མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་ནས་བོད་ཡིག་བཙལ་བ།

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༠༦/༡༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་གནམ་ཐང་དུ་འབྱོར་དུས་སུ་ང་རང་ཡོང་སའི་རྒྱལ་ཁབ་ཀྱི་མི་གཉིས་རྒྱ་གར་དུ་གསར་བ་སླེབས་ནས་གང་དུ་འགྲོ་དགོས་མིན་དེ་ཡག་པོ་མ་ཤེས་པར་ལུས་འདུག་པ་དེ་གཉིས་ལ་རོགས་བྱས་དེ་ཁོ་གཉིས་འགྲོ་སའི་ས་དེར་བསྐྱལ་རྗེས་སུ། ང་རང་ས་འོག་མེ་འཁོར་ནང་དུ་བསྡད་དེ་མ་ཅང་ཀྲེ་ལའི་ཕྱོགས་སུ་ཕྱིན་པ་ཡིན།

མ་ཅང་ཀྲེ་ལར་འབྱོར་ནས་རང་གི་གྲོགས་པོ་ཞིག་ལ་ཁ་པར་བཏང་ནས་ང་རང་ལེན་དུ་ཡོང་བར་སྐུལ་བ་ལྟར། ཁོས་ཀྱང་ང་རང་ལེན་དུ་གྲྭ་བ་ཞིག་བཏང་འདུག གྲྭ་བ་དེ་ཡང་ང་རང་གི་ངོ་ཤེས་ཞིག་རེད། ངེད་གཉིས་ཀྱིས་ཁ་བརྡ་བྱེད་ཞོར་དུ་གྲོགས་པོ་དེ་ཡི་ནང་དུ་འབྱོར་མ་ཐག ངལ་ཅུང་ཙམ་གསོས་རྗེས་སུ་ཞོགས་ཇ་གྲ་སྒྲིག་ཟིན་པ་དེ་འཐུང་། ངས་རང་གི་གྲོགས་པོ་ལ་ང་རང་དོ་ནུབ་རྡ་སར་འགྲོ་བའི་རླངས་འཁོར་འཛིན་བྱང་ཞིག་ཉོ་རུ་འགྲོ་དགོས་ཀྱི་ཡོད་ཅེས་བཤད།

གངས་ལྗོངས་འགྲིམ་འགྲུལ་ལས་ཁུངས་དུ་སོང་ནས་རྡ་སར་འགྲོ་བའི་རླངས་འཁོར་འཛིན་བྱང་ཞིག་ཉོས། དེ་ནས་དྲ་ཁང་དག་ཉུལ་ནས་བོད་ཡིག་འབྲི་ས་ཞིག་བཙལ་ཡང་། དྲ་ཁང་གང་དུ་སོང་ན་ཡང་བོད་ཡིག་ཡོད་སའི་དྲ་ཁང་ཞིག་གཏན་ནས་རྙེད་མ་སོང་། སེམས་ནང་དུ་བོད་པ་མང་ས་རུ་བོད་ཡིག་འབྲི་སྤྱོད་བྱེད་མཁན་མི་འདུག་ཨང་སྙམ་པ་དང་ཞོར་དུ་རྒྱ་ཡིག་བེད་སྤྱོད་གཏོང་མཁན་མང་བོ་ཡོད་ས་རེད། དྲ་ཁང་གང་དུ་སོང་ཡང་རྒྱ་ཡིག་འདུག

ཕྱིར་ཉིན་སྔ་བོ་རྡ་སར་འབྱོར་སོང་། རྡ་ས་ནས་ཕ་མ་དག་དང་འཕྲད་རྗེས་སུ་ཉིན་བཀང་བརྒྱབ་དུ་ཕ་མ་ཚང་མ་འཁྲིད་དེ་དྲ་ཁང་དུ་བརྙན་འཕྲིན་འཕྲིན་གཏོང་བརྒྱུད་དེ་རང་གི་བུ་མོ་བསྟན་པ་ཡིན། དེ་ཡི་རྗེས་སུ་ཕ་མ་གཉིས་དང་ཨ་མྱེ་ནང་ལ་ཕར་འགྲོ་རུ་བཅུགས་རྗེས་སུ། ངས་དྲ་ཁང་མང་བོ་ཞིག་བོད་ཡིག་བཏགས་ས་ཡོད་མེད་སྐད་ཆ་དྲིས་ཀྱང་། རྡ་ས་མེག་ལོར་དུ་ཡང་བོད་ཡིག་ཐད་ཀར་འབྲི་སའི་དྲ་ཁང་གཅིག་ཀྱང་རེག་མ་སོང་། ད་དུང་། ལྡི་ལུ་མ་ཅང་ཀྲེ་ལ་དང་འདྲ་བར་དྲ་ཁང་ཆེས་མང་བོ་ཞིག་ལ་རྒྱ་ཡིག་ཐད་ཀར་འབྲི་སྤྱོད་བྱེད་སའི་དྲ་ཁང་མང་བོ་འདུག་པ་ལས། བོད་ཡིག་ཐད་ཀར་འབྲི་སའི་དྲ་ཁང་རེག་ཁག་པོ་འདུག

ཉིན་གསུམ་པ་ནོར་གླིང་ཉམས་ཞིབ་ཁང་དུ་གྲོགས་པོ་རྙིང་བ་ཞིག་ཡོད་པ་ཁོང་གིས་མགྲོན་འབོད་བྱས་པ་ལྟར། ཁོ་རང་ཡོད་སར་འབྱོར་ནས་ངས་དྲ་ཁང་ནང་དུ་བོད་ཡིག་འབྲི་ས་མི་རྙེད་པའི་དཀའ་ངལ་གྱི་སྐོར་གླེང་དུས། ཁོས་ང་ཚོ་ཡོད་ས་འདི་རུ་དྲ་ཁང་ནང་དུ་བོད་ཡིག་ཐད་ཀར་འབྲི་ས་ཡོད་པ་རེད་ཟེར། ངེད་གཉིས་ཀྱིས་ཁ་བརྡ་ཐུང་ཐུང་ཞིག་བྱས་རྗེས་སུ་ཐད་ཀར་ཟིན་བྲིས་ཐུང་ཐུང་འདི་སྤེལ་དུ་ཡོང་བ་ཡིན།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 23

  1. ttensher says:
    ལོ་ 15 སྔོན།

    ཨ་ཨ་་་་ མ་ཡོང་མ་ཡོང་ང་གཅིག་ཡོང་ནས་སྡུག་མི་འདྲ་བ་ཞིག་མཐོང་འདུག་ག

    Reply
  2. sha tak ri sim says:
    ལོ་ 15 སྔོན།

    བཟོད་པ་ལྷ་རྩེ་ལགས། ཉིད་ཀྱི་གསུངས་པ་དེར་རྗེས་སུ་ཡི་རུང་ཡོད་ལགས།

    Reply
  3. losang sopa (s) says:
    ལོ་ 15 སྔོན།

    དྲྭ་གྲོགས་ཤ་ཁྲག་རུས་གསུམ་ལ་ཐོག་མར་རྡ་སར་འབྱོར་བ་བཀྲིས་བདེ་ལེགས་ཞུ་རྒྱུ་དང་། རྡ་ས་ནི་ཕྱིའི་རྒྱལ་ཁབ་ལྟར་གཙང་མ་ཞིག་མེད་ལ་རྡ་སའི་མི་རྣམས་ཀྱང་ཕྱིའི་རྒྱལ་ཁབ་ཀྱི་མི་ལྟར་བྲོས་ལ་མེད་པས་ཉིད་ནས་འཕྲོད་བརྟེན་ལ་ཟབ་དགོས། སྔར་དགོང་ལུས་རྩལ་ཅུང་ཟད་བརྩོད་དགོས། དེ་མིན་ན་སླར་ཕྱི་རྒྱལ་དུ་དཀའ་ངལ་ཕྲད་སྲིད་སྐུ་རྩེ་ཞུས། ཕ་མ་རྒན་ཁོག་ལ་བལྟ་ཙམ་བྱས་པ་ནི་དངོས་གནས་ལས་སླ་པོ་མ་རེད། དེང་སང་མི་དེ་འདྲ་ཤིན་ཏུ་དཀོན། ཕ་མ་རྒན་ཁོག་ཕྱི་རྒྱལ་དུ་རྒན་ཕོགས་ལེན་པ་མ་འཁྲིད་ལོ། རྒན་ཁོག་སྡོད་ས་རྒྱ་གར་ལས་ཡག་པ་མེད། དེ་ནི་སེམས་སྟེང་གི་སྐད་ཆ་ཡིན་ཉན་མི་ཉན་ཁྱེད་རང་གི་ཐུགས་འདོད་རེད།

    Reply
  4. sha tak ri sim says:
    ལོ་ 15 སྔོན།

    སྤུན་ཟླ་ཁྱེད་ཅག་གིས་ཉིན་ལྟར་བདག་གི་ཟིན་བྲིས་སུ་ཕེབས་ནས་གཏམ་བཤད་དང་རང་རང་གི་བསམ་ཚུལ་གསུངས་པ་དེར་སེམས་གཏིང་ནས་དགའ་བོ་བྱུང་། མདོ་ལུ་འཁྱམས་པོ་ལགས དངོས་ནས་རེད། དེང་སང་རང་གི་སྐད་ཡིག་གི་རིན་གོང་གླེང་མཁན་དེ་དག་གི་འགྲམ་ནས་ཀྱང་ཚོར་བ་དེ་འདྲ་སྐྱེ་རུ་འཇུག་གི་འདུག དངོས་ནས་མཚམས་རེར་ངས་ཀྱང་རང་གི་ལྟ་ཕྱོགས་ནོར་བ་མིན་འགྲོ་བསམ་ནས་སེམས་ཁྲལ་བྱས་ཀྱང་། དོན་དངོས་དེ་འདྲ་རེད་མི་འདུག སྤུན་ཟླ་མི་ཉུང་བ་ཞིག་གི་སེམས་ཁོང་དུ་ནུབ་ཕྱོགས་ཟེར་བའི་ནད་ཚ་དེ་ཉིད་ལྕི་རུ་སོང་འདུག་པ་ལས། བོད་ཡིག་དང་བོད་སྐད་བཅིངས་པའི་ནད་ཚ་དྲག་བསྐྱེད་བྱུང་བཞིན་འདུག འདི་ནི་དངོས་ནས་འུ་ཅག་གི་སེམས་སྡུག་ལས་བཞུར་བའི་ནམ་ཡང་བརྗེད་དུ་དཀའ་བ་ཞིག་ལགས།

    Reply
  5. jamgyal says:
    ལོ་ 15 སྔོན།

    བོད་ཤ་ཁྲག་རུས་པ་ཁྱེད་ས་ཕྱོགས་གང་ནས་དྷ་སར་ཕེབས་པ་ཡིན་ནམ་

    Reply
  6. dorjee108 says:
    ལོ་ 15 སྔོན།

    ཤ་ཁྲག་རུས་གསུམ་ལགས།
    ངས་ཁྱེད་ཀྱི་གོ་ས་དེ་བཟུང་ན་འདོད་པས།
    ཡང་ན་ཁྱེད་རང་ཕྱིར་གཤིགས་ཐེངས་ཤིག་བྱེད་རོགས།
    ཡང་ན་ང་རང་ཡར་ལ་འཐེན་རོགས་ཞུ།

    Reply
  7. dorjee108 says:
    ལོ་ 15 སྔོན།

    སྐུ་ཉིད་སྦིར་དང་ཅོན་ཏ་རའི་བོད་གཞིས་ཁུལ་དུ་སོང་དང་།
    དེང་སང་གནས་དེར་གནམ་གཤིས་ཡག་ཅིང་རི་ལུང་མཛེས་པ་དང་།
    བོད་སྐད་དག་ཅིང་བོད་གཤིས་ལྡན་མཁན་ཤིན་ཏུ་མང་།
    ད་དུང་བོད་ཡིད་སྐྱོད་སའི་བོད་པའི་དྲ་ཁང་ག་ཚད་དགོས་དགོས་འདུག

    Reply
  8. Kangpu says:
    ལོ་ 15 སྔོན།

    ཨོ་ངས་ཁྱོད་ལ་འཚམས་འདྲི་བྱེད་རྒྱུ་བརྗེད་འདུག དགོངས་དག ལོ་དུ་མར་གྱི་རེ་སྒུག་གི་ཉི་མ་ཤར་བ་རེད། བཟང་གི། སྔར་གྱི་འཚོ་བ་དེ་ལ་དྲིན་གསོས་ཀྱིས་ཚོར་བ་མ་འདྲ་བ་རེ་སྐྱེས་ཡོད་སྲིད། མཐའ་དོན་ཕ་མ་གཉིས་དང་མཉམ་དུ་སྐྱིད་པོ་གང་མང་མང་ཐོངས།

    Reply
  9. Kangpu says:
    ལོ་ 15 སྔོན།

    ང་ཡང་༢༠༠༩་ལོར་རྡ་ས་ཡོང་སྐབས་དཀའ་ངལ་དེ་ག་རང་ཕྲད་བྱུང། ད་དུང་ངས་བོད་པ་ཚོ་ལ་བོད་སྐད་གཙང་བཤད་ཚེ་འཕྱ་སྨོད་བྱས་བྱུང། དེ་ལས་སྡུག་པ་ཞིག་ནི་བོད་ཀྱི་རྩོམ་པ་པོ་དག་དང་མཁས་བ་ཡིན་ཞེས་པ་ཁག་ལ་ཐུག་སྐབས། ཁོང་ཚོས་ཀྱང་བོད་སྐད་ནང་ལ་དབྱིན་སྐད་དག་མ་དག་ཁ་ཤས་དང་རྒྱ་སྐད་བསྲེས་ནས་ལན་སློག་བྱུང་བས་སེམས་པ་གཏིང་ནས་སྐྱོ་བྱུང།

    Reply
  10. samkhar says:
    ལོ་ 15 སྔོན།

    ཟིན་བྲིས་སྤེལ་ཁོམ་མི་འདུག་ཀྱང་། དྲ་གྲོགས་སྐུ་ཉིད་དྷ་ས་ཆོས་ཀྱི་མགྲོན་ས། བོད་ཀྱི་རྒྱལ་ས་གཉིས་པ་བཞུགས་སྒར་དུ་ཕེབས་པར་བཅོས་མིན་གྱི་འཚམས་འདྲི་ཞུའོ། ། དྲ་གྲོགས་ལགས། སྐུ་འཚོ་འཕྲོད་བཞེས་དང་། བྱ་བ་ལམ་ལྷོང་། བསམ་དོན་ལྷུན་འགྲུབ་ཡོང་བར་ཤོག། ད་བདེ་མོ་བྱོས།།

    Reply
  11. Dre Sha Zen says:
    ལོ་ 15 སྔོན།

    ང་ལ་ཉི་མ་རྟག་པར་པར་དཀའ་ངལ་འདི་འཕྲན་ནས་བསྡད་ཡོད་རེད་་་་
    ཁྱེད་ཚོ་ཨ་རི་བ་རྣམས་ལ་ཡང་དཀའ་ལས་འདི་ཁག་ན་་་ད་ག་རེ་བྱེད་དགོས་ན་་
    ཧ་ྷ་ཧ་ཧཱ་ཧཱ་

    ལྷམ་གོག་གསར་བ་འདྲ་དགོས་ན་དྲྭ་འབྲེལ་འདི་རྒྱུད་ཤོགས་

    https://tibettimes.net/wordpress/blogs.php?id=186&post_id=9754

    Reply
  12. tenphel says:
    ལོ་ 15 སྔོན།

    ཟིན་བྲིས་པ་རྣམས་ཅུང་ཉོབ་ཡོད་ཚོད་རེད།

    Reply
  13. kelsang9 says:
    ལོ་ 15 སྔོན།

    གྲོགས་པོ་ལགས་ཁྱེད་རང་གི་གསུང་བ་བསྟར་ཡིན་ན་སེམས་སྐྱོ་དགོས་བའི་དུས་ཤིག་སླེབས་ཡོད་པ་འདྲ་ལྔ་བཅུ་ངའ་དགུའི་ལོར་བོད་དེ་རྒྱ་མི་བཙན་ཟོས་བྱེས་པ་རེད་ད་ཡང་བཙན་བྱོལ་ནང་དུ་རྒྱ་ཡིག་གི་བོད་ལ་བཙན་ཟོས་བྱེས་ཡོད་པ་འདྲ་དེ་དངོས་གནས་ང་རང་ཚོས་ནོར་བ་རང་རེད་ང་རང་ཚོ་ལམ་ནོར་ཐིང་གཅིག་ཤོར་ཚར་བ་རེད་ད་ཐིང་གཉིས་པ་རྩ་བ་ནས་ཤོར་ཆོག་གི་མ་རེད་གང་ཡིན་ཟེར་ན་ང་རང་ཚོ་བོད་མི་རིགས་ཀྱི་མ་འོངས་སྤུན་སླ་ཡོངས་ཀྱི་ལམ་སྟོན་གནང་མཁན་ཅིག་ཆགས་སྡེད་པ་རེད་ད་ལྟ་དེ་འདྲའི་ཡིན་བཞིན་དུ་ལམ་ནོར་ཤོར་བ་ཡིན་ང་ཚོ་མ་འོངས་སྤུན་ཟླ་དེ་ཚོར་ལ་སྐད་ཆ་བཤེད་མ་བདེ་བ་ཆགས་ཀྱི་རེད་ལ་མིརིགས་ཤིག་གི་ལོ་རྒྱུས་ནང་ངོ་ཚ་དགོས་པ་་ཞིག་མ་རེད་དམ།།

    Reply
  14. sha tak ri sim says:
    ལོ་ 15 སྔོན།

    སྤུན་ཟླ་ཁྱེད་ཅག་གིས་ང་རང་འདི་རུ་འབྱོར་དེར་དགའ་བསུ་དང་བསྒྲགས་ནས་འཚམ་འདྲི་བྱས་པ་དེར་སེམས་གཏིང་རུས་པའི་གཏིང་ནས་བཀའ་དྲིན་ཆེ་ཞུ། ཡིན་ཡང་། དེང་སང་གྲོགས་པོ་ཞིག་གི་ལྷན་དུ་ནོར་གླིང་དུ་ཡོད་ཀྱང་། རི་སྒང་དུ་ཕྱིར་འབྱོར་བ་ཡིན་ན། དེ་ནས་བོད་ཡིག་བཏགས་སའི་ཆ་རྐྱེན་རེག་ཁག་ཙམ་འདུག གང་ལྟར། ངས་བོད་ཡིག་བཏགས་སའི་དྲ་ཁང་ཞིག་རྙེད་ཨེ་ཐུབ་ལྟ་ངེས་ཡིན། དེ་དུས་འུ་ཅག་གིས་སླར་ཡང་གླེང་མོལ་བྱེད་ཆོག རྡ་སའི་ཉེ་་ཁོར་དུ་དྲ་ཐོག་གི་སྤུན་ཟླ་ཟིན་བྲིས་པ་སུ་ཞིག་ཁོམ་པ་བྱུང་ན། འཕྲད་འདོད་དང་གཏམ་གླེང་བྱེད་འདོད་རེ་ཡོད་ན། བདག་ལ་འབྲེལ་བ་གནོངས་དང་ཁ་པར་ཨང་གྲངས་འདི་ཡིན། ༠༩༨༠༥༧༨༦༧༥༣

    Reply
  15. yakbod says:
    ལོ་ 15 སྔོན།

    ཨ་ལ་སྔར་གྱི་དེ་ཀུ་རེ་ཡིན་ཐུགས་ཁོམ་ཡོད་ན་ལབ་ཡིན།

    Reply
  16. yakbod says:
    ལོ་ 15 སྔོན།

    ཤི་མ་ཐུབ་ན་ཨང་གྲངས་ 0016048212969 འདིའི་སྒང་ལ་ཁ་པར་ཞིག་ཐོངས་ཤོག་ལོ།

    Reply
  17. jamyang tenzin says:
    ལོ་ 15 སྔོན།

    སྐུ་ཞབས་ཤ་ཁྲག་རུས་གསུམ་རྡ་སར་ཕེབ་པར་དགའ་བསུ་ཞུ། གལ་སྲིད་ཁྱེད་ལ་བྲེལ་བ་དེ་འདྲ་མེད་ན་9816931333འདི་ལ་འབྲེལ་བ་ཞིག་བྱེད་རོགས།

    Reply
  18. kangjinpa says:
    ལོ་ 15 སྔོན།

    དྲ་གྲོགས་ཤ་ཁྲག་རུས་གསུམ་ལགས། སྐུཉིད་རྒྱ་གར་ལ་བདེ་འབྱོར་བྱུང་བར་སེམས་སྟེང་ནས་དགའ་བསུ་ཞུ། རྒྱལ་ས་དང་རྡ་ས་གཉིས་ཀ་ནས་བོད་ཡིག་མ་རྙེད་པར་ནོར་གླིང་ནས་རྙེད་པའི་བཀའ་དྲིན་དེ་ཕལ་ཆེར་ང་ལ་འབྲེལ་བ་ཡོད་པར་འདོད། གང་ཡིན་ཞེ་ན། ངས་ནོར་གླིང་གི་དྲ་ཁང་ཁ་ཤས་ཤིག་གི་ནང་དུ་བོད་ཡིག་ཕབ་ལེན་བྱས་ཡོད། གུང་གསེང་གི་སྐབས་དག་ལ་སྐྱིད་པོ་ཡོང་བའི་རེ་བ་སྙིང་ནས་ཞུ

    Reply
  19. courage says:
    ལོ་ 15 སྔོན།

    ཤ་ཁྲག་རུས་པ། ཁྱེད་བདེ་མོ་ཡིན་ན། ཁྱེད་རང་རྡ་སར་སླེབས་པ་བཀྲ་ཤིས་བདེ་ལེགས་ཞུ། སྐྱིད་པོ་ཡག་ཐོག་བཅོད་ཅིག་བཏང་རོགས། ད་བདེ་མོ་བྱས། རྗེས་ནས་འཇལ་ཡོང་།

    Reply
  20. geshe says:
    ལོ་ 15 སྔོན།

    དགེ་བཤེས་ལྷ་རམ་པ། (དགོད་གཏམ)
    ཆུང་དུས་ནས་དགོན་པར་འཛུལ་ནས་རབ་ཏུ་བྱུང་བས། འཇིག་རྟེན་ཁྱིམ་པའི་ལས་ལ་རྒྱུས་མངའ་གང་ཡང་མེད་པར་ལོ་ན་ལྔ་བཅུའི་བར་དུ་ཆོས་ཀྱི་བསླབ་པ་སློབ་གཉེར་བྱས་ནས་མཐར་དགེ་བཤེས་ལྷ་རམས་པ་ཐོན་པ་དང་། ཕྱིས་སུ་དབྱིན་ཡིག་དང་བོད་ཀྱི་ཐུན་མོང་གི་རིག་གནས་སྤྱི་ལ་ཡང་གོ་བ་ཅུང་ཙམ་རྙེད་པར་གྱུར་བའི་དགེ་བཤེས་ཤིག་ཡོད་པ་རེད།

    ནམ་ཞིག་གི་ཚེ་ཁོ་རང་ཨ་རིར་འབྱོར་བ་དང་། ཨ་རིའི་གྲོང་ཁྱེར་ཁག་ཏུ་ཨ་ཕོ་ཧོར་གྱི་རྣམ་ཐར་ཡང་གྲངས་མེད་པ་ཞིག་བཞག་མྱོང་བ་རེད། གང་ལྟར། མཇུག་མཐར་ལོ་ན་དྲུག་ཅུར་སླེབས་པའི་དབྱིན་རྨོ་ཞིག་གིས་་་་། སྣུམ་སྟུག་སྟུག་གི་དགེ་བཤེས་སྣ་ཆེ་འདི་འགུག་དགོས་འདུག་བསམ་ནས་ཁོང་རྨོ་མའའི་ནང་ལ་ཆོས་འདོན་པར་སྐད་བཏང་།

    དགོང་མོ་དེར་རྨོ་མོས་སྔ་ས་ནས་གྲྭ་སྒྲིག་བྱས་ཡོད་པའི་གྱོན་གོས་དེ་དག་གོན། ནུ་མ་སྐྱི་ཁུག་འདྲ་བ་དེ་བྲང་ནས་ཕྱི་ལ་བསྟན་ཙམ་གྱིས་དགེ་བཤེས་ལྷ་རམས་པ་མཆོག་ལ་གསོལ་ཚིགས་དྲངས། སྐབས་དེར་ལྷ་རམས་དགེ་བཤེས་མཆོག་གིས་རྨོ་མོ་དེར་བོད་ཀྱི་ཆོས་དང་རིག་གཞུང་སྐོར་ལ་ངོ་སྤྲོད་ཀྱི་སྐད་ཆ་མང་པོ་བཤད་ཁུལ་བྱས་མོད། འོན་ཀྱང་ཁོ་རང་གི་མིག་དེ་རྨོ་མོ་དེའི་བྲང་ལ་ཟུག་ནས་ཕྱིར་ལེན་མ་ཐུབ་པར་དཀའ་ངལ་མང་པོ་བྱུང་བ་རེད།

    དེ་ལྟར་རྨོ་མོས་ཀྱང་”གཞན་སེམས་རྟོགས་པའི་ཤེས་རབ་”རྒྱུད་ལ་འྐྱེས་པ་ཇི་བཞིན་དགེ་བཤེས་ལྷ་རམས་པའི་བང་ཁར་བསྡད་ནས། “ཨ་ལེ། བྱས་ན་བོད་ཀྱི་རྒྱལ་བོའི་དག་གིས་རང་གི་སྐྱེ་དམན་ལ་འཆམ་པོ་བྱས་སྟངས་ཤིག་གསུངས་དང་” ཞེས་བཤད། སྐབས་དེར་དགེ་བཤེས་ལྷ་རམས་པ་མཆོག་གི་རྐང་ལག་ཉིང་ལག་དང་བཅས་པ་ཚངས་མ་འདར་སིག་སིག་ཅིག་བྱས་སོ།

    ཏོག་ཙམ་གྱི་རྗེས་སུ་དགེ་བཤེས་ལྷ་རམས་པ་ཚང་ཉལ་ཁྲིའི་ཐོག་དམར་ཧྲེང་མར་ཙོག་པུར་བསྡད་དེ་སྐད་ཤུགས་ཆེན་པོས་ངུས་པས། རྒན་མོ་དེས་་་’ཨོ་་་་་་ ད་མ་ངུ་ལོ་་་འགྱོད་པ་སྐྱེས་ནས་ཕན་ཐོག་གི་མ་རེད་་ ད་གང་གནང་གི་མ་རེད། ཁྱེད་རང་གྲྭ་པ་མ་བྱས་ན་ཡང་སྐྱོན་ཡོད་མ་རེད། ཁྱེད་རང་ངའི་ས་ལ་སྡོད་དང་ངས་ཁྱེད་རང་གསོ་ཆོག’ ཅེས་བཤད་པར། ལྷ་རམས་པས་་་་ “ག་རེ། ང་ག་རེ་ལ་འགྱོད་པ་སྐྱེས་པ་ཁྱེད་རང་གིས་ཧ་གོ་གི་ཡོད་པས། ངས་ད་ལྟ་བར་དུ་འདི་འདྲ་བྱས་ཤེས་མ་སོང་། འདི་་་་འདི་འདི་འདྲ་སྐྱིད་པོ་ཅིག་ཡིན་པ་ངས་ཧ་ཁོ་རེ་གོ་མ་སོང་། ད་ང་རྒན་འཁོགས་ཆགས་ཚར་ནས་ཤེས་པ་རེད། ང་དེ་ལ་འགྱོད་པ་སྐྱེས་ཀིན་འདུག” ཅེས་སླར་ཡང་སྐད་ཤུགས་ཆེན་པོས་ངུས་སོ། །

    Reply
  21. a dawa says:
    ལོ་ 15 སྔོན།

    ཁྱེད་རྒྱ་གར་ན་བདྨ་མཚོ་འཚོལ་དུ་ཡོང་པར་ཨེ་ཡིན།
    ཁྱེད་ཀྱི་རྨི་ལམ་ནང་གི་མེ་ཏོག་དེ་ནམ་ཡང་ཁྱེད་ཀྱི་ལག་ན་རག་མི་སྲིད།
    ཨོ་མ་ཎི་པདྨེ་ཧུམ

    Reply
  22. karmadentse says:
    ལོ་ 15 སྔོན།

    རྒྱ་མི་དང་རྒྱ་ཡིས་བོད་མིར་བཙན་འཛུལ་བྱས་པ་བདེན་ཡང།བོད་མི་རེ་ཟུང་བོད་མིའི་འདུ་ཤེས་མེད་པ་དེ་ལ་ཡང་རྒྱ་མིས་བཙན་འཛུལ་བྱས་པ་ཡིན་མི་སྲིད།མི་རེ་ཟུང་ལ་བླ་རྐང་མེད་དུས་རྣ་བར་དུང་བུས་ཀྱང་གོ་མི་སྲིད་པ་ཆོས་ཉིད་དུ་ངེས།

    Reply
  23. sangsar says:
    ལོ་ 15 སྔོན།

    དྲ་གྲོགས་བོད་ཤ་ཁྲག་རུས་གསུམ་ལགས།
    བོད་མི་ལ་རྒྱ་མིས་བཙན་འཛུལ་བྱས་པ་ནང་བཞིན་བོད་ཡིག་ལ་ཡང་རྒྱ་ཡིག་གིས་བཙན་འཛུལ་བྱེད་ཀྱིན་པའི་ངང་ཚུལ་འདི་ཧ་ཅང་གི་སྐྱོ་བོ་ཞིག་མ་ཡིན་ནམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese