མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀྲ་བྷེའི་དེང་སྐབས་ཀྱི་གནས་ཚུལ།

བོད་ཀྱི་དུས་བབ།
༢༠༡༠/༠༦/༡༤
Share on FacebookShare on TwitterShare on EmailShare on Whatsapp

ཁོང་ཁྲོམ་གཞུང་དུ་ཡོང་སའི་ལམ་ཆེན་དེའི་མིང་ལ་དེང་སྐབས་བོད་པ་རྣམས་ཀྱིས་དཔའ་བོའི་ལམ་ཞེས་མིང་བཏགས་ཡོད་འདུག

བཀྲ་བྷེ་ནི་ཨ་མདོ་རྔ་པ་ཀིརྟི་དགོན་གྱི་གྲྭ་པ་དཀྱུས་མ་ཞིག་ཡིན་ཞིང༌། ཕྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༢༧ ཉིན་ཁོང་གིས་རང་ལུས་ལ་མེ་སྦར་ཏེ་ཁྲོམ་གཞུང་༼ཁོང་ཁྲོམ་གཞུང་དུ་ཡོང་སའི་ལམ་ཆེན་དེའི་མིང་ལ་དེང་སྐབས་བོད་པ་རྣམས་ཀྱིས་དཔའ་བོའི་ལམ་ཞེས་མིང་བཏགས་ཡོད་འདུག༽ལ་ཐོན་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་ཤིང༌། སྐབས་དེར་ཁོང་ལ་མེས་ཚིག་སྐྱོན་གྱིས་རྨས་སྐྱོན་ཅུང་ཙམ་བྱུང་ཡོད་པར་མ་ཟད། རྒྱ་གཞུང་གི་དྲག་ཆས་དམག་དཔུང་གིས་མེ་མདའ་བརྒྱབ་སྟེ་རྨས་སྐྱོན་ཚབས་ཆེན་བཟོས་པར་བརྟེན། གནས་སྟངས་ཧ་ཅང་ཛ་དྲག་ཏུ་གྱུར་ཡོད་ལ། ས་གནས་རིམ་པས་སྨན་ཁང་བརྒྱུད་དེ་མཐར་ཁྲིན་ཏུའུའི་སློབ་གྲྭ་ཆེན་པོ་ཞིག་གི་སྨན་ཁང་དུ་སྨན་བཅོས་རྒྱུན་རིང་བྱས་ཡོད་ལ། སྨན་བཅོས་བྱས་པའི་རྒྱུད་རིམ་ནང་ཁོང་གི་རྐང་ལག་གཅོད་དགོས་པའི་འདོད་ཚུལ་བཏོན་མོད། འབྲེལ་ཡོད་རྣམས་ཀྱིས་ངོས་ལེན་མ་བྱས་པར་བརྟེན། དོན་ཐོག་ཏུ་སོང་མེད། ཁོང་ལ་མེ་མདའ་རྒྱབ་པ་དངོས་འབྲེལ་ཡིན་ནའང༌། རྒྱ་ནག་གཞུང་གིས་མེ་མདའ་རྒྱབ་པ་ངོས་ལེན་གཏན་ནས་བྱས་མེད་པར་མ་ཟད། རྔ་པ་ཀིརྟི་དགོན་གྱི་གྲྭ་འཇམ་དབྱངས་ཕུན་ཚོགས་སམ་འཇང་ཁོ་ཞེས་པས་གནས་ཚུལ་རྫུན་བཟོ་བྱས་པ་ངོས་ལེན་བྱས་ཡོད་ཅེས་གཞུང་འབྲེལ་ཤིན་ཧཱ་དྲ་བའི་ནང་དུས་ལྟར་གནས་ཚུལ་རྫུན་བཟོ་བྱས་ཡོད་ལ། མ་ཟད་གྲྭ་འཇང་ཁོ་དོན་དག་དེའི་རྐྱེན་བྱས་ནས་འཛིན་བཟུང་བཀག་ཉར་བྱས་པ་ཡང་གསལ་བོར་བསྟན་ཡོད་མོད། དེ་ནས་བཟུང་ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༩ བར་འཇང་ཁོ་གར་སོང་ཆ་མེད་དུ་གྱུར། དུས་ཚོད་དེའི་རིང་ནང་མི་ཉེ་འབྲེལ་སོགས་ཀྱིས་བརྩད་གཅོད་མང་པོ་བྱས་ཀྱང་ནུས་པ་གང་ཡང་ཐོན་མེད། ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༩ ཉིན་ཁོང་ལ་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་བྱས་པའི་ཉེས་འཛུགས་བྱས་ཏེ་རྔ་པ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས་བཙོན་འཇུག་ཁྲིམས་ཐག་ལོ་ ༦ བཅད་དེ་དེང་སྐབས་ཁོང་བཙོན་ཁང་བརྗེ་སྤོར་གྱིས་སི་ཁྲོན་གྱི་མེན་ཡངས་ཞེས་པར་བཙོན་འཇུག་བྱས་ཡོད་འདུག 
གོང་ཞུས་ལྟར་བཀྲ་བྷེ་ལ་མེ་མདའ་རྒྱབ་པ་རྒྱ་གཞུང་གིས་ངོས་ལེན་མ་བྱས་པར་མ་ཟད་མེ་མདའ་བརྒྱབས་པའི་དཔང་རྟགས་སུ་ཡོད་པའི་ལུས་ཀྱི་རྨ་ཤུལ་རྣམས་མེད་པར་བཟོ་ཆེད་རྐང་ལག་གཅོད་དགོས་པར་བཤད་ཀྱང་ནང་མི་སོགས་ཀྱིས་ངོས་ལེན་བྱས་མེད་འདུག་མོད། གཞི་རྩའི་རྨས་སྐྱོན་ཅུང་ཙམ་དྲག་ཡོད་ནའང༌། ད་ལྟ་ད་དུང་ཁོང་སི་ཁྲོན་ཁྲིན་ཏུའུ་དང་ས་ཐག་ཉེ་བའི་བཀའ་ཤན་ཞེས་པའི་ས་གནས་སུ་བཀག་སྐྱིལ་བྱས་ཡོད་འདུག་ལ། ཁོང་གི་ལུས་ལ་མེ་མདའ་བརྒྱབ་པའི་རྨ་ཤུལ་རྣམས་མེད་པར་བཟོ་ཆེད་རྒྱུན་དུ་སྨན་བཅོས་བྱེད་མུས་ཡིན་པའི་གནས་ཚུལ་རེ་ཡུལ་མི་ཚོས་གོ་ཐོས་བྱུང་འདུག་ནའང༌། དེ་ལས་ལྷག་པའི་ཁ་གསལ་ཞིག་ད་ལྟ་ཡང་གཏན་ཤེས་རྟོགས་ཡོང་གི་མེད་འདུག་པས་ན། ཁོང་ལ་ནང་མི་ཉེ་འབྲེལ་ཚུན་ཆད་འབྲེལ་གཏུག་བྱེད་རྒྱུ་བཀག་སྡོམ་བྱས་ཡོད་པ་ཧ་ཅང་གསལ་པོ་ཡིན་འདུག་པ་བཅས།

ཀ་ཉག་ཚེ་རིང་གི་ཟིན་བྲིས་ལས་བཤུས།

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

ཆུ་ཚོད་ ༡༡ སྔོན་ལ།
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

ཆུ་ཚོད་ ༡༥ སྔོན་ལ།
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

ཆུ་ཚོད་ ༡༦ སྔོན་ལ།
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

ཆུ་ཚོད་ ༡༦ སྔོན་ལ།
Torrents of muddy water swiftly engulfed homes in Nanning city in southern China
Mobile App

རྒྱ་ནག་ནང་ཆུ་ལོག་དང་ས་རུད་བྱུང་སྟེ་མི་གྲངས་ ༦༥ འདས་གྲོངས་སུ་ཕྱིན་འདུག

༢༠༢༦/༠༧/༠༨
strategic missile launched by a submarine of the Chinese People’s Liberation Army Navy bursts out of the water during a test on Monday. Photograph: Xinhua/Shutterstock
Mobile App

རྒྱ་ནག་གིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་དམག་སྦྱོང་བྱས། 

༢༠༢༦/༠༧/༠༨

མཆན། 7

  1. འབྲོང་བུ་ཟླ་བ། says:
    ལོ་ 16 སྔོན།

    དཔའ་བོ་ཁོ་གི་མཛད་རྗེས་ལ་རྗེས་སུ་ཡི་རངས་དང། ལམ་ཆེན་དེ་ལ་༼དཔའ་བོའི་ལམ་༽ཞེས་བཏགས་པར་བསྔགས་བརྗོད་ཡོད།

    Reply
  2. སྤྲོ་ཚིགས་དགེ་འདུན says:
    ལོ་ 16 སྔོན།

    ༄༅།།་ དཔའ་བོ་ཁོང་གི་སྡུག་མྱོང་བ་ཚད་མེད་རེད
    ད་དུང་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད་ན་དེའི་འགྲོ་སོང་ཐད་གང་འདྲ་ཡིན་ནམ
    ཕར་ཆེར་ཁོང་གི་ནང་མི་ལ་རྩེས་སྡོམས་རྒྱག་རྒྱུ་རེད

    Reply
  3. སེར་གཙང་འཇམ་དབྱངས། says:
    ལོ་ 16 སྔོན།

    རྒྱལ་གཅེས་ལྷག་བསམ་ཅན་གྱི་དཔའ་བོ་འཇམ་དབྱངས་ཕུན་ཚོགས་ལགས་
    ཁྱེད་ནི་བོད་མི་རིགས་ཀྱི་སེམས་ནངདུ་བརྗེད་ཐབས་མེད་པའི་རླབས་ཆེན་གྱི་མི་སྣ་ཞིག་ཡིན།།

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    ་་་་བཀྲ་བྷེ་ལ་མེ་མདའ་རྒྱབ་པ་རྒྱ་གཞུང་གིས་ངོས་ལེན་མ་བྱས་པར་མ་ཟད་མེ་མདའ་བརྒྱབས་པའི་དཔང་རྟགས་སུ་ཡོད་པའི་ལུས་ཀྱི་རྨ་ཤུལ་རྣམས་མེད་པར་བཟོ་ཆེད་རྐང་ལག་གཅོད་དགོས་པར་བཤད་ཀྱང་ནང་མི་སོགས་ཀྱིས་ངོས་ལེན་བྱས་མེད་འདུག་་་་། ་་་ ཅེས་པ་འདིས་བོད་མི་རྣམས་གཉིད་སད་རན་མི་འདུག་གེ

    Reply
  5. བསྟན་པ། says:
    ལོ་ 16 སྔོན།

    དཔའ་བོ་ཁོང་གི་གཟི་བརྗིད་དང་མཚན་སྙན་ང་ཚོའི་སེམས་ནང་གཏན་དུ་གནས་ངེས་ཡིན།

    Reply
  6. བྱམས་རྒྱལ། says:
    ལོ་ 16 སྔོན།

    ཨ་ཛི་ དཔའ་བོ་ཁོང་བརྗེད་གྲབས་བྱེད་སོང་། དྲན་གསོ་གནང་བར་ཐུགས་རྗེ་ཆེ་།

    Reply
  7. གནམ་ལྕགས། says:
    ལོ་ 16 སྔོན།

    དཔའ་བོ་ཁོང་དུས་གཏན་ཏུ་རྒྱལ་གྱུར་ཅིག

    དཔའ་བོ་ཁོང་དང་ཁོང་ལྟ་བུ་ནི་དུས་ནམ་ཡང་ང་ཚོའི་མིག་དཔེར་འོས་སོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese