མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་གླེང་བ། ལྷ་ཆབ་སྦྱིན་པ།

བོད་ཀྱི་དུས་བབ།
༢༠༡༠/༠༦/༡༦
Share on FacebookShare on TwitterShare on EmailShare on Whatsapp

 

རླབས་ཆེ་བའི་རྒྱལ་གཅེས་དཔའ་བོ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་གླེང་བ།

 

ལྷ་ཆབ་སྦྱིན་པ།

སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ནི། དུས་རབས་གོང་མའི་ལོ་རབས་བརྒྱད་བཅུ་བའི་ནང་བཙན་བྱོལ་དུ་ཕེབས་པ་དང༌། རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་ནས་སློབ་གཉེར་བྱས་ཏེ་ཕར་ཕྱིན་བར་བཞུགས་སྐབས་འཛིན་གྲྭའི་ནང་གི་དཔེ་ཆ་བ་ཡག་ཤོས་ཀྱི་གྲས་སུ་ཡོད་པ་དང༌། མུ་མཐུད་དུ་བཞུགས་ཡོད་ན་དགེ་བཤེས་ལྷ་རམས་པ་ཞིག་ལ་འདང་རྒྱག་མེད་པ་སོགས་ཡོད་ཚད་བློས་བཏང་ནས་ལོ་རབས་དགུ་བཅུ་བར་ཕྱིར་རང་གི་ཕ་ཡུལ་དུ་ལོག་པ་རེད། ཕ་ཡུལ་དུ་ལོག་སྟེ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དང་གུང་ཐང་རིན་པོ་ཆེ། མཁན་ཆེན་འཇིགས་མེད་ཕུན་ཚོགས་སོགས་ཀྱི་ཞབས་ལ་གཏུགས་ནས་རང་གི་མི་རིགས་ལ་ཕན་པའི་རླབས་ཆེན་གྱི་བཀའ་སློབ་ཡང་དང་རིམ་པས་ཞུས་ཏེ། དམུ་རྒོད་དུ་གྱུར་བའི་རང་གི་ཕ་ཡུལ་ཕྱོགས་སུ་སློབ་གྲྭ་དང་བྱིས་གཉོར་ཁང༌། རྒན་གསོ་ཁང༌། དགོན་སྡེ་ཁག་དུ་མ་བཅས་གསར་འཛུགས་གནང་ཞིང༌། སྔར་ཡུལ་དེའི་ལྷ་འདྲེ་བསྟེན་སྲོལ་ཤུགས་ཆེ་བ་དག་རེ་རེ་བཞིན་ཐབས་དང་ཤེས་རབ་གཉིས་ཟུང་དུ་སྦྲེལ་ནས་བཀག་སྡོམ་བྱས་པའི་རླབས་ཆེན་གྱི་བྱ་གཞག་བསྐྱངས་པའི་ལོ་རྒྱུས་ནི་ང་ལྟ་བུ་ཞིག་གིས་ཆ་ཤས་ཙམ་ཡང་བརྗོད་དུ་ག་ལ་ལང༌།   དེ་ལྟར་མདོ་སྟོད་ལི་ཐང་གི་ཕྱོགས་དེར་ནམ་ལང་ཉི་ཤར་བཞིན་མ་རིག་པའི་མུན་པ་ལ་རིན་ཆེན་གྱི་སྒྲོན་མེ་ཞིག་སྤར་བའི་བཀའ་དྲིན་མཚོན་པའི་དངོས་པོ་ནི་སྲིད་པ་གསུམ་ན་རྙེད་དུ་མེད། 

 

དེ་ལྟར་བོད་ཀྱི་ཆོས་དང་རིག་གཞུང་ལ་སྨན་པའི་ལེགས་བྱས་ཀྱི་འཁོར་ལོ་ནི་སྐད་ཅིག་ཙམ་ཡང་མི་སྡོད་པར་བསྐོར་བའི་སྐབས་ན། “མི་བུའི་མགོ་བོ་གཅོག མི་རིགས་ཀྱི་གཉའ་བ་གཅོག མངའ་ཁོངས་ཀྱི་སྐེད་པ་གཅོག དགོན་སྡེའི་རྟེན་གསུམ་གཅོག གྲོང་སྡེའི་རྒྱུ་རྫས་གཅོག སྲིད་ཀྱི་སྲོག་ཤིང་གཅོག འབྱོར་བའི་རྩ་བ་གཅོག རིག་གནས་ཀྱི་རུས་རྐང་གཅོག་པའི་འཆར་གཞི་དང་རྩ་འཛུགས། དམིགས་ཡུལ་ཡོད་“(《གནམ་ས་གོ་འབྱེད》ལས་དྲངས། )པའི་དགྱ་ནག་གིས་ལྟས་ལྟས་རིག་རིག་ལ་མི་དཀར་བོར་ཞྭ་མོ་ནག་པོ་གཡོག་སྟེ་འཛིན་བཟུང་བྱས་པའི་མི་ཚད། འཇིགས་སྐུལ་བའི་ཉེས་མིང་བཀལ་ཞིང༌། ལོ་གཉིས་འགོར་འགྱངས་ཀྱི་སྲོག་ཐོག་གི་ཉེས་པ་དང༌། དེ་ནས་ཚེ་བཙོན་ལ་ཕབ་པ་སོགས་བྱས་ཏེ་བོད་མི་རིགས་ཀྱི་སྲོག་ཤིང་ཞིག་ལ་དབང་མཐའ་སྒེར་གཅོད་ཀྱི་སྟ་རེས་སྣུན། དེའི་ཚེ་ན། སྲིད་དབང་སྒེར་གཅོད་པའི་དམིགས་ཡུལ་ལག་ལེན་དུ་བསྟར་བ་བཞིན་སློབ་གྲྭའི་སློབ་མ་འཐོར་ཞིང༌། སློབ་གྲྭའི་ཁང་བརྩེགས་འགྱེལ།རྒན་གསོ་ཁང་འཐོར་ཞིང་རྒན་རྒོན་དག་བདག་མེད་དུ་གྱུར་བ་སོགས་ཐོས་ན་གློ་སྙིང་དག་ཁ་ནས་ཡལ་གྲབས་བྱེད་པའི་ཚད་དུ་སླེབས།

 

དེ་ལྟར་སྐུ་ཚེ་གང་བོར་བོད་མི་རིགས་ཀྱི་བདེ་དོན་ཁོ་ནར་བཏང་བའི་སྐྱེས་བུ་དམ་པ་ཁོང་གིས་མ་འོངས་རྒྱང་གཟིགས་ཀྱིས་སྐྱེད་བསྲིངས་བྱས་པའི་སློབ་བུ་གྲངས་ཀྱིས་དབེན་པ་དང༌། དེ་དག་ལས་ཁག་ཅིག་བཙན་བྱོལ་དུ་སླེབས་པ་དང་གདན་ས་གསུམ་ལ་ཁྱབ་ནས་དགེ་བཤེས་ལྷ་རམས་པ་ཐོན་དང་ཐོན་བཞིན་པ་མང་བོ་ཡོད། ཁོང་མ་བཟུང་བའི་སྔོན་དག་ལ་ད་དུང་ཁོང་གིས་བྱེས་སུ་གྱར་མཁན་གྱི་སློབ་བུ་དག་ལ་ཡིག་ངག་གཉིས་ཐོག་ནས་སྙིང་ནས་གདམས་པའི་བསླབ་བྱ་ཉག་ཅིག་ཡོད་པ་ནི”ཁྱོད་ཚོས་ཆོལ་ཁ་དང་ཆོས་ལུགས་ཀྱི་ཞེན་ཁོག་ཅིག་བྱས་པའི་ཉིན་མོར་རྒན་དང་དགེ་ཕྲུག་གི་དམ་ཚིག་ཟེར་བ་ཞིག་ཡོད་བསམ་པས་མ་འཛིན་“(འབྲས་སྤུངས་སུ་བཞུགས་པའི་ཁོང་གི་སློབ་བུ་དགེ་བཤེས་ཉི་མ་དབང་ཕྱུག་གིས་གསུང་།)ཞེས་ཡང་དང་ཡང་དུ་གསུང་བ་དེ་རེད་འདུག་ལ། དེ་གཅིག་བུར་བསམ་ནའང་དེང་གི་སྤྲུལ་མིང་འཛིན་པ་ཁག་ཅིག་གིས་སྟོད་འགག་སེར་ལྷམ་མེར་བ་ཞིག་གྱོན་ནས་རྒྱལ་ཁམས་འགྲིམས་ཏེ་འཁོར་ཚོགས་བསྡུས་ཤིང༌། ྋརྒྱལ་བའི་བཀའ་དང་འགལ་བའི་ཆོས་བརྒྱུད་དང་ཆོལ་ཁའི་ཞེན་ཁོག་ཕྱོགས་རིས་ཀྱིས་བོད་མི་རིགས་ཀྱི་རྡོག་རྩ་ཆིག་སྒྲིལ་ལ་གནོད་པ་དག་གིས་བསྒྲུན་དུ་ག་ལ་ནུས། མདོར་བསྡུས་ན་རླབས་ཆེན་གྱི་སྐྱེས་བུ་དམ་པ་ཁོང་གིས་དུས་དང་རྣམ་པ་ཀུན་ཏུ་རང་རེའི་བོད་མི་རིགས་ཀྱི་དཔྲལ་བའི་མིག་དང་ཁོག་གི་སྙིང་དུ་གྱུར་བའི་ྋགོང་ས་ཡིད་བཞིན་ནོར་བུའི་དགོངས་གཞི་འབའ་ཞིག་དོན་དུ་གཉེར་ཡོད།

 

ད་ལོ་ནི་དམ་པ་ཁོང་འཛིན་བཟུང་བཙན་ཁྲིད་བྱས་ནས་མི་ལོ་དགུ་ཏག་ཏག་འཁོར་བ་དང༌།ཁོང་གི་རྗེས་འཇུག་དག་གིས་ཁྲིམས་གཏུགས་དང་སྐད་འབོད་ངོ་རྒོལ་སོགས་ཡང་དང་རིམ་པས་བྱས་ཏེ་གློད་གྲོལ་གཏོང་དགོས་པའི་རེ་འདུན་བཏོན་ནའང་ད་བར་དུ་རྔོ་གང་ཡང་ཐོགས་མེད།ཡིན་ནའང་རང་རེའི་བོད་གཞུང་དང་རྒྱལ་སྤྱིའི་ལས་འགུལ་ཚོགས་པ་ཁག དེ་བས་ཀྱང་དགྱ་ནག་གི་རྩོམ་པ་པོ་ཝང་ལི་ཞུང་སོགས་ཀྱིས་ཁོང་ལ་ནག་ཉེས་མེད་པའི་བདེན་པ་ནམ་ལང་ཉི་ཤར་བཞིན་བརྡར་སྟབས། ན་ནིང་ནས་ཁོང་གི་སྲིང་མོ་གཅིག་བུར་ཤེལ་གྱི་བར་གཅོད་བྱས་པའི་བཙོན་པའི་མཇལ་འཕྲད་དེ་བྱེད་དུ་བཅུག་འདུག་ལ། དེ་དུས་སྐུ་གཟུགས་སོགས་ཀྱི་ཐད་ནས་ཡག་པོ་མེད་པ་མངོན་སུམ་ཡིན་འདུག ད་ལོར་ཡང་ཉག་ཆུ་རྫོང་གི་འབྲོག་པ་མང་ཚོགས་སོགས་མི་ཁྲི་བཞི་ལ་བརྒལ་བ་ཙམ་གྱིས་ས་ཡིག་བསྡུ་རུབ་ཀྱི་ལས་འགུལ་ཞིག་སྤེལ་ཏེ་གློད་གྲོལ་གཏོང་དགོས་པའི་རེ་འདུན་བཏོན་ཡོད་པར་ཐོས་ལ། ཁོང་གི་སྐུའི་བདེ་ཐང་གི་ཐད་ནས་ཀྱང་ཁྲག་ཤེད་འཕར་བ་དང་སྙིང་གི་ན་ཚ། རུས་པའི་ན་ཚ་སོགས་ཀྱིས་མནར་ནས་ཛ་དྲག་པོ་ཡིན་པར་སྐད་ལ། འདི་གའི་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་དང་དབུས་བུད་མེད་ལྷན་ཚོགས། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཀྱིས་ཀྱང་ས་ཡིག་བསྡུ་རུབ་ཀྱི་ལས་འགུལ་ཞིག་སྤེལ་ཏེ་དམ་པ་ཁོང་གློད་གྲོལ་ཡོང་བའི་འབོད་སྐུལ་གྱི་ལས་འགུལ་ཞིག་རྒྱལ་སྤྱིའི་ཁྱོན་ཡོངས་ལ་སྤེལ་གྱི་ཡོད།

 

ང་ཚོའི་བོད་གངས་ཅན་གྱི་ལྗོངས་སུ་དམ་པ་ཁོང་ལྟ་བུ་རེ་གཉིས་ཤིག་ཡོད་ན། བོད་མི་རིགས་དང་རིག་གཞུང་གི་ཐད་ནས་ད་དུང་རེ་བས་འཆའ་ས་ཞིག་དང་ཡིད་ཀྱིས་རྟེན་ས་ཞིག་ཡོད་ངེས།དགྱ་ནག་གི་ངོས་ནས་ཀྱང་ཚུལ་དེ་མཐོང་སྟེ་དམ་པ་ཁོང་གི་ཡིད་ལའང་དྲན་མ་མྱོང་བའི་ནག་ཉེས་ཆེན་པོ་ཞིག་བཀལ་བ་ནི་འབར་རྫས་གས་གཏོར་བྱས་པའི་གནད་དོན་དེ་རེད། སྨྱོ་ཧམ་གྱི་ཐབས་བཀོད་དེ་ནི་ང་ཚོའི་མི་རིགས་ཀྱིས་དུས་ནམ་ཡང་བཟོད་དཀའ་བ་ཞིག་མ་རེད་དམ། དེ་རིང་ངས་བརྗོད་འདོད་པ་ནི་ང་ཚོའི་གཞིས་བྱེས་གཉིས་ཀྱི་སྤུན་ཟླ་ཡོངས་ཀྱིས་དམ་པ་ཁོང་དང་ཁོང་ལྟ་བུའི་མཛད་རྗེས་ལ་བསྔགས་པར་བགྱིད་པ་དང་བསྟོད་པར་བྱས་ཏེ་སློབ་སྦྱོང་བྱ་རྒྱུ་དེ་ཡིན། འདི་ནི་རྣ་ཐོས་གོ་ཐོས་ཙམ་གྱི་དམ་པ་ཁོང་གི་རྣམ་ཐར་གྱི་ཟུར་ཙམ་ཡིན་ལ། འདི་བརྒྱུད་ནས་རང་རེ་རྣམས་ཀྱིས་དམ་པ་ཁོང་གི་རྣམ་ཐར་ཡོངས་སུ་རྟོགས་ཐུབ་པའི་སྨོན་ལམ་དང་བཅས་སྦྱར་བའོ །། །།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 8

  1. གཡང་ལགས། says:
    ལོ་ 16 སྔོན།

    སྤྲུལ་སྐུ་བསྟན་འཛིན་དགེ་ལེགས་ལ་མུ་མཐུད་དོ་སྣང་བྱེད་རྒྱུ་འདི་གལ་ཆེ།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    ཁོང་གི་རྗེས་འཇུག་དག་གིས་ཁྲིམས་གཏུགས་དང་སྐད་འབོད་ངོ་རྒོལ་སོགས་ཡང་དང་རིམ་པས་བྱས་ཏེ་གློད་གྲོལ་གཏོང་དགོས་པའི་རེ་འདུན་ལྟར་མྱུར་འགྲུབ་པའི་སྨོན་འདུན་ཞུ།

    Reply
  3. ལྷ་མཆོག says:
    ལོ་ 16 སྔོན།

    པན་ཆུང་ཟེར་བ་དེ་སུ་ཞིག་རེད།

    Reply
  4. འདྲེ་རིག་ལྡན། says:
    ལོ་ 16 སྔོན།

    ཁྱོད་ཀྱི་སྙུག་རྩེ་ན་དཔྱོད་ཤེས་ཀྱི་མེ་དཔུང་ཚ་ལམ་མེར་འབར་བཞིན་འདུག

    བཀའ་དྲིན་ཆེ། རྩོམ་ཐུང་འདིས་བོད་མི་རིགས་ཀྱི་་་དཔའ་བོ་་་་ངོ་མ་ཞིག་གི་བརྙན་རིས་འབུར་གཟུགས་སུ་བསྐྲུན་འདུག

    Reply
  5. Rinchen Gonpo says:
    ལོ་ 16 སྔོན།

    ཨ་རོ། བདེ་མོ། སྤྲུལ་སྐུ་ལ་གུས་འདུད་ཞུ།

    Reply
  6. མགར་རྟོགས་སད། says:
    ལོ་ 16 སྔོན།

    ལྷ་ཆབ་ལགས་དཀའ་དྲིན་ཆེ།

    Reply
  7. མི་ཆུང་། says:
    ལོ་ 16 སྔོན།

    ང་ཚོའི་ལག་འོག་བརྒྱུད་ཤོར་སོང་བའི་བོད་ནང་གི་རྒྱལ་གཅེས་པ་ཧ་ཅང་མང་ཡང་། ང་ཚོའི་ནུས་པ་ལས་ཁྲིམས་མུན་ནས་འཐོན་འོང་བའི་རྒྱལ་གཅེས་པ་ཉིན་གྱི་སྐར་མ་ལས་དཀོན་སོང་ན། ད་དུང་ང་ཚོས་རྒྱལ་གཅེས་ཀྱི། སློབ་གསོ་བ། སྒྱུ་རྩལ་བ། རྩོམ་པ་པོ་སོགས། རེ་རེ་ནས་ང་ཚོས་འབོད་སྐུལ་ཞིག་དང་ཁ་གཡང་ཞིག་གིས་ཁྲིམས་མུན་དུ་འཇུག་རྒྱུ་ཡིན་ནམ།

    ཡང་ན། ད་ལྟ་ང་ཚོས་ཅི་ཞིག་ལས་རྩིས་ཡོད་་་་་་་་་་་་་་་་་། ང་ཚོ་རེ་རེས་ཞིབ་འདང་རྒྱག་དགོས།

    Reply
  8. ཨ་རིག་དགེ་མཐོང་། says:
    ལོ་ 16 སྔོན།

    ང་ཚོ་བཙན་བྱོལ་གཞུང་སྒེར་གང་རུང་ལོ་་རེ་ནས་ལོ་རེ་ཚོར་བ་གློ་བུར་བ་ཞིག་གིས་དབང་དུ་ལས་འགུལ་སྤེལ་བ་མ་གཏོགས་རྒྱུན་མཐུད་ནས་སྤེལ་བ་ཉུང་། དེ་རིང་ལྷ་ཆབ་རྒད་པོས་བསྐྱར་དུ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་སྐོར་གླེང་བ་འདི་ཧ་ཅང་བཟང་གི དེ་བཞིན་པན་ཆུང་སྲིད་སྐོར་བཅས་མུ་མཐུད་ནས་གླེང་དགོས་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese