མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྷན་ཚོཊ་ཐོག་བོད་དོན་གླེང་སློང་།

བོད་ཀྱི་དུས་བབ།
༢༠༡༠/༠༦/༡༦
Share on FacebookShare on TwitterShare on EmailShare on Whatsapp

                    

ཕྱི་ལོ་ ༢༠༠༨ ལོའི་ཟླ་ ༤ པའི་རྗེས་སུ་རྒྱ་ནག་གཞུང་གི་ཁྲིམས་ཁང་ཁག་གིས་བོད་མི་ ༣༩༤  ཙམ་ལ་དུས་བཀག་འདྲ་མིན་གྱི་བཙོན་འཇུག་བྱས་ཡོད་འདུག

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐབས་ ༡༤ པའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དེ་ཕྱི་ཟླ་ ༥ པའི་ཚེས་ ༣༡ ཉིན་ནས་ཟླ་ ༦ པའི་ཚེས་ ༡༨ བར་སུད་སིའི་རྒྱལ་ས་ཇི་ནི་ཝར་འཚོགས་བཞིན་ཡོད་ལ།  ཚོགས་འདུའི་སྟེང་རྒྱ་གཞུང་གིས་བོད་མི་རྣམས་སྲོག་ཐོག་ལ་གཏོང་བ་དང་། བཙོན་འཇུག་དང་བཀག་ཉར་བྱེད་པ། དེ་བཞིན་འདས་གྲོངས་སུ་སོང་པའི་རང་ལོ་ ༢༧ ཅན་གྱི་གྲྭ་ཕུན་ཚོགས་རབ་རྒྱས་བཅས་ཀྱི་གནས་སྟངས་དང་། དེ་བཞིན་ ༢༠༠༩ ལོའི་ཟླ་ ༤ པའི་ཚེས་ ༨ ཉིན་ལྷ་སའི་འབྲིང་རིམ་མི་མང་ཁྲིམས་ཁང་གིས་བོད་མི་ ༥ ལ་སྲོག་ཁྲིམས་བཅད་པའི་གནད་དོན་སྐོར་རྒྱ་གཞུང་ལ་གསལ་སྟོན་བྱས་ཡོད། སྐབས་དེར་རྒྱ་ནག་གི་སྐུ་ཚབ་ནས་གནད་དོན་དེའི་ཐད་ལ་གསལ་བཤད་ཅིག་བྱས་འདུག་ཀྱང་། ཁྲིམས་དཔོན་དང་ཁྲིམས་རྩོད་པའི་རང་དབང་ཐོག་དམིཊ་བསལ་འགན་ལེན་བྱེད་མཁན་རྒྱལ་ཚོཊ་ཀྱི་ཚོགས་ཆུང་དེས། ལྷ་སར་ཁྲིམས་ཆད་ཕོཊ་པའི་བོད་མི་ཚོར་ཁྲིམས་རྩོད་པ་ཐུག་རྒྱུའི་གོ་སྐབས་སྤྲད་ཡོད་མེད་དང་། གལ་ཏེ་གོ་སྐབས་སྤྲད་ཡོད་ཚེ་དུས་ནམ་ཞིག་ལ་སྤྲད་ཡོད་མེད་དང་། ཐུག་འཕྲད་དུས་ཡུན་ཅི་ཙམ་ཡིན་མིན་རྒྱ་གཞུང་གིས་གསལ་བཤད་དགོས་པའི་རེ་འདུན་བཏོན་པར་མ་ཟད། ཁྲིམས་རྩོད་པའི་རང་དབང་ལ་དམ་དྲག་དང་དང་བླངས་ཁྲིམས་རྩོད་པར་སྡིགས་ར་སྐུལ་བའི་གནས་སྟངས་ཐད་རྒྱ་གཞུང་གིས་ངེས་པར་དུ་གསལ་བཤད་བྱ་དགོས་ཚུལ་བརྗོད་ཡོད། སྐབས་དེར་བོད་རིགས་སྐུ་ཚབ་སྐུ་ཞབས་བསྟན་འཛིན་བསམ་འཕེལ་ལགས་ཀྱིས་རྒྱ་གཞུང་གིས་བོད་མི་ ༢ ལ་ལོ་གཉིས་དུས་འགྱངས་ཀྱི་སྲོག་ཁྲིམས་བཅད་ཡོད་སྐོར་ར་སྤྲོད་བྱས་ཤིང་། ༢༠༠༨ ལོའི་ཟླ་ ༤ པའི་རྗེས་སུ་རྒྱ་ནག་ཁྲིམས་ཁང་ཁག་གིས་བོད་མི་ ༣༩༤  ཙམ་ལ་དུས་བཀག་འདྲ་མིན་གྱི་བཙོན་འཇུག་བྱས་ཡོད་སྐོར་དང་། ལྷག་པར་དུ་རྒྱ་ནག་གཞུང་གི་ཁྲིམས་ཞིབ་ལྷན་ཁང་དང་ཁྲིམས་དཔོན་སོགས་ལ་རང་དབང་ཡོད་མེད་དོགས་གཞི་ཡིན་ཚུལ། ཁྲིམས་ཁང་གི་ལས་དོན་གཙོ་བོ་དེ་རྒྱལ་ཁབ་དང་དམར་ཤོག་ཚོགས་པའི་དམིགས་ཡུལ་བསྒྲུབ་རྒྱུ་དེ་ཡིན་སྐོར་བཅས་ནན་བརྗོད་བྱས་ཡོད། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དང་ཧེལ་སིན་ཀེ་འགྲོ་བ་མིའི་ཐོབ་ཐང་ཚོཊ་པ་སོཊ་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྙན་ཐོའི་ནང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གལ་གནད་སྐོར་འཁོད་ཡོད་ལ།  ཨ་རིའི་སྐུ་ཚབ་ཀྱིས་བོད་དང་ཤིན་ཅང་གྲངས་ཉུང་མི་རིགས་ཀྱི་ཆོས་དད་རང་དབང་ལ་དམ་དྲག་བྱེད་བཞིན་ཡོད་ཚུལ་བརྗོད་ཡོད་ལ། དེ་བཞིན་ཡུ་རོབ་མནའ་འབྲེལ་གྱིས་ཀྱང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཐད་ལ་སེམས་འཚབ་ཡོད་སྐོར་བརྗོད་ཡོད་པ་རེད།

གསར་འགོད་པ། དཔལ་ལྡན་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

གཞུང་འབྲེལ་མིན་པའི་ཚོགས་སྡེ་ལྔ་ཡིས་ཞི་ཅིན་ཕིན་ལ་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༢༣ སྔོན་ལ།
UN High Commissioner for Human Rights Volker Turk  Photo : Tawazon
Mobile App

འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༦༣ སྟེང་བོད་དོན་གླེང་སློང་བྱས།

ཆུ་ཚོད་ ༢༣ སྔོན་ལ།
ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་གནམ་ཐང་དུ། AP གསར་ཁང་གི་པར།
Mobile App

རྒྱ་ནག་གི་ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་ལ་བྲོས་བྱོལ་དུ་འབྱོར་འདུག

༢༠༢༦/༠༩/༠༧
India, China to Hold First Corps Commander-Level Talks Today at Wacha Along LAC in Arunachal Pradesh | Image: X
Mobile App

རྒྱ་དཀར་ནག་གི་ཆེས་མཐོའི་དམག་དཔོན་བར་གྲོས་མོལ་བྱས། 

༢༠༢༦/༠༩/༠༧
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་གནོད་འཚེ་དང་བོད་ཀྱི་ཁོར་ཡུག་གཏོར་བཤིག་ལ་རགས་ཙམ་ལྟ་བ།

༢༠༢༦/༠༩/༠༧
༧གོང་ས་མཆོག་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་ལ་མཇལ་ཁ་བསྩལ། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༦།༩།༥
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་ལ་མཇལ་ཁ་བསྩལ།

༢༠༢༦/༠༩/༠༥

མཆན། 2

  1. ཀུན་དགའ། says:
    ལོ་ 16 སྔོན།

    དྲ་གྲོགས་ཚོ།
    དེང་སྐབས་རྒྱལ་ས་ཇི་ནེ་ཝར་འཚོགས་བཞིན་པའི་ལྷན་ཚོགས་དེའི་སྟེང་། ༢༠༠༩ ལོའི་ཟླ་ ༤ པའི་ཚེས་ ༨ ཉིན་ལྷ་སའི་འབྲིང་རིམ་མི་མང་ཁྲིམས་ཁང་གིས་བོད་མི་ ༥ ལ་སྲོག་ཁྲིམས་བཅད་པའི་གནད་དོན་ཐད་ལ། རྒྱ་ནག་སྐུ་ཚབ་ཀྱིས་གསལ་བཤད་གང་བྱས་བོད་སྒྱུར་གྱིས་ར་སྤྲོད་གནང་མཁན་ཡོད་ན་དགེ་མཚན་ཆེ་བར་མཐོང་།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    ༢༠༠༨ ལོའི་ཟླ་ ༤ པའི་རྗེས་སུ་རྒྱ་ནག་ཁྲིམས་ཁང་ཁག་གིས་བོད་མི་ ༣༩༤ ཙམ་ལ་དུས་བཀག་འདྲ་མིན་གྱི་བཙོན་འཇུག་བྱས་ཡོད་པ་ནི་བོད་རིགས་མི་འབོར་ཆུང་ཆུང་གི་ཚད་དང་འཇལ་ན་གྲངས་འབོར་ཧ་ལས་པའི་མཐོ་བོ་མ་རེད་དམ། རྒྱ་མིའི་སོ་པ་ཚོས་མཁྱེན་པར་མཛོད་ཅིག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese