མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁྱོད་ལྟར་ན་འདི་རང་དབང་རེད་དམ་གུས་མེད་རེད།

བོད་ཀྱི་དུས་བབ།
༢༠༡༠/༠༦/༢༣
Share on FacebookShare on TwitterShare on EmailShare on Whatsapp

དྲ་ཚིགས་གཞན་དང་སྤྱི་ཚོགས་གཞན་པ་ཞིག་ན་བགྲོ་གླེང་འདི་འདྲ་ཞིག་འགྲོ་གིན་འདུག དཔེར་ན། ཉེ་ཆར་ནེའུ་ཛི་ལན་ཌིའི་གྲོས་ཚོགས་འཐུས་མི་ཌོག་ཊར་ རུ་སལ་ནོར་མན་ ལགས་ཀྱིས་རྒྱ་ནག་གི་སྲིད་འཛིན་གཞོན་པ་ཞི་ཅིན་ཕིན་ལ་ངོ་རྒོལ་བྱས་པ་དེ་གུས་མེད་རེད་དམ། ཡང་ན། རང་དབང་གི་ཆེད་དུ་རེད་ཟེར།

བདུན་ཕྲག་སྔོན་མའི་གཟའ་པ་སངས་ཉིན་ཌོག་ཊར་ནོར་མན་ལགས་ཀྱིས་ནེའུ་ཛི་ལན་ཌིའི་གྲོས་ཚོགས་ཁང་ནས་བོད་ཀྱི་རྒྱལ་དར་ཞིག་བསྣམས་ཏེ། རྒྱ་ནག་གི་སྲིད་འཛིན་གཞོན་པ་ཞི་ཅིན་ཕིན་ལ་ངོ་རྒོལ་བྱས་སྐབས། རྒྱ་ནག་གི་སྲིད་འཛིན་གཞོན་པའི་སྐུ་སྲུང་བ་དང་ཁོང་གི་བར་རྙོག་གླེང་ཡང་བྱུང་ཡོད་པ་རེད།

རྗེས་སོར་ནེའུ་ཛི་ལན་ཌིའི་སྲིད་བློན་ རྗོན་ཁེ་ མཆོག་གིས་རྒྱ་ནག་གི་སྐུ་མགྲོན་རྣམ་པར་དགོངས་དག་ཀྱང་ཞུས་ཡོད་ལ། ཌོག་ཊར་ནོར་མན་གྱིས་དེ་ནི་བྱབ་ཆུང་གི་བྱེད་སྟངས་ཤིག་རེད་ཅེས་བཤད་འདུག

ཕྱི་ཚེས་ ༢༢ ཉིན་ནས་བཟུང་ནེའུ་ཛི་ལན་ཌིའི་གསར་ཤོག་དྲ་ངོས་ nzherald.co.nz ཞེས་པར་གནད་དོན་དེའི་ཐད་བསམ་ཚུལ་ ༣༠༠ ལྷག་བཏོན་ཡོད་པ་དང་། ཕྱོགས་གཅིག་གིས་ཞི་བའི་ངོ་རྒོལ་ཙམ་ལ་ནེའུ་ཛི་ལན་ཌིའི་སྲིད་བློན་མཆོག་གིས་དགོངས་དག་ཞུ་དགོས་དོན་ཡོད་པ་མ་རེད་ཟེར་ལ། ཕྱོགས་གཞན་པ་དེས་ཌོག་ཊར་ནོར་མན་གྱིས་གལ་ཆེའི་མགྲོན་ལ་ཞེད་སྣང་བསྐུར་རྩིས་བྱས་པ་རེད་ཟེར།

ནེའུ་ཛི་ལན་ཌིའི་རྒྱ་རིགས་སྤྱི་ཚོགས་ཀྱི་རྒྱལ་ཡོངས་ཚོགས་གཙོ་ སི་ཊི་ཝིན་ཡང་ གིས་བཤད་དོན། རྒྱ་རིགས་སྤྱི་ཚོགས་དང་ལྷག་པར་དུ་གནས་འདིར་ཡུན་རིང་འགོར་ཞིང་། འདི་ནས་སྐྱེས་ཤིང་འཆར་ལོངས་བྱུང་བ་དག་གིས་སྨྲ་བརྗོད་རང་དབང་ནི་ཇི་འདྲའི་གལ་ཆེན་པོ་ཞིག་ཡིན་པ་ཤེས་ཀྱི་ཡོད་པ་རེད། དེ་ལ་ངོས་ལེན་བྱེད་གི་རེད། དེ་དང་དུས་མཚུངས་སུ། རྒྱ་རིགས་མི་དམངས་ཀྱིས་སྤྱིར་བཏང་ནས་མགྲོན་པོ་དང་ལྟ་སྐོར་བ་རྣམས་ལ་གུས་བརྩི་བྱེད་རྒྱུ་ནི་གལ་ཆེན་པོ་ཡིན་པར་བརྩི་གི་ཡོད་པ་རེད་ཅེས་དང་། གྲོས་ཚོགས་འཐུས་མི་ཞིག་ཡིན་པའི་ཆ་ནས་ཌོག་ཊར་ནོར་མན་ལགས་ལ་འོས་འགན་དང་ཁེ་དབང་ཆེན་པོ་ཞིག་ཡོད་པ་རེད། ཡིན་ཡང་ཁོང་གིས་རང་ཉིད་གྲོས་ཚོགས་འཐུས་མི་ཞིག་ཡིན་པའི་སྤྱོད་པར་བདག་པོ་བརྒྱབ་ཡོད་པ་མ་རེད་ཅེས་ཟེར།

ཡང་ཁོང་གིས། ནེའུ་ཛི་ལན་ཌིའི་རྒྱ་རིགས་སྤྱི་ཚོགས་ནང་གི་མི་ཕལ་ཆེ་བ་ནི་ཌོག་ཊར་ནོར་མན་ལགས་ཀྱི་ངོ་རྒོལ་དེ་ལ་ཧང་སང་གི་ཡོད་པ་མ་རེད་ལ། དེ་ནི་ཇ་ཕོར་ནང་གི་ཆར་རླུང་ལྟ་བུ་རེད་ཟེར།

ནེའུ་ཛི་ལན་ཌིའི་བོད་ཀྱི་གྲོགས་པོའི་ཚོགས་པའི་འགན་འཛིན་ཐུབ་བསྟན་སྐལ་བཟང་ལགས་ཀྱིས། འཛམ་གླིང་སྟེང་སྟོབས་ཤུགས་ཆེ་ཤོས་སུ་འགྱུར་རྒྱུའི་མི་ཞིག་འདིར་འགྲོ་གིན་ཡོད་པ་རེད་དེ། ཡིན་ཡང་། ཁོང་གིས་རྒྱལ་དར་ཞིག་གི་ཁ་གཏད་ནས་གདོང་བ་བཀྱགས་ནས་འགྲོ་ཐུབ་གི་ཡོད་པ་མ་རེད་ཅེས་དང་། རྒྱ་ནག་གི་སྲིད་འཛིན་གཞོན་པར་མཚོན་ན་ཁོ་ལ་སྐད་འབོད་བྱས་པ་ཙམ་གྱིས་འཇིགས་སྐུལ་བྱས་པ་ནི་མ་རེད། ཁོང་ཚོའི་མིག་ལམ་ནས་རྒྱལ་དར་ཞིག་མཐོང་བ་ཙམ་གྱིས་ན་ཟུག་འདང་ངེས་ཤིག་སྐྱེས་ཡོད་པ་རེད་ཟེར།

སྐལ་བཟང་གིས་མུ་མཐུད་ནས་བཤད་དོན། བརྩི་བཀུར་ནི་ཕྱོགས་གཉིས་ཀར་འགྲོ་དགོས་པ་རེད། རྒྱ་ནག་གི་སྐུ་ཚབ་ཚོགས་པ་དེས་ནེའུ་ཛི་ལན་ཌིའི་བདག་དབང་ལ་ཡང་བརྩི་བཀུར་བྱ་དགོས་པ་རེད། ཁོང་ཚོའི་མི་ཞིག་གིས་ང་ཚོའི་གྲོས་ཚོགས་འཐུས་མི་ཞིག་ལ་ཚུར་རྒོལ་བྱས་པ་རེད། དེས་རྒྱལ་ཁབ་ཀྱི་བདག་དབང་ལ་རྡོག་རོལ་བཏང་བ་རེད་ཟེར།

གལ་སྲིད་ཌོག་ཊར་ནོར་མན་གྱིས་ངོ་རྒོལ་འདི་རྒྱ་ནག་ནས་བྱས་ཡོད་པ་ཡིན་ན་ཁོང་བཙོན་ཁང་དུ་བཅུག་ཚར་ཡོད་པ་ནི་ནེའུ་ཛི་ལན་ཌིའི་རྒྱ་རིགས་སྤྱི་ཚོགས་ཀྱི་མི་ཕལ་མོ་ཆེས་ཤེས་ཡོད་པ་རེད་ཅེས་ཀྱང་བཤད་འདུག

རྒྱ་ནག་དང་ནེའུ་ཛི་ལན་ཌིའི་ཚོང་དོན་ཚོགས་པའི་ཚོགས་གཙོ་ལིན་ཌ་ཀྲང་ཞེས་པའི་བུད་མེད་ཅིག་གིས། ཌོག་ཊར་ ནོར་མན་གྱི་ངོ་རྒོལ་དེས་རྒྱལ་ཁབ་འདི་གཉིས་བར་ཇེ་ལེགས་དང་ཇེ་ཉེར་འགྲོ་བཞིན་པའི་གྲོགས་འབྲེལ་དེ་ལ་གནོད་སྐྱོན་ངེས་ཅན་ཞིག་ཐེབས་སྲིད་སྐོར་བཤད་ཡོད་པ་རེད།

གོང་གསལ་དྲ་ངོས་སུ། ནེའུ་ཛི་ལན་ཌིའི་སྲིད་བློན་གྱིས་རྒྱ་ནག་གི་གཟིགས་སྐོར་ཚོགས་པ་དེར་དགོངས་དག་ཞུས་པ་འགྲིག་ཡོད་མེད་སྐོར་ལ་བསམ་ཤོག་ཅིག་བསྡུས་ཡོད་ལ། ཕྱི་ཚེས་ ༢༣ གྱི་ཞོགས་པ་བར་དུ་བསམ་ཤོག་འཕེན་མཁན་གྱི་བརྒྱ་ཆའི་ ༥༨ ཀྱིས་འགྲིག་འདུག་པར་འདོད་ལ། བརྒྱ་ཆའི་ ༤༢ གཉིས་ཀྱིས་འགྲིག་མེད་པའི་བསམ་ཤོག་འཕངས་ཡོད་པ་རེད།

གསར་འགྱུར་སྤེལ་མཁན། ལུང་རིགས་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

སྐར་མ ༤ སྔོན་ལ།
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩

མཆན། 3

  1. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    རྩོད་མེད་ཀྱི་རང་དབང་རེད། མ་གུས་པའི་ཆ་ལ་བཤད་ན་རྒྱ་མིས་བོད་ནང་གི་བོད་མི་ལ་མ་གུས་པ་བྱས་པ་དང་། ཕྱི་རྒྱལ་གྱི་ཡུལ་ཁྲིམས་གཉིས་ཀ་ལ་མ་གུས་པ་བྱས་པ་རེད། ཁོང་གིས་ནི་སྤྱིར་བཏང་ངོ་རྒོལ་གྱི་མ་གུས་པ་ཙམ་ནས་མ་གནང་བ་རེད། སྐུ་ཞབས་ཁོང་རྒྱལ་་གྱུར་ཅིག

    Reply
  2. དགྲ་ལྷ་རྩེ་རྒྱལ། says:
    ལོ་ 16 སྔོན།

    འདི་རང་དབང་ལོས་ཡིན། ནིའུ་ཛི་ལན་ཌི་ནི་མང་གཙོའི་རང་དབང་ལྡན་པའི་རྒྱལ་ཁབ་ཅིག་ཡིན་པས། དེར་མི་མང་གིས་རང་དབང་གི་སྒོ་ནས་ལས་འགུལ་སྤེལ་བ་དེ་ནོར་འཁྲུལ་རྩ་བ་ནས་མ་རེད།
    འོན་ཀྱང་རྒྱ་གཞུང་དམར་ཕྱོགས་པའི་མི་སྣའི་ངོས་ནས་བསམ་བློའི་ནང་དུ་འཁོར་མི་བཟོད་པ་ཞིག་ཡིན་སྲིད། ཁོང་ཚོས་མི་མང་ལ་རྟག་པར་འདི་དང་འདི་གྱིས་ཤོག་ཟེར་དུས་དེ་རང་ལག་ལེན་བསྟར་ནས་འགྲོ་རྒྱུ་མ་གཏོགས། མི་འདོད་པའི་རྣམ་འགྱུར་རྩ་བ་ནས་བསྟན་མི་ཆོག་པས་ཁོང་ཚོའི་མིག་མདུན་དུ་ཁ་བྲལ་བའམ་རྒྱལ་ཁབ་མགོ་རྟིང་སློག་མཁན་གྱི་གཟུགས་བརྙན་ཞིག་ལས་འཆར་ཐུབ་ཀྱི་མེད་ཚོད་རེད།
    ཡིན་ན་ཡང་འདི་མང་གཙོའི་རྒྱལ་ཁབ་རེད། རང་དབང་ཡོད་པའི་ལུང་པ་རེད། འགྲོ་བ་མིའི་ཐོབ་ཐང་ཡོད་པའི་ལུང་པ་ཞིག་རེད།

    Reply
  3. ངག་དབང་སངས་རྒྱས་རྒྱ་མཚོ། says:
    ལོ་ 16 སྔོན།

    ཨོ་བསམ་ཤོག་འཕེན་ས་དེ་སླེབས་ན་འགྲིག་འདུག་པའི་བསམ་ཤོག་མང་ཙམ་འཕེན་རྒྱུ་ངོ་མ་ཡིན། ཁོང་ལ་རྒྱབ་སྐྱོར་མ་བྱེད་ན་སུ་ལ་བྱེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese