མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རླངས་འཁོར་ཞིག་གྲིལ་འདུག

བོད་ཀྱི་དུས་བབ།
༢༠༡༠/༠༦/༢༢
Share on FacebookShare on TwitterShare on EmailShare on Whatsapp

ནང་མི་ལྔ་ཅན་གྱི་རླངས་འཁོར་ཆུང་བ་ཞིག་མེག་གྷན་ནས་གངས་སྐྱིད་དུ་ཡོང་བའི་ལམ་བར་ནས་རིལ་ཏེ་ཁ་ལོ་བགོར་འདུག་ཀྱང་། མི་ལ་རྨས་སྐྱོན་སོགས་གང་ཡང་བྱུང་མི་འདུག

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ དང་ཕྱེད་ཀ་ཙམ་ནས་ངྷ་སར་ཆར་བ་འབབ་མགོ་ཚུགས་ཡོད་ལ། ཉིན་རྒྱབ་ཆུ་ཚོད་ ༡ ཡོལ་ཙམ་དེར་ལྡི་ལི་ནས་ངྷ་སར་ལྟ་སྐོར་དུ་ཡོང་བའི་རླངས་འཁོར་ཆུང་བ་ཞིག མེག་གྷན་ནས་གངས་སྐྱིད་དུ་ཡོང་བའི་ལམ་བར་གྱི་རྗོ་གྷེ་བྷ་རིའི་གཤམ་གྱི་དཀྱོག་ཆེན་པོ་ཡོད་སའི་གཞུང་ལམ་སྟེང་། དཀྱོག་འཁོར་ཚོད་འཛིན་མ་ཐུབ་པར་རིལ་ཏེ་ལམ་ཟུར་གྱི་རྡོ་རྩིག་དང་བཙོག་ཆུ་འདྲེན་སྣོད་ཀྱི་རྡོ་ཁང་གཉིས་ཀྱི་བར་དུ་ལྷུང་འདུག

རླངས་འཁོར་དེའི་ནང་དུ་ཁྱོན་བུད་མེད་གསུམ་དང་སྐྱེས་པ་གཉིས་བཅས་ནང་མི་ལྔ་ཡོད་ལ། ཁོང་ཚོ་ལྡི་ལི་ནས་ངྷ་སར་ལྟ་སྐོར་དུ་ཡོང་བའི་པན་རྗེབ་མི་རིགས་ཡིན་མོད། རླངས་འཁོར་ཁ་ལོ་བས་ང་ཚོའི་ནང་མི་སུ་གཅིག་ལའང་ཚབས་ཆེའི་རྨས་སྐྱོན་སོགས་གང་ཡང་བྱུང་མ་སོང་། མི་ཚང་མ་ད་ལྟ་བདེ་འཚམ་ཡིན་ཞེས་བརྗོད།

རླངས་འཁོར་ཁ་ལོ་བས་ད་དུང་ང་ཚོ་གཞུང་ལམ་སྟེང་ནས་མར་ཡོང་དུས་རླངས་འཁོར་རྒྱུགས་ཤུགས་ཅུང་མགྱོགས་པ་དང་ཆར་བ་བབས་ཏེ་གཞུང་ལམ་སྟེང་ནས་རིལ་ཆོག་ཆོག་འདུག་སྟབས། དཀྱོག་འཁོར་ཚོད་འཛིན་མ་ཐུབ་པར་རིལ་སོང་ཟེར། 

གསར་འགོད་པ་ས་དེར་ཐོན་དུས་ཆུ་ཚོད་ ༡ དང་སྐར་མ་ ༤༥ རེད་ལ། རླངས་འཁོར་ནང་གི་བུད་མེད་གསུམ་ས་དེར་བསྡད་མི་འདུག་ཀྱང་། རླངས་འཁོར་ཁ་ལོ་བ་དང་ཁོའི་རོགས་པ་གཉིས་ཀྱིས་ཡར་མར་ཁ་པར་བཏང་སྟེ། རླངས་འཁོར་ཕྱིར་ཇི་ལྟར་ལེན་ཐུབ་མིན་ཐད་ཐབས་འཚོལ་བྱེད་ཀྱིན་པའི་སྒང་རེད།

རྗོ་གྷེ་བྷ་རིའི་གཤམ་གྱི་དཀྱོག་འཁོར་དེ་རུ་འདི་ལོའི་ལོ་སྟོད་དུ་སྔ་གཞུག་ཏུ་སོག་པོའི་མི་ཞིག་དང་ཕྱི་གླིང་བའི་མི་ཞིག་གི་འཕྲུལ་རྟ་གཉིས་རིལ་མྱོང་བ་དང་། ཕྱི་གླིང་བའི་མི་དེར་ཚབས་ཆེའི་རྨས་སྐྱོན་ཕོག་སྟེ་རྒྱ་གར་ཡུལ་མི་དང་བོད་མི་འགས་དུས་ལྟར་སྨན་ཁང་དུ་བསྐྱལ་ཡོད། དེར་བརྟེན་དཀྱོག་འཁོར་དེ་ནི་ཕྱི་ཕྱོགས་ནས་ཡོང་ཞིང་ཀྱག་ཀྱོག་ཆེ་བའི་མེག་གྷན་དང་གངས་སྐྱིད་བར་གྱི་ལམ་ལ་རྒྱུས་མངའ་མེད་མཁན་ཚོར་ཉེན་ཁ་ཧ་ཅང་ཆེ་བའི་དཀྱོག་ཅིག་ཡིན་འདུག
གསར་འགོད་པ། ཨ་རིག་འགྱུར་མེད།

འབྲེལ་ཡོད་གསར་འགྱུར།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

ཆུ་ཚོད་ ༡༠ སྔོན་ལ།
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

ཆུ་ཚོད་ ༡༢ སྔོན་ལ།
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

ཆུ་ཚོད་ ༡༢ སྔོན་ལ།
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

༢༠༢༦/༠༩/༡༧
དྲ་ལམ་གྱི་པར།
Mobile App

བོད་རྔ་བ་ཁུལ་མའོ་རྫོང་དུ་ས་རུད་ཀྱི་དོན་རྐྱེན་བྱུང་།

༢༠༢༦/༠༩/༡༧
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གིས་སྲིད་བློན་མུ་དྷི་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་མཛད།

༢༠༢༦/༠༩/༡༧

མཆན། 5

  1. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    ས་གནས་དབུས་གཞུང་གང་རུང་གིས་རྡ་སའི་གཞུང་ལམ་ཡར་རྒྱས་དགོས་རྟགས་ཞིག་བསྟན་པ་མིན་ནམ།

    Reply
  2. དགྲ་ལྷ་རྩེ་རྒྱལ། says:
    ལོ་ 16 སྔོན།

    རླངས་འཁོར་ཞིག་གྲིལ་འདུག ཁ་ལོ་བགོར་འདུག ཚིག་འདི་ཚོའི་གོ་བ་ག་རེ་རེད། ཧ་གོ་མ་སོང་།
    བོད་ཀྱི་བང་ཆེན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། མེག་ལོར་ལམ་གཡས་གཡོན་དུ་ཁྲོན་སྟོན་མཁན་ཚང་མ་སྟོན་མི་ཆོག་པ་བཟོ་རྒྱུ་ཡིན་ཞེས་རྒྱ་གར་གཞུང་གིས་ཐག་བཅད་ཡོད་པ་འདྲ། གང་ཡིན་ཟེར་ན་རླངས་འཁོར་དང་མི། དུད་འགྲོ་སོགས་ཚང་མ་མཉམ་དུ་འགྲོ་དགོས་དུས་འཚང་ཀ་ཆེན་པོ་འདུག་ཅེས་ཡུལ་སྐོར་བ་འགའ་རེས་བཤད་པ་དང། དེ་བཞིན་རྒྱ་གར་ཚགས་ཤོག་ནང་དུ་བཀོད་ཡོད་པ་འདྲ།
    དེ་རིང་གི་རླངས་འཁོར་རིལ་བ་དེ་ཁྲོམ་སྟོན་མཁན་ཡོད་པའི་རྐྱེན་གྱིས་རེད་མི་འདུག་གཱ ང་ཚོ་སྐྱབས་བཅོལ་བ་རེད་མ་གཏོགས། རྒྱ་གར་ཡུལ་མི་ཡིན་ན། མེག་ལོར་སྲང་ལམ་ནང་དུ་རླངས་འཁོར་རྩ་བ་ནས་འགྲོ་མི་ཆོག་པ་ཞིག་བཟོ་དགོས་ཞེས་སྐད་འབོད་རྒྱག་དགོས་ཀྱི་འདུག དེ་མ་གཏོགས་ཁྲོམ་སྟོན་མཁན་བསྐྲད་པ་ཙམ་གྱིས་འཚང་ཁ་མེད་པ་ཆགས་ཨེ་ཡོང་ན།
    གང་ལྟར་གནད་དོན་འདི་ཚོར་བསམ་བློ་ངེས་པར་དུ་གཏོང་དགོས་ཀྱི་འདུག

    Reply
  3. བཟོད་པ་ལྷ་རྩེ། says:
    ལོ་ 16 སྔོན།

    རྡ་སའི་གཡས་གཡོན་གྱི་གཞུང་ལམ་རྣམས་འགུག་ཆ་རྣོ་བ་དང་རྒྱན་ཐུར་རི་ལམ་ཡིན་པ་མ་ཟད་གླ་ཆེད་རླངས་འཁོར་གཏང་མཁན་དག་གཏོང་ཤུགས་ཧ་ཅང་ཆེ་བས་ཉེན་ཁའི་གནས་རང་རེད། དེ་ན་རང་རིགས་སྤུན་ཟླ་དག་ལ་ཞུ་རྒྱུར་རྡ་སར་གླ་ཆེད་རླབས་འཁོར་ནང་འགྲོ་དགོས་དུས་ཁ་ཆེམས་ཞག་ནས་ཕེབས་རོགས།

    Reply
  4. འདྲེ་རིག་ལྡན། says:
    ལོ་ 16 སྔོན།

    རླངས་འཁོར་སྐཽར་དུས་གཟབ་གཟབ་བྱེད་དགོས་རེད་ཡ། པན་ཇབ་བུ་མོ་གསུམ་པོ་བདེ་འཚམས་ཡིན་ན་བློ་བདེ་སོང་།

    Reply
  5. དུས་ཀྱི་དགོས་མཁོ། says:
    ལོ་ 16 སྔོན།

    ༄ ། ། སྟབས་ཡག མི་ལ་གནོན་སྐྱོན་མ་བྱུང་བ་ལེགས། ལམ་འགྲམ་དུ་གཉེན་ཁ་ཡོད་དོགས་རིགས་ལ་ཡིག་གེ་བསླང་ན་ཤིནད་ཏུ་འོས་ཤིང་། དེ་ནི་མེགྷན་གྱི་བོད་རིགས་ཚོས་ལས་བཟང་རེ་བསྒྲུབས་ཏེ་བོད་རིགས་དང་ཡུལ་མིའི་དབར་འབྲེལ་ལམ་ལེགས་སུ་གཏོང་བའི་ཐབས་ཤིག་ཀྱང་རེད་སྙམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese