མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆབ་སྲིད་ལ་འབྲེལ་བ་མེད།

བོད་ཀྱི་དུས་བབ།
༢༠༡༠/༠༦/༡༢
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཚེས་ ༡༡ ནས་ཉིན་གསུམ་རིང་གི་ཀིརྟི་དགེ་རྩ་ཚོགས་པའི་སྐབས་དང་པོའི་འགན་འཛིན་གྲོས་ཚོགས་ཐེངས་གསུམ་པ་དེ་བཞུགས་སྒར་ཀིརྟི་བྱེ་བ་གྲྭ་ཚང་ཚོགས་ཁང་དུ་འཐུས་མི་ཡོངས་ཀྱིས་རྒྱུན་ཆགས་གསུམ་པ་དང་ཤིས་བརྗོད་གསུང་བ་འབྲེལ་དབུ་འཛུགས་གནང་ཡོད་ལ། ཚོགསའདུའི་ཐོག་མར་དགེ་རྩ་ཚོགས་པའི་འགན་འཛིན་གྲོས་ཚོགས་ཀྱི་ཚོགས་གཙོ་ཨ་ལགས་རྗེ་སྤྲུལ་ལགས་ཀྱིས་དགེ་རྩ་ཚོགས་པ་གསར་འཛུགས་ཀྱི་དམིགས་ཡུལ་དང་འབྲེལ་ནས་གསུང་བཤད་གནང་དོན། ཀིརྟི་དགེ་རྩ་ཚོགས་པ་ཞེས་པ་འདི་ནི་ ༢༠༠༨ ལོར་༸སྐྱབས་མགོན་ཀིརྟི་རིན་པོ་ཆེས་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་འགྲོ་བ་བདེ་བའི་ཆེད་དུ་དམིགས་ཏེ་གསར་འཛུགས་གནང་ཞིང་། འདས་པའི་ལོ་ངོ་ ༣༠༠ ཡི་ལོ་རྒྱུས་ལྡན་པའི་ཀིརྟི་བླ་བྲང་ཁང་ཚན་ཞེས་པའི་ངོ་བོ་བརྒྱུད་དམངས་གཙོ་རང་བཞིན་ལྡན་པའི་ཚོགས་པ་ཞིག་ཆགས་ཡོད། ཀིརྟི་བླ་བྲང་ཁམས་གསུམ་ཟིན་གནོན་ཞེས་པ་དེ་ཡང་ཆོས་དང་འཇིག་རྟེན་གཉིས་ཀྱི་ཐོག་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་དང་། དགེ་འདུན་མང་པོ་ཞིག་ལ་ཞབས་འདེགས་བསྒྲུབ་ཡུལ་ཞིག་ཆགས་ཡོད།  ད་ལྟའི་ཚོགས་པ་འདིར་སྔར་དང་མི་འདྲ་བའི་ཁྱད་པར་ཞིག་ཡོད་པ་ནི། གཞན་ཕན་ཆོས་ཕྱོགས་ཁོ་ནར་མ་གཏོགས་ཆབ་སྲིད་དང་གཏན་ནས་འབྲེལ་མེད་པར། གཞན་ཕན་ཆོས་ཕྱོགས་དེ་ཡང་གཙོ་བོ་ཀིརྟི་དགེ་རྩ་ཚོགས་པའི་ཁྱབ་ཁོངས་སུ་ཡོད་པའི་དགོན་སྡེ་ཁག་གི་བླ་མ་དང་ཆོས་ཉམས་ལེན་བྱེད་མཁན་སོགས་ལུང་རྟོགས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ལ་དམིགས་པ་ཞིག་ཆགས་ཡོད།  དེ་དང་འབྲེལ་མི་མང་ཉམ་ཐག་ལ་རོགས་སྐྱོར་དང་སྨན་བཅོས། སློབ་གྲྭ་གསར་འཛུགས་སོགས་ཀྱི་ལས་དོན་བསྒྲུབ་ཀྱིན་ཡོད། གལ་སྲིད། རྒྱ་གར་གཞུང་དང་གཞན་སུ་ཞིག་གིས་ཚོགས་པ་འདིར་ཆབ་སྲིད་ཀྱི་དོགས་པ་རྣམ་རྟོག་ཡོད་ཚེ། ཀིརྟི་དགེ་རྩའི་སྒྲིག་གཞི་དང་བར་སྐབས་ཀྱི་སྒྲིག་གཞིའི་ཟིན་བྲིས། འགན་འཛིན་གྲོས་ཚོགས་ཐེངས་དང་པོ་དང་གཉིས་པའི་གྲོས་ཆོད་དང་ལས་བསྡོམས་སོགས་ལ་བལྟས་ཚེ་ཆོས་ཕྱོགས་ལས་ཆབ་སྲིད་མ་འདྲེས་པ་ཞིག་ཡིན་པ་མཁྱེན་གི་རེད་ཅེས་གསུངས་ཡོད་པ་རེད།

གསར་འགོད་པ། དོན་གོ།

འབྲེལ་ཡོད་གསར་འགྱུར།

Mobile App

མཉམ་འབྲེལ་གྱི་གཞི་རྩའི་ནང་བསམ་བློ་མཉམ་འབྲེལ་གྱིས་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་དང་གཅིག་ཕན་གཅིག་རོགས་དགོས་གལ་ཆེ་སྐོར་གསུངས།

ཆུ་ཚོད་ ༩ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག དགའ་ལྡན་ཕོ་བྲང་གི་སྐུ་པར།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐུགས་གསོའི་གསུང་འཕྲིན་བསྩལ།

ཆུ་ཚོད་ ༡༠ སྔོན་ལ།
Image from CCTV footage shows the border in Gyirong, Tibet, China, August 26, 2026
Mobile App

ར་སུ་ཝ་དགེ་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་མི་རྒྱུ་གཉིས་ལ་ཆུ་ལོག་གི་གནོད་འཚེ་ཤུགས་ཆེན་ཐེབས། 

ཆུ་ཚོད་ ༡༤ སྔོན་ལ།
 (Image: Cheng Xin/Getty Images)
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་འགྲོ་འོང་གི་ཁྲིམས་ཡིག་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༨/༢༦
The Gao brothers (pictured) rose to prominence in China's art scene during the 1990s and 2000s, earning a global reputation for works that skewered the politics of their homeland
Mobile App

མའོ་ཙེ་ཏུང་ལ་ཟུར་ཟ་བྱས་པའི་ཉེས་མིང་འོག་སྒྱུ་རྩལ་བ་ཞིག་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

༢༠༢༦/༠༨/༢༦
པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

༢༠༢༦/༠༨/༢༦

མཆན། 12

  1. བོད་པ་འཚང says:
    ལོ་ 16 སྔོན།

    དགའ་སུ་ཞུ།

    Reply
  2. བོད་ says:
    ལོ་ 16 སྔོན།

    མ་གཞི་ཡག་པོ་འདུག། གོ་བ་ཕྱོགས་གང་ནས་བླང་ཀྱང་ཆབ་སྲིད་ལ་འབྲེལ་བ་མེད་ཟེར་དགོས་ཡག་དེ་ཕལ་ཆེར་བོད་ནང་གི་སྦྱིན་བདག་དད་པ་ཅན་རྣམས་ཀྱི་རྩ་ནས་ཞལ་འདེབས་བསྡུས་པའི་ལམ་ཁ་ཞིག་ཡིན་རྒྱུ་རེད་མ་གཏོགས་གཞན་དེ་འདྲ་ཡང་ནས་ཡང་དུ་ཆབ་སྲིད་ལ་འབྲེལ་བ་མེད་ཟེར་དགོས་དོན་ཨེ་ཡོད་དམ།
    དེང་དུས་བོད་ཀྱི་ཆབ་སྲིད་གྱི་འཐབ་རྩོད་འདི་ཕར་གཏུགས་ན་ཆོས་དང་རིག་གཞུང་། འཛམ་གླིང་ཞི་བདེའི་ཆེད་ཡིན་པ་༸གོང་ས་མཆོག་གིས་ཡང་ཡང་གསུངས་པ་ཧ་གོ་གི་གོ་གི་ཆབ་སྲིད་ལ་འབྲེལ་བ་མེད་ལབ་དུས་དམིགས་ཡུལ་གཞན་པ་ཞིག་ཡོད་ཐག་རེད།
    གང་ལྟར་དངུལ་བསྡུ་ཐབས་ཤིག་མིན་པའི་སྨོན་འདུན་ཞུ།

    ཡག་ཤོས་བྱུང་ན་དེང་དུས་ཀྱི་ཆབ་སྲིད་ཀྱིས་ཕོང་བའི་དུས་འདིར་དེའི་ཐོག་གཏོང་ཐུབ་ན་ཡག་པོ་རེད།
    དགོངས་པ་མ་ཚོམ་ཏོག་ཙམ་ཐལ་ཡོད་འགྲོ།

    Reply
  3. དུས་ཀྱི་དགོས་མཁོ། says:
    ལོ་ 16 སྔོན།

    ༄ ། ། རེད་ཤུལ་ལུང་རྡེ་རྗེ་་་་་ ཁྱེད་ཀྱིས་བཤད་པའང་བདེན་པ་རེད། འོནད་ཀྱང་། ངས་བལྟས་ན་ཆབ་སྲིད་དང་འབྲེལ་བ་མེད་ཅེས་དམིགས་ཀྱིས་བཀར་ནས་ཡང་ནས་ཡང་དུ་བཤད་ཚུལ་ལ་བལྟས་ན་ངས་ནི་ཆབ་སྲིད་དེ་ཡང་བོད་ཀྱི་ཆབ་སྲིད་དང་འབྲེལ་བ་གཏིང་ཟབ་ཡོད་ཟེར་བ་ཞིག་གོ་གི གང་ལྟར་སོ་སོ་སོ་སོས་གོ་ཚུལ་རེད། ཀིརྟི་བླ་བྲང་ཟེར་བ་ཞིག་གི་མྱོང་ཡང་། ཀིརྟི་བླ་བྲང་ཁང་ཚན་ཟེར་བ་ཞིག་གཏན་ནས་གོ་མ་མྱོང་བས་ཁང་ཚན་ཟེར་བའི་ལོ་རྒྱུས་འདྲ་ཤེས་མཁན་འདྲ་ཡོད་དམ། བཀུར་འོས་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་སྤྱི་དང་ལྷག་པར་མི་སྒེར་གཅིག་ལ་དབང་བའི་བླ་བྲང་ཞིག་མི་སྡེ་ཆེན་པོ་སྤྱི་ལ་དབང་བར་བྱེད་པའི་ལམ་ལུགས་འདི་ལྟ་བུར་སྙིང་ནས་དུད་ཅིང་། རང་ཁོ་ནའི་དཔལ་འབྱོར་མ་གཏོགས་མི་བསམ་པའི་བླ་མ་ཚོས་བྱ་བ་འདི་འདྲ་ལ་མིག་དཔེ་བལྟ་དགོས། ཁྱེད་ཀྱི་སྐུ་ཚེ་ཡུན་དུ་བརྟན་པར་ཤོག

    Reply
  4. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 16 སྔོན།

    དངོས་ཡོད་ཀྱི་དམངས་ལ་ཕན་ངེས་རེད
    ཆབ་སྲིད་དང་འབྲེལ་བ་མེད་ཟེར་བ་ཡང་རྒྱུ་མཚན་ཞིག་ཡོད་རེད

    Reply
  5. ཀཱི༔ལུང་ཐུབ་བཟང་། says:
    ལོ་ 16 སྔོན།

    ཆབ་སྲིད་ལ་འབྲེལ་བ་མེད་ཟེར། གལ་ཏེ་ཆབ་སྲིད་དང་འབྲེལ་བ་ཡོད་ན་སྐྱོན་ཇི་ཞིག་ཡོད་དམ།།

    Reply
  6. མི་ཉག་བཙན་པོ། says:
    ལོ་ 16 སྔོན།

    ཚོགས་པ་དེའི་དམིགས་ཡུལ་དང་ཚོགས་པ་དེས་ཕན་ཐོགས་ཆེན་པོ་ཡོད་པ་དངོས་ཡོད་གནས་ཚུལ་ཆགས་ཡོད་ཅེ་བརྗོད་ན་ཆོག་་མོད
    སེམས་ཕམ་དགོས་པ་ཞིག་ལ་ཚོགས་གཙོ་ཨ་ལགས་མཆོག་ནས་སྲིད་དང་འབྲེལ་བ་གཏན་ནས་མེད་ཅེས་མགྲིན་པ་བརྐྱངས་ནས་སྨྲ་བ་ལ་བློ་ཕམ་བྱུང་རྒྱ་ནག་དམར་གཞུང་གི་འོག་ལ་གནས་ཡོད་ན་ཨ་ལགས་མཆོག་ལ་ཐུགས་ཁག་མེད་མོད་རང་དབང་ལུང་པ་ལ་དེ་ལྟ་བུའི་སེམས་ཆུང་བའི་གཏམ་བཤད་བྱས་པ་ནི་བོད་དོན་ཐུགས་་ལ་ཡེ་ནས་མེད་པ་དང་བོད་ཀྱི་རྩ་དོན་ལ་དམིགས་པའི་ཚོགས་པ་ཞིག་ཡིན་ན་མི་འགྲིག་ལྟ་བུའི་ཐུགས་བསམ་བཞེས་པ་མཐོང་།་་ཚོགས་པ་དེ་བོད་ཀྱི་རྩ་དོན་་ཀྱི་ཆེད་དུ་སྲིད་དང་འབྲེལ་ན་རྐྱོན་གཏན་མེད་དོ་།་

    Reply
  7. GYAMTSO says:
    ལོ་ 16 སྔོན།

    གོས་ཐོས་ལྟར་ན་༸གོང་ས་སྐྱབས་མགོན་མཆོག་གིས་་་་་་སྔ་མོའི་ཀིརྟིའི་བླ་བྲང་གི་ངོ་བོ་དུས་ཀྱི་དགོས་མཁོ་ལ་གཟིགས་ནས་གཞན་ཕན་དགེ་རྩའི་ཚོགས་པར་བང་རིམ་སྒྲིག་གཞི་ཡོད་པར་གནང་པར་སྔགས་བརྗོད་ཡོད་ཞེས་གསུངས་ཡོད་པ་འདྲ། ལྷག་པར་དུ་ཀིརྟི་རིན་པོ་ཆེས་་་་ཀིརྟིའི་དགེ་རྩ་ཚོགས་པའི་སྒྲིག་གཞི་ཞེས་ལེའུ་བཅུ་གསུམ་དང་ལེའུ་རེ་རེའི་ནང་ཚན་ལ་དོན་ཚན་མི་འདྲ་པ་བཅུ་གསུམ་བཅུ་བཞི་ཅན་གྱི་ཟིན་བྲིས་སྤོས་དག་ཤིག་འདུག་ཟེར་གྱིས་འདུག ཁྱེད་ཚང་ལ་ཁོམ་པ་རེ་ཡོད་ན་དྲ་ཐོག་འདིར་བཀོད་ན་ལྟ་འདོད་ཡོད་གི་ཡ།

    Reply
  8. རིག་འཛིན། says:
    ལོ་ 16 སྔོན།

    དྲྭ་གྲོགས་ཤུལ་ལུང་གིས་གོ་སྟངས་འདི་དངོས་གནས་ཡིན་མདོགས་ཁ་བོ་འདུག
    སྐྱབས་སུ་མཆི་དེང་སང་བླ་ཁག་དང་དགོན་ཁག་འདི་ཚོས་སྐད་ཆ་སྙན་པོ་རེ་བཤད་ཤེས་ཀྱིན་འདུག

    Reply
  9. རྐང་གསུམ། says:
    ལོ་ 16 སྔོན།

    རེད་དྲ་གྲོགས་དབྱེན་མིང་ཅན་གྱིས་བཤད་ནོ་བདེན་གི་༧ཀིརྟི་བླ་མའི་སྔར་བརྩམས་ཟིན་པ་དག་ལ་ང་ཚོས་ཁ་ཕྱི་ལ་འཁོར་ནས་ལྟ་ཞིབ་ཅིག་བྱས་ན། ཁོང་གི་ཡང་དག་པའི་བཀའ་རྩོམ་དག་བོད་མི་རིགས་ཀྱི་རིག་གཞུང་གི་སྟོང་ཆ་ཁ་གསབ་ཀྱི་རྒྱུ་གཙོ་བོ་རུ་གྱུར་ཡོད་པ་དངོས་ཡོད་རེད། དེ་བཞིན་ད་རེབ་ཡང་ཀིརྟིའི་དགེ་རྩ་ཚོགས་པའི་ངོ་བོ་ཡང་གནའ་སྔ་མོའི་ཀིརྟིའི་བླ་བྲང་ཁང་ཚན་ད་ལྟ་གཞན་ཕན་ཆོས་ཕྱོགས་ཁོ་ནས་བྱ་འགུལ་འོག་མི་མང་ཉམ་ཐག་ལ་རོགས་སྐྱོར་དང་སྨན་བཅོས། སློབ་གྲྭ་གསར་འཛུགས་སོགས་ཀྱི་ལས་དོན་བསྒྲུབ་སླད་གསར་དུ་བཙུགས་པ་ཞིག་རེད། དེ་བས་ན་སྐྱབས་མགོན་ཀིརྟི་རིན་པོ་ཆེའི་དགོངས་དོན་བཞིན་མ་འོངས་པར་བོད་ཀྱི་བླ་སྤྲུལ་ཡོད་ཚད་ཀྱི་བླ་བྲང་ཁག་དེ་ལུགས་བཞིན་གཞན་ཕན་ཆོས་ཕྱོགས་ཁོ་ནས་བྱ་བ་ལ་འབད་མཁན་ཞིག་ཏུ་འགྱུར་བའི་སྨོན་ལམ་དང་། རྗེས་ཕྱོགས་ཀྱང་༧སྐྱབས་མགོན་ཀིརྟི་རིན་པོ་ཆེས་དེ་རིགས་ཀྱི་གསུང་རྩོམ་གང་མང་ཡོང་བའི་གསོལ་འདེབས་ཡང་ནས་ཡང་དུ་འདེབས་བཞིན་ཡོད།

    Reply
  10. aonca says:
    ལོ་ 16 སྔོན།

    ཆེས་མཆོག་ཏུ་བཀུར་འོས་པའི་སྐྱབས་རྗེ་ཀིརྟི་རིན་པོ་ཆེའི་མཛད་པ་འཕྲིན་ལས་ལ་གུས་འདུན་ཞུ།
    དེ་བཞིན་ད་རེབ་ཀིརྟེའི་དགེ་རྩ་ཚོགས་པའི་སྐབས་དང་པོའི་འགན་འཛིན་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཡོད་པ་ལེགས་འགྲུབ་ཡོང་བའི་སྨོན་ལམ་དང་རྟེན་འབྲེལ་ཞུ།

    Reply
  11. ཤུལ་ལུང་རྡོ་རྗེ། says:
    ལོ་ 16 སྔོན།

    ངས་གོ་སྟངས་ལྟར་བྱས་ན་”ཆབ་སྲིད་ལ་འབྲེལ་བ་མེད་”ཅེས་པ་ནི་སྤྱི་ཚོགས་ལ་འགན་ཁུར་མེད་ཅེས་པ་འདྲ་གཅིག་འདུག་ཁྱེད་ཚོས་བསམ་ན་ཅི་འདྲ་རེད།

    Reply
  12. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    བློ་གཟུ་པོར་གནས་ཏེ་བརྗོད་ན། ཚོགས་པ་དེ་ནི་ང་ཚོ་དེང་རབས་པ་ཚང་མས་བསྔགས་བརྗོད་བྱེད་ཡུལ་དུ་གྱུར་ཡོད། འོན་ཀྱང་ཆབ་སྲིད་དང་གཏན་ནས་འབྲེལ་བ་མེད་ཅེས་པ་དཀའ་མོ་རེད། ཧ་ཧ་སྐུ་རེ་ཡིན་ཆོས་གྲོགས་ལགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese