མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མི་ལ་ཀུན་སྤྱོད་ཡག་པོ་མེད་ན་དུད་འགྲོ་དང་གཅིག་པ་རེད།

བོད་ཀྱི་དུས་བབ།
༢༠༡༠/༠༦/༡༨
Share on FacebookShare on TwitterShare on EmailShare on Whatsapp

 

བཙན་བྱོལ་སྤྱི་ཚོགས་ཁྲོད་ཚགས་པར་དང་དུས་དེབ་ཆེས་བྲིན་ཤོས་ནི་ཆབ་སྲིད་དང་འབྲེལ་བའི་སྐོར་ཡིན་ལ། གཏམ་བཤད་ཀྱི་སྡིངས་ཆ་དང་བགྲོ་གླེང་གི་ཚོགས་ར་འཁྲིག་ཤོས་ཀྱང་ཆབ་སྲིད་སྐོར་ཆགས་ཡོད། དེ་ཡང་ལོས་ཡིན། བོད་མི་ཆིག་འབུམ་བཞི་ཁྲི་ལྷག་ཆབ་སྲིད་ཀྱི་ཡུལ་བྱོལ་བ་ཆགས་ཏེ། མི་ལོ་ལྔ་བཅུ་ལྷག་གི་རིང་མི་ཡུལ་དུ་འཁྱམས་ཤིང་མི་ལག་ལ་བརྟེན་པ་རེད། འོན་ཀྱང་། རྒྱལ་ཁབ་ཅིག་གི་ཆག་འཇིག་དེ་ཆབ་སྲིད་ཁོ་ནས་སྐྱོབ་ཐུབ་པ་ཞིག་མིན་ལ། མི་རིགས་ཀྱི་འཆི་གསོན་དེ་ཡང་ཆབ་སྲིད་ཁོ་ནའི་ངོས་ཐད་ནས་གླེང་ཆོག་པ་ཞིག་ག་ལ་ཡིན། དཔལ་འབྱོར་དང་རིག་གནས་ནི་ལག་ཆ་ཡིན་ལ། བཟང་སྤྱོད་དང་དྲང་བདེན་ནི་རྒྱབ་དཔུང་ཡིན། ད་ཆར་བོད་པ་ཡ་རབས་སྤྱོད་བཟང་ཡིན་ཟེར་བ་དེ་ནོར་སོང་བ་ཡིན་ནམ། བོད་མིར་བྱམས་དང་སྙིང་རྗེ་ལྡན་ཟེར་བ་དེ་རྫོགས་སོང་བ་རེད། གང་ལྟར། གོ་ལ་གཅིག་གྱུར་གྱི་ཤིང་རྟ་ཆེན་མོའི་བཅོམ་ཆག་གི་འཁྱོམ་སྒྲ་མ་བཟོད་ཅིང་། མི་ལོ་སྟོང་ཕྲག་གི་བོད་པའི་སྲོལ་བཟང་ཉམས་ཆག་གི་གྱོང་གུད་མ་ཐེག་པར་འདི་ན་ཀུན་སྤྱོད་སྐོར་གྱི་ཚགས་པར་གསར་པ་ཞིག་ཨུ་ཚུགས་ཀྱིས་འགྲེང་འདུག ལོ་སྔོན་མའི་ལོ་མཇུག་ཏུ་རྒྱ་གར་ལྷོ་ཕྱོགས་སྒོ་མང་གྲྭ་ཚང་གི་གྲྭ་རྐྱང་དཀྱུས་མ་ཞིག་གིས་༼ ཀུན་སྤྱོད་ ༽ ཞེས་པའི་ཚགས་པར་ཞིག་འདོན་མགོ་བརྩམས་ཡོད། གཤམ་དུ་ཀུན་སྤྱོད་ཚགས་པར་གྱི་རྩོམ་སྒྲིག་པ་ཧར་གདོང་ཨ་འཇིགས་ལགས་སུ་ཀུན་སྤྱོད་ཚགས་པར་དང་འབྲེལ་ཏེ། ད་ལྟའི་བོད་པའི་སྤྱི་ཚོགས་ཀྱི་ཀུན་སྤྱོད་སྐོར་ལ་ཁོ་རང་གི་ལྟ་ཚུལ་རྒྱུས་ལོན་ཞིག་བྱ།  

 

ཐོག་མར་རྩོམ་སྒྲིག་པ་མཆོག་གིས་ཀུན་སྤྱོད་ཚགས་པར་འདོན་དགོས་པའི་རྒྱུ་མཚན་དང་ཚགས་ཤོག་གི་ནང་དོན་སྐོར་ངོ་སྤྲོད་གནང་དོན། ངས་ཚགས་པར་འདི་འདྲ་ཞིག་འདོན་དགོས་པའི་རྒྱུ་མཚན། ༢༠༠༥ ལོ་ཡས་མས་ནས་བཙན་བྱོལ་སྤྱི་ཚོགས་ཁྱོན་ཡོངས་སུ་འགྱུར་བ་ཆེན་པོ་ཞིག་མཐོང་གིན་འདུག བོད་པ་རྗེས་ལུས་རེད་ཟེར་བའི་བཤད་ཚུལ་ཞིག་ཡོང་གིན་འདུག དོན་དངོས་ཐོག་ལ་ཡང་། དེང་གི་འཕྲུལ་རིགས་དང་ཤེས་ཡོན་གྱི་ཐད་ནས་གཞན་གྱི་རྗེས་ཆོད་ཀྱི་མེད་སྟབས། སོ་སོའི་རྩ་ཆེ་བའི་རིག་གཞུང་གོམས་གཤིས་མང་པོ་ཞིག་ལ་ཡང་དོགས་པ་ཡོང་གི་ཡོད་པ་མངོན་གསལ་རེད། གནད་དོན་ལ་ལ་ཞིག་འགྱུར་བ་འགྲོ་དགོས་པ་དང་། ཡང་ལ་ལ་ཞིག་ལ་དབྱེ་ཞིབ་ཅིག་མ་བྱས་བར་འགྱུར་ཆོག་ཆོག་ཅིག་མ་རེད། ལྷག་པར་དུ་ནུབ་ཕྱོགས་པ་ཚོས་བོད་པར་རེ་བ་ཆེན་པོ་ཞིག་བརྒྱབ་ཡོད། ང་ཚོས་སྣང་མེད་ངང་སྔར་སྲོལ་བཟང་པོའི་སྣེ་དང་ཟུར་མང་པོ་ཞིག་ཉམས་ཆག་ཏུ་འགྲོ་རུ་བཅུག་ན། ཕངས་སེམས་ཆེན་པོ་རེད། བོད་པའི་ཆོས་ལུགས་ཀྱི་ནང་དུ་ཀུན་སྤྱོད་སློབ་གསོ་ཡག་པོ་ཡོད་ལ། དུས་ཚོད་དང་མཐུན་པར་བོད་པའི་ཀུན་སྤྱོད་ལ་ཆ་ཁ་སྐོང་བྱ་དགོས་ས་ཡང་མང་པོ་ཞིག་ཡོད། རྒྱུ་མཚན་འདི་དག་ལ་བལྟས་ཏེ་ཀུན་སྤྱོད་ཀྱི་གླེང་སྟེགས་འདི་བསྐྲུན་པ་ཡིན། ཚགས་པར་འདིའི་ནང་དོན་ཐད་རིམ་པ་བཞི་ལ་བགར་ཡོད། སྤྱི་ཚོགས་ནང་གནས་རིམ་དང་ལས་རིགས་འདྲ་མིན་ཞིག་ཡོད། དེ་དག་གིས་ཀུན་སྤྱོད་སྲུང་བ་ཡིན་ན་མི་སྒེར་གྱི་ཁེ་ཕན་དང་སྤྱི་ཚོགས་ཀྱི་ཁེ་ཕན་གང་ཡོད་ལམ་སྟོན་གནང་ཡོད་པའི་ཚད་མཐོ་བའི་ཀུན་སྤྱོད་སློབ་གསོའི་སྡེ་ཚན་གཅིག་དང་། ངལ་རྩོལ་བྱེད་མཁན་གྱི་མི་དམངས་དཀྱུས་མ་ཚོའི་ལག་ལེན་ཉམས་མྱོང་གསོག་འཇོག་བྱས་པའི་ཀུན་སྤྱོད་ཅིག ནུབ་ཕྱོགས་པས་ཀུན་སྤྱོད་ལ་ངོས་འཛིན་བྱེད་སྟངས་སྐོར། བགྲོ་གླེང་དང་དཔྱད་བསྡུར་བརྒྱུད་དེ་བོད་པའི་སྤྱི་ཚོགས་ཀྱི་ཀུན་སྤྱོད་ཡར་རྒྱས་གཏོང་དགོས་པའི་སྐོར་བཅས་ཡིན། ཚགས་པར་གྱི་དཔལ་འབྱོར་ཐད། ལོ་གཅིག་རིང་གྲུབ་དབང་རྟོགས་ལྡན་རིན་པོ་ཆེ་མཆོག་གིས་མ་སྐུལ་དང་བླང་གནང་སོང་ལ། སློབ་སྟོན་གནང་མཁན་བོད་གཞུང་དཔེ་མཛོད་འགན་འཛིན་དགེ་བཤེས་ལྷག་རྡོར་མཆོག་རེད། ཅེས་ངོ་སྤྲོད་གནང་སོང་།

 

ཨ་འཇིགས་ལགས་ཀྱིས་བོད་པའི་སྤྱི་ཚོགས་ནང་གི་ཆེས་དམའ་རིམ་གྱི་ཀུན་སྤྱོད་འཁྱེར་སྟངས་འདི་འདྲ་ཞིག་ལ་ངོས་འཛིན་གནང་གིན་འདུག མི་ལ་ཀུན་སྤྱོད་ཡག་པོ་ཞིག་མེད་ན་དུད་འགྲོ་དང་གཅིག་པ་རེད། ཆེས་མ་མཐར་ཡང་མི་ཞིག་གིས་སྐད་ཆ་ཞིག་འདྲི་སྐབས། དེ་ལ་གང་ཐུབ་ཅི་ནུས་ཀྱིས་ལན་ཡག་པོ་ཞིག་འདེབས་རྒྱུ་དང་། བཅའ་དངོས་ཤིག་བཅོལ་བ་ཡིན་ན་བདག་ཉར་ཡག་པོ་རྒྱག་རྒྱུ། དེ་བཞིན། འགྲོ་ཞོར་འདུག་ཞོར་དུ་ཉེ་འཁོར་གྱི་མི་ལ་རོགས་རམ་དང་རྣམ་འགྱུར་ཡག་པོ་ཞིག་སྟོན་དགོས། སྨན་ཁང་གི་ནད་གཡོག་ཅིག་ལ་མཚོན་ན། སོ་སོའི་འོས་འགན་ནད་པར་ལྟ་སྐྱོང་ཡག་པོ་བྱ་རྒྱུ་དེ་ཡིན་ཡང་། སྨན་ཁང་ཟེར་བ་དེ་རྒན་དར་གཞོན་གསུམ་དང་། ཤེས་ཡོན་ཡོད་མེད་གཉིས་ཀ་ཡོང་ས་ཞིག་ཡིན་སྟབས། སྐད་མི་ཤེས་མཁན་དང་འགྲོ་ལམ་མི་ཤེས་མཁན། ཐ་ན་ས་ཡིག་ཙམ་ཡང་རྒྱག་མི་ཤེས་མཁན་ཡོང་གི་རེད། ཁོང་ཚོར་གོ་བརྡ་དང་ལམ་སྟོན་ཡག་པོ་ཞིག་བྱ་རྒྱུ་དང་། གཞུང་གི་ལས་ཁུངས་ཞིག་ལ་མཚོན་ན་ཡང་། མི་འདྲ་མིན་ཡོང་གིན་ཡོད་ལ། དེ་དག་ཀྱང་དཀའ་ངལ་ཞིག་དང་དགོས་མཁོ་ཞིག་གི་དབང་གིས་ཡོང་གིན་ཡོད་སྟབས། ཡོང་མཁན་དེའི་དགོས་མཁོ་སྒྲུབ་ཐུབ་ཀྱང་ཆོག་ལ་མ་ཐུབ་ཀྱང་ཆོག ལྟ་སྟངས་ཡག་པོ་ཞིག་གི་ཐོག་ནས་གང་ཐུབ་ཐུབ་ཀྱིས་རོགས་རམ་བྱས་ཏེ། གལ་སྲིད་མ་མ་འགྲུབ་པ་ཡིན་ན་རྒྱུ་མཚན་གསལ་བོ་ཞིག་འགྲེལ་བཤད་རྒྱག་དགོས། ལྷག་པར་དུ་སྣེ་ལེན་ཁང་རིམ་པར་མཚོན་ན། གཞིས་ནས་ཡོང་མཁན་ཚོ་ལ་བྱེས་ཀྱི་ཀུན་སྤྱོད་ཀྱི་བག་ཆགས་ཐོག་མར་འཇོག་ས་རེད། ལས་ཁུངས་ནང་གད་རྒྱག་མཁན་ཚུན་ནས་ཀུན་སྤྱོད་ཡག་པོ་བྱ་རྒྱུ་ཧ་ཅང་གལ་ཆེན་རེད་ཟེར།

 

སངས་རྒྱས་ཆོས་ལུགས་ནང་ཕྱིའི་ཀུན་སྤྱོད་འཁྱེར་སྟངས་དང་། ནང་གི་ཀུན་སློང་འཛིན་ཕྱོགས་སྐོར་རྒྱ་ཆེ་ལ་གཏིང་ཟབ་པ་ཞིག་གསུངས་ཡོད་ལ། བོད་པའི་སྤྱི་ཚོགས་འཕེལ་རིམ་ཁྲོད་ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་གི་སློབ་གསོ་སྤེལ་ཡོད། འོན་ཀྱང་བོད་ནང་ས་རྩོད་ཆུ་རྩོད་དང་རྐུན་ཇག་འཕྲོག་གསུམ། རྒྱན་འགུག་ཤོ་རྒྱག ཆང་འཐུང་དུད་འཐེན། སྲོག་གཅོད་དམར་ཟས་སོགས་ཤུགས་ཆེན་པོ་རེད། དེ་བཞིན་བཙན་བྱོལ་ནང་དུའང་། དགོས་མཁོ་དང་ཁེ་ཕན་མེད་ན་མཛའ་བརྩེ་དང་འགྲོག་འདྲིས་མི་བྱེད་པའི་ཀུན་སྤྱོད་དང་། དངུལ་གསོག་པ་དང་ལས་ཀ་བྱེད་པའི་ནུས་པ་མེད་ན་ཕ་མར་ཡང་བྱམས་སྐྱོང་མེད་པའི་ཀུན་སྤྱོད། ཐ་མག་ནག་པོ་སྤྱོད་མཁན་དང་བཙན་གཡེམ་བྱེད་མཁན་གྱི་ཁ་དར་གྱིན་ཡོད་པ་སོགས་གང་ལ་ཐུག་ཡོད་དམ། ཞེས་དྲིས་པའི་ལན་དུ་ཁོང་གིས། གནས་སྟངས་འདི་འདྲ་མི་རིགས་གཞན་ལ་ཡང་མེད་པ་མ་རེད། བོད་པའི་རིག་གཞུང་ནང་ཡ་རབས་བཟང་སྤྱོད་དང་། བྱམས་སྙིང་རྗེ། རང་ལས་གཞན་གཅེས་ཀྱི་ལྟ་གྲུབ་མང་པོ་ཞིག་ཡོད་ཀྱང་། གནད་འགག་ལ་ཐུག་ཡོང་དུས་བརླག་འགྲོ་བ་ཞིག་རེད། ཆོས་ཀྱི་དགོངས་དོན་སྤྱི་ཚོགས་ཀྱིས་ཉམས་ལེན་བྱ་མ་ཐུབ་པ་རེད། ང་རང་སྒེར་ལ་མཚོན་ན་ཡང་། ཆུང་དུས་ཕ་མ་ཚོས་ཆུ་འཕྲོ་བརླག་ཏུ་གཏོང་མི་རུང་ཚུལ་བཤད་མྱོང་ལ། རྗེས་སུ་ནང་ཆོས་བསླབ་སྐབས་ཀྱང་། སངས་རྒྱས་ཀྱིས་ཁོར་ཡུག་གཙང་མ་ཉར་དགོས་པ་བསྟན་ཡོད་པའང་མཇལ་མྱོང་། འོན་ཀྱང་། དེ་དག་གིས་ངའི་ཉིན་རེའི་འཚོ་བའི་ལག་ལེན་ཁྲོད་ཤུགས་རྐྱེན་དེ་ཙམ་ཐེབས་མ་སོང་། རྗེས་སུ་ཚན་རིག་སྐོར་ལ་སློབ་སྦྱོང་བྱས་པ་དང་། ནུབ་ཕྱོགས་པའི་རིག་གཞུང་ལ་འབྲེལ་འདྲིས་ཕྲན་བུ་བྱས་རྗེས། དགོང་མོ་ཕྱི་ལོགས་སུ་འགྲོ་སྐབས་སྐར་མ་ལྔ་དྲུག་རེ་འགོར་སྲིད་ན་གློག་གཟིམ་དགོས་པ་དང་། ལག་པ་འཁྲུད་སྐབས་ཆུ་ཉུང་ཉུང་བྱ་དགོས་པའི་བསམ་བློ་ཞིག་འཁོར་གྱིན་འདུག ཅེས་བོད་པའི་རིག་གཞུང་དང་སྤྱི་ཚོགས་ལག་ལེན་གཉིས་ཀྱི་བར་ཐག་དེ་བསྟན་བྱུང་།

 

ཡང་ཁོང་གིས་བྱེ་བྲག་གིས་བོད་པའི་སྤྱི་ཚོགས་ནང་གི་ཞན་ཆ་འགའ་ཐེར་འདོན་གནང་དོན། གནས་སྟངས་ཐབས་སྐྱོ་བོ་ཞིག་ལ། བོད་པའི་སྤྱི་ཚོགས་ནང་གང་ཟག་ལ་མི་རྟོན་ཆོས་ལ་རྟོན་ཟེར་བའི་ཚིག་དེ་མགོ་མཇུག་ལྡོག་འདུག སྐད་ཆ་བཤད་མཁན་དང་ལས་ཀ་བྱེད་མཁན་སུ་འདྲ་ཞིག་ཡིན་རུང་། རྒྱུ་མཚན་ལ་མི་ལྟ་བར་མི་ལ་ལྟ་བའི་སྲོལ་ཞིག་འདུག ལྷག་པར་དུ་བླ་མ་ཞིག་གི་སྐད་ཆ་ཡིན་ན་མགོ་སྒུར་རྐྱང་བྱེད་གི་རེད། གོ་གནས་ཀྱི་མཐོ་དམན་དང་དངུལ་གྱི་སྲབ་མཐུག་ལྟར། སྐད་ཆར་གདེང་འཇོག་བྱེད་པའི་ལུགས་སྲོལ་ཞིག་ཡོད་པ་འདི་བྱབ་ཆུང་རེད། ཡང་མི་ལ་མཐོང་ཆུང་དང་སོ་སོ་ཆེ་མདོག་སྟོན་མཁན་ཡང་མང་པོ་རེད། མི་འདིའི་གྲས་ལ་སྒྲིག་ཁྲིམས་དང་། འགྲོ་བ་མིའི་ཐོབ་ཐང་། དམངས་གཙོ་སོགས་ཀྱི་འདུ་ཤེས་ཧ་ཅང་སྐྱོ་བ་མ་ཟད། མི་ལ་མིའི་རིན་ཐང་གི་ལྟ་ཚུལ་ཡང་དེ་ཙམ་མེད། བྱེད་སྟངས་འདི་ནང་ཆོས་ཀྱི་གཞིར་རྩའི་དགོངས་དོན་ལ་ཡང་འགལ་ཡོད། སངས་རྒྱས་ཀྱིས་མི་ཡོངས་རྫོགས་ལ་ཁམས་བདེ་བར་གཤེགས་པའི་སྙིང་བོ་ཡོད། མི་ཚང་མ་འདྲ་མཉམ་ཡིན་གསུངས་ཡོད། མི་རིགས་གཞན་ལའང་འདི་འདྲ་ཡོད་སྲིད་ཀྱང་། མང་ཆེ་བར་འདྲ་མཉམ་གྱི་ལྟ་བ་ཤུགས་ཆེན་པོ་རེད། ང་ཚོའི་ཚན་རིག་དགེ་རྒན་དག་ལ་མཚོན་ན། མི་ཅི་ཙམ་སྐྱོ་བོ་དང་ཉམ་ཐག་ཅིག་གིས་སྐད་ཆ་བཤད་ཀྱང་། དེ་ལ་ཉན་པ་དང་བརྩི་བཀུར་ཆེན་པོ་བྱེད་ཀྱི་འདུག མི་ཞིག་ལ་གོམ་སྲོལ་དང་སྤྱོད་པ་ཁྱད་མཚར་གང་འདྲ་ཡོད་ཀྱང་། དེ་ལ་དང་ལེན་དང་གུས་བཀུར་བྱེད་ཀྱི་འདུག དེ་འདྲ་མཐོང་སྐབས་ཡིད་འགུལ་ཐེབས་ཀྱིན་འདུག ཅེས་སྒེར་གྱི་མྱོང་བྱང་དང་སྦྱར་ཏེ་སྐད་ཆ་འགའ་སྤོབས་པའི་ཐོག་ནས་བཤད་སོང་ལ། ཨ་འཇིགས་ལགས་སུ་འདི་ལྟར་བཤད་རྒྱུའི་འོས་བབ་ཀྱང་ལོས་ཡོད། བོད་ཕྱི་ནང་གཉིས་ཀྱི་སྤྱི་ཚོགས་བརྒྱུད་མྱོང་མཁན་ཞིག་ཡིན་པ་མ་ཟད། གདན་ས་ནས་ནང་དོན་རིག་པ་གཙོས་པའི་བོད་པའི་རིག་གཞུང་ལ་སློབ་གཉེར་ཚད་མཐོན་པོར་སླེབས་ཡོད་ལ། ཉེ་ཆར་ཚན་རིག་སྣེ་ཁྲིད་གཙོ་སྐྱོང་བའི་འཛིན་གྲྭ་ནས་སློབ་མཐར་ཕྱིན་ཏེ། མུ་མཐུད་སློབ་གཉེར་གྱི་ཞོར་དུ་ལས་གཞི་འདི་བརྩམས་པ་ཞིག་རེད།  

 གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

ཆུ་ཚོད་ ༡༣ སྔོན་ལ།
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

ཆུ་ཚོད་ ༡༦ སྔོན་ལ།
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

ཆུ་ཚོད་ ༡༧ སྔོན་ལ།
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

ཆུ་ཚོད་ ༡༧ སྔོན་ལ།
Torrents of muddy water swiftly engulfed homes in Nanning city in southern China
Mobile App

རྒྱ་ནག་ནང་ཆུ་ལོག་དང་ས་རུད་བྱུང་སྟེ་མི་གྲངས་ ༦༥ འདས་གྲོངས་སུ་ཕྱིན་འདུག

༢༠༢༦/༠༧/༠༨
strategic missile launched by a submarine of the Chinese People’s Liberation Army Navy bursts out of the water during a test on Monday. Photograph: Xinhua/Shutterstock
Mobile App

རྒྱ་ནག་གིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་དམག་སྦྱོང་བྱས། 

༢༠༢༦/༠༧/༠༨

མཆན། 6

  1. ཇོ་བོ་རྣམས་གཉིས། says:
    ལོ་ 16 སྔོན།

    ཀུན་སྤྱོད་ཚགས་ཤོག་འདོན་སྤེལ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཁྱེད་རྣམས་པའི་བྱ་བ་རླབས་པོ་ཆེ་དེར་བར་ཆད་གང་ཡང་མེད་པར་ལམ་ལྷོང་ཡོང་བའི་སྨོན་ལམ་རྒྱབ་རྒུ་ཡིན།

    Reply
  2. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    ཀུན་སྤྱོད་ཚགས་ཤོག་ལ་བཀྲ་ཤིས་བདེ་ལེགས་ཞུ། རྩོམ་སྒྲིག་པ་དང་དེ་འབྲེལ་གྱི་ཤེས་ལྡན་མི་སྣ་དང་རོགས་རམ་བྱེད་མཁན་ཚང་མར་ཐུགས་རྗེ་ཆེ་ཞུས་པ་ཡིན། བོད་རིགས་སྤྱི་དང་བཙན་བྱོལ་མིའི་ཀུན་སྤྱོད་ཐད་གྲུབ་འབྲས་གཡུར་དུ་ཟ་བ་ལོན་པའི་སྨོན་འདུན་ཞུ།

    Reply
  3. ཀུན་དགའ། says:
    ལོ་ 16 སྔོན།

    ཀུན་འགའ་འམ་སྤྲེལ་ཚང་བ།
    རྩོམ་སྒྲིག་པ་ཧར་གདོང་ཨ་འཇིགས་ལགས།
    《ཀུན་སྤྱོད》ཀྱི་ཁྱེད་དུ་ཀུན་སྤྱོད་དག་གཙང་ཞིག་ཁྱེར་ནས་ཕྱག་ལས་གནང་པར་ཐུགས་རྗེ་ཆེ། ད་དུང་《ཀུན་སྤྱོད》ལ་ཕྱིའི་སྤྱོད་པ་དང་ནང་གི་ཀུན་སློང་ཙམ་མ་ཡིན་པར་གནའ་བོའི་སྲོལ་བཟང་དང་དེང་གི་གསར་གཏོད་གཉིས་འགྲོས་ཀྱིས་ས་སྒང་འདིའི་ལང་ཚོའི་གྲགས་པ་འབར་བར་སྨོན།

    Reply
  4. སེར་སྨད་བློ་དགའ། says:
    ལོ་ 16 སྔོན།

    རྩོམ་སྒྲིག་པ་ཨ་འཇིག་ལགས་སུ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཡོད། ཁྱེད་ཀྱིས་དཀའ་ལས་བརྒྱབ་པའི་ལས་དོན་སྤྱི་དང་། བྱེ་བྲག་ཏུ་ཉེ་སྔོན་མ་སུ་རིའི་སློབ་ཕྲུག་དང་ཕ་ཚབ་མ་ཚབ་ཀྱིས་གནས་ཚུལ་དེས་བོད་མིའི་བཟང་པོའི་ཀུན་སྤྱོད་ཉམས་ཆགས་འགྲོ་ཡི་ཡོད་པ་དང་། ཁྱེད་ཀྱི་ཀུན་སྤྱོད་ཚགས་པར་དེས་དེ་དང་དེ་ལྟབུའི་རིགས་སུ་ལམ་སྟོན་གསལ་པོ་གནང་གི་ཡོད་དངོས་ཡོད་ཆགས་པ་རེད། ཡ་ཡ་ཀུན་སྤྱོད་རྒྱལ་གྱུར་ཅིག།

    Reply
  5. སྣང་རྒྱལ་ཤེར་དགེ says:
    ལོ་ 16 སྔོན།

    གནད་དོན་འདི་ཤིན་ཏུ་གལ་ཆེན་རེད། བཙན་བྱོལ་སྤྱི་ཚོགས་སུ་དེ་བས་ཀྱང་གལ་ཆེན་རེད། ནུབ་ཕྱོགས་པའི་ལྟ་བར་ལད་མོ་བྱེད་པ་དར་སྲོལ་ཅན་དུ་གྱུར་པའི་ཁོར་ཡུག་འདིར། ནུབ་ཕྱོགས་པའི་དཔལ་འབྱོར་དང་ཤེས་ཡོན་མེད་པའི་ཁར་རང་ལ་གདོད་མ་ནས་ཡོད་པའི་ཡ་རབ་ཀྱི་ཀུན་སྤྱོད་དེ་ཡང་ལད་ཟློས་ཀྱི་ཧྲག་བར་ནས་སྟོར་བཞན་ཡོད་པས། འདི་ནི་ཆེས་ཁ་ཚ་དགོས་གཏུགས་ཀྱི་བྱ་བ་ཞིག་རེད། གྲོགས་ཨ་འཇིགས་ལགས། མུ་མཐུད་ནས་ཧུར་བརྩོན་གནང་རོགས། བྱ་བ་ལམ་འགྲོ་ཡོང་བར་སྨོན།

    Reply
  6. གནམ་ལྕགས། says:
    ལོ་ 16 སྔོན།

    གོ་མྱོང་ཡོད་ལ་མཇལ་མྱོང་མེད་པའི་《ཀུན་སྤྱོད》རྩོམ་སྒྲིག་པ་ཧར་གདོང་ཨ་འཇིགས་ལགས་ལ་ཐུགས་རྗེ་ཆེ་ཞུ། ད་ལྟའི་དུས་ཚོད་འདི་ལ་ཏག་ཏག་ཀུན་སྤྱོད་ཀྱི་ཚགས་ཤོག་ཅིག་མཁོ་ཐོག་ན་ཡོད། རང་རེའི་བཙན་བྱོལ་གྱི་མི་རབས་འདིའི་ཀུན་སྤྱོད་ནི་དངོས་གནས་ཡ་མ་བརླ་ཁོ་ནའི་ཀློང་ལ་འཇགས་བསྡད་ཡོད་པའི་ཚོར་བ་ཞིག་རྒྱུན་དུ་ཡོང་གི་འདུག དེའི་སྟབས་ཀྱིས་ཟ་དང་ཟུར་རེ་རེ་ནས་ང་ཚོས་ལེགས་བཅོས་ཙམ་མ་བྱས་ཚེ། ནམ་ཞིག་ན་འདི་ཡང་མི་རིགས་འདིའི་སྲོལ་རྒྱུན་ལྟ་བུ་ཞིག་ཏུ་མི་འགྱུར་བའི་ངེས་པ་མི་འདུག མུ་མཐུད་ནས་རྒྱུན་སྐྱོང་བའི་རེ་བ་ཤིན་ཏུ་ཆེའོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese