མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དུས་སྟོན་གྱི་མགོ་ཚུགས་པ། རྩོམ་སྒྲིག་པས།

བོད་ཀྱི་དུས་བབ།
༢༠༡༠/༠༦/༢༣
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༤༨༦ སྟེང་གི་རྩོམ་སྒྲིག་པའི་གཏམ།

བཤད་སྲོལ་ལ། འོས་འཕེན་གྱི་ཉིན་མོ་ནི་དམངས་གཙོའི་མི་སེར་རྣམས་ལ་ཧ་ཅང་གལ་ཆེ་བའི་དུས་སྟོན་གྱི་ཉིན་མོ་དེ་ཡིན་ཟེར། འོ་ན། ཕྱི་ཚེས་ ༡༨ ཉིན་ནས་བཟུང་བཙན་བྱོལ་བོད་མི་ཚོས་ཀྱང་དུས་སྟོན་གལ་ཆེན་ཞིག་ལ་གྲ་སྒྲིག་གི་མགོ་བཙུགས་པ་རེད་དམ།

འདི་ནི་ངེས་པར་དུ་ཡིན་དགོས་ཏེ། རང་དབང་དང་འདྲ་མཉམ། ཐོབ་ཐང་། འོས་འགན་བཅས་མིའི་རིགས་ལ་ཁྲག་འབྱར་རྣག་འབྱར་དུ་ཡོང་བའི་ཐ་སྙད་བརྗིད་པོ་འདི་དག་ནི་དམངས་གཙོའི་མི་སེར་གྱི་གཞི་རྩའི་འཚོ་བ་དང་། མི་ཚེའི་རྩ་དོན་དང་འབྲེལ་ཡོད་ལ། འདི་དག་ཚིག་དོན་ཇི་བཞིན་མངོན་འགྱུར་བྱུང་ཡོད་མེད་ཀྱི་ཚད་འཇལ་ས་གཙོ་བོ་ཞིག་ནི་རང་དབང་གི་འོས་འདེམས་ཆེན་མོ་དེར་ཐུག་ཡོད། དེར་བརྟེན། འོས་འཕེན་གྱི་ཉིན་མོ་འདི་ནི་དམངས་གཙོའི་མི་སེར་རྣམས་ཀྱིས་ཆེས་རྩ་ཆེར་བརྩི་བའི་རང་དབང་གི་དུས་སྟོན་ཉིན་མོ་ཡིན་ལ། དཔེར་ན། རང་ཅག་གིས་མི་ལོ་སྟོང་གི་རིང་རྩ་ཆེར་བརྩི་མྱོང་བའི་ས་ག་ཟླ་བའི་དུས་ཆེན་དང་། ཡང་ན། ལྷ་ལྡན་སྨོན་ལམ་ཆེན་མོ་ལས་ཀྱང་གལ་ཆེ་བར་གྱུར་མེད་ན་ཡང་ཆུང་བར་གྱུར་མེད།

ཕྱི་ཚེས་ ༡༨ ཉིན་ནས་བཟུང་། རང་ལོ་ ༡༨ ཡན་ཟིན་པའི་བཙན་བྱོལ་བོད་མི་ཆིག་འབུལ་ལྷག་གིས་འོས་བསྡུ་ཆེན་མོར་འོས་འཕེན་གྱི་ཐོ་འགོད་བྱེད་མགོ་བཙུགས་ཡོད། ཉིན་དང་པོ་དེར་བཞུགས་སྒར་ངྷ་ས་ནས་མི་ ༢༠༠ ལྷག་གིས་ཐོ་འགོད་དེབ་སྐྱེལ་བྱས་ཚུལ་བདེ་དོན་འགན་འཛིན་གྱིས་འདི་ག་གསར་ཁང་ལ་གསུངས་ཡོད། ཉིན་འདིའི་ཐོ་འགོད་ཀྱི་གྲངས་འབོར་ལ་དཔག་ན་བོད་མི་ཚོའི་གྲ་སྒྲིག་ཀྱང་གང་འཚམ་ཡག་པོ་རེད་འདོད་ལ། ཁོང་ཚོ་ནི་བཙན་བྱོལ་བོད་མིའི་དམངས་གཙོའི་དུས་སྟོན་ལ་མཉམ་ཞུགས་བྱེད་མཁན་གྱི་མི་སྣ་ཐོག་མའི་གྲས་རེད་ལ། རང་དབང་དང་འདྲ་མཉམ། ཐོབ་ཐང་དང་འོས་འགན་བཅས་ཀྱི་ཁ་གཡང་གི་འོག་ན་ཤར་སྐྱོད་བྱེད་བཞིན་པའི་ང་ཚོ་བོད་པའི་དམངས་གཙོའི་མི་སེར་རྣམས་རེད།

འདི་ག་གསར་ཁང་གིས་ཕྱོགས་མཐའ་ཁག་ལ་ལྟ་ཉན་བྱས་སྐབས། དུས་མཉམ་ལྟ་བུའི་གྲ་སྒྲིག་གི་ངང་འགྲོ་ཐུབ་གི་མེད་ན་ཡང་། ས་གནས་སོ་སོ་ནས་དུས་ཚོད་རྒྱས་བཅད་ཀྱི་ནང་དུ་ལས་རིམ་སྒྲིག་འདུག་སྟབས་དུས་སྟོན་འདི་ཚགས་ཚུད་པོ་དང་གྲ་རྒྱས་པོ་ཡོང་བའི་རེ་བ་ཞིག་ངང་གིས་མཐོང་།

མི་ལོ་ ༥༠ རྗེས་ལ། བཙན་བྱོལ་བོད་མི་ཚོས་ཀྱང་དམངས་གཙོའི་དུས་སྟོན་འདིའི་གལ་ཆེའི་རང་བཞིན་དེ་རང་ཅག་ལའང་ཤ་འཐིམ་རུས་འཐིམ་གྱི་ཚུལ་དུ་ངོ་འཕྲོད་ཡོད་པའི་ཁུངས་སྐྱེལ་རེ་བྱེད་དགོས་པར་འདོད།།

འབྲེལ་ཡོད་གསར་འགྱུར།

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦
Mobile App

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད།

ཆུ་ཚོད་ ༥ སྔོན་ལ།
Mobile App

བོད་རང་བཙན་གཙང་མ་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔང་བློས་གཏོང་ཐུབ་ཀྱི་མེད།

ཆུ་ཚོད་ ༦ སྔོན་ལ།
རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

༢༠༢༦/༠༦/༢༥
སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
༸གོང་ས་མཆོག གསར་འགྱུར།

སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་།

༢༠༢༦/༠༦/༢༥
26 Trade Passes Issued As India-Tibet Border Trade Resumes Photo (ETV Bharat Archives)
Mobile App

འཕགས་བོད་གཉིས་ཀྱི་ལི་པུ་ལེག་ཚོང་ལམ་སྒོ་ཕྱེ་ནས་རྒྱ་གར་གྱི་ཚོང་པ་ཤར་གཏོང་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༦/༢༥
TTT
Mobile App

སྲི་ཞུའི་ལས་བྱེད་གཉིས་ལ་ཕྱི་ལོ་ ༢༠༢༥ ལོའི་ལས་དོན་གཟེངས་ཐོན་གྱི་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

༢༠༢༦/༠༦/༢༤

མཆན། 1

  1. གནས་ཚང་། says:
    ལོ་ 16 སྔོན།

    བྱེད་སྟངས་འདི་དག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མཐུན་གྱི་ཡོད་དམ། མཆིལ་མ་ཐང་ལ་འཕངས་རྗེས་ལེན་ཐུབ་ཡོད་པ་མ་རེད་ལ། བརྩི་སྲུང་ཏན་ཏིག་བྱེད་དགོས་ཀྱི་རེད། རྒྱུ་མཚན་ནི་ཀྲུང་གོའི་རྩ་ཁྲིམས་ནང་འགོ་འཁྲིད་སུ་དང་གང་ཡང་མང་གཙོ་གཅིག་སྡུད་ལམ་ལུགས་དང་མ་འགལ་བའི་ལམ་ནས་བྱུང་དགོས་ཀྱི་ཡོད་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese