མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རང་གྲོལ་དཔྱད་གླེང་།

བོད་ཀྱི་དུས་བབ།
༢༠༡༠/༠༦/༡༧
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཕྱི་ཚེས་ ༡༦ ཉིན་མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པའི་མཐུན་འགྱུར་དང་། དཔལ་དོན་གྲུབ་རྒྱལ་གྱི་ནུ་བོ་དགུ་རོང་སྤུན་གྲོལ་གྱི་གཙོ་སྐྱོང་འོག རང་གྲོལ་ཞིབ་འཇུག་གི་དཔྱད་གླེང་ཚོགས་འདུ། ཞུ་བ་ཞིག་ཟི་ལིང་དུ་ཚོགས་ཡོད་པ་དང་། ཚོགས་ཐོག་དེར་ཆེད་དུ་གདན་ཞུ་བྱས་པའི་སྐུ་མགྲོན་ལ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་སྦྲང་ཆར་གཙོ་སྒྲིག་པ་གཉའ་བློ་གྲོས་རྒྱལ་མཚན་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་སངས་རྒྱས། མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པའི་སྐུ་ཚབ་རྡོ་སྦིས་བཤད་སྒྲུབ་རྒྱ་མཚོ། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་རྨོག་རུ་དོན་གྲུབ་ཚེ་རིང་། མཚོ་སྔོན་སྤྱི་ཚོགས་ཚན་རིག་གླིང་གི་ཚེ་མཁར་རྒྱལ། ཁྲི་སེམས་དཔའ། ཚེ་རིང་དོན་གྲུབ། དོ་སྨྱོན་ཚེ་རིང་བཀྲ་ཤིས། མེ་ལྕེ། སྒྲེན་པོ། ཞོགས་ལྗང་ཚོགས་མི་ ༥༠ ལྷག་ཕེབས་ཡོད་པ་དང་། སྐབས་དེར་རང་གྲོལ་གྱི་མི་ཚེ་དང་བསམ་བློ་བཅས་ཀྱི་ཐད་དཔྱད་གླེང་དང་པར་རིས་འགྲེམས་སྟོན་སོགས་བྱས་ཡོད་འདུག ཟུར་ཞུགས་བོད་རིགས་སློབ་ཆེན་སློབ་མ་མང་པོ་ཞིག་གིས་ཀྱང་བགྲོ་གླེང་གི་ཆ་ཤས་བླངས་ཏེ། དྲི་བ་དྲིས་ལེན་སོགས་གནང་ཡོད་འདུག

 

བྱེ་བྲག་ཏུ་ཚོགས་འདུའི་སྟེང་དུ་གཉའ་བློ་གྲོས་རྒྱལ་མཚན་ལགས་ཀྱིས་རང་གྲོལ་ཞིབ་འཇུག་གི་དོན་སྙིང་སྐོར་གླེང་བ་དང་། དོ་རྒྱ་བསོད་ནམས་ཚེ་རིང་གིས་རང་གྲོལ་ཞིབ་འཇུག་དེ་རང་གྲོལ་གྱི་མི་ཚེ་དང་གསར་གཏོད། བརྩམས་ཆོས། རང་གྲོལ་སྣང་ཚུལ་བཅས་ཀྱི་ཕྱོགས་གསུམ་ནས་ཞིབ་འཇུག་གནང་དགོས་པའི་བསམ་ཚུལ་བཏོན། མེ་ལྕེ་ཡིས་དོན་གྲུབ་རྒྱལ་དེ་ཕྱོགས་དང་གྲུ་ཟུར་མི་འདྲ་བའི་ངོས་ནས་བློ་འབྱེད་བསམ་བློ་བ་ཞིག་ཡིན་པར་བརྗོད། དོ་སྨྱོན་ཚེ་རིང་བཀྲ་ཤིས་ཀྱིས་དོན་གྲུབ་རྒྱལ་གྱི་རིག་གནས་སྙིང་སྟོབས་དང་། སྐད་ཆའི་ཐབས་རྩལ་ཐད་ནས་སློབ་འབྲིང་སློབ་མར་ཐེབས་པའི་ཤུགས་རྐྱེན་སྐོར་གླེང་། ཁྲི་སེམས་དཔའ་ཡིས་བོད་ཀྱི་ཚགས་དེབ་སོགས་སུ་བཀོད་པའི་དོན་གྲུབ་རྒྱལ་དང་འབྲེལ་བའི་རྩོམ་རིག་བརྩམས་ཆོས་རྣམས་རང་གྲོལ་ཞིབ་འཇུག་གི་དེབ་ཕྲེང་དུ་འགོད་པའི་རེ་བ་བཏོན། ཞོགས་ལྗང་གིས་རང་གི་མཐར་ཕྱིན་དཔྱད་རྩོམ་དུ་བྲིས་པའི་རང་གྲོལ་སྙིང་སྟོབས་སྐོར་ནས་ལྟ་ཚུལ་ལྷུག་པོར་བརྗོད་པ་དང་། སྒྲེན་པོ་དང་། འཇམ་དཔལ་རྡོ་རྗེ་སོགས་ཀྱིས་ཀློག་པ་པོ་ཞིག་གི་ངོས་ཐད་ནས་རང་གྲོལ་ཞིབ་འཇུག་གི་སྐོར་ལ་རང་རང་གི་ལྟ་ཚུལ་བརྗོད་ཡོད་འདུག

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

ཆུ་ཚོད་ ༡༨ སྔོན་ལ།
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

ཆུ་ཚོད་ ༡༩ སྔོན་ལ།
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩
མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦

མཆན། 7

  1. སེང་ཆུང་། says:
    ལོ་ 16 སྔོན།

    དེ་ལྟར་དགོས་གལ་ཆེ།

    Reply
  2. གཡང་ལགས། says:
    ལོ་ 16 སྔོན།

    དཔེ་ཡག་པོ་འདུག འདི་འདྲ་མཐོང་དུས་དགའ་གི་ཡ། རྩོམ་རིག་གི་འཕེལ་ཕྱོགས་ཞིག་ནས་དོན་གྲུབ་རྒྱལ་གླེང་དགོས་ལ། མི་རིགས་ཀྱི་ལས་དབང་ཐོག་ནས་ཞོགས་དུང་གླེང་དགོས། ཨ་མའི་བུ་ཚོ། བཙན་པོའི་རུ་ངར་དེ་མ་ཤོར་བའི་སྒོ་ནས་མ་མཐུད་ལམ་དུ་ཆས་ཤོག་ཨ།

    Reply
  3. Rinchen Gonpo says:
    ལོ་ 16 སྔོན།

    རང་གྲོལ་རིན་པོ་ཆེ་ཡང་སྤྲུལ་བྱོན་པས་སྨོན་ལམ་དང་བཅས་བཀའ་དྲིན་ཆེ་ཞུ།

    Reply
  4. རིག་འཛིན། says:
    ལོ་ 16 སྔོན།

    གཞིས་བཞུགས་བོད་མི་ཚོའི་སྔར་ཕྱི་བརགསུམ་གྱི་རླབས་ཆེན་བའི་ལས་རིམ་དག་རིམ་བཞིན་མཐོང་ཐོས་བྱུང་དུས་་་་ཡིད་སེམས་གཏིང་ནས་གུས་བཀུར་དང་བསྔགས་བརྗོད་ཞུ་བཞིན་ཡོད་་་་་་་་་་

    Reply
  5. nyimatashi says:
    ལོ་ 16 སྔོན།

    ཡག་པོ་འདུག་་་་རྗེས་དྲན་བྱེད་འོས་པ་མ་ཟད་བརྗོད་མི་ཤེས་པ་ཅིག་རེད།

    Reply
  6. བསང་ཆུ་འབྲུག་བྷེ། says:
    ལོ་ 16 སྔོན།

    ང་ཚོའི་ལོ་རྒྱུས་ངོས་ཀྱི་སྟ་གོན་ལ་ཞུགས་པའི་ལོ་རབས་བརྒྱད་ཅུ་བ་ནི་གླེང་འོས་པའི་རྟོགས་སད་མི་རབས་ཤིག་ཡིན་ལ། འདས་པོ་དཔལ་དོན་གྲུབ་རྒྱལ་ནི་མི་རབས་དེའི་ཁྲོད་ཀྱི་ཚབ་མཚོན་མི་སྣ་དེ་རེད།

    Reply
  7. ཕུན་ཚོགས ། says:
    ལོ་ 16 སྔོན།

    ཡག་པོ་འདུག་་་རྗེས་དྲན་བྱེད་འོས་པའི་མི་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese