མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ངྷ་སའི་རྒྱ་གར་ཡུལ་མིས་བརྟན་བཞུགས་ཕུལ་བ།

བོད་ཀྱི་དུས་བབ།
༢༠༡༠/༠༦/༡༥
Share on FacebookShare on TwitterShare on EmailShare on Whatsapp

ངྷ་སའི་རྒྱ་གར་ས་གནས་ཡུལ་མིའི་མཉམ་འབྲེལ་ཚོགས་པ་དྲུག་གིས་༧གོང་ས་མཆོག་ལ་བརྟན་བཞུགས་ཤིག་ཕུལ་བ་མ་ཟད། ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཁོང་ལ་ཉིན་གུང་གསོལ་ཚིགས་འདེགས་འབུལ་ཞུས་ཡོད།

དེ་རིང་སྔ་དྲོར་རྒྱ་གར་ས་གནས་ཡུལ་མིའི་ངྷ་སྟེང་མི་མང་ཚོགས་པ་དང་ཧིན་བོད་མཛའ་འབྲེལ་ཚོགས་པ། ངྷ་ས་གླ་འཁོར་ཚོགས་པ། ངྷ་ས་མགྲོན་ཁང་ཚོགས་པ། ངྷ་ས་འགྲིམ་འགྲུལ་ཚོགས་པ། བྷག་སུ་རྐང་གསུམ་ཚོགས་པ། ཚོང་ལས་མཉམ་འབྲེལ་ཚོགས་པ་བཅས་ཚོགས་པ་དྲུག་མཉམ་འབྲེལ་ཐོག ༧གོང་ས་མཆོག་ལ་རྒྱ་གར་ཡུལ་མིའི་ཆོས་ཀྱི་ཆོ་ག་ཕྱག་ལེན་གྱི་སྟེང་ནས་བརྟན་བཞུགས་ཤིག་ཕུལ་ཡོད་ལ། བརྟན་བཞུགས་གྲུབ་རྗེས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་རང་དུ་རྒྱ་གར་གྱི་སྲོལ་རྒྱུན་ལྟར། ༧གོང་ས་མཆོག་ལ་ཉིན་གུང་གི་གསོལ་ཚིགས་ཕུལ་ཡོད་པ་མ་ཟད། དེ་རིང་གི་བརྟན་བཞུགས་ཐོག་ཕེབས་པའི་བཙན་བྱོལ་བོད་གཞུང་གི་མཛད་གཙོ་རྣམ་པ་དང་སེར་སྐྱ་མང་ཚོགས་ཡོངས་ལ་ཡང་ཉིན་གུང་གསོལ་ཚིགས་ཕུལ་ཡོད།

བརྟན་བཞུགས་མཛད་སྒོའི་ཐོག་༧གོང་ས་མཆོག་གིས་ངྷ་ས་ས་གནས་ཡུལ་མིའི་ཚོགས་པ་དྲུག་གིས་ཁོང་ལ་བརྟན་བཞུགས་ཕུལ་བར་ཐུགས་རྗེ་ཆེ་ཞེས་གསུངས་པ་དང་། མང་ཚོགས་ལ་བཀའ་སློབ་གནང་དོན། ང་ཚོ་བོད་མི་ཚོ་བཙན་བྱོལ་དུ་འབྱོར་ནས་ལོ་ ༥༡ དང་ངྷ་སར་བསྡད་ནས་ལོ་ ༥༠ བརྒལ་འགྲོ་གི་ཡོད། དེའི་རིང་སྤྱི་ཡོངས་ཀྱི་ཆ་ནས་བོད་མི་བཙན་བྱོལ་བ་ཡོད་སའི་ས་ཁུལ་གང་དུ་ཡིན་ནའང་། ཡུལ་མི་ཚོ་དང་ཕྲན་བུ་ཕྲན་བུ་རྙོག་དྲ་བྱུང་བ་རེད་ལ། དེ་ནི་ཡོང་སྲིད་པ་རེད། ཡིན་ནའང་། སྤྱི་ཡོངས་ཀྱི་ཆ་ནས་ས་ཁུལ་གང་དུ་ཡིན་ནའང་། ཡུལ་མི་ཚོ་དང་འབྲེལ་ལམ་ཧ་ཅང་ཡག་པོ་རེད་ཅེས་དང་།

རྒྱ་གར་ཙམ་མ་ཟད་བོད་མི་ཚོ་ ༡༩༦༠ ནས་བཟུང་སུད་སིར་ཕྱིན་པ་རེད། དེར་ཡུལ་མི་ཚོ་དང་ཧ་ཅང་གི་འཆམ་མཐུན་བྱེད་ཀྱིན་ཡོད་ཐོག ཨ་རི་དང་ཁེ་ན་ཌ། ཨོ་སི་ཊོ་ལི་ཡ་སོགས་བོད་མི་ཡོད་ས་གང་དུའང་ཡུལ་མི་ཚོས་བོད་མིར་ཧ་ཅང་དགའ་བོ་བྱེད་ཀྱིན་འདུག དེ་བཞིན་བོད་རང་དུ་འཇིགས་སྣང་དང་དོགས་པའི་འོག་ཏུ་མི་ཚེ་སྐྱེལ་མཁན་དག་ཀྱང་། རང་བཞིན་གྱིས་བོད་མིའི་ལྷན་སྐྱེས་ཀྱི་གཤིས་ཀ་དེ་བཟང་པོ་ཞེ་དྲག་ཡིན་སྟབས། མི་མང་བོས་དགའ་བོ་བྱེད་ཀྱིན་འདུག རྒྱ་རིགས་ཚོས་ཀྱང་དགའ་བོ་བྱེད་ཀྱིན་འདུག

དེར་བརྟེན་བོད་མི་ཚོས་མིས་དགའ་བོ་བྱེད་པའི་རྒྱུ་མཚན་དེ་ཤེས་དགོས་ཀྱིན་འདུག བོད་པ་ཕྱུག་པོ་རེད་ཟེར་ནས་དགའ་བོ་བྱེད་ཀྱི་མེད་ལ། དམིགས་བསལ་གྱི་ཤེས་ཡོན་ཡོད་པའང་མ་རེད། ཡང་བོད་པ་དམིགས་བསལ་གྱིས་མཛེས་སྡུག་ལྡན་པས་གཞན་གྱིས་དགའ་བོ་བྱེད་པ་རེད་དམ་ཟེར་ན། དེ་ཡང་མ་རེད། གང་ལྟར་བོད་མིའི་གཤིས་ཀ་དེ་སྤྱིར་བཏང་ཡ་རབས་དང་བདེན་པ་བདེན་ཐུབ་བྱེད་མཁན། གཞན་ལ་གནོད་འཚེ་བྱེད་པར་འཛེམས་སོན་བྱེད་པའི་གཤིས་ཀ་བཟང་བོ་ཞིག་ཡིན་པས་རེད་ཅེས་གསུངས།

ཡང་ཁོང་གིས། སྤྱིར་བཏང་འགྲོ་བ་མི་སུ་འདྲ་ཞིག་ཡིན་རུང་དྲང་པོ་བྱེད་པ་དང་ལྷག་བསམ་རྣམ་དག་བྱེད་པ། སྐྱག་རྫུན་མི་བཤད་པ། གནོད་འཚེ་མི་བྱེད་མཁན་ལ་སུས་ཡིན་ནའང་དགའ་བོ་བྱེད་ཀྱི་རེད། དེར་བརྟེན་བོད་མི་ཚོར་དགའ་བོ་བྱེད་ཀྱིན་འདུག དེ་ང་ཚོ་བོད་མི་ཚོའི་རིན་ཐང་རེད། བོད་མི་ཚོས་སོ་སོའི་རིན་ཐང་དེ་ངོ་ཤེས་པ་བྱས་ཏེ། མིས་དགའ་མོས་བྱེད་པའི་རིན་ཐང་དེ་དུས་ནམ་ཡང་མ་བརླག་པ་བྱ་རྒྱུ་གལ་ཆེན་པོ་རེད་ཅེས་གསུངས།

ལྷག་པར་དུ་ང་ཚོར་ཕ་མེས་ནས་ཡོད་བསྡད་པའི་བཟང་པོའི་ཡོན་ཏན་དེ་དག་ཉར་ཚགས་བྱས་ཐོག དེང་དུས་ཀྱི་ཤེས་ཡོན་དང་ལག་རྩལ་གང་ཅིའི་ཐད་ནས་མཐིལ་ཕྱིན་པ་ཞིག་ཤེས་པ་བྱ་རྒྱུ་དེ་གལ་ཆེན་པོ་རེད། ང་ཚོ་འདིར་སྐྱབས་བཅོལ་བ་དང་ཡུལ་གྱར་བ་བྱས་ཏེ་ཡུན་རིང་བསྡད་རིང་། ཕྱོགས་གཅིག་ནས་སེམས་སྐྱོ་དགོས་པའི་གནས་ཚུལ་ཞིག་རེད། ཡིན་ནའང་། ཕྱོགས་གཞན་ནས་གོ་སྐབས་བཟང་བོ་རེད་ལ། གོ་སྐབས་དེ་ང་ཚོ་བོད་མི་ཚོས་ཆ་ཚང་བེད་སྤྱོད་གཏོང་ཐུབ་རྒྱུར་རྩ་བའི་རྒྱབ་སྐྱོར་གནང་མཁན་རྒྱ་གར་གཞུང་རེད། དེ་བཞིན་བོད་མི་གང་དུ་ཡོད་ནའང་ས་གནས་གཞུང་གི་རྒྱབ་སྐྱོར་གནང་གི་ཡོད་ཐོག ང་ཚོ་ཉིན་ལྟར་འདྲིས་གཤིབ་བྱས་པའི་ཡུལ་མི་ཚོའི་གྲོགས་པོའི་འདུ་ཤེས་ཡོད་པ་དེ་ལ་བརྟེན་ནས་བྱུང་བ་རེད།

དེར་བརྟེན་རྒྱ་གར་མི་མང་དང་ས་གནས་མི་མང་། དེ་རིང་གི་བརྟན་བཞུགས་གོ་སྒྲིག་གནང་མཁན་བཅས་ལ་དམིགས་བསལ་གྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད།

གསར་འགོད་པ། ཨ་རིག་འགྱུར་མེད་དང་དོན་གོ།

མཆན། 7

  1. ལྷག་པ་ཚེ་རིང༌། says:
    ལོ་ 13 སྔོན།

    ད་ལན་གྱི་ལས་འགུལ་བཟང་པོ་འདི་ལ་བརྟེན་ནས་མི་རིགས་གཉིས་བར་གྱི་ཁོན་རྩོད་དེ་ཆོས་ཕྱོགས་སུ་ཞི་བའི་སྨོན་འདུན་ཞུའོ༎

    འོན་ཀྱང་སྨོན་འདུན་ནི་སྨོན་འདུན་རང་རེད། བསམ་པ་ཙམ་ལས་སྦྱོར་བ་མིན། དོན་དངོས་ལ་འགྱུར་བ་ཞིག་འགྲོ་དགོས་ན་ང་ཚོ་བོད་སྤྱི་དང་སྒོས་སུ་གཞོན་སྐྱེས་རྣམས་ཀྱིས་བསམ་སྦྱོར་གཉིས་ལ་འགྱུར་བ་གང་འཚམས་ཤིག་གཏང་དགོས་ངེས་རེད། གནས་ཚང་གི་ཁང་པར་བསྡད་ནས་གནས་ཚང་གི་ནང་མི་ཡི་ཕྱི་ཡི་མདོག་དང་གྱོན་པ་གྱོན་ཚུལ། ཡང་ན་ཨིན་སྐད་འཁྱར་འཁྱོར་འདྲ་མ་ཤེས་པ་ཙམ་རྒྱུ་མཚན་དུ་བྱས་ནས་ཁྱད་གསོད་དང་འཕྱ་སྨོད་སོགས་བྱེད་ན་མི་སུ་ཡིན་རུང་ཐད་ཀར་ཅང་མ་སྨྲས་ཀྱང་སེམས་ནང་དུ་བརྣག་དཀའ་བ་ཞིག་བཟོ་རྒྱུ་ཡིན་པ་བཤད་མི་དགོས། བོད་ཀྱི་ཁ་དཔེར། དགོན་པའི་ཁྱི་ལ་རྡོ་འཕངས་ན།། བླ་མའི་ཐུགས་ལ་འཕོག་ཡོང༌༎ཞེས་པ་འདི་ཚོ་གདམས་དག་དུ་འཆར་དགོས་སོ༎
    ལར་ནས་ང་ཚོའི་དེང་གི་གཞོན་སྐྱེས་མང་པོ་ཞིག་ནི། རང་ཆག་པ་མ་ཤེས་པར། གཞན་གས་པ་ཤེས། ཞེས་པའི་རྣམ་ཐར་སྐྱོང་བཞིན་འདུག་པས་བསམ་བློ་གཟབ་ཙམ་བྱ་དགོས་སོ༎

    Reply
  2. གཅན་བཟོད་རྒྱམ། says:
    ལོ་ 13 སྔོན།

    ངས་མཆན་ནམ་རིག་པ་ཐེབས་ཆག་ཅིག་བྲིས་ཏེ་བཀོད་པ་འདི་ནང་དུ་ཡོད་པ་ངས་བསྐྱར་དུ་རིག་སོང་བ་ད་ཡང་ཡལ་ཚར་འདུག དེང་འདིའི་ནང་དུ་རིག་པ་བཏོན་པ་རྒྱུ་མཚན་ཞེ་བོ་ཞིག་མེད་ན་ཤར་བ་དང་ཡལ་བ་འདྲ་མི་འདྲ་བྱེད་ཀྱིན་འདུག་གཱ

    Reply
  3. ལྡན་མ་་་་་་ཐུབ་བསྟན་དངོས་གྲུབ། says:
    ལོ་ 13 སྔོན།

    པར་པ་དེ་ཁེ་མཚར་དེ་འདྲ་ཞིག་ཡོད་འདུག། བཞེས་ལག་མཆོད་ས་དེ་མ་གཏོགས་བརྟནབཞུགས་ཕུལ་ས་དེ་གཅིག་ཀྱང་མི་འདུག།

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    དྷ་ས་ནི་བོད་རིགས་རྣམས་ཀྱི།

    ལྷ་ས་མ་རེད་དྷ་ས་རེད།
    སྐྱེས་ས་མ་རེད་སྡོད་ས་རེད།
    རང་ས་མ་རེད་གཞན་ས་རེད།
    གནས་ས་མ་རེད་འགྲོ་ས་རེད།

    ཡུལ་མི་བོད་རིགས་གཅིག་འདྲེས་ཤོག

    Reply
  5. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 13 སྔོན།

    གནས་ཡུལ་རྒྱ་གར་ལ་སྙིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྒྱ་གར་གྱི་བཀའ་དྲིན་ནི་ནམ་ཡང་ང་ཚོས་དྲིན་དགོས་པ་ཞིག་རེད། རྒྱ་གར་གྱིས་ང་ཚོར་ནམ་ཡིན་ནའང་སྐྱོན་ཞིག་ཡོད་ན་མ་རིག་ཁུལ་དང་མ་ཤེས་ཁུལ་གྱིས་གུ་ཡངས་གཏོང་གིན་ཡོད། དེ་དག་ང་ཚོས་ཤེས་དགོས་པ་ཞིག་རེད། དཔེར་ན། ཉིས་སྟོང་དྲུག་གི་ལོར་རྒྱ་གར་ནང་འཛུལ་ཆོག་པའི་ལག་འཁྱེར་མེད་པའི་བོད་པ་ཉིས་སྟོང་ལྷག་རྒྱ་གར་ནང་འཛུལ་ནས་གྲོང་ཁྱེར་མང་པོ་གཤག་གཏུབས་ཀྱིས་ཕྱིན་པ་རེད་དེ། རྒྱ་གར་གྱིས་མ་ཤེས་མ་མཐོང་ཁུལ་གྱིས་བཞག་པ་རེད། ད་དུང་ང་ཚོ་རྒྱ་གར་ནས་ལོ་བཅུ་གྲངས་བསྡད་ནའང་ད་དུང་ཡུལ་མིའི་ཟ་སྐད་འཐུང་སྐད་ཙམ་ཡང་སྦྱོང་གི་མེད། འདི་ནི་ཡུལ་མིའི་སྐད་ལ་མཐོང་ཆུང་བཏང་བ་ཞིག་རེད་མོད། རྒྱ་གར་གྱིས་ད་དུང་མ་ཤེས་ཁུལ་གྱིས་བཞག་ཡོད། ད་དུང་་་་ད་དུང་་་་་་ཧ་ཅང་ཧ་ཅང་མང་པོ་ཡོད་པས། དེ་དག་ལ་བསམ་བློ་བཏང་ནས་ཁང་གླ་ལྟ་བུ་རེ་དང་འཁོར་གླ་ལྟ་བུ་རེའི་སྟེང་ནས་ཅུང་མ་འགྲིག་ནའང་རུབ་རྒྱུག་བྱེད་མཁན་གྱི་གྲོང་གསེབ་པ་ཚོའི་ངོ་གདོང་རྒྱ་གར་ལ་སྦྱོར་མི་ཉན་པ་དེ་ང་ཚོས་ངེས་པར་ཤེས་དགོས་པ་ཞིག་རེད།

    Reply
  6. ཐིག says:
    ལོ་ 13 སྔོན།

    ད་ཐེངས་རྒྱ་གར་ཡུལ་མིས་༧གོང་ས་མཆོག་ལ་བརྟན་བཞུགས་ཕུལ་པ་དེ་ནི་དངོས་གནས་རྗེས་སུ་ཡི་རངས་དང་བསྟོད་བསྔགས་འོས་པ་ཞིག་ཡིན་ནའང་། དེས་བོད་པ་ཚོར་དགའ་མོས་དང་གུས་བརྩི་ཞིག་གཏན་ནས་མཚོན་མི་ཐུབ། དེ་ནི་ཕྱོགས་གཞན་ཞིག་ནས་༧གོང་ས་མཆོག་ལ་གུས་བརྩི་དང་བཀའ་དྲིན་རྗེས་དྲན་མཚོན་པ་མ་གཏོགས་གཞན་བོད་མི་དེ་ཚོར་དགའ་མོས་དང་མཛའ་མཐུན་མཚོན་པ་མ་རེད་སྙམ།

    Reply
  7. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ཞལ་ལག་ཕུལ་སྟངས་ནང་བཞིན།བརྟན་བཞུགས་ཕུལ་སྟངས་ཀྱི། སྐུ་དཔར་འདྲ་ཡོད་ན་ཨང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist