མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རྒྱ་མཛའ་འབྲེལ་མཐུན་ཚོགས།

བོད་ཀྱི་དུས་བབ།
༢༠༡༠/༠༦/༡༡
Share on FacebookShare on TwitterShare on EmailShare on Whatsapp







གསར་དུ་བཙུགས་པའི་འཇར་བྷེལ་བོད་རྒྱ་མཛའ་འབྲེལ་མཐུན་ཚོགས་ནི་༧ གོང་ས་མཆོག་གི་བོད་རྒྱ་གཉིས་ཕན་གྱི་ལམ་དབུ་མའི་དགོངས་དོན་དང་། མ་འོངས་བོད་རྒྱ་གཉིས་འཕྱར་གྲུ་མཉམ་འདེགས་ཀྱིས་སྤྱི་ཚོགས་འཆམ་མཐུན་དང་། ཁོར་ཡུག་བརྟན་ལྷིང་། མི་རིགས་མཐུན་སྒྲིལ་ཡོང་ཐབས་ཆེད་དུ་ཡིན་ཟེར།                                  

ད་ལྟ་བྷེལ་ལྗེམ་དུ་གནས་བཞུགས་ཨ་རིག་དགེ་མཚན་ལགས་ཀྱིས་འདི་གའི་གསར་ཁང་དུ་བཏང་གནས་ལྟར་ན། འདི་ཟླའི་ཚེས་ ༨ རེས་གཟའ་མིག་དམར་ཉིན། འཇར་མན་ཏུ་རྟེན་གཞི་བྱས་པའི་རྒྱ་ནག་དམངས་གཙོ་ཡར་ཐོན་ཚོགས་པ་དང་། ཨེ་ཤ་ཡ་དམངས་གཙོ་ཚོགས་པ། གསར་དུ་བཙུགས་པའི་འཇར་བྷེལ་བོད་རྒྱ་མཛའ་འབྲེལ་མཐུན་ཚོགས།  ཕ་རན་སིའི་བོད་རྒྱ་མཛའ་འབྲེལ་ཚོགས་པ། གཞན་བོད་དོན་རྒྱབ་སྐྱོར་བ་དང་དང་བླངས་ཤེས་ཡོན་པ་སྐོར་ཞིག་བཅས་མཉམ་འབྲེལ་གྱིས་གོ་སྒྲིག་འོག   ཡུ་རོབ་ས་གནས་བྷེལ་ལྗེམ་གྲོང་ཁྱེར་ཨན་ཁྲི་བིར་ཕེན། ༼ Antwerpen༽ དཔེ་མཛོད་ཚོགས་ཁང་དུ། རྒྱ་ནག་གི་དྲུག་བཞིའི་དུས་དྲན་ཐེངས་ ༢༡ པ་སྲུང་གཙི་བྱས་ཡོད་པ་དང་།  ཚོགས་འདུའི་སྟེང་དྲུག་བཞིའི་དོན་རྐྱེན་སྐབས་འདས་གྲོངས་སུ་སོང་བའི་རྒྱ་རིགས་མང་གཙོ་དོན་གཉེར་བ་དང་སློབ་ཕྲུག བོད་ནང་ཞི་རྒོལ་ཆེན་མོའི་སྐབས་རྒྱ་ནག་གིས་དམར་གསོད་དང་བཙོན་འཇུག་མནར་གཅོད་འོག་འདས་གྲོངས་སུ་ཕྱིན་པ་དང་། ཉེ་སྔོན་བོད་ནང་ས་ཡོམ་གོད་ཆག་སྐབས་འདས་གྲོངས་སུ་སོང་བ་རྣམས་ལ་རྗེས་དྲན་དང་འབྲེལ་མྱ་ངན་གུས་བཏུད་ཞུས་ཡོད་འདུག

ཉིན་དེར་བོད་རྒྱ་མི་མང་ཕན་ཚུན་བར་ཡིད་ཆེས་བློས་འགེལ་ངང་མཛའ་འབྲེལ་ཡོང་ཐབས་སྐོར། རྒྱ་ནག་ནང་དམངས་གཙོ་དང་འགྲོ་བ་མིར་རང་དབང་ཐོབ་ཐང་ཡོང་ཐབས་སྐོར་སོགས་བརྗོད་གཞིར་བཟུང་སྟེ་བགྲོ་གླེང་གནང་བ་དང་།  ཚོགས་ཐོག་དེར་རྒྱ་རིགས་སྐུ་ཞབས་ཕཱན་ཡོང་ཀྲུང་དང་། ཕཱང་ཞོ་མཱེན། མོའོ་ཞོ་མེན་སོགས་རྒྱ་རིགས་རྩོམ་པ་པོ་དང་དམངས་གཙོ་དོན་གཉེར་བ། བོད་དོན་རྒྱབ་སྐྱོར་བ་བཅས་གལ་ཆེའི་མི་སྣ་ཁག་ཅིག་མཉམ་ཞུགས་གནང་བ་མ་ཟད། ཕ་རན་སིའི་བོད་རྒྱ་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཚེ་བརྟན་དབང་མོ་དང་། བྷེལ་ལྗེམ་སྐུ་ཚབ་དོན་གཅོད་ལས་བྱེད་རིག་འཛིན་ཆོས་སྒྲོན། བྷེལ་ལྗེམ་བོད་རིགས་ཚོགས་པ་དང་། ཆུ་བཞི་སྒང་དྲུག  ས་གནས་གཞོན་ནུ་བཅས་ཀྱི་ཚོགས་གཙོ་གཞོན་དང་རྒྱུན་ལས་རྣམ་པ་བཅས་མཉམ་ཞུགས་གནང་ཡོད་ཟེར།

ཡང་གནས་ཚུལ་མཁོ་སྤྲོད་པས་གསར་དུ་ཚུགས་པའི་ ༼ འཇར་བྷེལ་བོད་རྒྱ་མཛའ་འབྲེལ་མཐུན་ཚོགས། ༽ ཞེས་པ་ངོ་སྤྲོད་གནང་བྱས་དོན། ཉེ་སྔོན་ཏེ་ཕྱི་ལོ་ ༢༠༡༠ ཟླ ༥ ཚེས་ ༢༦ ཉིན། འཇར་མན་ཏུ་རྟེན་གཞི་བྱས་པའི་རྒྱ་ནག་དམངས་གཙོ་ཡར་ཐོན་ཚོགས་པ་དང་།    ཨེ་ཤ་ཡ་དམངས་གཙོ་ཚོགས་པ། ཕ་རན་སིའི་བོད་རྒྱ་མཛའ་འབྲེལ་ཚོགས་པ་བཅས་ཀྱིས་གོ་སྒྲིག་ལྟར། ཕ་རན་སིའི་ས་གནས་༼ལ་སི་བྷོར་༽ དུ་རྒྱ་བོད་མཛའ་འབྲེལ་ཚོགས་འདུ་ཞིག་སྐོང་འཚོགས་གནང་སྐབས་དང་བསྟུན། འཇར་བྷེལ་བོད་རྒྱ་མཛའ་འབྲེལ་མཐུན་ཚོགས་ཞེས་པ་དབུ་འཛུགས་བྱས་པ་དང་། ཚོགས་པ་འདི་དོན་ནི་༧ གོང་ས་མཆོག་གི་བོད་རྒྱ་གཉིས་ཕན་གྱི་ལམ་དབུ་མའི་དགོངས་དོན་དང་། མ་འོངས་བོད་རྒྱ་གཉིས་འཕྱར་གྲུ་མཉམ་འདེགས་ཀྱིས་སྤྱི་ཚོགས་འཆམ་མཐུན་དང་། ཁོར་ཡུག་བརྟན་ལྷིང་། མི་རིགས་མཐུན་སྒྲིལ་བཅས་ཀྱི་སྒོ་ནས་ཞི་བདེའི་འཚོ་བར་རོལ་རྒྱུའི་ཐུགས་འདུན། ད་དུང་རྒྱུ་མཚན་དེ་དག་ལ་བརྟེན་ཡུལ་ལུང་གང་སར་བོད་རྒྱ་མཛའ་འབྲེལ་ཚོགས་པ་གང་མང་འཛུགས་དགོས་པའི་བཀའ་སློབ་འབོད་སྐུལ་སྩལ་གནང་བཞིན་པ་སོགས་ལ་བསྟེན་ནས་ཡིན་འདུག་ཅེས་ཟེར།

ཚོགས་པ་དེའི་ཚོགས་གཙོ་བློ་བཟང་དབང་འདུས་ལགས་ཀྱིས། ཚོགས་པའི་དམིགས་ཡུལ་དང་མ་འོངས་ལས་འཆར་སྐོར་འགྲེལ་བརྗོད་གནང་དོན། དེང་སྐབས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་རྒྱ་མི་རིགས་དང་བོད་རིགས་གཙོས་གྲངས་ཉུང་མི་རིགས་ཁྱོན་ཡོངས་ལ་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་། དམངས་གཙོའི་ལམ་ལུགས། ཐ་ན་སྨྲར་བརྗོད་ཀྱི་རང་དབང་ཙམ་ཡང་མེད་པར་རྒྱ་ནག་གཞུང་གི་བཙན་གནོན་གྱི་སྲིད་བྱུས་འོག་གནས་ཡོད་པའི་ཁར། ད་དུང་རྒྱ་ནག་གཞུང་གིས་ངན་བྱུས་དང་འཁྱོག་བརྗོད་ཀྱི་གཡོ་ཐབས་སྣ་ཚོགས་སྤྱད་ནས་རྒྱ་བོད་མི་རིགས་བར་དང་གྲངས་ཉུང་མི་རིགས་ཕན་ཚུན་བར། མི་རིགས་ནང་ཁུལ་ས་གནས་ཕན་ཚུན་བར། ཆོས་ལུགས་དང་གྲུབ་མཐའ་ཕན་ཚུན་བར་བཅས་ལ་ཁ་བྲལ་དང་འགལ་རྐྱེན་ཅི་རིགས་བཟོ་བཞིན་པ་དང་། ལྷག་པར་རྒྱ་བོད་མི་རིགས་གཉིས་ཀྱི་བར་ལ་རྒྱ་གཞུང་གིས་རྐང་བཙུགས་ནས་དབྱེན་དཀྲུག་ཀྱིས་ཕན་ཚུན་དགྲར་འཛིན་གྱི་འདུ་ཤེས་སྐྱེས་བཅུག་སྟེ་རིགས་གཉིས་ཀྱི་མི་མང་གི་སེམས་ཁམས་ལ་སོས་དཀའ་བའི་རྨ་ཁ་ཞིག་བཟོས་འདུག དེའི་རྐྱེན་གྱིས་དེང་སྐབས་བོད་རྒྱ་མི་རིགས་བར་དོགས་པ་རྣམ་རྟོག་དང་གོ་ནོར།  ཐེ་ཚོམ་དོགས་ཟོན་གྱི་གནས་སྟངས་འོག་ལྷག་ཡོད། དེས་ན་ང་ཚོ་རྒྱ་བོད་མཛའ་འབྲེལ་མཐུན་ཚོགས་ཀྱིས་རྒྱ་བོད་མི་རིགས་གཉིས་ཀྱི་གཞི་རྩའི་བདེ་དོན་ལ་དམིགས་ཏེ་ཕན་ཚུན་བར་དོགས་པ་རྣམ་རྟོག་དང་། གོ་བ་ནོར་འཕྱུག ཐེ་ཚོམ་ལོག་ལྟ་སོགས་སེལ་ཐབས་བྱ་རྒྱུ་བཅས་དང་།  ༧གོང་ས་མཆོག་གི་དགོངས་གཞི་དང་རྒྱ་ཆེའི་བོད་མི་མང་གིས་ཐག་གཅོད་གནང་པའི་གཉིས་སྨན་དབུ་མའི་ལམ་གྱི་རྩ་དོན་གཞིར་བཟུང་ཐོག རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ནང་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ན་གནས་པའི་རྒྱ་རིགས་ཤེས་ཡོན་པ་དང་བསམ་བློ་བ།   གཞན་མི་སེར་དཀྱུས་མ་རྣམས་ལ་འབྲེལ་མོལ་གྱིས་མི་རིགས་ཕན་ཚུན་བར་གྱི་གོང་སྨྲོས་དོགས་པ་རྣམ་རྟོག་དེ་རིགས་གཙང་སེལ་བྱས་ནས་ཕན་ཚུན་ལ་ཡིད་ཆེས་བློས་འགེལ་དང་། སེམས་ཐག་ཉེ་བོ་ཡོང་པའི་རྨང་གཞི་ཞིག་ངེས་པར་བསྐྲུན་ཐུབ་པ་བྱ་རྒྱུ།   དེ་ལྟར་རྒྱ་ནག་ལ་ཚད་ལྡན་གྱི་དམངས་གཙོ་ཞིག་མ་བྱུང་སྔོན་ལ་མི་མང་ཕན་ཚུན་བར་དོགས་པ་རྣམ་རྟོག་རྣམས་སེལ་ཐུབ་པ་ཡིན་ན་མ་འོངས་པར་མི་རིགས་གཉིས་སྤུན་ཟླ་བཞིན་འཆམ་མཐུན་གྱིས་བོད་དོན་སྐོར་ལྷུག་པོར་བགྲོ་གླེང་བྱེད་ཐུབ་པར་མ་ཟད། བོད་དོན་བདེན་མཐའ་གསལ་བའི་གལ་ཆེའི་ལས་དོན་ཞིག་ལའང་ངོས་འཛིན་བྱེད་ཆོག་ཅེས་གསུངས།

ཡང་ཁོང་གིས་མ་འོངས་ལས་འཆར་སྐོར་ངོ་སྤྲོད་གནང་དོན།  ༡༽ རྩོམ་ཡིག་དང་དྲ་ལམ་ཅི་རིགས་བརྒྱུད་གཉིས་སྨན་དབུ་མའི་ལམ་གྱི་དགོངས་དོན་དང་། ༧ གོང་ས་མཆོག་གི་རྒྱ་བོད་གཉིས་ཕན་གྱི་གལ་ཆེའི་བཀའ་སློབ་ཁག་གི་དགོངས་དོན་གསལ་འགྲེལ་དང་དྲང་རྗོད་བྱ་རྒྱུ། ༢༽  མི་རིགས་གཉིས་བར་རྩོམ་དེབ་དང་དྲ་རྒྱ་སོགས་མཉམ་འབྲེལ་གྱིས་ལྷན་སྤྱོད་བྱ་རྒྱུ། ༣༽  རྒྱལ་བའི་འཁྲུངས་སྐར་དང་། གསུམ་བཅུའི་དུས་དྲན། དྲུག་བཞིའི་དུས་དྲན་བཅས་གྱི་མཚོན་པའི་དུས་ཆེན་དང་མཛད་སྒོ་ཁག་ལ་མི་རིགས་གཉིས་མཉམ་ཞུགས་གནང་རྒྱུ། ༤༽ལོ་གསར་དུས་སྟོན་ལྟ་བུའི་དུས་སྟོན་སྐབས་ བོད་རྒྱ་མི་རིགས་གཉིས་མཉམ་འབྲེལ་གྱིས་གཞས་སྣ་འཁྲབ་སྟོན་སོགས་གྱི་སྒོ་ནས་རིག་གཞུང་གོམས་སྲོལ་སོགས་ཕན་ཚུན་ལ་ངོ་སྤྲོད་དང་ཕན་ཚུན་བར་རྒྱུས་ལོན་དང་ཡིད་ཆེས་ཡོང་ཐབས་བྱ་རྒྱུ་བཅས་ཡིན་ཟེར།

གསར་འགོད་པ། ཨ་རིག་འགྱུར་མེད།

 

འབྲེལ་ཡོད་གསར་འགྱུར།

འཇར་མན་གྱི་རྒྱལ་ས་བྷར་ལིན་དུ་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་འཇར་འཁོད་བོད་རིགས་ཚོགས་པ་དང་བོད་ཀྱི་ཟློས་གར་ཚོགས་པ་ཟུང་འབྲེལ་གྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འཁྲབ་སྟོན་དང་གཟིགས་འབུལ་ཞུ་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༥།༢༤
Mobile App

ཕྱི་ལོ་ ༢༠༢༦ ལོའི་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་བོད་པར་སྤྱི་ཡོངས་ཀྱི་འཁྲབ་སྟོན་རྩེ་ཕུད་ཀྱི་བྱ་དགའ་ཐོབ།

ཆུ་ཚོད་ ༡༡ སྔོན་ལ།
དེ་རིང་ཕྱི་ཟླ་ ༥ ཚེས་ ༢༦ ཉིན་གྱི་སྔ་དྲོར་སྐབས་བཅུ་དྲུག་པའི་བཀའ་ཤག་གི་སྲིད་སྐྱོང་མཆོག་གི་དབུས་བཀའ་བློན་རྣམ་པས་༧གོང་ས་མཆོག་ལ་མཇལ་བཅར་ཞུས་པ།
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་སྐབས་བཅུ་དྲུག་པའི་བཀའ་ཤག་ལ་འཐོན་མཇལ་བསྩལ།

ཆུ་ཚོད་ ༡༢ སྔོན་ལ།
ཨོ་གླིང་གི་གྲོང་ཁྱེར་སི་ཌི་ནི་ (Sydney) ཡི་ཉེ་འགྲེམ་རི་སྔོན་པོ་ (Blue Mountain) རུ་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བརྒྱད་པ་འཚོག་བཞིན་པ། པར་རང་བཙན་ཚོགས་ཆེན་གྱི་ངོ་དེབ་ནས་བླངས། ༢༠༢༦།༥།༢༣
Mobile App

རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བརྒྱད་པ་ཨོ་གླིང་ནས་མཇུག་བསྒྲིལ།

ཆུ་ཚོད་ ༡༢ སྔོན་ལ།
Mobile App

དྷ་རམ་ས་ལར་བོད་ཀྱི་རིག་གཞུང་དུས་སྟོན་འཚོག་རྒྱུ་རེད་འདུག

ཆུ་ཚོད་ ༡༣ སྔོན་ལ།
བོད་སྟེང་ཆེན་རྫོང་ནས་དབྱར་རྩྭ་དགུན་འབུ་བརྐོ་ཆོག་པའི་དཔང་ཡིག་མེད་པར་འབུ་བརྐོས་པའི་ཉེས་མིང་འོག་བོད་མི་ ༣༥ འཛིན་བཟུང་བྱས། དེ་འབྲེལ་གཞུང་ཕྱོགས་ཀྱི་གསར་འགྱུར་གྱི་པར། ༢༠༢༦།༥།༡༢
Mobile App

དབྱར་རྩྭ་དགུན་འབུ་བརྐོ་མཁན་བོད་མི་ ༣༥ འཛིན་བཟུང་བྱས།

༢༠༢༦/༠༥/༢༥
ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་མའེ་ཁལ་མེག་ཁོལ་ (Michael McCaul) ལགས་དང་ཨ་རིའི་གྲོས་ཚོགས་འཐུས་མི་དང་བོད་དོན་ཁྲིམས་འཆར་འདོན་མཁན་སྐུ་ཞབས་ཇིམ་མེག་གྷོ་ཝན་ (Jim McGovern) ལགས་རྣམ་གཉིས། ༢༠༢༦།༠༥།༢༥ དུས་བབ་གསར་ཁང་ནས་པར་སྒྲིག་སྦྱོར་བྱས།
Mobile App

བོད་མིའི་སྒྲིག་འཛུགས་ལ་ངོས་འཛིན་དགོས་པའི་ཁྲིམས་འཆར་ཆེད་འདོན་གནང་།

༢༠༢༦/༠༥/༢༥

མཆན། 5

  1. ཐོ་རེངས། says:
    ལོ་ 16 སྔོན།

    ཁས་ལེན་དང་ཆ་རྐྱེན།

    བོད་ཀྱི་དུས་བབ་དྲ་ངོས་སུ་སྤེལ་བའི་གླེང་བརྗོད་རིགས་རྩོམ་སྒྲིག་ཁང་གིས་ཞིབ་བཤེར་བྱས་རྗེས་དྲ་ཐོག་ལ་གཏོང་གི་ཡོད། གླེང་སྟེགས་ནི་ཕྱི་གསལ་ནང་གསལ་བཟོ་ས་དང་ཡིད་ཆེས་བསྐྱར་གསོ་བྱེད་ས་ཞིག་ཡིན་སྟབས། གང་ནུས་ཀྱིས་ཇུས་གཏོགས་མི་བྱེད་རྒྱུར་བརྩོན་གྱི་ཡོད། ང་ཚོའི་ཁས་ལེན་དང་ཆ་རྐྱེན་དག་གིས་ཁྱེད་ཉིད་དང་ང་ཚོའི་འོས་འགན་དག་གསལ་བཤད་བྱེད་ཀྱི་ཡོད།
    དྲ་ངོས་འདིར་གླེང་སྟེགས་དང་དཔྱད་བརྗོད། གྲོས་ར། པོད་ཁུག་བཅས་ཡོད་ལ། ད་དུང་སྤྱི་ཚོགས་ལ་དབང་བའི་ས་ཁོད་དག་བསྐྲུན་ཏེ་དུས་བབ་ལ་གླེང་མོལ་དང་། དྲ་རྒྱའི་ཚོགས་མི་ཕན་ཚུན་བར་དཔྱད་ཞིབ་བརྗོད་གསུམ་གྱི་གོ་སྐབས་ཤིག་བསྐྲུན་ཡོད། བོད་ཀྱི་དུས་བབ་ཀྱིས་མང་ཚོགས་ཀྱིས་བཀོད་པའི་གནས་ཚུལ་དང་རྒྱུ་ཆ་གང་ལའང་སྟངས་འཛིན་བྱེད་ཀྱི་མེད་རུང་། གཞན་གྱི་བཀོད་དོན་རིགས་བསུབ་པ་དང་སྤོར་བ། བཅོ་སྒྲིག་སོགས་བྱེད་རྒྱུའི་ཐོབ་ཐོང་ཡོད་དགོས་པ་མ་ཟད། ཁྱོད་རང་དྲ་ངོས་འདིའི་གླེང་སྟེགས་ནས་ཕྱིར་འབུད་བྱེད་པའི་དབང་ཚད་ཀྱང་ཡོད་དགོས།

    གཤམ་གྱི་སྲུང་བྱ་དག་ངེས་པར་གཙི་དགོས།
    ༡། ཡིག་འཁྱམ་དང་ཡིག་འབུ། ཁེ་ཚོང་ཁྱབ་བསྒྲགས་ཀྱི་ངོ་བོ་ཡོད་པའི་དངོས་ཟོག་དང་བརྡ་འཕྲིན་རིགས་ཐད་འགོད་དང་འདྲེན་འགོད་བྱ་མི་ཆོག
    ༢། གཞན་ལ་གནོད་པ་དང་། འཇིགས་སྐུལ། མཚང་འདྲུ། མིང་ཤོས། ཕྲ་མ། བསླུ་བྲིད། ཆགས་སྲེད། ཚིག་རྩུབ། སྒྲོ་སྐུར་ཡོད་པའི་བརྡ་འཕྲིན་དང་ཁྲིམས་འགལ་གྱི་རྒྱུ་ཆ་རིགས་བཀོད་མི་ཆོག
    ༣། བོད་ཀྱི་དུས་བབ་ལས་བྱེད་དང་དྲ་རྒྱའི་གླེང་སྟེགས་ཀྱི་སྐུ་མགྲོན་དང་མགོ་འཛིན་པ་གང་རུང་ལ་བརྫུ་བའམ་མིང་དང་མཚན་གནས་བརྐུས་ཏེ་ངོ་ཚབ་བྱ་མི་ཆོག
    ༤། བརྡ་འཕྲིན་དང་རྒྱུ་ཆ་ངོ་མ་གང་རུང་གི་ཁུངས་མར་བརྫུ་མི་ཆོག
    ༥། དྲ་ངོས་ནས་ཚོགས་མི་གཞན་གྱི་སྒེར་དབང་རྒྱུ་ཆ་རིགས་བརྐུ་བའམ་དེར་གསོག་ཉར་བྱ་མི་ཆོག
    ༦། གླེང་སྟེགས་དང་དེའི་བརྗོད་གཞི་ལ་འབྲེལ་བ་མེད་པའི་བརྡ་འཕྲིན་འདྲེན་འགོད་དང་འགྲེམ་འགོད་བྱ་མི་ཆོག
    ༸། གླེང་སྟེགས་ནང་གི་མི་གཞན་པར་སྟངས་འཛིན་དང་འགོག་རྒོལ་བྱ་མི་ཆོག
    ༨། མི་རིགས་དང་རིགས་རུས། ཆོ་འབྲང་། ཆོས་ལུགས། ལས་རིགས། ལུང་ཚན། ཕོ་མོ། ལོ་ཚོད། ཁྱིམ་བརྒྱུད་བཅས་ཀྱི་ཐད་ནས་དམའ་འབེབས་དང་ཁྱད་གསོད་བྱ་མི་ཆོག
    ༩། ཡུལ་ལུང་དང་ས་ཁུལ། རྒྱལ་ཁབ། རྒྱལ་སྤྱི་བཅས་ཀྱི་ཁྲིམས་དང་སྒྲིག་གཞི། ལམ་ལུགས། བཀའ་ཁྱབ་བཅས་ལ་གཏོར་བརླག་དང་གཏོར་བརླག་བྱ་བར་བརྒྱུད་སྐུལ་བྱ་མི་ཆོག
    ༡༠། གནད་དོན་རྩོད་གླེང་བྱོས། འོན་ཀྱང་། འཁོན་འཛིང་མ་བྱེད། བསམ་ཚུལ་དང་འདོད་ཕྱོགས་ཀྱིས་ཁེངས་པའི་སྤྱི་ཚོགས་ཤིག་ཏུ། མི་རྣམས་ཀྱི་འཐད་ཕྱོགས་མི་འདྲ།
    ༡༡། ཁྱོད་རང་གིས་གླེང་སྟེགས་སྟེང་སྤེལ་བའི་བརྡ་འཕྲིན་དང་རྒྱུ་ཆའི་ནང་དོན་ལ་ཁྱེད་རང་ཁོ་ནས་འགན་འཁྱེར་དགོས། བོད་ཀྱི་དུས་བབ་ཀྱིས་ཁྱོད་ཀྱི་བརྡ་འཕྲིན་མཐའ་དག་གི་ནང་དོན་ལ་ཞིབ་བཤེར་བྱེད་མི་ཐུབ་པས་བརྡ་འཕྲིན་གྱི་ནང་དོན་དང་རྗེས་འབྲས་ལ་འགན་ལེན་མི་བྱེད། འོན་ཀྱང་། ག་དུས་དགོས་གལ་ལ་ཐུག་དུས་ཁྱོད་ཀྱི་བརྡ་འཕྲིན་དེ་གསུབ་པ་དང་སྤོར་བ། བཅོ་སྒྲིག་སོགས་བྱེད་རྒྱུའི་ཐོབ་ཐོང་ཡོད་དགོས་པ་མ་ཟད། ཁྱོད་རང་དྲ་ངོས་འདིའི་གླེང་སྟེགས་ནས་ཕྱིར་འབུད་བྱེད་པའི་དབང་ཚད་ཀྱང་ཡོད་དགོས།

    གོང་གི་སྲུང་བྱ་ཁག་ལ་དུས་བསྟུན་འགྱུར་ལྡོག་དང་བསྒྱུར་བཅོས་བྱེད་སྲིད་པས་རྒྱུན་ཏུ་ནས་ཐུགས་སྣང་བྱེད་རོགས།

    Reply
  2. སེར་སྨད་བློ་དགའ། says:
    ལོ་ 16 སྔོན།

    འདི་དང་འདི་འདྲ་བའི་ཚོགས་པ་ནི། སྙིང་གི་སྐོམ་ཁ་སོད་པའི་བདུད་བརྩི་རེད། ད་དུང་རྒྱ་ཆེ་རུང་དང་མང་རུང་གཏོང་རྒྱུར་ཧ་ཅང་གལ་ཆེན་དུ་མཐོང་།
    ཚོགས་པ་གཉིས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ།

    Reply
  3. སེར་གཙང་འཇམ་དབྱངས། says:
    ལོ་ 16 སྔོན།

    དུས་བབ་གསར་འགཔོད་པ་ཨ་ིག་འགྱུར་མེད་ལ་སྙིང་ནས་ཐུགས་རྗེ་ཞུ།།

    Reply
  4. ཨ་རིག་དགེ་མཐོང་། says:
    ལོ་ 16 སྔོན།

    ཕུ་བོ་དགེ་མཚན་གྱིས་བཏང་བའི་གནས་ཚུལ་དག་ཨ་ག་འགྱུར་མེད་ཀྱིས་སྤུས་གཙང་སྒོ་ནས་བྲིས་འདུག་པར་དགའ་ཡོད། གསར་འགྱུར་ངོས་གནས་ཤིག་རེད།
    མ་སུ་རིའི་སློབ་གྲྭ་ནང་གི་སློབ་མ་བཅུ་རྩ་དགོངས་བཏང་ཡོད་པའི་གནས་ཚུལ་ཞིག་འདུག་ལགས་ན། དེའི་སྐོར་ཁྱེད་ཅག་གིས་དྲ་ཐོག་ཏུ་འགོད་ཐུབ་ན་བསམ་ཡོད།
    དེ་ཚོ་་དེ་རིང་དགོང་ད་བལ་ཡུལ་དུ་རྩིས་སྤྲོ་རྒྱུ་ཡིན་ཚུལ་དང་སློབ་མ་དེ་ཚོ་རྒྱ་གར་ནས་འདུག་མི་ཆོག་པའི་བཀའ་བཏང་ཡོད་པ་འདྲ།

    Reply
  5. བློ་བཟང་དཔལ་ལྡན། says:
    ལོ་ 16 སྔོན།

    གསར་འགོད་པ་ཨ་རིག་འགྱུར་མེད་ཐུགས་རྗེ་ཆེ་གསར་འགྱུར་ཡག་པོ་གཏངས་འདུག རྒྱུས་པར་བཀླགས་ལུང་མ་བྱུང་ཀྱང་ཡག་པོ་ཞིག་འདུག རྗེས་སུ་ཀླགས་ངེས་ཡིན ད་བདེ་མོ་འགྲོ་རན་སོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese