མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རྒྱ་ནག་སྒེའུ་ཁུང་།

བོད་ཀྱི་དུས་བབ།
༢༠༡༠/༠༦/༡༤
Share on FacebookShare on TwitterShare on EmailShare on Whatsapp
འགག་གསུམ་ཆུ་རགས་ཀྱི་ཉེན་ཁ།

འདས་པའི་དུས་ཡུན་རིང་པོའི་ནང་རྒྱ་ནག་ཏུ་ལས་དོན་སྒྲུབ་དེ་བསྡད་མྱོང་ཞིང་། ད་ལྟ་རྒན་ཡོལ་བྱས་ཟིན་པའི་དབྱིན་ཇའི་ཕྱི་འབྲེལ་དཔོན་རིགས་ཁྲེམ་ཁའོ་ ལེར་(Tim. Collard) གྱིས་ཕྱི་ཚེས་ ༧ ཉིན་དབྱིན་ཇིའི་ཉིན་རེའི་བརྡ་འཕྲིན་གསར་ཤོག་སྟེང་རྩོམ་ཡིག་ཅིག་སྤེལ་ཏེ། རྒྱ་ནག་གི་ཁྲུང་ཆིན་ས་ཁུལ་གྱི་ཆུ་འགག་རགས་བརྒྱུད་ལ་གས་ཁ་ཤོར་བཞིན་པར་མ་ཟད། ཁུལ་དེའི་སྐྱེས་ཁམས་ཁོར་ཡུག་ལ་གནོད་ཚབས་ཆེན་པོ་འབྱུང་བཞིན་ཡོད་པ་དང་། ད་ལྟའི་བར་ཆུ་འགག་འབབ་བརྒྱུད་ཁུལ་གྱི་མང་ཚོགས་ཁྲི་ ༡༤༠ གནས་སྤོ་བྱས་ཟིན་པ་དང་། ད་དུང་ཡང་མང་ཚོགས་ཁྲི་ ༣༠ ལྷག་གནས་སྤོ་བྱ་དགོས་ཐུག་ཡོད་མོད། ཁུལ་དེའི་མང་ཚོགས་ཀྱི་འཚོ་བའི་གནས་སྟངས་ཞན་པས་རྐྱེན་གྱིས་གནས་སྤོའི་མ་དངུལ་ མེད་པར་ཉེན་ཁའི་ཁྲོད་བསྡད་ཡོད་པ་བརྗོད་ཡོད། 
   
ཆུ་འགག་རགས་གསུམ་ནི་རྒྱ་ནག་གི་སྲིད་བློན་ཟུར་བ་ལི་ཕིན་གྱིས་དོ་ཁུར་བྱ་ཡུལ་ ཅིག་ཡིན་ལ།  དེ་ནི་རྒྱ་ནག་གི་དཔོན་རིགས་དག་གིས་དཔལ་འབྱོར་གྱི་ཁེ་ཕན་ཁོ་ནར་མགོ་འཁོར་ཏེ། བཟོ་བསྐྲུན་ལས་གཞི་དེ་ཚད་ལྡན་ལས་གཞིའི་ཚད་ཐིག་ལ་སླེབས་ཐུབ་མེད་པ་རེད། 

   

རྒྱ་ནག་ཟི་ཁྲོན་ས་གཏེར་བསྔོགས་འདོན་ཁང་གི་ས་གཤིས་ཉམས་ཞིབ་རུ་ཁག་གི་བཟོ་ བསྐྲུན་པ་དང་རྒྱ་ནག་གི་འབྲི་ཆུར་ཉམས་ཞིབ་ཆེད་མཁས་པ་ཧྥན་ཞའོ་ཡིས་བརྗོད་ རྒྱུར།  ཉེན་ཚབས་འབྱུང་རྐྱེན་གཙོ་བོ་ནི་ཆུ་འགག་ཁུལ་དུ་ས་རིལ་བརྒྱབ་པ་དང་།  ཆུ་ལོག་བརྒྱུགས་པ་སོགས་ས་གཤིས་ཉམས་པའི་རྐྱེན་གྱིས་ཡིན་པ་དང་། རྒྱ་ནག་གཞུང་གིས་ཆེད་དུ་ས་གཤིས་སླར་གསོའི་ལས་གཞི་སྤེལ་བཞིན་ཡོད་ལ། ད་ལྟ་མ་དངུལ་དུང་ཕྱུར་ ༢༠༠ བཏང་སྟེ་ལས་གཞི་ཐེངས་གསུམ་པ་དེ་སྤེལ་བཞིན་པའི་སྒང་ཡིན་ཚུལ་བརྗོད་ཡོད།
ཁྲིམས་དཔོན་གསོད་པའི་དཔའ་རྒོད།

ཕྱི་ཟླ་ ༦ ཚེས་ ༡ ཉིན་གྱི་སྔ་དྲོར། རྒྱ་ནག་ཧའོ་ནན་ཞིང་ཆེན་ཡུང་ཀྲིག་གྲོང་ཁྱེར་ལིན་ལེན་ས་ཁུལ་སྦྲགས་སྲིད་ལས་ ཁུངས་ཀྱི་ཀྲོའུ་ཅོན་ས་གནས་ཁྲིམས་ཞིབ་ཁང་དུ་སོང་ནས་མེ་མདས་བརྒྱབ་སྟེ་ཁྲིམས་ དཔོན་གསུམ་བསད་པ་དང་ཁྲིམས་དཔོན་གཞན་གསུམ་རྨས་རྗེས་རང་ཤི་བརྒྱབ་ཡོད་པ་རེད། ཕྱི་ཚེས་ ༢ ཉིན་གྱི་ཕྱི་དྲོར་ཁོ་ལ་གདུང་སེམས་མཉམ་བསྐྱེད་བྱེད་མཁན་དང་ས་གནས་ཁྲིམས་ཞིབ་ ཁང་ལ་ཞུ་གཏུགས་ལ་ཡོང་མཁན་གྱི་མང་ཚོགས་བརྒྱ་ཁྲག་འགའ་ས་གནས་ཁྲིམས་ཁང་གི་ར་ སྐོར་དུ་འདུ་འཛོམས་ཀྱིས། ཀྲུའོ་ཅོན་ལ་མྱ་ངན་མེ་ཏོག་བཤམས་པ་དང་། “ཀྲུའོ་ཅོན་བདེ་བར་གཟིམ” སོགས་བཀོད་པའི་འཕྲེད་བྱང་ཕྱར་དེ་ “ཀྲུའོ་ཅོན་ནི་མི་དམངས་ཀྱི་དཔའ་རྒོད་རེད”  སོགས་ཀྱི་སྐད་འབོད་བྱས་ཡོད་འདུག   ས་གནས་མང་ཚོགས་ཀྱིས་གསར་འགོད་པར་བརྗོད་པ་ལྟར་ན། དོན་རྐྱེན་དེའི་འབྱུང་རྐྱེན་ནི་ས་གནས་ཁྲིམས་ཞིབ་ཁང་གི་དཔོན་རིགས་དག་གིས་ གྱོད་གཞི་སྒྲུབ་སྐབས་དུས་རྒྱུན་ལྐོག་དངུལ་དང་དཔོན་ཤུགས་ཀྱི་ངོ་སོ་ལྟར་ ཁྲིམས་ཞིབ་དྲང་བདེན་གནང་གི་མེད་པ་དང་། ཀྲུའོ་ཅོན་ལའང་ཁྲིམས་ཞིབ་དྲང་བདེན་མ་བྱུང་པས་རྐྱེན་གྱིས་འུ་ཐུག་པ་ཡིན་ལུགས་ འགྲེལ་བརྗོད་བྱས་ཡོད།

བྱང་ཀོ་རུ་ཡིས་རྒྱ་མི་དམར་གསོད།

ཕྱི་ཟླ་ ༦ པའི་ཚེས་ ༤ ཉིན་བྱང་ཀོ་རུ་ཡའི་མཐའ་སྲུང་དམག་མིས་མེ་མདའ་བརྒྱབ་སྟེ་རྒྱལ་ཁབ་གཉིས་ཀྱི་ མཐའ་མཚམས་ཁུལ་གྱི་རྒྱ་ནག་གྲོང་ཁྱེར་ཏཱན་ཏུང་དུ་རྒྱ་མི་གསུམ་དམར་གསོད་དང་ གཅིག་ལ་རྨས་སྐྱོན་བཟོས་ཡོད་འདུག  དེར་རྒྱ་ནག་གི་མང་ཚོགས་ཀྱིས་བྱང་ཀོ་རུ་ཡར་ངོ་རྒོལ་གྱི་རྣམ་འགྱུར་བསྟན་ཡོད་ ནའང་། རྒྱ་ནག་གི་ཕྱི་འབྲེལ་མགྲིན་ཚབ་པ་ལིས་ཀང་གིས་བྱང་ཀོ་རུ་ཡའི་མཐའ་སྲུང་དམག་ མིས་རྒྱ་ནག་གི་མི་སེར་བཞི་ལ་མེ་མདས་བརྒྱབ་པའི་རྒྱུ་རྐྱེན་གཙོ་བོ་ནི། ཁོ་ཚོ་ཁྲིམས་འགལ་གྱིས་མཐའ་མཚམས་བརྒལ་ཏེ་ནག་ཚོང་བརྒྱག་མཁན་ཡིན་པར་དོགས་པས་ ཡིན་ལ།  པེ་ཅིན་ནི་ཕེན་རཱེང་སྲིད་གཞུང་གི་བློས་ཐུབ་གྲོགས་པོ་དང་རོགས་འདེགས་གནང་མཁན་ ཡིན་ཚུལ་དང་།  དེ་བཞིན། ན་ནིང་བྱང་ཀོ་རུ་ཡས་རྡུལ་ཕྲན་མཚོན་ཆ་ཞིབ་འཇུག་ཚོད་ལྟ་བྱས་པའི་རྗེས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གནོན་ཤུགས་སྤྲད་ཡོད་པ་དང་། དེ་ནས་བཟུང་བྱང་ཀོ་རུ་ཡ་དཀའ་ཁག་ཅན་གྱི་གནས་སྟངས་ཤིག་ཏུ་གནས་ཡོད་པ་སོགས་ བརྗོད་ཡོད།

གནས་འཕྲིན་དྲ་བར་བཀག་སྡོམ།

རྒྱ་ནག་ནི་འཛམ་གླིང་སྟེང་གནས་འཕྲིན་དྲ་བ་མཛད་སྤྱོད་བྱེད་མཁན་གྱི་མི་གྲངས་ ཆེས་མང་པོའི་རྒྱལ་ཁབ་དེ་ཆགས་ཡོད་ལ། རྒྱ་གཞུང་གིས་བརྙན་རླུང་འཕྲིན་གསར་ལམ་ཡོད་ཚད་སྒེར་གཅོད་བཀག་སྡོམ་བྱས་པའི་ གནས་སྟངས་འོག གནས་འཕྲིན་དྲ་བ་ནི་རྒྱ་ནག་མི་མང་གིས་རྒྱལ་ཁབ་ཕྱི་ནང་གི་གནས་ཚུལ་རྒྱུས་ལོན་ བྱ་སའི་བརྒྱུད་ལམ་གཅིག་པུ་དེའང་ཆགས་ཡོད།
   
ཕྱི་ཚེས་ ༨ ཉིན། རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགོད་གཞུང་ལས་ཁང་གིས་ཡིག་འབྲུ་ཆིག་ཁྲི་ སུམ་སྟོང་ཅན་གྱི་ <<རྒྱ་ནག་གི་གནས་འཕྲིན་དྲ་བའི་གནས་སྟངས>>ཞེས་པའི་ཉམས་ཞིབ་ཀྱི་ རྒྱབ་ཤ་དཀར་པོའི་དེབ་ཅིག་བཏོན་ཡོད་པ་དང་། དེབ་དེའི་ནང་རྒྱ་ནག་གི་དྲ་བ་མཛད་སྤྱོད་མཁན་གྱི་གྲངས་འབོར་ནི་དུང་ཕྱིར་ ༣་༨༤ སླེབས་ཡོད་པ་དང་། ༩༧ ལོ་དང་བསྡུར་ན་ལྡབ་ ༦༠༠ འཕར་ཡོད། ལོར་རེའི་འཕར་ཚད་ཀྱི་མི་གྲངས་ནི་ཁྲི་ ༣༠༠༠ ལྷག་ཡིན་ལ།  གཞན་ཡང་། དྲ་བ་མཛད་སྤྱོད་མཁན་ཕལ་ཆེ་བས་གནས་འཕྲིན་དྲ་བ་བརྒྱུད་གནས་ཚུལ་མཁོ་གཏོང་དང་ འཚོལ་ཞིབ་བཞིན་པ་དང་།  མི་གྲངས་དུང་ཕྱུར་ ༢་༤ ཡིས་བརྡ་འཕྲིན་མ་ལག་སྤྱད་དེ་སྤྱི་གནད་ཕན་ཚུན་གླེང་མོལ་བྱེད་བཞིན་པར་མ་ཟད། ཉིན་རེར་གནས་འཕྲིན་དྲ་བའི་སྟེང་སྤེལ་བཞིན་པའི་གསར་འགྱུར་དཔྱད་བརྗོད་དང་། ཟིན་བྲིས་སོགས་ཁྲི་ ༣༠༠ ལྷག་ལ་བུད་ཡོད།    དེར་བརྟེན། ཉེ་ལམ་རྒྱ་ནག་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཁ་གཡར་ཏེ་གནས་འཕྲིན་དྲ་བར་བཀག་ སྡོམ་གྱི་ཁྲིམས་གཞི་སྣ་ཚོགས་གཏན་འབེབས་བྱེད་བཞིན་པར་མ་ཟད། པེ་ཅིན་སྲིད་གཞུང་གིས་ཕྱིའི་རྒྱལ་ཁབ་ཀྱི་ཡུལ་མི་རྣམས་ཀྱིས་གནས་འཕྲིན་དྲ་ བའི་ལྕགས་རིར་བརྩི་སྲུང་བྱེད་དགོས་ལུགས་ཀྱང་བརྗོད་ཡོད་པ་རེད།

སྨྱོན་ནད་སྔོན་འགོག་གི་ཐབས་ལམ།

རྒྱ་ནག་གི་སྨན་ཁང་དང་སྨྱོ་ནད་འཕྲོད་བསྟེན་ཁང་འགས་མཉམ་རུབ་ཀྱིས་རྒྱ་ནག་གི་ གཞོན་སྐྱེས་ཀྱི་བརྒྱ་ཆའི་ ༡༢ ལྷག་ལ་ཞིབ་འཇུག་བྱས་པར། སེམས་ཁམས་མི་དྭངས་པའི་གཞོན་སྐྱེས་ཀྱིས་བརྒྱ་ཆའི་ ༡༧་༥ ཟིན་ཡོད་པ་དང་། དེའི་ཁྲོད་འདུ་ཤེས་འཛིན་སྟངས་ཐད་གནོད་ཤུགས་ཐེབས་པ་བརྒྱ་ཆ་  ༦་༡ དང་། སེམས་ཁམས་སུ་དཀའ་ངལ་ཅན་བརྒྱ་ཆ་ ༥་༦། ལྟོ་གོས་མཛད་སྤྱོད་ཀྱི་དཀའ་ངལ་ཅན་བརྒྱ་ཆ་ ༥་༩ བཅས་འདུག 


དགེ་རྒན་ཆེན་མོ་ཧའོ་ཞིན་ཏིག་གིས་གཞོན་སྐྱེས་ཚོའི་སེམས་ཁམས་ སྨྱོ་ནད་སྔོན་འགོག་འབྱུང་ཐབས་ལ།  གཅིག ཞི་བའི་སྒོ་ནས་སྤྱི་ཚོགས་འགལ་བ་སེལ་ཐབས་དང་། གཞི་རིམ་མི་སེར་གྱི་སེམས་ནང་གི་སྐད་ཆ་དག་བཤད་ས་ཡོད་པ་ཞིག་གམ། གསར་འགྱུར་བརྒྱུད་ལམ་ལ་རང་དབང་སྤྲོད་དགོས། གཉིས། མི་དམངས་འཐུས་མིའི་ལམ་ལུགས་ལ་བསྒྱུར་བཅོས་བཏང་སྟེ།  མི་དམངས་ཀྱིས་རང་དབང་གི་སྒོ་ནས་རང་ཉིད་ཀྱི་འཐུས་ཚབ་ཐུབ་པའི་འཐུས་མི་འདེམས་ ཐོན་ཡོང་བྱེད་དགོས།  གསུམ། ཁྲིམས་འཛིན་སྡེ་ཁག་རང་དབང་གི་ངོ་བོར་གནས་ཐུབ་པ་བྱས་ཏེ་ཁྲིམས་ཞིབ་དྲང་བདེན་ ཡོང་བ་བྱེད་དགོས། ཞེས་བརྗོད་ཡོད། 


རྒྱ་ནག་ཞིན་ཧྭ་ གསར་ཁང་གིས་དེའི་ཐད་ལ། གཅིག དྲིལ་བསྒྲགས་ལ་ཤུགས་བསྣན་ཏེེ་ངེས་ཤེས་ཇེ་མཐོར་གཏོང་རྒྱུ། གཉིས། དེ་དང་འབྲེལ་ཡོད་ཀྱི་ཤེས་བྱ་ཁྱབ་བརྡལ་དུ་གཏོང་རྒྱུ།  གསུམ། དེ་དང་འབྲེལ་ཡོད་ཀྱི་སྨན་བཅོས་རུ་ཁག་རྩ་འཛུགས་བྱ་དགོས་ལུགས་བཀོད་ཡོད།

གསར་འགྱུར་བསྡུ་མཁན། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

NewsClick's founder Prabir Purkayastha was arrested on Tuesday evening
Mobile App

རྒྱ་གཞུང་གི་ཐེ་ཇུས་ཡོད་པའི་ཉེས་མིང་འོག་རྒྱ་གར་གྱི་གསར་ཁང་ཞིག་གི་རྩོམ་སྒྲིག་པ་སོགས་འཛིན་བཟུང་བྱས། 

སྐར་མ ༣༧ སྔོན་ལ།
ཆོས་དབྱིངས་སྐྱིད་ཀྱིས་ཨེ་ཤ་ཡའི་འགྲན་སྡུར་ནང་གསེར་གྱི་རྟགས་མ་བླངས། ༢༠༢༣། ༡༠། ༤། དྲ་ལམ་གྱི་པར།
Mobile App

ཆོས་དབྱིངས་སྐྱིད་ལགས་ཀྱིས་ཨེ་ཤ་ཡའི་འགྲན་སྡུར་ནང་གསེར་གྱི་རྟགས་མ་བླངས།

ཆུ་ཚོད་ ༣ སྔོན་ལ།
Front Slider

༧གོང་ས་མཆོག་གིས་སྤྱན་རས་གཟིགས་ཕྱག་བཞི་པའི་བཀའ་དབང་བསྩལ།

ཆུ་ཚོད་ ༣ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་སྤྱན་རས་གཟིགས་ཀྱི་བཀའ་དབང་བསྩལ། བོད་ཀྱི་དུས་བབ་གསར་ཁང་གི་སྐུ་པར། ༢༠༢༣།༡༠།༤
༸གོང་ས་མཆོག གསར་འགྱུར།

འཛམ་གླིང་ཞི་བདེ་ཡོང་བར་ནང་སེམས་ཀྱི་ཞི་བདེ་དང་བྱམས་བརྩེ་གལ་ཆེན་ཡིན།

ཆུ་ཚོད་ ༤ སྔོན་ལ།
Mobile App

སྤྱི་འཐུས་གྲོས་ཚོགས་ལས་འཕྲོས་པའི་བསམ་ཚུལ།

ཆུ་ཚོད་ ༤ སྔོན་ལ།
Advertisement for App

TIBET TIMES LAUNCHED NEW ENGLISH WEBSITE

ཆུ་ཚོད་ ༤ སྔོན་ལ།

མཆན། 4

  1. སྐྱ་ཀ says:
    ལོ་ 13 སྔོན།

    དགེ་རྒན་ཆེན་མོ་ཧའོ་ཞིན་ཏིག་གིས་གསུང་པའི་དོན་དག་གསུམ་པོ་དེ་ཉམས་ཞིབ་བྱེད་མཁན་འདྲ་དྲ་གྲོགས་སུའང་མི་འདུག་གམ།

    Reply
  2. ཚེ་རིང་། says:
    ལོ་ 13 སྔོན།

    ཀློག་པ་པོ་སྐུ་ཞབས་མི་ཆུང་ལགས། དོ་སྣང་དང་སྐྱོན་འདོན་དག་སེལ་གྱི་བསམ་ཚུལ་སྤེལ་བར་སྙིང་ནས་ཐུགས་རྗེ་ཆེ་ཞུ། ཕྲན་གྱིས་”འགག་གསུམ་ཆུ་རགས་ཀྱི་ཉེན་ཁ” ཞེས་འགོད་དོན་ནི། ཆུ་འགག་གསུམ་གྱི་ཆུ་རགས་ལ་གས་ཁ་ཤོར་ཏེ་མི་མང་ལ་ཉེན་འཕྲད་ཀྱིན་པའི་དོན་དུ་ཡིན། རྗེས་ཕྱོགས་ཀྱང་མུ་མཐུད་དུ་དོ་སྣང་དང་བསམ་ཚུལ་གནང་རོགས་ཞུ།

    Reply
  3. མི་ཆུང་། says:
    ལོ་ 13 སྔོན།

    ཚེ་རིང་རྒྱལ་ལགས། གསར་འགྱུར་མཁོ་འདོན་གནང་བར་ཐུགས་རྗེ་ཆེ། ཐ་སྙད་ཀྱི་སྐོར་ཞིག་གསལ་བཤད་ཞུ་རྒྱུར། སྐུ་ཉིད་ཀྱིས། ”འགག་གསུམ་ཆུ་རགས་ཀྱི་ཉེན་ཁ།”ཞེས་གསུངས་འདུག་ཀྱང་། རི་ལུང་གཡས་གཡོན་སོགས་ཀྱི་ཆུ་གསོག་འཇོག་བྱས་ན་བཞག་པ་དེའི་མིང་ལ། ཡོངས་གྲགས་ཀྱི་བོད་ཀྱི་ཐ་སྙད། ཆུ་མཛོད་ཅེས་བརྗོད་ཀྱི་ཡོད།

    ཆུ་རགས་ཞེས་པ་ནི། སྐབས་ཐོག་ཆུ་མཛོད་ཤོར་ཉེ་དང་དེ་མིན་གྱི་ཆུ་ཡི་གནོད་པ་འགོག་ཆེད་དུ་ཁང་པ་སོགས་ཀྱི་གཡས་གཡོན་དུ་རགས་བརྩིས་པ་དེ་ཚོར། ཆུ་རགས་བརྗོད་ཀྱི་ཡོད། བཙན་བྱོལ་ནང་འཚར་ལོངས་བྱུང་བའི་གཞོན་སྐྱེས་ཚོས་ཀྱང་ཆུ་མཛོད་ལ་ཆུ་རགས་ཞེས་འབོད་ཀྱི་འདུག་ཀྱང་། ང་ཚོས་རྒྱུན་ལྡན་གྱི་ཐ་སྙད་དེ་ཚོར་ཡང་ཐུགས་གནང་བྱེད་དགོས།

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ཚེ་རིང་རྒྱལ་ལགས་ཀྱི་ལྷག་བསམ་ལས་འཁྲུངས་པའི་གསར་འགྱུར་ཁག་ཅིག་འདུག ཐུགས་རྗེ་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist