མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

༸གོང་ས་མཆོག་བལ་ཡུལ་དུ་གདན་ཞུ་ཞུས་པ།

བོད་ཀྱི་དུས་བབ།
༢༠༡༠/༠༦/༡༤
Share on FacebookShare on TwitterShare on EmailShare on Whatsapp

བལ་ཡུལ་སྤྱི་འཐུས་མི་སྣ་གསུམ་གཙོས་གནད་ཡོད་མི་སྣ་བཅུ་ཡིས་༸གོང་ས་མཆོག་བལ་ཡུལ་དུ་འཚོགས་རྒྱུའི་རྒྱལ་སྤྱིའི་ཆོས་ལུགས་ཀྱི་ཚོགས་ཆེན་སྟེང་གདན་ཞུ་གནང་ཡོད་ལ། བཙན་བྱོལ་བོད་གཞུང་གིས་རེ་དོགས་དང་བཅས་བལ་གཞུང་གི་བརྡ་ལན་ལ་ཉན་ཡོད་འདུག

ཉེ་བའི་བདུན་ཕྲག་འདིའི་ནང་བལ་ཡུལ་གྱི་མི་སྣ་བཅུ་ལས་གྲུབ་པའི་ཚོགས་པ་ཞིག་བཞུགས་སྒར་ངྷ་སར་གཟིགས་སྐོར་འཚམས་འདྲིར་ཕེབས་ཡོད་ཡོད་པ་དང་། ཐེངས་འདིའི་གོ་སྐབས་འདི་བརྒྱུད་ཁོང་རྣམ་པས་༸གོང་ས་མཆོག་དང་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་རྣམ་གཉིས་ལ་མཇལ་འཕྲད་གནང་ཡོད་པར་མ་ཟད། བཙན་བྱོལ་བོད་མིའི་ལས་ཁུངས་དང་ལྷན་ཁང་ཁག་ལ་གཟིགས་སྐོར་གནང་ཡོད་འདུག་ལ། དེ་བཞིན། འདི་ལོའི་ཕྱི་ཟླ་ ༨ པའི་ནང་སངས་རྒྱས་ཤཱཀྱ་ཐུབ་པའི་འཁྲུངས་ཡུལ་བལ་ཡུལ་གྱི་གནས་ཆེན་ལིམྦི་ནཱི་རུ་འཚོགས་འཆར་ཡོད་པའི་འཛམ་གླིང་ཆོས་ལུགས་ཀྱི་ཚོགས་ཆེན་སྟེང་༸གོང་ས་མཆོག་གདན་ཞུ་གནང་ཡོད་པའི་གནས་ཚུལ་ཞིག་བལ་ཡུལ་གྱི་མའོ་ཤོག་ཁག་གི་གསར་ཤོག་  Janadisha ཞེས་པའི་སྟེང་སྤེལ་ཡོད་འདུག   

ཚོགས་མི་བཅུ་ལས་གྲུབ་པའི་བལ་ཡུལ་གྱི་ཚོགས་པ་འདིའི་མི་སྣ་དག་ནི། ལིམྦི་ནཱི་ཐེབས་རྩ་ཁང་གི་འགན་འཛིན་སྐུ་ཞབས་སི་ཌར་ཐ་ ཁྲི་པ་ཐི་ ཀོ་ཏམ་ Siddhartha Tripathi Gautam  དང་བལ་ཡུལ་སྤྱི་འཐུས་ཚོགས་མི་སྐུ་ཞབས་ཧར་སཱ་རྗི་ཊི་ བླ་མ་ Harsajeet Lama དང་། བལ་ཡུལ་རྒྱལ་ཡོངས་བརྒྱུད་ལམ་ Gorkhapatra Daily གྱི་འགན་འཛིན་སྐུ་ཞབས་སཱ་མོའུ་པུའུ་ཞིར་ཐཱ་བཅས་གཙོས། བལ་ཡུལ་གྱི་སྤྱི་འཐུས་མི་སྣ་གསུམ་དང་སྲིད་གཞུང་གི་མི་སྣ། མཁས་དབང་དང་གསར་འགོད་པ།  སློབ་མ་བཅས་མི་ ༡༠ ཕེབས་ཡོད་པ་དང་།  ཕྱི་ཚེས་ ༡༢ ཉིན་ཕྱིར་བལ་ཡུལ་ཏུ་ཕེབས་ཡོད་འདུག 

གོང་གསལ་གྱི་གནས་ཚུལ་འདིའི་ཐད་འདི་གའི་གསར་འགོད་པས་བོད་གཞུང་ཕྱི་དྲིལ་དྲུང་ཆེ་ཨ་ཏི་ཤ་བསྟན་འཛིན་ཕུན་ཚོགས་ལགས་སུ་བཀའ་འདྲི་ཞུས་པར། ཁོང་གིས། ༸གོང་ས་མཆོག་ ༡༩༨༢ ལོར་བལ་ཡུལ་ནང་ཐེངས་ཤིག་ཕེབས་པ་ནས་ད་ལྟའི་བར་བལ་ཡུལ་གྱི་ནང་པ་གཙོས་པའི་མི་མང་གིས་རེ་བ་དང་འབོད་སྐུལ་ཐེངས་མང་ཞུས་ཀྱང་ཕེབས་ཐུབ་ཡོད་པ་མ་རེད།  ཐེངས་འདིར་བལ་ཡུལ་གྱི་ལིམྦི་ནཱི་ཐེབས་རྩ་ཁང་གི་མི་སྣ་གཙོས་པའི་བལ་ཡུལ་གྱི་སྤྱི་འཐུས་མི་སྣ་གསུམ་དང་། གཞན་མཁས་དབང་བཅས་གནད་ཡོད་མི་སྣ་ཁག་ཅིག་གིས་བལ་ཡུལ་དུ་དེང་སྐབས་རྒྱ་ནག་གི་དབང་ཤུགས་དང་ནུས་ཤུགས་ལ་བརྟེན་ནས་ཆབ་སྲིད་ཀྱི་དཀའ་ངལ་གང་མང་ཞིག་འཕྲད་ཀྱིན་པར་མ་ལྟོས་པར། ཆོས་ཚོགས་མ་ཡིན་པའི་གནད་ཡོད་མི་སྣ་ཁག་འདིར་བཅར་བ་ཙམ་དུ་མ་ཟད། ༸གོང་ས་མཆོག་གདན་ཞུ་གནང་བ་དེ་ཧ་ཅང་གལ་ཆེན་པོ་ཞིག་དང་བལ་ཡུལ་དང་བོད་བར་གྱི་གཏམ་བཟང་ཞིག་ཏུ་མཐོང་གི་འདུག་ལ། ཁོང་ཚོས་ཀྱང་༸གོང་ས་མཆོག་ཐེངས་འདིའི་རྒྱལ་སྤྱིའི་ཆོས་ལུགས་ཀྱི་ཚོགས་འདུའི་སྟེང་གདན་ཞུ་གནང་ཡོད་ཚོད་འདུག  འདིར་ཕེབས་སྐབས་རང་གཞུང་བཀའ་ཤག་གིས་ཀྱང་གསོལ་ཚིགས་དྲངས་ཏེ་སྣེ་ལེན་བྱས་པ་རེད་ཅེས་གསུངས་སོང་ལ། ཡང་ཁོང་གིས། ཕེབས་ཐུབ་དང་མི་ཐུབ་དེ་གནས་ཚུལ་གང་མང་ཞིག་ལ་རག་ལས་ཡོད་སྟབས་བཤད་ཁག་པོ་རེད། གལ་སྲིད། ཐེངས་འདིར་ཁོང་ཚོའི་རེ་འདོད་བཞིན་ཁོང་ཉིད་ཕེབས་ཐུབ་པ་ཡིན་ན། བལ་ཡུལ་ནང་པ་གཙོས་པའི་བལ་ཡུལ་མི་མང་ལ་འཛམ་གླིང་ཡོངས་ཀྱི་ནང་པ་རྣམས་གཞི་གཅིག་ཏུ་གནས་དེར་འདུ་འཛོམས་ཀྱིས་སྔར་མེད་ཀྱི་མཚན་སྙན་དང་ཕན་ཐོགས་ཆེན་པོ་ཞིག་ཡོང་གི་རེད་ཅེས་གསུངས་བྱུང་།

གནས་ཚུལ་འདི་ཁྱབ་མ་ཐག བལ་ཡུལ་གྱི་སྲིད་དོན་པ་ཁག་ཅིག་གིས་སྐུ་ཚབ་འདི་དག་ངྷ་རམ་ས་ལར་བཅར་ཏེ་༧གོང་ས་མཆོག་གདན་ཞུ་བྱས་པ་དེ་ནི་བལ་ཡུལ་གྱིས་རྒྱ་ནག་གཅིག་གི་སྲིད་བྱུས་བཟུང་ཡོད་པ་དེ་དང་རྒྱབ་འགལ་དུ་གྱུར་ཡོད་ཚུལ་སོགས་བཤད་ཡོད་པ་རེད།

གསར་འགོད་པ། དོན་གོ།

མཆན། 13

  1. སྣང་རྒྱལ་ཤེར་དགེ says:
    ལོ་ 12 སྔོན།

    མི་འགའ་རེས་ཐུགས་ཁྲལ་གནང་བཞིན་པ་དེ་ཡང་རྒྱུ་མཚན་མེད་པ་ཞིག་མ་རེད། ༸གོང་ས་མཆོག་རྒྱ་ནག་གི་མིག་ནང་གི་ཚེར་མར་གྱུར་ཡོད་པའི་རྒྱུ་མཚན་ལ་བརྟེན་ནས་ནམ་ཡང་ཡན་པོར་འཇོག་མི་སྲིད་ལ། ཡང་རྒྱལ་སྤྱིའི་ཐོག་གྲགས་ཅན་གྱི་མི་སྣ་ཞིག་ཡིན་པའི་རྒྱུ་མཚན་གྱིས་སྟབས་བདེ་བོའི་ཐོག་ནས་བརླག་ཐབས་མེད་པ་ཞིག་རེད། དེར་བརྟེན་བལ་ཡུལ་ལྟ་བུ་ཞིག་ལག་པ་འཕྱི་ས་བྱེད་མི་སྲིད་པ་མ་རེད། གལ་སྲིད་གདུག་རྩུབ་ཀྱི་སྦྱོར་བ་ཞིག་རྩོམ་འཆར་མེད་ན་ངེས་པར་དུ་ཆིབས་བསྒྱུར་གནང་དགོས་པ་ཞིག་རེད། འོན་ཀྱང་འདི་ནི་སུས་ཀྱང་ཚོད་དཔག་བྱེད་དཀའ་བ་ཞིག་རེད།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ༸གོང་ས་མཆོག་ཕེབས་གཏན་འཁེལ་བ་ཡིན་ཡང་། ཁོང་གིས་ཕྱག་མོ་བསྐྱོན་ནས་དང་། བཀའ་སྲུང་གི་སྐུ་ཕྱྭའི་ལུང་བསྟན་ལེགས་ཉེས་གཟིགས་ནས་ཕེབས་ངེས་ཡིན་པས་སྐྱོན་དེ་ཙམ་ཨ་ཡོད།

    Reply
  3. གངས་མྱུག says:
    ལོ་ 12 སྔོན།

    འདིར་རྒྱལ་ཁ་དང་ཉེན་ཁ་གཉིས་འདུག བལ་ཡུལ་ནི་ཁྲིམས་མེད་ལུགས་མེད་རྒྱ་ནག་གིས་གར་ཁྲིད་དང་རྒྱ་གཞུང་གིས་གོ་སྐབས་འདི་ཟིན་ཏེ་གནོད་པ་བྱེད་མི་སྲིད་པ་མིན། དེ་བས་གལ་སྲིད་ཕེབས་ནའང་གཞུང་དམངས་ཚང་མས་སྐུའི་སྲུང་སྐྱོབ་ལ་གང་གཟབ་་བྱེད་རྒྱུ་གལ་ཆེན་པོར་མཐོང་། རྒྱ་ནག་ཏུ་ཕེབས་ན་འགན་ཡོངས་རྒྱ་གཞུང་གིས་འཁུར་དགོས་པས་སྐྱོན་ཆེར་མེད་སྙམ།

    Reply
  4. བཟོད་པ་ལྷ་རྩེ། says:
    ལོ་ 12 སྔོན།

    ང་རང་བལ་ཡུལ་དུ་གནས་སྡོད་བྱ་མཁན་གྱི་བོད་མི་ཞིག་གི་ངོས་ནས་འདིར་བསམ་ཚུལ་ཞིག་བྲི་ན་འདོད། བལ་ཡུལ་ནང་དུ་༧གོང་ས་མཆོག་གདན་འདྲེན་ཐུབ་པའི་དབང་དུ་གཏང་ཀྱང་སྐུའི་སྲུང་སྐྱོབས་བལ་པོའི་ཉེ་རྟོགས་པ་དང་སྲུང་དམག་རྣམས་ལ་སྤྲད་པ་ཡིན་ན་འགན་ལེན་རྩ་བ་ནས་ཐུབ་ཐབས་མེད་ལའང་ཉེ་ཁའི་གནས་ཤིག་ཀྱང་ལགས།

    སྤྱིར་རྒྱལ་ཁབ་གང་འདྲ་ཞིག་ཡིན་ཀྱང་རྒྱལ་ཁབ་དེ་དང་དེ་ཡི་རྒྱལ་ཁྲིམས་གཞིར་བཟུང་སྐུའི་སྲུང་སྐྱོབས་སོགས་རྒྱལ་ཁབ་དེ་རང་ནས་འགན་འཁྱེར་བཞིན་ཡོད་པ་ལྟར་བལ་ཡུལ་རྒྱལ་ཁབ་ནས་དེ་ལྟ་བུའི་འགན་ལེན་རྩ་ནས་འཁྱེར་བའི་ནུས་པ་མེད།

    གང་ལགས་ཞེ་ན་ད་ལྟའི་འཆར་བལ་ཡུལ་གྱི་རྒྱལ་ཁབ་རང་ལ་ཡང་རྒྱལ་ཁྲིམས་མེད་པས་ཁྲིམས་མེད་ལུགས་མེད་ཀྱི་ལུང་པ་ཞིག་ཡིན་པ་མ་ཟད་རྒྱ་དམར་གྱིས་གང་བཤད་ལག་ལྟར་བྱ་མཁན་གྱི་རྒྱལ་ཁབ་གཅིག་ཀྱང་ཡིན།

    དེ་ན་ད་ལྟའི་འཆར་༧གོང་ས་མཆོག་བལ་ཡུལ་དུ་མ་ཕེབས་ལེགས་ཞེས་སྙིང་ཐག་པ་ནས་ཞུ་འདོད་བྱུང་།

    Reply
  5. ལྷག་པ་ཚེ་རིང༌། says:
    ལོ་ 12 སྔོན།

    འདི་ནི་གནས་ཚུལ་ལེགས་པོ་ཞིག་ཀྱང་རེད་ལ་གཟབ་དགོས་པ་ཞིག་རེད།

    Reply
  6. མི་ཆུང་། says:
    ལོ་ 12 སྔོན།

    ཡང་མི་བཅོལ་ཆུང་འདི་ཚོས་ཅི་ཟེར། ད་བར་གོ་སྐབས་མ་རེག་པར་ལུས་ཡོད། ཁྱེད་ཚོས་བྱས་ན་བལ་ཡུལ་དུ་ཕེབས་པར་བློས་བཟོད་ཀྱི་མེད་ན། རྒྱ་ནག་ཏུ་གདན་ཞུ་བྱས་ཀྱང་སྐུའི་སྲུང་བྱར་བརྟེན་ཕེབས་མི་ཆོག་པ་ཡིན་ནམ།
    རྣམ་དོགས་དེ་ཚོ་ཐལ་བར་ཕོངས།

    ༸གོང་ས་མཆོག་མི་བུ་སྤྱིར་བཏང་བ་ཞིག་གི་མཚན་གཞིར་བཞག་ན་མི་འགྲིགས། ཁོང་རྒྱལ་ཁབ་དང་ས་གནས་གང་དུ་ཕེབས་ཀྱང་དེ་དང་དེ་ནས་སྐུའི་སྲུང་བྱར་འགན་ལེན་བྱེད་དགོས་ཀྱི་ཡོད། གལ་སྲིད་དེ་ལྟར་ཐུབ་ཀྱི་མེད་ཚེ། མེད་པ་བཞིན་འབྲེལ་ཡོད་ལ་བརྡ་ལན་བྱེད་ཀྱི་ཡོད་ན། གུ་དོགས་ཀྱི་བསམ་བློ་མི་འཆང་རོགས།

    Reply
  7. ཤེལ་དཀར་བློ་བཟང་། says:
    ལོ་ 12 སྔོན།

    ལུང་པ་འདིར་ཕྲན་མང་པོ་བསྡད་མྱོང་ཡོད། ༸རྒྱལ་བའི་སྐུ་ཕྱྭའི་ཐོག་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ལ་དམིགས་བསལ་གྱི་ལས་འགན་ཞིག་ཡོད་སྟབས་ཚང་མས་དོ་སྣང་བྱེད་དགོས། བལ་ཡུལ་དང་རྒྱ་ནག་གཉིས་ཁྱི་སྤྱང་ལག་འབྲེལ་ཡིན་པ་ཀུན་གྱིས་མཁྱེན་ངེས་རེད། ལྷག་པར་འདི་ལོ་རྒྱ་གར་ནས་གནས་སྐོར་ཡོང་མཁན་བོད་རིགས་མང་པོ་ཞིག་འཛིན་བཟུང་བྱས་པ་མ་ཟད། དངུལ་གྱིས་ཆད་པ་བཅད་དེ་ས་མཚམས་བར་ཕྱི་སྤུད་བྱས་པ་མང་དག་ཅིག་བྱུང་སོང་། དེར་བརྟེན་གོང་རིམ་ནས་དེའི་ཐོག་གཟབ་གཟབ་གནང་རོགས།

    Reply
  8. མདོ་ཁམས་འབྲི་མཚོ says:
    ལོ་ 12 སྔོན།

    གལ་ཏེ་༧གོང་ས་མཆོག་བལ་ཡུལ་ལ་ཕེབས་ཐུབ་ན་དེ་ཡང་དཔེ་ཡག་པོ་འདུག

    Reply
  9. མདོ་ཁམས་འབྲི་མཚོ says:
    ལོ་ 12 སྔོན།

    ༧གོང་ས་མཆོག་བལ་ཡུལ་ཕེབས་ཐུབ་ན་བཟང་ཆོག་ཀྱི་འགྱུར་བ་ཞིག་རེད་

    Reply
  10. ཆུ་ཤུར་མིག་དམར་ says:
    ལོ་ 12 སྔོན།

    ༧གོང་ས་མཆོག་བལཡུལ་ནང་ཕེབས་རྒྱུ་དེ་ཧ་ཅང་གིས་ཉན་ཁ་ཆེན་པོ་མཐོང་གི་འདུག
    བོད་གཞུང་ནས་གནད་དོན་འདིའི་ཐད་ཐུགས་བསམ་ཡག་པོ་བཞེད་དགོས་ཀྱི་རེད

    བལ་པོའི་གཞུང་དེ་གང་འདྲ་ཞིག་ཡོད་མིན་བོད་མི་ཀུན་གྱིས་མཁྱེན་གསལ་རེད
    མ་ཟད་བལ་པོ་ནི་བསྟན་དགྲ་རྒྱ་དམར་གྱིས་གང་བཤད་རེད
    ༧་གོང་ས་མཆོག་གི་སྐུ་ཕྱྭ་ནི་བོད་མི་ས་ཡ་དྲུག་གི་ཚེ་སྲོག་དང་འབྲེལ་བ་ཡོད་པས་
    བོད་གཞུང་གིས་༧གོང་ས་མཆོག་ཡུལ་དེའི་ནང་ལ་ཕེབས་རྒྱུར་མཁས་ལེན་ནམ་ཡང་མི་བྱེད་པའི་རེ་ཡོད

    Reply
  11. གོང་དཀར་ངག་རྣམ། says:
    ལོ་ 12 སྔོན།

    ང་ཚོས་ཆོས་ལུགས་ཀྱི་གནད་དོན་སྲིད་དོན་དུ་སྒྱུར་འདོད་མེད་ཅིང།
    གལ་ཏེ་ཁོང་ཚོས་བཤད་པ་བཞིན་ཆོས་ལུགས་ཀྱི་གནད་དོན་རྐྱང་པའི་ཐད་ནས་གདན་ཞུ་བྱ་འཆར་ཡོད་ན་ནི། འདི་ནི་རྒྱལ་ཁབ་གཉིས་དབར་གྱི་དུས་རབས་དང་མཐུན་པའི་མཛའ་འབྲེལ་ཞིག་ཀྱང་ལོས་ཡིན།
    འོན་ཏེ་སྐུའི་བདེ་འཇགས་ཐད་ལ་ཡིད་ཆེས་གཏན་ནས་མེད་པས། ངས་བྱས་ན་འདི་ལ་ང་ཚོས་མནོ་བསམ་ཞིབ་ཕྲ་གཏོང་དགོས་ཀྱི་འདུག
    རྒྱལ་ཁབ་སྐྱོ་པོ་འདིས་རྒྱ་མིའི་རྒྱུགས་ཁྱི་མ་བྱེད་པའི་རེ་བ་ཡོད།

    Reply
  12. སྤྲོ་ཚིགས་དགེ་འདུན says:
    ལོ་ 12 སྔོན།

    ༄༅།། གལ་ཏེ་༧་གོངས་ས་མཆོག་བལ་ཡུལ་དུ་ཕེབས་ཐུབས་ན་ཧ་ཅང་གལ་ཆེན་པོ་ཞིག་དང་བལ་ཡུལ་དང་དེ་གར་་གནས་པའི་བོད་མི་བར་གྱི་གནས་ཚུལ་མི་ཉུང་བ་ཞིག་ཐག་གཅོད་ཐུབ་ངེས་དང་ལྷག་པར་དུ་ཆོས་ལུགས་བར་མཐུན་བསྒྲིལ་ལ་ཕན་ངེས་རེད།
    གལ་ཏེ་ད་ལྟ་ཕེབས་མ་ཐུབ་ན་ཡང་ནམ་ཞིག་ས་བོན་དེས་འབྲས་བུ་འབོས་ངེས་ཡིན

    Reply
  13. བསྟན་པ། says:
    ལོ་ 12 སྔོན།

    གནས་ཚུལ་འདི་དཔེ་ཡག་པོ་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist