མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྩོམ་པ་པོ་ཞིག་གི་ལག་པའི་ཚོར་བ་བརླགས་འདུག

བོད་ཀྱི་དུས་བབ།
༢༠༡༠/༠༦/༡༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གི་ཉེན་རྟོག་པས་རྩོམ་པ་པོ་གཉིས་ལ་གཅར་རྡུང་བྱས་སྟབས་གཅིག་གི་རྩིབ་རུས་བཅག་ཅིང་ལག་པའི་ཚོར་བ་བརླགས་འདུག གཞན་པ་དེའི་མགོ་དང་ཁ་ལ་རྨས་སྐྱོན་ཚབས་ཆེན་བཟོས་ཡོད་འདུག

ཕྱི་ཚེས་ ༡༧ ཉིན་བོད་ནས་མི་སྣ་ཞིག་གིས་གློག་འཕྲིན་བརྒྱུད་ངྷ་སར་གནས་སྡོད་འཕྲིན་ལས་ལགས་ལ་གནས་ཚུལ་བཏང་བ་ལྟར་ན། ཁ་སྔོན་རྒྱ་དམག་གིས་འཇུ་བཟུང་བྱས་པའི་རྩོམ་པ་པོ་སྒོ་ཡོན་དང་ཧོར་དགེ་འདུན་བཟང་པོ་གཉིས་ལ་ཉེས་མེད་གཅར་རྡུང་བྱས་པའི་རྐྱེན་གྱིས་ཧོར་དགེ་འདུན་བཟང་པོ་ཡི་རྩིབ་རུས་བཅག་ཡོད་པར་མ་ཟད། ལག་གཡོན་མའི་ཐོག་ལྕགས་དབྱུག་གིས་མང་པོར་བརྡུངས་པའི་དབང་གིས་ད་ཆར་ཚོར་བ་མེད་པར་གྱུར་འདུག ད་དུང་སྒོ་ཡོན་གྱི་མགོ་དང་ཁ་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་འདུག

དེར་བརྟེན་ཁོང་གཉིས་ད་དུང་ཡང་རྒྱ་ནག་ཁྲི་འདུ་རུ་སྨན་བཅོས་བྱེད་བཞིན་པ་རེད། ཁོང་གཉིས་འཛིན་བཟུང་དང་རྡུང་རྡེག་གཏོང་དགོས་པའི་རྒྱུ་མཚན་ནི་ ༢༠༠༨ ལོར་བྲག་འགོར་ཞི་རྒོལ་ཆེན་མོའི་སྐབས་སུ་འཛིན་བཟུང་བྱས་པའི་བཙུན་མ་ཨོ་རྒྱན་ལྷ་མོ་བཙོན་གྲོལ་ཐོབ་ཏེ། ཕྱིར་ཕ་ཡུལ་དུ་ལོག་ཡོང་སྐབས་ཁོང་གཉིས་ཐུག་འཕྲད་བྱས་འདུག་པས་ཕལ་ཆེར་དེའི་རྐྱེན་ཡང་ཡིན་སྲིད་པའི་ཚོད་དཔག་བྱེད་ཀྱིན་འདུག སྐབས་དེར་ཨོ་རྒྱན་ལྷ་མོས་ཁྲི་འདུ་རུ་བཙུན་མ་ཚེ་རིང་མཚོ་ཉིན་བཅུའི་རྗེས་སུ་གློད་གྲོལ་གཏོང་གི་ཡོད་པས་དེར་སྒུག་ནས་བསྡད་འདུག

སྤྱི་ཟླ་ ༦ ཚེས་ ༥ ཡི་དགོང་མོའི་དུས་ཚོད་ ༡༡ དང་ ༡༢ ཡས་མས་སུ། ཁམས་ཕྱོགས་ཀྱི་ན་གཞོན་རྩོམ་པ་པོ་སྒོ་ཡོན་དང་ཐུར་རམ་དགེ་འདུན་བཟང་པོ། ཁོང་གཉིས་ཀྱི་སློབ་གྲོགས་གསེར་རྟ་ཤེས་རབ་གསུམ་ཁྲི་འདུ་གྲོང་ཁྱེར་གྱི་བོད་མི་སྡོད་སྒར་ཁྲོམ་གྱི་བྱང་གི་སྲང་ལམ་ཞིག་ཏུ་དགོང་ཟས་ཤིག་ཟ་རུ་ཕྱིན་སྐབས། གློ་བུར་དུ་ཉེན་རྟོག་པའི་རླངས་འཁོར་གཅིག་དང་རླངས་འཁོར་གཞན་འགའ་ཡི་ནང་ནས་དྲག་ཆས་སྤྲས་མེད་པའི་ཉེན་རྟོག་པ་བཅོ་ལྔ་ཡས་མས་ཤིག་བབས་ནས་ཁོང་གསུམ་རུབ་སྟེ། ཁོང་ཚོའི་ལུས་སྟེང་དུ་སྦྲིད་རྫས་ཤིག་གཏོར་རྗེས་ལྕགས་དབྱུག་སོགས་ཀྱིས་མགོ་དང་རྐང་པ་ལ་གང་བྱུང་གཞུས་ནས་དྲན་པ་འཐོར་རྗེས་རླངས་འཁོར་ནང་བཅུག་ནས་ཁྲིམས་ལས་ཁང་ཞིག་ཏུ་ཁྱེར་ཞིང༌། དེ་ནས་རྐང་ལག་བསྡམས་ནས་ཆབ་སྲིད་ཀྱི་ལས་ཀ་ཅི་ཞིག་བྱས་ཡོད་པ་སོགས་ཀྱི་ཚ་འདྲི་དང་གློག་རྒྱུགས་སོགས་ལག་ཆ་འདྲ་མིན་གྱིས་རྡུང་རྡེག་ཚད་མེད་བཏང་བར་མ་ཟད། གཟུགས་པོ་དང་ཁུག་མ། ཁ་པར་དང་པར་ཆས་སོགས་སྔོག་བཤེར་ཡང་བྱས་འདུག ད་དུང་མེ་མདའ་ཐོད་པར་བཙུགས་ཏེ་དྲང་པོར་མ་བཤད་ན་ད་ལྟ་ཉིད་དུ་འདི་ནས་གསོད་ངེས་ཡིན་ལུགས་ཀྱི་འཇིགས་སྐུལ་ཡང་བྱས་འདུག ཁོང་ཚོས་རང་ཉིད་འཇུ་བཟུང་དགོས་དོན་ཅི་ཡིན་མིན་ཉེན་རྟོག་མི་སྣར་ཕར་དྲིས་དུས་སྔར་ལས་ཆེ་བའི་གཅར་རྡུང་བྱེད་པ་ལས་གསལ་བཤད་ཅི་ཡང་བྱས་མི་འདུག

འབྲེལ་ཡོད་གསར་འགྱུར།

Mobile App

རང་བཙན་གོམ་བགྲོད་གནང་མཁན་ཚེ་རིང་མཐར་ཕྱིན་ལགས་ཅན་དྷི་སྒར་དུ་འབྱོར་འདུག

ཆུ་ཚོད་ ༡༣ སྔོན་ལ།
བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་འདུ་ཐེངས་ ༢༤ པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

 བྱང་ཨ་རིའི་བོད་རིགས་ཚོགས་པ་ཁག་གིས་ཚོགས་ཆེན་འཚོགས།

ཆུ་ཚོད་ ༡༥ སྔོན་ལ།
Mobile App

གཞུང་འབྲེལ་མིན་པའི་ཚོགས་སྡེ་ལྔ་ཡིས་ཞི་ཅིན་ཕིན་ལ་བསྒྲགས་གཏམ་སྤེལ།

༢༠༢༦/༠༩/༠༨
UN High Commissioner for Human Rights Volker Turk  Photo : Tawazon
Mobile App

འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༦༣ སྟེང་བོད་དོན་གླེང་སློང་བྱས།

༢༠༢༦/༠༩/༠༨
ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་གནམ་ཐང་དུ། AP གསར་ཁང་གི་པར།
Mobile App

རྒྱ་ནག་གི་ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་ལ་བྲོས་བྱོལ་དུ་འབྱོར་འདུག

༢༠༢༦/༠༩/༠༧
India, China to Hold First Corps Commander-Level Talks Today at Wacha Along LAC in Arunachal Pradesh | Image: X
Mobile App

རྒྱ་དཀར་ནག་གི་ཆེས་མཐོའི་དམག་དཔོན་བར་གྲོས་མོལ་བྱས། 

༢༠༢༦/༠༩/༠༧

མཆན། 7

  1. ལྡན་མ་་་་་་ཐུབ་བསྟན་དངོས་གྲུབ། says:
    ལོ་ 16 སྔོན།

    གཟུགས་ཅན་ལུས་ཀྱི་རྩིབ་རུས་བཅག་ན་ཡང་།།
    གཟུགས་མེད་སེམས་ཀྱི་སྙིང་རུས་ཇེ་སྲ་རེད།།
    དངོས་བདེན་ར་སྤྲོད་བྱེད་རྒྱུ་མེད་ཉིན་མོ།།
    ནག་ཉེན་དང་དུ་མི་ལེན་ཁམས་པའི་རྟགས།།

    Reply
  2. ཁ་རུ་ཁ་ཐུག says:
    ལོ་ 16 སྔོན།

    བོད་ཀླ་ཀློ་དང་རྗེས་ལུས་རེད་ཟེར་མཁན་རྒྱ་ནག་སྲིད་གཞུང་ཡིན་ལ།
    བོད་ཀླ་ཀློ་དང་རྗེས་ལུས་སུ་སྒྱུར་མཁན་ཡང་རྒྱ་ནག་སྲིད་གཞུང་རང་ལས་མ་འདས།
    བོད་ཀྱི་ཤེས་ཡོན་པའི་སྡེ་རྩ་མེད་དུ་གཏོང་བ་དང་བོད་ཀྱི་ཆོས་དང་རིག་གཞུང་།
    ཐ་ན་རང་བྱུང་ཁོར་ཡུག་དག་ཀྱང་རེ་རེ་བཞིན་གཤགས་ཀྱང་གཏུབས་ནས་ཁོང་ཚོའི་སྲིད་འབྱོར་ལ་ཁ་གསབ་བྱས་རྗེས་བོད་རྗེས་ལུས་དང་དབུལ་ཕོངས་ཡིན་པའི་གསར་འགྱུར་བཟོ་བཞིན་པ་རེད།

    Reply
  3. ཁ་བ་ནག་པོ། says:
    ལོ་ 16 སྔོན།

    སྒོ་ཡོན་འདི་ཅུང་ཟད་རེ་བ་ཡོད་པའི་རྩོམ་པ་པོ་ཞིག་ཡིན།

    Reply
  4. བསྟན་འཛིན་ཤེས་རབ། says:
    ལོ་ 16 སྔོན།

    ཁོང་གཉིས་ལ་གདུང་སེམས་མཉམ་བསྐྱེད་ཞུ་བཞིན་ཡོད།

    Reply
  5. འབའ་པ་སྐལ་བཟང་འཕྲིན་ལས། says:
    ལོ་ 16 སྔོན།

    རྩོམ་སྒྲིག་པ་ལགས
    གནས་ཚུལ་འདི་གཏོང་མཁན་ཕྲན་འབའ་པ་སྐལ་བཟང་འཕྲིན་ལས་ཡིན།

    Reply
  6. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    རྩོམ་པ་པོའི་མ་འོངས་པའི་འཚོ་རྟེན་ཡང་མེད་པ་བཟོས་པར་ཅི་དྲག

    Reply
  7. ཀླུ་མཁར་བྱམས། says:
    ལོ་ 16 སྔོན།

    ཨ་ཨ༌༌༌ཟག་ཚོགས་འདི་ཚང་༌༌༌ ངོ་མ་༌༌

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese