མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

གྲོས་ཚོགས་འཐུས་མིས་ངོ་རྒོལ།

བོད་ཀྱི་དུས་བབ།
༢༠༡༠/༠༦/༡༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་དམར་གྱི་སྐུ་སྲུང་བས་ང་ཚོའི་གྲོས་ཚོགས་མདུན་ནས། ནིའུ་ཛི་ལན་ཌིའི་གྲོས་ཚོགས་འཐུས་མིར་འདི་ལྟར་བྱེད་པ་ནི། ནིའུ་ཛི་ལན་ཌི་ཡི་བདེ་སྲུང་མི་སྣ་མིག་ནང་ལ་མ་བཞག་པ་དང་། ཁོང་ཚོའི་ལུང་པའི་སྤྱོད་ལོག་དེ་དག་ང་ཚོའི་ས་ཐོག་ཏུ་སྤེལ་བ་ནི་ཚད་བརྒལ་གྱི་བྱ་སྤྱོད་རེད་ཟེར།

དེ་རིང་གསར་ལམ་ཁག་ཅིག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཁ་སང་ཕྱི་ཚེ་ ༡༨ ཉིན་རྒྱ་ནག་གི་སྲིད་འཛིན་གཞོན་པ་ཞི་ཆེན་ཕིན། ནིའུ་ཛིས་ལན་ཌི་རུ་རྒྱལ་དོན་འཚམས་འདྲིར་སྐྱོད་སྐབས། ནིའུ་ཛི་ལན་ཌི་ཡི་གྲོས་ཚོགས་ཁང་ཆེན་མདུན་དུ་སླེབས་མ་ཐག ནིའུ་ཛི ལན་ཌི་གྲོས་ཚོགས་འཐུས་མི་དང་། ལྗང་ཁུ་ཚོགས་པའི་ཚོགས་གཙོ་གཞོན་པ་སྐུ་ཞབས་རོ་སེལ་ནོར་མེན་ལགས་ཀྱིས་ལག་ཏུ་བོད་ཀྱི་རྒྱལ་དར་ཞིག་འཕྱར་ཏེ། བོད་ནང་ལ་རང་དབང་དགོས། བོད་མི་རིགས་ལ་རང་དབང་དགོས། བོད་ནང་ལ་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་ཐོབ་ཐང་སྤྲོད་དགོས། ཞེས་ངོ་རྒོལ་སྐད་འབོད་གནང་ཡོད་པ་རེད།

སྐབས་དེར་རྒྱ་ནག་གི་སྲིད་འཛིན་གཞོན་པ་ཞི་ཆེན་ཕིན་གྱི་སྐུ་སྲུང་བས་ཁོང་གི་མདུན་འགོག་ཐབས་བྱས་ཡོད་ཀྱང་། ཁོང་གིས་མུ་མཐུད་སྐད་འབོད་ཤུགས་ཆེན་བྱས་ཡོད་སྟབས། སྐུ་སྲུང་བ་དེ་བྱ་ཐབས་ཟད་དེ་ཉི་གདུགས་ཀྱིས་སྐུ་ཞབས་རོ་སེལ་ནོར་མེན་ལགས་དང་ཁོང་གི་ལག་གི་བོད་ཀྱི་རྒྱལ་དར་དེ་མི་མཐོང་ཐབས་བྱས་ཤིང་། མཐར་ཁོང་གི་ལག་ནས་རྒྱལ་དར་འཕྲོག་སྟེ་སར་གཡུགས་ཡོད་འདུག སྐབས་དེར་ནིའུ་ཛི་ལན་ཌི་ཡི་བདེ་སྲུང་མི་སྣ་ཚོས་སྐུ་སྲུང་བ་དེ་བཀག་ཡོད་པ་དང་། སྐུ་ཞབས་རོ་སེལ་ནོར་མེན་གྱིས་མུ་མཐུད་དུ། བོད་ལ་རང་དབང་སྤྲོད་དགོས། ས་འདི་ནི་དམངས་གཙོ་དང་སྨྲ་བརྗོད་རང་དབང་ལ་བརྩི་བཀུར་བྱེད་པའི་རྒྱལ་ཁབ་ཅིག་ཡིན། འདི་རྒྱ་ནག་མ་རེད།  ཁྱོད་ཚོས་སྨྲ་བརྗོད་རང་དབང་འགོག་མི་ཆོག ཅེས་ཞི་ཆེན་ཕིན་གྱི་ཁང་པའི་ནང་མ་འཛུལ་བར་སྐད་འབོད་བརྒྱབ་ཡོད་འདུག དེའི་རྗེས་གསར་འགོད་པའི་དྲི་བའི་ལན་དུ། སྐུ་ཞབས་རོ་སེལ་ནོར་མེན་ལགས་ཀྱིས། རྒྱ་དམར་གྱི་སྐུ་སྲུང་བས་ང་ཚོའི་གྲོས་ཚོགས་མདུན་ནས། ནིའུ་ཛི་ལན་ཌིའི་གྲོས་ཚོགས་འཐུས་མིར་འདི་ལྟར་བྱེད་པ་ནི། ནིའུ་ཛི་ལན་ཌི་ཡི་བདེ་སྲུང་མི་སྣ་མིག་ནང་ལ་མ་བཞག་པ་རེད། ཁོང་ཚོའི་ལུང་པའི་སྤྱོད་ལོག་དེ་དག་ང་ཚོའི་ས་ཐོག་ཏུ་སྤེལ་བ་ནི་ཚད་ལས་བརྒལ་བའི་བྱ་སྤྱོད་ཡིན་སྐོར་སོགས་བརྗོད་ཡོད་འདུག

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

མཆན། 32

  1. སེང་ཆུང་། says:
    ལོ་ 12 སྔོན།

    གལ་ཏེ་ང་ལ་ནུས་པ་འདྲ་ཞིག་མཆིས་ན། དྲང་བདེན་ལ་དགའ་ཞིང་དཔའ་མཛང་ཡང་ལྡན་པའི་ཕོ་རྒོད་རོ་སེལ་ནོར་མེན་ལགས་སུ། ངས་གངས་དཀར་གྱི་མདངས་དང་འགྲན་པའི་ཁ་ཏག་དཀར་པོ་ཞིག་གིས་སྐུ་ལུས་འཐུམ་ངེས། ཞི་ཆེན་ཕིན་ཙམ་མ་ཟད། རྒྲ་དམར་གྱི་རྒྱུག་ཁྱི་ཚོ་ལ་དགོས་ཡག་ནི་དེ་ལས་མ་འདས་སོ།

    Reply
  2. དགྲ་བཅོམ་པ་ཆོས་སྐྱབས། says:
    ལོ་ 12 སྔོན།

    དོན་ངོ་མའི་ཐོག་ནས་རྒྱབ་སྐྱོར་འདི་ལྟར་གནང་བར་སེམས་སྟེང་ནས་དགའ་བསུ་ཞུ།

    Reply
  3. སྐྱ་ཀ says:
    ལོ་ 12 སྔོན།

    འདི་ནི་ཕུག་རོན་དཀར་པོའི་གཤོག་རླབས་ལས་འོད་ཐིག་དཀར་པོ་ཞིག་་་་ནིའུ་ཛི་ལན་ཌི་་་གླིང་ཐོག་ཏུ་ལྷུང་འདུག་་་འདི་ལྟར་འཛམ་གླིང་ཡུལ་གྲུ་ཀུན་ལ་འོང་བའི་རེ་བ་ཆེ།

    Reply
  4. སེར་སྨད་བློ་དགའ། says:
    ལོ་ 12 སྔོན།

    ཞི་ཅིན་ཕིན་ལ་དེ་དགོས་ངེས་རེད། ཀི་ཧི་ཧི་ཧི

    Reply
  5. བོད་ཀྱི་བུ། says:
    ལོ་ 12 སྔོན།

    ད་ལྟོས་དང་ཕྱི་རྒྱལ་འདི་ཚོས་རྒྱ་དཔོན་སླེབས་དུས་ངོ་རྒོལ་བྱས། བོད་གཞུང་སྤྱི་འཐུས་ཚོགས་གཙོས་རྒྱ་མོ་ཞིག་ལ་ལག་པ་སྤྲད་ནས་ངོ་དགའ་བཤད། ད་དེ་ཚོ་ཅིས་ཉེས་པ་ཡིན་ནམ།

    Reply
  6. རྨེ་རུ། says:
    ལོ་ 12 སྔོན།

    ནིའུ་ཛི་ལན་ཌིའི་གྲོས་ཚོགས་འཐུས་མི་དང་ལྗང་ཁུ་ཚོགས་པའི་ཚོགས་གཞོན་སོགས་ཀྱིས་རྒྱ་ནག་གི་དཔལ་འབྱོར་ལ་མགོ་མ་བསྒུར་པར་བོད་ཀྱི་བདེ་དོན་ལ་ལྷག་བསམ་རྣམ་དག་གིས་རྒྱབ་སྐྱོར་ཤུགས་ཆེ་གནང་བ་ཐུགས་རྗེ་ཆེ་གྲངས་
    མེད་ཞུ།

    སྐབས་འདིར་རྒྱ་ནག་གི་སྲིད་འཛིན་གཞོན་པ་ཞི་ཆེན་ཕིན་དང་མཉམ་དུ་
    འབྲེལ་ཡོད་མི་སྣ་ཉི་བརྒྱ་ལྷག་ཨོ་སི་ཀྲི་ལི་ཡ་གྲོང་ཁྱེར་མལ་སྦོན་ནང་ལ་ཡང་
    རྒྱལ་དོན་འཚམས་འདྲིར་སླེབས་འདུག

    ནིའུ་ཛི་ལན་ཌིར་གྲོས་ཚོགས་འཐུས་མི་དང་ལྗང་ཁུ་ཚོགས་པའི་ཚོགས་གཞོན་སོགས་ཀྱིས་གནད་ལ་འཁེལ་བའི་ཞི་བའི་བོད་དོན་ལས་འགུལ་ཞིག་སྤེལ་
    སྟབས།

    ཨོ་སི་ཀྲི་ལི་ཡ་གྲོང་ཁྱེར་མལ་སྦོན་ནང་གི་གསར་འགྱུར་རྒྱུད་ལམ་ཁག་ཏུ་ལ་རྒྱ་ནག་གི་སྲིད་འཛིན་གཞོན་པ་ཞི་ཆེན་ཕིན་ཨོ་སི་ཀྲི་ལི་ཡ་གྲོང་ཁྱེར་མལ་སྦོན་
    ནང་ལ་སླེབས་ཡོད་པ་ཙམ་གྱི་གནས་ཚུལ་མ་གཏོགས་གཞན་གྱི་མི་སྣ་སུ་དང་ཐུག་འཕྲད་གྲོང་ཁྱེར་གྱི་ས་གནས་གང་དུ་ཡིན་པ་སོགས་ཀྱི་གནས་ཚུལ་ཅི་ཡང་གོ་རྒྱུ་མི་འདུག

    བོད་དོན་རྒྱབ་སྐྱོར་ཚོགས་པ་དང་ས་གནས་བོད་རིགས་ཚོགས་པ་རྒྱ་ནག་ཧོ་
    ལོང་སྒོམ་སོགས་ཀྱིས་ཞི་ཆེན་ཕིན་གྱི་འདི་གར་ལས་འཆར་གང་ཡོད་མེད་ཤེས་ཐབས་བྱེད་བཞིན་འདུག།།།

    Reply
  7. འབའ་ཐང་གི་བུ། says:
    ལོ་ 12 སྔོན།

    བོད་དོན་རྒྱབ་སྐྱོར་བ་དང་བོད་མི་རིགས་ལ་མཐའ་གཅིག་ཏུ་ལ་ཞེན་ཅན་ནིའུ་ཛི་ལན་ཌི་གྲོས་ཚོགས་འཐུས་མི་དང༌། ལྗང་ཁུ་ཚོགས་པའི་ཚོགས་གཞོན་སྐུ་ཞབས་རོལ་སིལ་ནོར་མིན་མཆོག་ལ་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

    སྐུ་ཉིད་ནས་བོད་ཀྱི་བདེ་སྡུག་ལ་སྙིང་ནས་དོ་ཁུར་བཞེས་ཏེ་རང་དབང་དང་སྤོབས་པ་ཆེན་པོས་རྒྱ་ནག་གི་སྲིད་བློན་གཞོན་པ་ཞི་ཅིན་ཕན་འཁོར་དང་བཅས་པར་ངོ་རྒོལ་གྱི་མདུན་མཆོངས་བྱས་པར་བསྔགས་བརྗོད་ཀྱི་མེ་ཏོག་འབུམ་ཕྲག་ནམ་ཡང་མི་བྱེད་ཀ་མེད་རེད།

    ད་ཆ་བོད་པ་དང་བོད་དོན་རྒྱབ་སྐྱོར་བ་རྣམས་བལ་པོ་ཞལ་བསྒྲིལ་གྱི་བརྟུལ་ཞུགས་བཟུང་ནས་བསྡད་སྐབས་སུ་ཉིད་ཀྱིས་འཛམ་གླིང་ནང་སྐད་གྲགས་ཆོད་པའི་བོད་དོན་ལས་འགུལ་འདི་ལྟ་བུ་སྤེལ་གནང་བ་འདི་བོད་མི་རྣམས་ཉལ་ས་ནས་ལངས་དགོས་པ་དང༌། ལངས་ས་ནསམདུན་མཆོངས་དགོས་པའི་བརྡ་ཞིག་སྤྲད་པ་རེད།

    Reply
  8. རྨེ་རུ། says:
    ལོ་ 12 སྔོན།

    ནིའུ་ཛི་ལན་ཌིའི་གྲོས་ཚོགས་འཐུས་མི་དང་ལྗང་ཁུ་ཚོགས་པའི་ཚོགས་གཞོན་
    སོགས་ཀྱིས་རྒྱ་ནག་གི་དཔལ་འབྱོར་སྟོབས་ཤུགས་ལ་མགོ་མ་བསྒུར་པར་བོད་ཀྱི་བདེ་དོན་ལ་ལྷག་བསམ་རྣམ་དག་གིས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཞུ།

    ནིའུ་ཛི་ལན་ཌིར་གྲོས་ཚོགས་འཐུས་མི་དང་ལྗང་ཁུ་ཚོགས་པའི་ཚོགས་གཞོན་
    སོགས་ཀྱིས་གནད་ལ་འཁེལ་བའི་ཞི་བའི་བོད་དོན་ལས་འགུལ་ཞིག་སྤེལ་
    སྟབས།

    སྐབས་འདིར་རྒྱ་ནག་གི་སྲིད་འཛིན་གཞོན་པ་ཞི་ཆེན་ཕིན་དང་མཉམ་དུ་འབྲེལ་ཡོད་མི་སྣ་ཉི་བརྒྱ་ལྷག་ཨོ་སོ་ཀྲི་ལི་ཡ་ནང་ལ་ཡང་རྒྱལ་དོན་འཚམས་འདྲིར་འབྱོར་འདུག

    ཡིན་ན་ཡང་གསར་འགྱུར་རྒྱུད་ལམ་ཁག་ཏུ་ཨོ་སོ་ཀྲི་ལ་ཡ་གྲོང་ཁྱེར་མལ་སྦོན་
    ནང་ལ་རྒྱ་ནག་གི་སྲིད་འཛིན་གཞོན་པ་ཞི་ཆེན་ཕིན་སླེབས་ཡོད་པ་ཙམ་གྱི་
    གནས་ཚུལ་མ་གཏོགས་གཞན་གྱི་མི་སྣ་སུ་དང་ཐུག་འཕྲད་དང་ས་གནས་གང་དུ་ཡིན་པ་སོགས་ཀྱི་གནས་ཚུལ་གང་ཡང་གོ་རྒྱུ་མི་འདུག

    བོད་དོན་རྒྱབ་སྐྱོར་ཚོགས་པ་དང་ས་གནས་བོད་རིགས་ཚོགས་པ་རྒྱ་ནག་ཧོ་ལོང་སྒོམ་སོགས་ཀྱིས་གང་ཐུབ་འཚོལ་གྱིན་འདུག །།

    Reply
  9. ཡེ་ཤེས་རྒྱ་མཚོ་ says:
    ལོ་ 12 སྔོན།

    ཐུགས་རྗེ་ཆེ། Russel norman ཁྱེད་ཀྱིས་ང་ཚོ་ཉམ་ཆུང་བོད་རིགས་ལ་འདི་འདྲིའི་རོགས་གནང་སོང་བར་དགའ་སྤྲོ་ཚད་མེད་བྱུང་། སྐུ་ཚེ་རིང་། །

    Reply
  10. སྡེ་དགེ་འཇིཌ་མེད་ཡེ་ཤེས་རྡོ་རྗེ། says:
    ལོ་ 12 སྔོན།

    བོད་དོན་རྒྱབ་སྐྱོར་བ་དང་། འགྲོ་བ་མིའི་ཐོབ་ཐང་དང་། རང་དབང་འཐབ་རྩོད་ཀྱི་དབུ་ཁྲིད་བཅས་ཡིན་པའི་སྐུ་ཞབས་ Russel norman མཆོག་གིས་སྙིང་སྟོབས་ཆེན་པོས་དངོས་སུ་རྒྱ་དམར་གྱི་དཔོན་ངན་གྱི་སྔོན་དུ་ང་ོ་རྒོལ་་མངོན་གསལ་བྱེད་ཕོད་པ་ལ། ཚིག་ཙམ་མ་ཡིན་པའི་ཆེ་བསྟོད་ཞུ་འོས་པས། ང་ཚོས་ཁོང་གི་རླབས་ཆེན་མཛད་སྤྱོད་ལ་་ཐུགས་སྤྲོའི་མཛད་སྒོ་རྒྱས་པ་ཞིག་གོ་སྒྲིག་བྱས་ནས་བཀའ་དྲིན་ཆེ་ཞུ་དགོས།

    མ་གཞི་བྱས་རྗེས་ཅན་ལ་ཆེ་བསྟོད་ཀྱི་་ཐུགས་སྤྲོ་གཏོང་བ་ནི་འཛམ་གླིང་སྤྱི་ཡོངས་ཀྱི་བཟང་སྤྱོད་ཞིག་གྱུར་ཡོད་པ་ལས་བྱིས་པའི་བྱ་སྤྱོད་ཅིག་མ་རེད།
    སྤྱིར་ཡ་རབས་སྤྱོད་བཟང་བྱེད་མཁན་མཐོང་དུས་ཁ་སྟོང་ཙམ་མ་ཡིན་པར་། སེམས་དགའ་བས་དངོས་པོའི་རྔན་པ་སྤྲོད་གང་ཐུབ་བྱེད་པ་ནི། ཉམས་མི་རུང་བའི་བོད་པའི་གོམས་གཤིས་བཟང་པོ་ཡིན་པར་ཤེས་དགོས།

    བོད་ཀྱི་ཡུལ་སྲོལ་གོམས་གཤིས་ལ་བསྒྱུར་བཅོས་དང་ཡར་རྒྱས་གཏོང་དགོས་ཀྱང་དུས་མཚུངས་སུ། བོད་པའི་རིག་གཞུང་ཡོད་ཚད་ལ་་དམན་པར་བརྩི་བའི་རྒྱ་མིའི་ངན་གཤིས་བོད་པའི་སྤྱི་ཚོགས་ལ་མི་ཞུགས་པའི་སྔོན་འགོག་བྱེད་དགོས།

    Reply
  11. ཇ་མ་ says:
    ལོ་ 12 སྔོན།

    རྒྱ་ནག་ནི་དུས་ནམ་ནག་པོ་ཡིན། དཔེར་ན་ཁ་ཏ་བཞིན། ག་ཚོད་ཁྲུས་ན་དཀར་པོ་མི་འགྱུར། དེ་བཞིན་ཝ་མོ་གར་སོང་ཝ་དྲི་ཐི་ལི་ལི་ཟེར་བ་མ་ཡིན་ནམ། དེ་མིན་སྐུ་ཞབས་རོ་སེལ་ནོར་མེན་ལ་མ་རྡུང་པ་ནི་སྟབས་ཡག་པོ་འདུག

    Reply
  12. བློ་བཟང་ཐུབ་བསྟན་ says:
    ལོ་ 12 སྔོན།

    །དང་པོ། ང་བོད་མི་ཞིག་ཡིན་པའི་ཆ་ནས་ངས་ཁོང་ལ་ཐུགས་རྗེ་ཆེ་གྲངས་མདེ་ཞུ་
    །གཉིས་པ། ང་ནང་པ་ཞིག་ཡིན་པའི་ཆ་ནས་ངས་ཁོང་ལ་ཐུགས་རྗེ་ཆེ་གྲངས་མདེ་ཞུ་
    །གསུམ་པ། ང་སེམས་ཅན་ཡིན་པའི་ཆ་ནས་ངས་ཁོང་ལ་ཐུགས་རྗེ་ཆེ་གྲངས་མདེ་ཞུ་
    དྲ་གྲོགས་རྣམས་ངས་ཐུགས་རྗེ་ཆེ་དོན་མཚན་མང་པོ་སྒོ་ནས་ཞུ་དགོས་དོན་མཁྱེན་གྱི་འདུག་གམ།
    གལ་ཏེ་མ་མཁྱེན་པ་འདྲ་བྱུང་ན་དྲི་བ་བཏང་རོགས་ངས་ལེན་རྒྱབ་རྩིས་ཡོད

    Reply
  13. དོན་ལ་བསམ་གཞིགས་ says:
    ལོ་ 12 སྔོན།

    སྙིང་ཁོག་རུས་པའི་བཏིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་།

    Reply
  14. སྟག་སྨྱོན། says:
    ལོ་ 12 སྔོན།

    ང་ཚོས་ཁོང་ལ་ཐུགས་རྗེ་ཆེ་སླད་མེད་ཞུ་རྒྱུ་དང་ཆབས་ཅིག་མུ་མཐུད་བོད་དོན་བཤད་དགོས་པ་རེད། ཁོང་ལ་ཐུགས་སྤྲོ་གཏོང་དགོས་ཟེར་བ་བྱིས་པའི་བྱ་སྤྱོད་ཅིག་རེད། ཁོང་ནི་ང་ཚོའི་རྒྱབ་སྐྱོར་དང་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་འཐབ་རྩོད་ཀྱི་དབུ་ཁྲིད་ཅིག་ཡིན་པ་རེད། སེམས་པ་ཕྲན་བུ་དགའ་བ་དང་ལམ་སེང་དངོས་པོའི་རྔན་པ་ཞིག་ཞིག་སྤྲོད་གང་ཐུབ་བྱེད་པ་བོད་པའི་གོམས་གཤིས་ངན་པ་ཞིག་རེད།

    Reply
  15. རྡོ་རྗེ་ཚེ་རིང་། says:
    ལོ་ 12 སྔོན།

    ཁ་ལངས་དུ་ཤོར་བའི་གླུ་ཆུང་དེ།
    ཡབ་ཨ་ཕ་ཤི་ཡང་ལེན་ཟེར་བའི་དཔེ་རང་རེད།

    Reply
  16. oscargyatso says:
    ལོ་ 12 སྔོན།

    མི་རིགས་འདི་དག་གི་རྒྱལ་བསྐྱོར་གནང་བ་ཐུགས་རྗེ་ཆེ་ཞུ།
    ང་ཚོ་ཉམས་ཐག་བོད་མི་འདི་ལ་མུ་མཐུད་ནས་དྲང་གདན་དང་རྒྱལ་བསྐྱོར་གནང་རོགས་གནང་།
    རྒྱ་མི་ཧམ་སེམས་ཅན་དེ་དག་གི་སྤྱོད་ངན་དེ་ཚོ་ཕྱིར་ལ་ཐོན་པ་ཡག་པོ་རེད།
    ལྟོས་ངན་ནང་དུ་བསྡུས་ན། འཇུག་མ་འོག་ཏུ་ཐོན་ཡོང་ཟེར་བའི་དཔེ་ལྟར་རེད།

    Reply
  17. རས་པ། says:
    ལོ་ 12 སྔོན།

    ནིའུ་ཛི ལན་ཌི་གྲོས་ཚོགས་འཐུས་མི་དང་། ལྗང་ཁུ་ཚོགས་པའི་ཚོགས་གཙོ་གཞོན་པ་སྐུ་ཞབས་རོ་སེལ་ནོར་མེན་ལགས་ལ་ཐུགས་རྗེ་ཆེ་ཞུ།

    Reply
  18. སྡེ་དགེ་འཇིཌ་མེད་ཡེ་ཤེས་རྡོ་རྗེ། says:
    ལོ་ 12 སྔོན།

    སྐུ་ཞབས་རོ་སེལ་ནོར་མེན་ལ་ང་ཚོས་ཐུགས་སྤྲོ་ཞིག་གོ་སྒྲིག་ཞུ་འོས།

    Reply
  19. སེར་གཙང་འཇམ་དབྱངས། says:
    ལོ་ 12 སྔོན།

    ནིའུ་ཛི་ལན་ཌི་གྲོས་ཚོགས་མཐུས་མི་དང་ལྗང་ཁུ་ཚོགས་པའི་
    ཚོགས་གཙོ་གཞོན་པ་སྐུ་ཞབས་རོ་སེལ་གཉིས་ནས་རྒྱ་ནག་གི་སྲིད་འཛིན་གཞོན་པ་
    ཞི་ཆེན་ཕིན་ལ་ངོ་རྒོལ་བྱེད་ཐུབ་ཀྱང་དེར་གནས་ཞུགས་བོད་མི་རྣམས་ཀྱི་ངོ་རྒོལ་མི་བྱེད་པའི་རྒྱུ་མཚན་གང་ཡིན་ནམ།།

    Reply
  20. སྡེ་དགེ་འཇིཌ་མེད་ཡེ་ཤེས་རྡོ་རྗེ། says:
    ལོ་ 12 སྔོན།

    ནིའུ་ཛི ལན་ཌི་གྲོས་ཚོགས་འཐུས་མི་དང་། ལྗང་ཁུ་ཚོགས་པའི་ཚོགས་གཙོ་གཞོན་པ་སྐུ་ཞབས་རོ་སེལ་ནོར་མེན་ལགས་ཀྱིས་ལག་ཏུ་བོད་ཀྱི་རྒྱལ་དར་ཞིག་འཕྱར་ཏེ། བོད་ནང་ལ་རང་དབང་དགོས། ཅེས་རྒྱ་ནག་གི་སྲིད་འཛིན་གཞོན་པ་ཞི་ཆེན་ཕིན་གྱི་སྔོན་དུ་གསུང་ཕོད་པ་ལ་རྗེས་སུ་ཡི་རང་དང་བསྔགས་བརྗོད་ཞུ།

    Reply
  21. ཁ་བ་སྐམ་པོ། says:
    ལོ་ 12 སྔོན།

    འགྲོ་བ་མིར་རང་དབང་ལྡན་པའི་རྒྱལ་ཁབ་ཚོ་ངོ་མ་འདྲ་ས་མི་འདུག
    ཐུགས་རྗེ་ཆེ་ཟེར་གི་ཡིན།

    Reply
  22. དབང་ལྡན་མཚོ་མོ། says:
    ལོ་ 12 སྔོན།

    ནིའུ་ཛི་ལན་ཌི་གྲོས་ཚོགས་འཐུས་མི་དང་ལྗང་ཁུ་ཚོགས་པའི་ཚོགས་གཙོ་གཞོན་པ་སྐུ་ཞབས་རོ་སེལ་ནོར་མེན་སོགས་ལ་སྙིང་ཐག་པ་ནས་ཐུག་རྗེ་ཆེ་ཞུ།
    དམངས་གཙོ་དང་རང་དབང་། སྨྲ་བརྗོད་དང་ཐོབ་ཐང་སོགས་དགོས་པ་འཛམ་གླིང་སྐྱེས་འགྲོ་ཡོང་ལ་གཅིག་མཚུངས་རེད། རྒྱ་དམར་ཧམ་སེམས་ཅན་དེ་དག་གི་ངོ་ཚ་མེད་པའི་བྱ་སྤྱོད་དེ་དག་ཕྱིར་ཐོན་པ་དེ་ཡག་པོ་རེད།

    Reply
  23. ཧོར་བུ་ཡེ་ཤེས says:
    ལོ་ 12 སྔོན།

    ཁྱེད་རྣམ་པ་ཚོས་ཉམ་ཐག་པའི་བོད་མི་རིགས་འདི་ལ་རྒྱབ་སྐྱོང་གནང་བར་ཐུགས་རྗེ་ཆེ་ཞུ།

    Reply
  24. འཇམ་གྲགས says:
    ལོ་ 12 སྔོན།

    བློ་ཡིད་ཚིམས་སོང་།
    འདིའི་རིགས་གལ་ཆེ།

    Reply
  25. སོག་ནག་ཚང་། says:
    ལོ་ 12 སྔོན།

    ང་ཚོ་བོད་མི་རིགས་ཀྱ་ངོ་རྒོལ་གྱི་མ་ལྡང་སར་ནིའུ་ཛི་ལན་ཌིའི་གྲོས་ཚོགས་ཀྱི་འཐུས་མིའི་ངོས་ནས་བོད་དོན་རྒྱལ་སྦྱོར་དང་བོད་དོན་དྲིལ་བསྒྲགས་གནང་པར་རྗེས་སུ་ཡི་རང་ཞུ།

    Reply
  26. མཁར་འཕགས། says:
    ལོ་ 12 སྔོན།

    ངོ་མ་ཐུག་རྗེ་ཆེ།

    Reply
  27. རིག་འཛིན། says:
    ལོ་ 12 སྔོན།

    དྲང་པོ་དང་འདྲ་མཉམ་མི་བྱེད་མཁན་ཡུལ་གང་དུ་སོང་ཡང་གནས་ཚུལ་འདི་འདྲ་ལས་ཡོང་རྒྱུ་ཁག་པོ་རེད།
    ཨ་ཧོ་་་འདི་འདྲའི་ངོ་རྒོལ་མང་ཙམ་བྱུང་ན་དགའ་བ་ལ་་་་

    Reply
  28. འབྲོང་ཆུང་རང་སྐྱ་བ། says:
    ལོ་ 12 སྔོན།

    ནིའུ་ཛི ལན་ཌི་གྲོས་ཚོགས་འཐུས་མི་ཡོངས་དང་།གཞན་ཡང་ལྗང་ཁུ་ཚོགས་པའི་ཚོགས་གཙོ་གཞོན་པ་སྐུ་ཞབས་རོ་སེལ་ནོར་མེན་སོགས་བོད་དོན་རྒྱབ་བསྐྱོར་ཡོངས་ལ་སྙིང་ཐེག་པ་ནས་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག་ཏུ་མི་མཐུལ་དུ་བོད་མི་རིགས་ལ་རྒྱབ་བསྐྱོར་གནང་བར་རེ་འདུན་དང་ཞུ

    Reply
  29. སྤྲོ་ཚིགས་དགེ་འདུན says:
    ལོ་ 12 སྔོན།

    ་ངོ་མ་དགའ་ཡང་དགའ་ལ་སྐྱོ་ཡང་སྐྱོ་ནི་ཞིག་རེད
    ནིའུ་ཛི ལན་ཌི་གྲོས་ཚོགས་འཐུས་མི་དང་། ལྗང་ཁུ་ཚོགས་པའི་ཚོགས་གཙོ་གཞོན་པ་སྐུ་ཞབས་རོ་སེལ་ནོར་མེན་སོགས་བོད་དོན་རྒྱབ་སྐྱོར་གནང་བར་སྙིང་ཐུགས་རྗེ་ཆེ་ཞུ།

    Reply
  30. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ང་ཚོའི་རྒྱ་མིའི་སྐུ་སྲུང་ཕམ་འགྱུར་ཅིག ནིའུ་ཛི་ལན་ཌིའི་གྲོས་ཚོགས་འཐུས་མི་རྒྱལ་འགྱུར་ཅིག

    Reply
  31. ཨ་རིག་དགེ་མཐོང་། says:
    ལོ་ 12 སྔོན།

    ངོ་མ་གསར་འགྱུར་འདི་གོ་དུས་རེ་བ་ཞིག་ཡིད་ལ་དྲན་བྱུང་། གྲོགས་དོན་བཀྲས་གསར་འགྱུར་མཁོ་སྤྲོད་གནང་བ་དགའ་ཡོད། དེང་སང་གྲྭ་ས་ནས་དུས་བབ་དྲ་ངོས་ཀྱི་གསར་་འགྱུར་ལ་རེ་སྒྲུག་བྱེད་ཀྱིན་འདུག

    Reply
  32. གཅན་བཟོད་རྒྱམ། says:
    ལོ་ 12 སྔོན།

    ནིའུ་ཛི ལན་ཌི་གྲོས་ཚོགས་འཐུས་མི་དང་། ལྗང་ཁུ་ཚོགས་པའི་ཚོགས་གཙོ་གཞོན་པ་སྐུ་ཞབས་རོ་སེལ་ནོར་མེན་སོགས་བོད་དོན་རྒྱབ་སྐྱོར་གནང་བར་སྙིང་ཐུགས་རྗེ་ཆེ་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist