུ་རི་ཁའི་རྒྱལ་ས་ཇོ་ཧན་ནིས་སི་བྷག Johannesburg  དུ་འགྲན་མགོ་ཚུགས་རྒྱུ་དང་། ཐོག་མའི་འགྲན་རྩེད་རུ་ཁག་གཉིས་ནི་ལྷོ་ཨ་ཧྥི་རི་ཁ་དང་མེག་སེ་ཁའོ་གཉིས་རེད། དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་དགུང་ལོ་ ༩༡ལ་ཕེབས་པའི་ལྷོ་ཨ་ཧྥི་རི་ཁའི་ཞི་བདེ་དེད་དཔོན་ཆེན་མོ་ནེལ་སོན་མན་ཌ་ལ་ཕེབས་འཆར་ཡིན་ཡང་། ཁོང་གི་ཚ་མོ་ཞིག་ཁ་སང་དགོང་མོ་རླངས་འཁོར་བརྡབ་སྐྱོན་གྱིས་འདས་གྲོངས་སུ་ཕྱིན་སྟབས་ཁོང་ཕེབས་ཐུབ་ཡོད་མི་འདུག

ལྷོ་ཨ་ཧྥི་རི་ཁའི་ཞི་བདེའི་དེད་དཔོན་ནེལ་སོན་མན་ཌ་ལ་ཐེབས་རྩ་ཁང་གིས་ནེལ་སོན་མན་ཌ་ལ་ཁོང་ཉིད་མཛད་སྒོར་ཕེབས་ཐུབ་རྒྱུ་མིན་པའི་གསལ་བསྒྲགས་བྱས་ཀྱང་། མཛད་སྒོ་དེ་ནི་མུ་མཐུད་ནས་ཨ་ཧྥི་རི་ཁའི་གཟི་བརྗིད་ཅིག་ཏུ་བརྩིས་ཏེ་དགའ་སྤོབས་ཀྱི་ངང་འཚོགས་རྒྱུ་ཡིན་པའི་གསལ་བསྒྲགས་བསྐྱངས་ཡོད་པ་རེད།

ད་ལོའི་འཛམ་གླིང་རྐང་སྤོལ་རྩེད་འགྲན་ཐེངས་བཅུ་དགུ་པ་འདི་ནི་ལྷོ་ཨ་ཧྥུ་རི་ཁར་འཚོགས་པའི་འཛམ་གླིང་རྐང་སྤོལ་རྩེད་འགྲན་ཐོག་མ་དེ་ཆགས་ཡོད། རྐང་སྦོལ་རྩེད་འགྲན་འདིར་འཛམ་གླིང་གླིང་ཆེན་ལྔའི་རྒྱལ་ཁབ་༣༢ ཀྱི་རྐང་སྤོལ་རྩེད་འགྲན་རུ་ཁག་མཉམ་ཞུགས་དང་། ལྷོ་ཨ་ཧྥུ་རི་ཁའི་གྲོང་ཁྱེར་དགུའི་རྩེད་འགྲན་ར་བ་བཅུའི་ནང་དུ་ཁྱོན་བསྡོམས་འགྲན་ཐེངས་ ༦༤ བརྒྱུད་འཛམ་གླིང་རྐང་སྤོལ་གསེར་གྱི་བུམ་པ་འགྲན་བརྩོད་བྱ་རྒྱུ་རེད།  དེ་རིང་ཕྱི་དྲོའི་ཆུ་ཚོད་ ༧ དང་སྐར་མ་ ༣༠ སྟེང་ལྷོ་ཨ་ཧྥུ་རི་ཁའི་རྒྱལ་ས་ཇོ་ཧན་ནིས་སི་བྷག་ཏུ། ཐེངས་བཅུ་དགུ་པའི་འཛམ་གླིང་རྐང་སྤོལ་རྩེད་འགྲན་གྱི་མགྲོན་བདག་རྒྱལ་ཁབ་ལྷོ་ཨ་ཧྥུ་རི་ཁ་(South Africa) དང་མེག་སི་ཁོ ( Mexico) གཉིས་བར་ཐེངས་འདིའི་རྐང་སྤོལ་འགྲན་བསྡུར་གྱི་འགྲན་རྩོད་ཐོག་མ་དེ་བྱ་རྒྱུ་རེད། ཕྱི་ཚེས་ ༡༢ ཉིན་ནས་བཟུང་རྒྱ་གར་གྱི་ཕྱི་དྲོའི་ཆུ་ཚོད་ ༥ དང་ཆུ་ཚོད་ ༧ ། མཚན་མོའི་ཆུ་ཚོད་ ༡༢ བཅས་སུ་ཉིན་རེར་འགྲན་ཐེངས་གསུམ་རེ་རྩེད་རྒྱུ་དང་།  ཐོག་མའི་འགྲན་རྩོད་རིམ་པ་དེ་འགྲན་བསྡུར་རུ་དཔུང་ ༨ དུ་ཁག་བགོས་ཏེ་འགྲན་བསྡུར་བྱས་རྗེས་རུ་དཔུང་རེ་ནས་རྩེ་གྲོས་རུ་ཁག་གཉིས་རེ་བདམས་ཐོན་དང་། དེ་རྗེས་འགྲན་བསྡུར་རུ་ཁག་གཉིས་རེ་བར་ཐད་ཀར་རྒྱལ་ཕམ་འགྲན་རྩོད་བརྒྱུད། ཕྱི་ཟླ་ ༧ པའི་ཚེས་ ༡༡ ་མཚན་མོའི་ཆུ་ཚོད་ ༡༢ སྟེང་ཆེས་མཐའ་མའི་རྟིང་རྩོད་འགྲན་བསྡུར་བྱ་རྒྱུ་རེད།

ཐེངས་འདིའི་འཛམ་གླིང་རྐང་སྤོལ་འགྲན་བསྡུར་གྱི་དབུ་འབྱེད་མཛད་སྒོ་ནི་ཕྱི་དྲོའི་ཆུ་ཚོད་ ༥ :༣༠ (རྒྱ་གར་ཆུ་ཚོད) སྟེང་ལྷོ་ཨ་ཧྥཱུ་རི་ཁའི་རྒྱལ་ས་ཇོ་ཧན་ནིས་སི་བྷག ་གི་རྐང་སྤོལ་རྩེད་འགྲན་ར་བར་ཚུགས་རྒྱུ་ཡིན་པ་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་དགུང་ལོ ༩༡ ་ལ་སོན་པའི་ལྷོ་ཨ་ཧྥུ་རི་ཁའི་ཞི་བདེ་དེད་དཔོན་ཆེན་མོ་ནེལ་སོན་མན་ཌ་ལ་མཆོག་ཕེབས་ཏེ་སྐར་མ་ ༡༥ རིང་ལ་ཚོགས་རར་བཞུགས་འཆར་ཡོད་ནའང་། ཁོང་གི་ཚ་མོ་ཞིག་རླངས་འཁོར་བརྡབ་སྐྱོན་གྱིས་རྐྱེན་ལམ་དུ་སོང་བར་བརྟེན་ཕེབས་ཐུབ་མེད་པ་རེད། ཆུ་ཚོད་ཕྱེད་ཀའི་རིང་གི་དབུ་འབྱེད་མཛད་སྒོའི་ཐོག་འཛམ་གླིང་གི་སྙན་གྲགས་ཅན་གྱི་གླུ་བ་དང་གླུ་མ། ཞབས་བྲོ་བ། འཁྲབ་སྟོན་པ། སྒྱུ་རྩལ་བ་བཅས་མི་གྲངས་༡༥༨༡ མཉམ་ཞུགས་དང་། དེ་བཞིན་རྒྱལ་ཁབ་ ༢༡༤ ནས་སླེབས་པའི་གསར་འགོད་པ་ ༥༠༠ ལྷག་གིས་དུས་གཅིག་ཏུ་འཛམ་གླིང་ཡུལ་གྲུ་སོ་སོའི་ལྟད་མོ་བ་མི་གྲངས་དུང་ཕྱུར  ༣༠ ལྷག་ལ་བརྙན་འཕྲིན་དང་། དྲ་བ། རླུང་འཕྲིནསོགས་བརྒྱུད་གནས་ཚུལ་མཁོ་གཏོང་བྱ་རྒྱུ་རེད། ཟླ་གཅིག་རིང་གི་རྐང་སྤོལ་འགྲན་རྩེད་སྐབས་དཔྱད་བརྗོད་པ་དང་བརྙན་ལེན་པ། ལག་རྩལ་བ་བཅས་ཆེད་མཁས་པ་ཆིག་ཁྲི་སུམ་སྟོང་ལྷག་གིས་བསྡོམས་པས་ཆུ་ཚོད་ ༧༣༠༠༠ གི་དུས་ཡུན་རིང་ ཕྱག་ལས་གནང་སྟེ་འཛམ་གླིང་ཡུལ་གྲུ་སོ་སོར་རྩེད་འགྲན་ལྟད་མོ་ཐད་གཏོང་བྱ་བཞིན་ཡོད་འདུག 

ནེལ་སོན་མན་ཌ་ལ་མཆོག་གི་ཚ་མོ་ལོ་ ༡༣ ལ་སོན་པ་ཁ་སང་དགོང་མོ་རྐང་སྤོལ་རྩེད་འགྲན་གྱི་སྔོན་འགྲོའི་གླུ་གར་གཟིགས་འབུལ་ཞིག་ལ་བཅར་ཏེ་ཕྱིར་ལོག་སྐབས་ལམ་བར་ནས་རླངས་འཁོར་གདོང་ཐུག་བརྒྱབ་སྟེ་འདས་གྲོངས་སུ་གྱུར་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

ཆུ་ཚོད་ ༢༢ སྔོན་ལ།
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

མཆན། 12

  1. མཚོ་ཚང་བཀྲིས། says:
    ལོ་ 16 སྔོན།

    རྩོམ་བསྒྲིགས་པ་ལགས། དོན་མེད་རྙོག་དྲ་བཟོས་པ་དེ་འདྲ་མིན། ཁྱེད་རང་གིས་སྙན་ངག་ཡིན་པ་ལྟ་བུའི་འགྲེལ་ཞིག་བརྒྱབ་འདུག་ཀྱང༌། ང་མགོ་འཐོམ་དགོས་པའི་རྒྱུ་མཚན་ནི་གཤམ་གསལ།

    སྐུ་མགྲོན་གཙོ་བོ་དང་པོ།
    མིང༌། ནེལ་སོན་མན་ཌ་ལ།
    ལོ། ༩༡
    ལུང་པ། ལྷོ་ཨ་ཧྥི་རི་ཁ།
    ཡོང་མ་ཐུབ་པའི་དོན་རྐྱེན། ཚ་མོ་ཞིག་ཁ་སང་དགོང་མོ་རླངས་འཁོར་བརྡབ་སྐྱོན་གྱིས་འདས་གྲོངས་སུ་ཕྱིན།

    སྐུ་མགྲོན་གཙོ་བོ་གཉིས་པ།
    མིང་། ནེལ་སན་མན་སྒྲེ་ལ།
    ལོ། ༩༢
    ལུང་པ། ལྷོ་ཨ་ཧྥུ་རི་ཁ།
    སྐུ་གཟུགས་བདེ་མིན་གྱི་རྐྱེན་པས་སྐར་མ་ ༡༥ རིང་ལ་མ་གཏོགས་ཚོགས་རར་བཞུགས་རྒྱུ་མིན་པ་རེད།

    གཟིགས་དང་མི་གཅིག་གི་མིང་དང་ལུང་པའི་དག་ཆ་ལོ་བཅས་ནོར་འདུག་པ་མ་ཟད། ཁོང་སྐུ་མགྲོན་དུ་ཕེབས་མ་ཐུབ་པའི་རྒྱུ་མཚན་ཡང་ཧ་ཅང་མི་མཚུངས་པ་བཀོད་འདུག་ན་ངེད་ཀློག་པ་པོ་ཚོར་ཁག་ཅི་ཡོད།

    Reply
  2. དུས་ཀྱི་དགོས་མཁོ། says:
    ལོ་ 16 སྔོན།

    མཛད་སྒོའི་སྐུ་མགྲོན་གཙོ་བོར་དགུང་ལོ ༩༢ ་ལ་སོན་པའི་ལྷོ་ཨ་ཧྥུ་རི་ཁའི་ཞི་བདེ་དེད་དཔོན་ཆེན་མོ་ནེལ་སན་མན་སྒྲེ་ལ་མཆོག་ཕེབས་རྒྱུ་ཡིན་ནའང་། སྐུ་གཟུགས་བདེ་མིན་གྱི་རྐྱེན་པས་སྐར་མ་ ༡༥ རིང་ལ་མ་གཏོགས་ཚོགས་རར་བཞུགས་རྒྱུ་མིན་པ་རེད།
    སྐུ་མགྲོན་གཙོ་བོར་དགུང་ལོ་ ༩༡ ལ་ཕེབས་པའི་ལྷོ་ཨ་ཧྥི་རི་ཁའི་ཞི་བདེ་དེད་དཔོན་ཆེན་མོ་ནེལ་སོན་མན་ཌ་ལ་ཕེབས་འཆར་ཡིན་ཡང་། ཁོང་གི་ཚ་མོ་ཞིག་ཁ་སང་དགོང་མོ་རླངས་འཁོར་བརྡབ་སྐྱོན་གྱིས་འདས་གྲོངས་སུ་ཕྱིན་སྟབས་ཁོང་ཕེབས་ཐུབ་ཡོད་མི་འདུག
    རེད་ལོ་ཚད་ནོར་བ་བདེན་པ་རེད་འོནད་ཀྱང་འདི་ལ་མགོ་མི་གོ་བ་གང་འདུག་སྤྱིར་སྐར་མ་༡༥ ལས་ཚོགས་རར་ཕེབས་འཆར་མེད་ཅིང་དེའང་ཚ་མོའི་དོན་རྐྱེན་གྱིས་ཕེབས་མ་ཐུབ་རེད་ཅེས་གོ་བ་ལེན་དགོས་པ་རེད།

    Reply
  3. བསྟན་འཛིན་ཚེ་དཔག says:
    ལོ་ 16 སྔོན།

    རྐང་རྩེད་སྤོ་ལོ་ལ་བལྟས་ནས་ཉིན་མཚན་གོ་བརྗེས་ཀྱིས་ཡོད། ལྟད་མོ་འདི་ལས་ཆེ་བ་མི་འདུག

    Reply
  4. དུག་ཚེར། says:
    ལོ་ 16 སྔོན།

    མི་མང་གི་ཆེས་དགའ་གསུ་ཐོབ་པའི་ལུས་རྩལ་གྱི་འགྲན་ཚོགས་འདི་ནི་མི་རིགས་ས་ུས་ལ་ཡང་ཡོད་དགོས་པའི་བྱ་བཞག་ཞིག་ཡིན་པའི་ཆ་ནས་ལྟས་ན་ཧ་ཅང་གི་ལེགས་པོ་རེད།

    Reply
  5. རང་རྟོན། says:
    ལོ་ 16 སྔོན།

    རྟེན་འབྲེལ་ཞཱུ།མཛའ་བརྩེའི་ངང་རྩེད་མོ་རྩེ་བའི་རེ་བ་ཡོད།
    1༽སྐུ་མགྲོན་གཙོ་བོར་དགུང་ལོ་ ༩༡ ལ་ཕེབས་པའི་ལྷོ་ཨ་ཧྥི་རི་ཁའི་ཞི་བདེ་དེད་དཔོན་ཆེན་མོ་ནེལ་སོན་མན་ཌ་ལ་ཕེབས་འཆར་ཡིན་ཡང་། ཁོང་གི་ཚ་མོ་ཞིག་ཁ་སང་དགོང་མོ་རླངས་འཁོར་བརྡབ་སྐྱོན་གྱིས་འདས་གྲོངས་སུ་ཕྱིན་སྟབས་ཁོང་ཕེབས་ཐུབ་ཡོད་མི་འདུག་པ་ནི་བློ་ཕམ་ཞིག་དུ་འདོད་གི།

    Reply
  6. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    དྲ་གྲོགས་ཚོ་གསུངས་དང་། ཐེངས་འདིའི་འཛམ་གླིང་རྐང་རྩེད་སྤོ་ལོའི་འགྲན་བསྡུར་འདི་སུ་ལ་འཐོབ་པའི་ཡིད་ཆེས་དང་རེ་བ་ཡོད།

    Reply
  7. ཐོ་རེངས། says:
    ལོ་ 16 སྔོན།

    འཛམ་གླིང་གི་རྒྱབ་ཁབ་ཁག་གི་རྩེད་མོ་འདྲན་བསྡུར་འདི་ཚོ་ངོ་མཚར་ཆེན་པོ་འདུག
    རང་ལ་རྒྱལ་ཁབ་ཡོད་ན་དབུལ་ཕྱུགས་གང་ཡིནའང་གོ་སྐབས་ཡོད་འདི་སྤྲོ་འོས་པའི་གནས་ཞིག་རེད།
    དེ་མིན་བོད་ཚང་ནང་བཞིན་མི་རབས་ནས་མི་རབས་ལུང་པ་གཞན་ལག་ཏུ་ཤོར་ན་འཛམ་གླིང་ན་ཀུན་ལ་ཡོད་པའི་གོ་སྐབས་མངས་པོ་ཞིག་མེད།

    Reply
  8. ཐོས་དགའ། says:
    ལོ་ 16 སྔོན།

    མི་རྐང་གླིང་བུ་ལགས། དྲྭ་ཐག་འདི་ནས་རྕེད་རིགས་འདྲ་མིན་སྣ་ཚོགས་བལྟ་ཐུབ་ཀྱི་རེད། http://channelsurfing.net/
    བལྟས་མོ་འགའ་ཤས་ལ་་་soapcast.com འགའ་ཤས་ལ་་་་veetle.com ཕབ་ལེན་བྱེད་དགོས་རེད། ཕྲན་གྱིས་དྲྭ་རྒྱ་འདི་བེད་སྤྱོད་བྱེད་ནས་ལོ་གཉིས་ཙམ་པྱིན་ཡང་དྲྭ་འབུ་སོགས་ཀྱི་དཀའ་ངལ་གཏན་ནས་འཕྲད་མ་སོང་། ཕན་ཐོགས་པའི་རེ་བ་ཆེ། soapcast.com ཕབ་ལེན་བྱེད་ན་རྒྱའི་བལྟ་མོ་མང་པོ་ཡོང་གི་འདུག

    Reply
  9. བཟོད་པ་ལྷ་རྩེ། says:
    ལོ་ 16 སྔོན།

    མཚོ་ཚང་བཀྲིས་ལགས་ཀྱི་གསུངས་ཇི་བཞིན་རྩོམ་སྒྲིག་པ་མཆོག་ནས་སྐུ་མགྲོན་གྱི་དགུང་ལོ་དང་མཚན་གཉིས་ནས་གང་རུང་ཞིག་ནོར་བ་ཐག་ཆོད། དེ་དངོས་མི་གཅིག་རང་ཡིན་པ་གསལ་པོ་རེད། འོན་ཀྱང་མི་གཅིག་ལ་མིང་མི་འདྲ་བ་གཉིས་ཡོད་ཆོག་ཀྱང་ལོ་ཚད་མི་འདྲ་ཡོད་ན་ཧ་ཅང་དགོད་བྲོ་བོ་ཞིག་རེད། དེ་ལ་རྩོམ་བསྒྲིག་པས་གསལ་བཤད་ཙམ་ཡང་གནང་མིན་འདུག་གང་ཡིན་ཤེས་མ་སོང་།

    Reply
  10. གཡུ་ཞུན། says:
    ལོ་ 16 སྔོན།

    ལྷོ་ཨ་ཧྥེ་རི་ཀའི་རྒྱལ་ས་ཕེ་རི་ཌོ་རིས་ཡ(Pretoria)རེད་།ཇོ་ཧན་ནེ་སུ་པུར་གི་(Johannesbrurg)ནི་ཡུལ་དེའི་དཔལ་འབྱོར་ཡར་རྒྱས་ཕྱིན་པའི་གྲོང་ཁྱེར་ཞིག་རེད།

    Reply
  11. མི་རྐང་གླིང་བུ། says:
    ལོ་ 16 སྔོན།

    དྲ་གྲོགས་རྣམ་པ་ལགས། རྩེད་འགྲན་འདི་དྲ་ངོས་ནས་ཐད་ཀར་བལྟ་ཐུབ་ཀྱིན་འདུག་ན་དྲ་ཐག་བསྟན་པ་སོགས་ལམ་སྟོན་གནང་རོགས།

    Reply
  12. མཚོ་ཚང་བཀྲིས། says:
    ལོ་ 16 སྔོན།

    1༽སྐུ་མགྲོན་གཙོ་བོར་དགུང་ལོ་ ༩༡ ལ་ཕེབས་པའི་ལྷོ་ཨ་ཧྥི་རི་ཁའི་ཞི་བདེ་དེད་དཔོན་ཆེན་མོ་ནེལ་སོན་མན་ཌ་ལ་ཕེབས་འཆར་ཡིན་ཡང་། ཁོང་གི་ཚ་མོ་ཞིག་ཁ་སང་དགོང་མོ་རླངས་འཁོར་བརྡབ་སྐྱོན་གྱིས་འདས་གྲོངས་སུ་ཕྱིན་སྟབས་ཁོང་ཕེབས་ཐུབ་ཡོད་མི་འདུག

    2༽མཛད་སྒོའི་སྐུ་མགྲོན་གཙོ་བོར་དགུང་ལོ ༩༢ ་ལ་སོན་པའི་ལྷོ་ཨ་ཧྥུ་རི་ཁའི་ཞི་བདེ་དེད་དཔོན་ཆེན་མོ་ནེལ་སན་མན་སྒྲེ་ལ་མཆོག་ཕེབས་རྒྱུ་ཡིན་ནའང་། སྐུ་གཟུགས་བདེ་མིན་གྱི་རྐྱེན་པས་སྐར་མ་ ༡༥ རིང་ལ་མ་གཏོགས་ཚོགས་རར་བཞུགས་རྒྱུ་མིན་པ་རེད།

    དོན་དངོས་མི་དེ་གཉིས་སུ་རེད། མི་གཅིག་རེད་དམ་ཡང་ན་ཁ་ཁ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese