མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དེབ་སྐྱེལ་བྱེད་རྒྱུར་ཟླ་གཅིག་ལས་བཞག་མི་འདུག

བོད་ཀྱི་དུས་བབ།
༢༠༡༠/༠༦/༡༨
Share on FacebookShare on TwitterShare on EmailShare on Whatsapp

དབུས་འོས་བསྡུ་ལྷན་ཁང་གིས་བོད་མི་ཚོར་བཀའ་སྤྱི་གཉིས་ཀྱི་འོས་བསྡུའི་དེབ་སྐྱེལ་བྱེད་རྒྱུར། ཟླ་གཉིས་ཀྱི་དུས་ཡུན་སྤྲད་ཡོད་ནའང་། མོན་གྷོ་འདོད་རྒུ་གླིང་དུ་དེ་རིང་གཞི་ནས་ས་གནས་འོས་བསྡུའི་ཚོགས་མི་གསར་འདེམས་དང་། སྦོལ་ཀོབ་ལུགས་བསམ་གླིང་དུ་ད་དུང་ཟླ་གཅིག་གི་རྗེས་ནས་ཚོགས་མི་འཕོ་འགྱུར་འགྲོ་རྒྱུར་སྒུག་འདུག

གཞུང་འབྲེལ་གྱི་གསལ་བསྒྲགས་ལྟར་ན། དེ་རིང་ནི་ཟླ་གཉིས་རིང་གི་སྐབས་གསུམ་པའི་བཀའ་བློན་ཁྲི་པའི་འོས་བསྡུ་དང་སྐབས་བཅོ་ལྔ་བའི་བོད་མི་མང་སྤྱི་འཐུས་ཀྱི་འོས་བསྡུ་ཆེན་མོའི་ཆ་ཤས་ལེན་རྒྱུར། བྱེས་ཀྱི་བོད་མི་རྣམས་ཀྱིས་འོས་བསྡུའི་དེབ་སྐྱེལ་བྱེད་པའི་ཉིན་དང་པོ་རེད། ངྷ་སར་འོས་བསྡུའི་དེབ་སྐྱེལ་བྱེད་ས་ནི་ངྷ་ས་བདེ་དོན་ཁོར་ཡུག་ཚོགས་ཁང་ནང་ཡིན་པས། ཆུ་ཚོད་ ༩ དང་སྐར་མ་ ༣༠ ཙམ་ལ་ཕྲན་འོས་བསྡུའི་དེབ་སྐྱེལ་བྱེད་སར་ཐོན། དེ་དུས་མི་གཅིག་གཉིས་ཤིག་གིས་ཞིང་ཚད་ལ་སན་ཊི་མི་ཊར་ ༥༠་༥ དང་ཐུར་ལ་སན་ཊི་མི་ཊར་ ༣༧ ཡོད་པའི་དེབ་ལྗང་ཁུ་ཆེན་པོ་འགའ་ཡར་སྔོག་མར་སྔོག་བྱེད་ཀྱིན་འདུག་ལ། དེབ་སྐྱེལ་བྱེད་སར་དེབ་དེ་ལྟ་བུ་ ༤༠ ཡས་མས་ཤིག་འདུག

མི་དེ་དག་ནི་སྐབས་སྔོན་མ་དག་ཏུ་འོས་བསྡུའི་དེབ་སྐྱེལ་ཟིན་པ་རྣམས་ཀྱིས་རང་རང་གི་ཐོ་གཞུང་སྔོག་སྟེ་ཐེངས་འདིའི་འོས་བསྡུ་བྱ་རྒྱུར་ཐོ་འགོད་བྱེད་མཁན་རེད།  ཁོང་ཚོས་སྔོག་བཞིན་པའི་དེབ་ནི་ས་གནས་འོས་འཕེན་པའི་མིང་གཞུང་མ་དེབ་ཅེས་པ་ཡིན་ལ། ངྷ་སའི་ཉེ་འཁོར་ཁུལ་དུ་བརྒྱ་ཤོག་ཀ་པ་དང་ཁ་པ། ག་པ་ལྟ་བུ་དང་གཙུག་ལག་ཁང་གི་ཉེ་འཁོར། ཁྲོམ་དཀྱིལ། ཁ་འཐོར། རྒྱ་གར་གྲོང་གསེབ། ཟློས་གར་སྡེ་ཚན། སྒྲོལ་མ་གླིང་། མཚན་ཉིད་གྲྭ་ཚང་། ཀིརྟི་གྲྭ་ཚང་། རྒན་གསོ་ཁང་། ཤེས་རབ་དགའ་ཚལ་སློབ་གླིང་། བོད་ཕྲུག་ཁྱིམ་སྡེའི་སློབ་གྲྭ་དང་བཟོ་གྲྭ། ནོར་གླིང་ལྟ་བུ་སྡེ་ཚན་ཆེན་པོ་རེ་རེར་དེབ་རེ་ཡོད་ལ། སྡེ་ཚན་རེ་ཟུང་ལ་ད་དུང་། ནོར་གླིང་ཀ་པ་དང་ཁ་པ། ག་པ་ལྟ་བུ་འདུག

འོན་ཀྱང་། དག་སྡེབ་ནོར་བའི་དབང་གིས་བརྒྱ་ཤོག་ཀ་པ་དང་ཁ་པ། ག་པ་ལྟ་བུ་བྲིས་པའི་དེབ་འགའ་དང་། རྒྱ་ཤོག་ ༡ དང་ ༢། ༣ ལྟ་བུ་བྲིས་པའང་འགའ་འདུག དེ་བཞིན་བྲོལ་སྐྱིལ་དང་ཁ་ཇོ་གི་དེབ། ཏི་ལོག་སྤུར་ལྟ་བུའི་བྲིས་ངན་མིས་མི་ཆོད་ཅིང་། ཞག་གཅིག་ལོན་རྗེས་རང་གིས་ཀྱང་མི་ཆོད་པའི་དེབ་འགའ་ཡང་འདུག་སྟབས། ཞོགས་པའི་ཆུ་ཚོད་ ༩ དང་སྐར་མ་ ༣༠ ནས་ཆུ་ཚོད་ ༡༡ བར་དུ་དེབ་སྐྱེལ་བྱེད་དུ་ཡོང་མཁན་མི་ཉི་ཤུ་ཙམ་སླེབས་སོང་མོད། གོ་སྒྲིག་མི་ལེགས་པ་དང་སྐབས་སྔོན་མ་དག་གི་དེབ་སྐྱེལ་གྱི་ཐོ་གཞུང་བཙལ་ཁག་པའི་དབང་གིས། དེབ་སྐྱེལ་བྱེད་དུ་ཡོང་མཁན་ཕལ་ཆེ་བ་ཆུ་ཚོད་གཅིག་ཙམ་རེར་དེབ་ཕར་སྔོག་ཚུར་སློག་གི་ཁྲོད་ནས་ལུས་སོང་།

སྤྱིར་ན་རང་བཙན་ལག་དེབ་ཀྱི་མདུན་ཤོག་ནང་ངོས་སུ་སྐབས་སྔོན་མར་འོས་བསྡུའི་དེབ་སྐྱེལ་ཟིན་པ་རྣམས་ཀྱི་སྡེ་ཚན་གང་ཡིན་དང་དེབ་སྐྱེལ་ཨང་བྲིས་འདུག་ཀྱང་། རེ་ཟུང་དེབ་མིང་མི་གསལ་བ་དང་རང་བཙན་ལག་དེབ་ཀྱི་ཐོ་མིང་མ་དག་པ་གང་ཡིན་བཤད་དཀའ་ནའང་། དེབ་སྐྱེལ་བྱེད་དུ་ཡོང་བ་འགས་རང་གི་ཐོ་གཞུང་བཙལ་བཙལ་མཐར། མ་རྙེད་པར་དེ་གའི་ལས་བྱེད་བྱམས་པ་ལགས་སུ་སྐད་ཆ་དྲིས་སྐབས། ཁོང་གིས་རང་བཙན་ལག་དེབ་ངོས་ཀྱི་དེབ་སྐྱེལ་ཨང་དེར་དེ་ཙམ་ལྟ་རྒྱུ་མེད་ལ། ཐོ་གཞུང་མི་རྙེད་ན་གསར་བ་བཟོ་དགོས་ཞེས་བརྗོད་བྱུང་།

དེ་བཞིན་འདི་གའི་གསར་འགོད་པས་ཁ་པར་བརྒྱུད། དེ་རིང་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་སུ་བོད་མི་རྣམས་ཀྱིས་དེབ་སྐྱེལ་བྱེད་ཀྱིན་ཡོད་མེད་སྐོར་དྲིས། སྦེལ་ཀོབ་གཞིས་མགོ་དགྲ་འདུལ་ལགས་ཀྱིས་ད་ལྟ་ད་དུང་དེབ་སྐྱེལ་བྱེད་ཀྱིན་མེད་ཐོག ཟླ་ ༧ ཚེས་ ༡༧ བར་མགོ་འཛུགས་བྱ་རྒྱུ་མིན། དེ་ནི་ཟླ་ ༧ ཚེས་ ༡༥ ཉིན་ས་གནས་འོས་བསྡུའི་ཚོགས་མི་རྣམས་འཕོ་འགྱུར་འགྲོ་གི་ཡོད་སྟབས་རྒྱུན་ལས་གསར་རྙིང་གཉིས་ཀས་ལག་འཆང་མ་དགོས་ན་ཡག་པོ་འདུག ཡིན་ནའང་། ཟླ་ ༧ ཚེས་ ༡༧ ཉིན་ནས་མགོ་འཛུགས་ཀྱིས་ཟླ་གཅིག་ནང་དགོན་སྡེ་ཁག་དང་གཞིས་གྲོང་ཁག་ཏུ་ལས་བགོས་ཀྱིས་བོད་མི་ཚང་མར་འོས་བསྡུའི་དེབ་བྱེད་ཆ་ཚང་ཚར་ཐུབ་པ་བྱ་རྒྱུ་ཡིན་ཞེས་གསུངས།

དེ་བཞིན་མོན་གྷོ་འདོད་རྒུ་གླིང་དུ་དེ་རིང་ས་གནས་འོས་བསྡུའི་ཚོགས་མི་གསར་འདེམས་བྱས་ཏེ། ཚོགས་མི་གསར་བ་རྣམས་ཀྱི་ལོ་རྒྱུས་སོགས་དབུས་གཞུང་ལ་བཏང་འདུག་ལ། ཉིན་འགའི་རྗེས་ནས་བཟུང་དེབ་སྐྱེལ་བྱེད་མགོ་རྩོམ་རྒྱུ་ཡིན་འདུག

བཙན་བྱོལ་བོད་མི་རྣམས་ཁ་འཐོར་དུ་གནས་པ་དང་གཞིས་ཆགས་ཁག་གི་གཞིས་མི་རྣམས་ཀྱང་། ས་ཉུལ་རི་ཉུལ་བྱས་ཏེ་རང་གི་འཚོ་གོས་གནས་མལ་གྱི་ཆེད་དུ་འདུར་རྒྱུགས་བྱེད་ཀྱིན་ཡོད་སྟབས། གཞུང་འབྲེལ་གྱིས་གནང་བའི་ཟླ་གཉིས་ཀྱི་དུས་ཡུན་བལྟས་ཚོད་ཀྱིས་རིང་ནའང་། དུས་ཚོད་སྐར་ཆ་རེ་རེ་དམ་འཛིན་བྱེད་རྒྱུ་དང་ཟླ་གཉིས་ཀྱི་དུས་ཚོད་ཆ་ཚང་བེད་སྤྱད་དེ་བོད་མི་རྣམས་ལ་དེབ་སྐྱེལ་བྱེད་པའི་དུས་ཚོད་ལྡང་ངེས་འཇོག་དགོས་མོད། སང་ཉིན་ཇག་ལ་འགྲོ་ཁར་དེ་རིང་རྟ་གསོ་བའི་དཔེ་ལྟར། རི་མགོའི་སྐྱབས་བཅོལ་སྤྱི་ཚོགས་ཀྱི་མགོ་ཁྲིད་རྣམས་ཀྱིས་དུས་ཚོད་ལ་དུས་ཚོད་ཀྱི་རིན་ཐང་དང་། ལས་ཀར་ལས་ཀའི་རིན་ཐང་མེད་པར་དེབ་སྐྱེལ་བྱེད་པའི་དངོས་གཞིའི་ཉིན་མོར་གཞི་ནས་མི་སྣ་གསར་འདེམས་དང་། ཟླ་གཅིག་གི་རྗེས་ནས་ད་གཟོད་མི་སྣ་བརྗེ་སྤོར་བྱ་རྒྱུ་ཡིན་ཟེར། འདི་ནི་རི་མགོའི་མང་གཙོའི་སྤྱི་ཚོགས་ཤིག་གི་ནང་ཁོག་རྗེན་པ་དེ་རེད།

གང་ལྟར་ཡང་། དེ་རིང་ངས་ཐོ་འགོད་བྱས་མ་ཐག་པའི་མི་ཞིག་གི་རང་བཙན་ལག་དེབ་ནང་ལྟ་སྐབས། དེའི་ནང་དུ་ས་གནས་དང་དེབ་སྐྱེལ་ཨང་། དེབ་སྐྱེལ་བྱས་ཉིན་གྱི་དུས་ཚེས་དང་དེབ་སྐྱེལ་བྱེད་མཁན་ལས་བྱེད་ཀྱི་མིང་རྟགས། ས་གནས་འོས་བསྡུ་ལྷན་ཁང་གི་ཐམ་ཀ་བཅས་བཀོད་འདུག་ལ། དེ་དག་ནི་བཀའ་སྤྱི་གཉིས་ཀྱི་འོས་ལྡུག་རྒྱུར་ཆ་རྐྱེན་ཡོངས་སུ་ཚང་པའི་ངོ་རྟགས་གསལ་ཤོས་དེ་རེད། 

སྐབས་དང་པོའི་བཀའ་བློན་ཁྲི་པའི་འོས་འདེམས་སྐབས་དེབ་སྐྱེལ་བྱེད་མཁན་མི་ ༦༧༣༧༦ བྱུང་བ་དང་། དངོས་གཞིའི་འོས་འཕེན་མཁན་མི་ ༣༥༡༨༤ དང་བརྒྱ་ཆ་ ༥༣་༢༢ ཙམ་ལས་མེད་པ་དང་། དེ་བཞིན་སྐབས་གཉིས་པའི་བཀའ་ཁྲིའི་འོས་འདེམས་སྐབས་དེབ་སྐྱེལ་བྱེད་མཁན་མི་ ༧༢༧༧༡ བྱུང་བ་དང་། དངོས་གཞིའི་འོས་འཕེན་མཁན་མི་ ༣༢༢༠༥ དང་བརྒྱ་ཆ་ ༤༤་༢༦ ཙམ་ལས་བྱུང་མེད་པས། འོས་བསྡུའི་དེབ་སྐྱེལ་བྱས་པ་དང་དངོས་སུ་འོས་ལྡུག་མཁན་གྱི་གྲངས་ཀའི་བར་ན་ཧེ་བག་ཆེན་པོ་ཤོར་ཡོད་མོད། དེ་རིང་ངྷ་སའི་བདེ་དོན་ཚེ་རིང་ཕུན་ཚོགས་ལགས་ཀྱིས། དེབ་སྐྱེལ་བྱེད་མཁན་དང་དངོས་སུ་འོས་བསྡུའི་ཆ་ཤས་ལེན་མཁན་གཉིས་ལ་ཁྱད་པར་ཆེན་པོ་འཆོར་དོན། སྔོན་མ་དེབ་སྐྱེལ་ཟིན་ནའང་ཕྱི་རྒྱལ་དུ་སོང་བ་དང་འདས་གྲོངས་སུ་ཕྱིན་པ་རྣམས་ཀྱི་ཐོ་གཞུང་གསུབ་མེད་ཐོག གསར་དུ་དེབ་སྐྱེལ་བྱས་པ་སྣོན་མར་ཆགས་ཏེ། དངོས་སུ་འོས་འཕེན་སྐབས་མི་ཉུང་ཉུང་ཆགས་དགོས་པའི་རྒྱུ་མཚན་འདི་རེད། དེར་བརྟེན་ངྷ་ས་ལྟ་བུར་མཚོན་ན་ཕྱི་རྒྱལ་དུ་འགྲོ་མཁན་མང་བོ་ཡོད་སྟབས། ཐེངས་འདིར་ང་ཚོས་ཆ་ཚང་ཞིབ་འཇུག་བྱས་ཏེ་དེབ་སྐྱེལ་མ་བྱས་པ་རྣམས་གསར་དུ་དེབ་སྐྱེལ་དང་རྙིང་པ་རྣམས་ཀྱི་དེབ་སྐྱེལ་ཨང་དེབ་གསར་བའི་ནང་བཀོད་པ། ཕྱི་རྒྱལ་དུ་ཕྱིན་པ་དང་འདས་གྲོངས་སོང་བ་རྣམས་དེབ་སྐྱེལ་གྱི་ཐོ་གཞུང་ནང་མེད་པར་བཟོ་བཞིན་ཡོད་ཅེས་གསུངས།

ཡང་ཁོང་གིས། བཀའ་བློན་ཁྲི་པའི་འོས་བསྡུ་དེ་ ༢༠༡༡ ལོའི་ཟླ་གསུམ་པའི་ནང་ཡིན་སྟབས། ༡༩༩༣ ལོའི་ཟླ་ ༣ ཙམ་ལ་སྐྱེས་པའི་ཕྲུ་གུ་རྣམས་ཀྱིས་ད་ལྟ་ནས་དེབ་སྐྱེལ་བྱེད་ཆོག དེ་ནི་ཁོ་ལ་བཀའ་སྤྱི་གཉིས་ཀྱི་དངོས་གཞིའི་འོས་བསྡུའི་སྐབས་སུ་འོས་འཕེན་པའི་ཆ་རྐྱེན་ཚང་ཡོང་གི་ཡོད་ཅེས་དང་། ཟླ་བདུན་པ་ནས་བཟུང་ས་གནས་འོས་བསྡུའི་ཚོགས་མི་རྣམས་ངྷ་ས་ཁུལ་གྱི་སྡེ་ཚན་ཁག་ཏུ་ཕར་བསྐྱོད་དེ། བོད་མི་ཚོར་འོས་བསྡུའི་ཆ་ཤས་ལེན་རྒྱུ་དང་དེབ་སྐྱེལ་བྱེད་རྒྱུའི་བསྐུལ་མ་གཏོང་གི་ཡིན་ལ། ཕྱི་ཟླ་ ༧ ནང་ཆ་ཚང་ཚར་ཐུབ་པ་བྱ་རྒྱུ་དང་། ད་ལོ་གློག་ཀླད་དུ་བཅུག་སྟེ་མ་འོངས་པར་ལོ་ལྔ་ལ་རེ་རེ་བཞིན་ལས་ཀ་བྱེད་མི་དགོས་པ་བཟོ་གི་ཡིན་ཟེར།

རོབ་རྩིས་ལྟར་ན། ད་ལོར་ངྷ་ས་ཁུལ་དུ་རང་ལོ་བཅོ་བརྒྱད་ཟིན་པ་དང་འོས་བསྡུའི་ཆ་ཤས་ལེན་ཆོག་པའི་མི་ ༨༠༠༠ ནས་ ༩༠༠༠ བར་ཡོད་འདུག

གསར་འགོད་པ། ཨ་རིག་འགྱུར་མེད།

འབྲེལ་ཡོད་གསར་འགྱུར།

འཇར་མན་གྱི་རྒྱལ་ས་བྷར་ལིན་དུ་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་འཇར་འཁོད་བོད་རིགས་ཚོགས་པ་དང་བོད་ཀྱི་ཟློས་གར་ཚོགས་པ་ཟུང་འབྲེལ་གྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འཁྲབ་སྟོན་དང་གཟིགས་འབུལ་ཞུ་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༥།༢༤
Mobile App

ཕྱི་ལོ་ ༢༠༢༦ ལོའི་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་བོད་པར་སྤྱི་ཡོངས་ཀྱི་འཁྲབ་སྟོན་རྩེ་ཕུད་ཀྱི་བྱ་དགའ་ཐོབ།

ཆུ་ཚོད་ ༡༡ སྔོན་ལ།
དེ་རིང་ཕྱི་ཟླ་ ༥ ཚེས་ ༢༦ ཉིན་གྱི་སྔ་དྲོར་སྐབས་བཅུ་དྲུག་པའི་བཀའ་ཤག་གི་སྲིད་སྐྱོང་མཆོག་གི་དབུས་བཀའ་བློན་རྣམ་པས་༧གོང་ས་མཆོག་ལ་མཇལ་བཅར་ཞུས་པ།
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་སྐབས་བཅུ་དྲུག་པའི་བཀའ་ཤག་ལ་འཐོན་མཇལ་བསྩལ།

ཆུ་ཚོད་ ༡༢ སྔོན་ལ།
ཨོ་གླིང་གི་གྲོང་ཁྱེར་སི་ཌི་ནི་ (Sydney) ཡི་ཉེ་འགྲེམ་རི་སྔོན་པོ་ (Blue Mountain) རུ་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བརྒྱད་པ་འཚོག་བཞིན་པ། པར་རང་བཙན་ཚོགས་ཆེན་གྱི་ངོ་དེབ་ནས་བླངས། ༢༠༢༦།༥།༢༣
Mobile App

རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བརྒྱད་པ་ཨོ་གླིང་ནས་མཇུག་བསྒྲིལ།

ཆུ་ཚོད་ ༡༢ སྔོན་ལ།
Mobile App

དྷ་རམ་ས་ལར་བོད་ཀྱི་རིག་གཞུང་དུས་སྟོན་འཚོག་རྒྱུ་རེད་འདུག

ཆུ་ཚོད་ ༡༣ སྔོན་ལ།
བོད་སྟེང་ཆེན་རྫོང་ནས་དབྱར་རྩྭ་དགུན་འབུ་བརྐོ་ཆོག་པའི་དཔང་ཡིག་མེད་པར་འབུ་བརྐོས་པའི་ཉེས་མིང་འོག་བོད་མི་ ༣༥ འཛིན་བཟུང་བྱས། དེ་འབྲེལ་གཞུང་ཕྱོགས་ཀྱི་གསར་འགྱུར་གྱི་པར། ༢༠༢༦།༥།༡༢
Mobile App

དབྱར་རྩྭ་དགུན་འབུ་བརྐོ་མཁན་བོད་མི་ ༣༥ འཛིན་བཟུང་བྱས།

༢༠༢༦/༠༥/༢༥
ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་མའེ་ཁལ་མེག་ཁོལ་ (Michael McCaul) ལགས་དང་ཨ་རིའི་གྲོས་ཚོགས་འཐུས་མི་དང་བོད་དོན་ཁྲིམས་འཆར་འདོན་མཁན་སྐུ་ཞབས་ཇིམ་མེག་གྷོ་ཝན་ (Jim McGovern) ལགས་རྣམ་གཉིས། ༢༠༢༦།༠༥།༢༥ དུས་བབ་གསར་ཁང་ནས་པར་སྒྲིག་སྦྱོར་བྱས།
Mobile App

བོད་མིའི་སྒྲིག་འཛུགས་ལ་ངོས་འཛིན་དགོས་པའི་ཁྲིམས་འཆར་ཆེད་འདོན་གནང་།

༢༠༢༦/༠༥/༢༥

མཆན། 4

  1. ཐོག་མྱི། says:
    ལོ་ 16 སྔོན།

    དེབ་སྐྱེལ་དེ་ཙམ་བྱེད་དགོས་གལ་མེད་གི

    Reply
  2. GYAMTSO says:
    ལོ་ 16 སྔོན།

    ་འོས་བསྡུས་ལྷན་ཁང་ལ་དྲན་བསྐུར་ཞུ་རྒྱུ། རྒྱ་གར་ནང་ལོག་ན་བོད་ཕྲུག་མཐོ་སློབ་འདོན་མཁན་ཁག་གཅིག་ལ་ཐབས་ལམ་ཞིག་མ་གནང་ན་དེབ་སྐྱེལ་དང་དངོས་གཞི་གང་ཡིན་རུང་ཆ་ཤས་ལེན་ཐུབ་མིན་དཀའ་མོ་རེད། ངེས་པར་དུ་ཁོང་ཚོས་ཆ་ཤས་ལེན་ཐུབ་པའི་འཆར་གཞི་དང་གོ་བསྒྲིག་དམིགས་བསལ་པ་ཤིག་ཡོད་ན་ཡག་ས་རེད།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    ད་ལྟའི་དུས་ཕྲང་འདིར་དྭངས་བླང་དཔྱ་དངུལ་མ་ཕུལ་ན། དངུལ་འགྲོ་སོང་མེད་པའི་སྟེང་དུ། རང་མིང་ཐོ་འགོད་ལ་འགྲོ་མི་དགོས། འོས་ཤོག་བླུག་ལའང་འགྲོ་མི་དགོས་པ་ཁེ་སང་གསུམ་ཡོད་པ་མཐོང་མཁན་མེད་པ་མ་རེད། འདི་གང་གིས་ལེན་པ་རེད།

    Reply
  4. གནས་ཚང་། says:
    ལོ་ 16 སྔོན།

    དེབ་སྐྱེལ་ཡག་པོ་འདུག ཡིན་ནའི། གདམ་བྱ་ག་རེ་རེད་དམ། བཙན་བྱོལ་གཞུང་མེད་པ་བཟོས་པའི་རྗེས་སུ་གདམ་བྱ་སྐྱབས་བཅོལ་ཚོགས་གཙོ་མ་རེད་དམ། ཚོགས་པ་ཞིག་ལ་ཚོགས་འཐུས་ལས་སྤྱི་འཐུས་ཡོད་སྲིད་ཀྱི་མ་རེད། དེ་འདྲ་ཞིག་རེད་དམ། ཤི་བོ་ཚོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese